CLOSE WINDOW

GT646: dpal lha mo nag mo chen mo la bstod pa brgyad pa zhes bya ba
Wyliee-texts produced with BDRC’s OCR application

རྩ་མི་སངས་རྒྱས་གྲགས་ཀྱིས་བསྟོད་པ་རྫོག་སོ།། ། འདི་དག་པྲཀླྀ་ཏའི་སྐད་དུ་ཡོད་པ་ལྔས་སི་ལོ་ཙ་བས་བོད་སྐད་དུ་བསྒྱུར་བའོ།། །། རྒྱོ་གར་སྐད་དུ། ཤྲཱི་མ་ཏཱ་ཀཱ་ལ་དི་བི་སྟོ་དྲ་ཨཥྚ་ནཱ་མཿ། བོད་སྐད་དུ། ་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་བསྐྱོད་པ་བརྒྱད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལོ།། ཏིལ་མར་གྱིས་བསྐུས་ལན་བུ་གཅིག་པ་རོ་ཉའི་རྣ་ཆས་སྒེག་ཅིང་ཆ་ལུ་གིས་མེ་ལུས་འམང་།། རྒྱན་དུ་རྐེང་སྒྲོགས་ལྕགས ་ལས་བྱས་པ་གཅིག་གིས་རང་གི་རྒུང་པ་མཛེས་པར་བྱས་པ་དེ།། གཅེར་བུ་བོང་བུ་ཞེན་ཞིང་འགྲོ་བ་འདི་ནི་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱིས།། བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན ་དག་སུ་ཡིས་ཤེས།། འཁོར་པ་འཇིག་པའི་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞོག་འཇིག་དུད་པ་འཐུལ་བ་ན།། ལྷ་མོ་མཆི་བ་མི་བཟང་ཁྱོད་ཀྱིས་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུ་གསོ་པར་འགྱུར།། ནགས ་མྱོ་མི་ཐོད་ཐེཌ་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་ནོར་ཅན་ཏེ་དུར་ཁྱོད་དགྱེས།། ཁྱོད་ནི་གཡོ་བྱེད་མནན་ཅིང་ནད་ཆེན་འཆི་བའི་འཇིགས་པ་གསལ་ཞིང་ཞི་ལ་མི་བཟད་དྲིལ་ཡང་སྒྲོགས།། དཔའ་བོ་དག་གི་མགོ་བྲོའི་ཅོད་པན་གྱིས ་ནི་ལེགས་སྒྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི།། འཕྲེང་བ་ཐོགས་ཤིང་གོར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཆོས་ཆེ་ལཱ་ཀླུ་དབང་བཤིབས་པ་ཡི།། སྐ་རགས་འཆང་ཞིང་ལག་ནཱ་མདུང་དང་རལ་གྲི་ཐོགས་ལྔ ་ཁྲག་གི་ཆང་གིས་མྱོས་པར་འགྱུར།། མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུ་རཽ་ཁྲོད་འགྲོ་བ་འབྱུང་པོ་ཕལ་ཆེན་རྣམས་ཀྱི་མཐོང་།། ཀྲོ་རློན་ཆེན་པོ་འདྲལ་ཏེ་བརྒྱངས་པའི་གོས་ཀྱིས་མནབས་ཤིང་ཕྱེད་གཡོཊ་ཕྱེད་ནི ་རེ་ལྡེས་དཀྲིས།། མི་ཡཽ་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲན་པར་འཁྲོལ།། ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་ལ་སོགས་པའི་ཐིག་ལེས་ཚོམ་བུར་བྲིས།། མི་ཡི་ཤ་ལ་སཽ་ཡིས། ་ཆེམ་ཆེམ་གཅོད་བྱེད་ཐོད་བ་ཅན་ནི་བདག་ལ་བསྐྱོང་གྱུར་ཅིག། དྲག་པོ་དྲག་མོ་མི་བཟང་མི་ཤ་ཁ་ན་ཐོགས་པ་སྔན་ཆད་མ་བྱུང་ཁྱོད་མཐོང་ནས།། མ་མོ་རྣམས་ཀྱང་སྐྲག་ཅིང་རྟ་བསྔ་ལ་རྔམ་པ་མཐོན་ཅིང ་མིག་རྩ་རིག་རིག་ཁྱོད་ལ་བདུད།། ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་།། ཉིན་གཅིག་བཞིན་དུ་བསྟོད་པ་བྱེད་དེ་བཤིན་རྗེ་ཉིད་ཀྱང་རྟག་ཏུ་འདྲར་ཞིང་འདུད་པར་བྱེད།། མི་རྣམ ་དང་ནི་འགྲོ་བ་མ་ལུས་པ་དག་འཇུག་བཏུལ་བ་ནི་རྣ་པ་ཡ་གཅིག་ལ།། བྲང་གིས་འགྲོ་བ་མགོ་བོའི་གདེང་ཀ་སྟོང་དང་ལྡན་པ་རྒྱབ་ནས་རྒྱན་དུས་བྱས་ནས་གནོས།། ཡ་གཅིག་ལ་ནི་སངྒེ་མཚུངས་མེང་ཐོགས་ཤིང་རྒྱོ་མཚོས་བསྐོར ་བའི་ས་གཞི་མ་ལུས་གནོན།། སྟེང་ན་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་ཁྱོད་ཀྱི་ལྟེ་བའི་ཐང་ཀཱའི་ཕྱོགསུ་གཞག། རྒྱུ་མཚོའི་གླིང་ནས་མེ་འབར་ཁྱོད།། ཆུ་རྣ་མོས་སྐམས་པར་ནུས་པ་སྟེ།། བུད་མེད་ཐམས་ཅད་ཞི་བྱའི་ཕྱིར།། ལྷ་ཆེན་སྐུ་ཡི་ཕྱེད ་དུ་གཞུགས།། རྗོད་དང་དཀའ་ཟློག་ནག་མོ་ཆེ།། ལྷ་དང་ལྷ་མིན་ཕྱག་བྱིས་པ།། མཱི་ནད་གང་ཡིན་ཁྱོད་མིང་ཤེས།། དེ་ནི་འཇིགས་པ་མེད་པར་མཛོད།། གཤིན་རྗེའི་ལྷམ་མོ་བདུད་ཀྱི་ཡུམ་འདོད་ཁམས་དབང་ཕྱུག་མོ་ནད་དེ་ཙི་ག་གི་བདག ་མོ་དཔལ་ནག་མོ་ཆེན་མོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ་བྲམ་ཟེ་མཚོ་སྲེད་ཀྱི་མཛད་པ་རྫོགས།། ། དགེའོ།། ་