CLOSE WINDOW

GT645: rje btsun dpal nag po chen po la bstod pa
Wyliee-texts produced with BDRC’s OCR application

ལ་ཅིསོ་འདུལ་ཇི་བཞིན་དུ།། དེ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད།། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་སློབ་དཔོན་ཆེན་པོ་ཨ་པོ་དྷཱ་ཏི་པས་མཛད་པ་རྫོགསོ།། །། #།། རྒྱ་གར་སྐད་དུ། ཤྲཱི་བྷཊྚཱ་ར་ཀ་མ་ཧཱ་ཀཱ་ལ ་སྟོ་ཏྲ། བོད་སྐུད་དུ། རྗེ་བཙུན་དཔྲལ་ནོག་པོ་ཚོན་པོ་ལ་བསྟོད་པ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ།། བདུད་དྲང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཙང་བུསྲད་ནས་ཁྲག་རྒྱུན་གསོལ ་མཛད་ནུག་པོ་ཆེན་པོ་ནི།། རབ་འཇིགས་མདོག་གན་ག་གཟུགས་ཐུང་གསུས་པ་འཕྱང་ཞིང་དབུ་སྐྲ་དམར་སེར་འཇིགས་པའི་མི་དཔུང་ནང་བཞུགས་ཁྲོས་པའི་གད་མོ་ནི།། ཧ་ཧཱུཾ་ཕྱོ་གི་སྒྲ་ཡིས་ལྷ་དང་ལྷ་མོ་སྐྲག ་ནས་འབྲོས་ཤིང་འགྱེལ་བའི་མགོ་བཅང་ཞབས་ཀྱིས་མནན་པ་དྲག་པོའི་ཚུལ།། བདུད་དྲང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅང་བསླང་ནས་ཁྲག་རྒྱན་གསོལ་མཛད་ནག་པོ་ཆེན་པོ་ནི།། སྐེ ་རགས་དྲིལ་བུ་གཡེར་ཁ་སིལ་སིལ་ཌ་མ་རུ་ནི་ཌི་ཌི་ཧཱུཾ་ཧ་སྒྲ་སྒྲོགས་ཐོག་གི་ནང་གི་ཐོག་གི་ནི།། སྒྲ་རྣམས་སྒྲོགས་ཤིང་མཉམ་དང་མི་མི་ཉམ་གར་བྱེད་པ་ཡི་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར་ནས་དུར་ཁྲོད ་གན་སུ་རོལ།། བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མཱ་ལུས་མྱུར་དུ་ཚར་བཅད་བསང་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི།། ཐུང་ལ་སྦོམ་ཞིང་སྤྱན་གསུམ་མེ་ཏོག་བནྡྷ་ར་ལྟར་དམར་བས་བགས ་རྣམས་སྐྲག་ཅིང་སྔངས་མཛད་ལྕོགས་ནི་གློག་ལྟར་འཁྱུའོ།། མཆེ་བ་རྣམ་པར་གཙིགས་པས་མ་རུང་གདུག་པ་ཅན་གྱི་ཤ་དང་རུས་པཱ་ཀྲུཾ་ཀྲུ་འཆའ་ཞིང་ལྦུ་བཞག་འཛ་བོ་པྲ།། བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅནྡ་མ་ལུས་མྱུར་དུ་ཚར ་བཅད་བསྡང་ནས་ཁྲག་རྒྱན་གསི་ལྔ་མཛད་ནག་པོ་ཆེན་པ་ནི།། ཕྱག་རྒྱ་ལྔ་དང་ཀླུ་བརྒྱད་ཀྱིས་བརྒྱན་སྟུག་པ་གས་སྐ་རགས་དང་ནི་སྒོ་སློང་དཀྲིས་ཤིང་མི་བསྐྱོད་པ་ནི་སྤྱི་བོར་བཞུགས།། དེ་བཞིན་གཤེགས་པའི་ཚོགས་རྣམས ་སྐུ་ལ་སྤྲོ་ཞིང་མི་ཡི་རྒྱུ་མས་སྦྲེལ་བའི་མགོ་བོའི་ཕྲེང་བ་རབ་འཕྱོང་དྲྀ་ཤལ་བྱས།། བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་གྱུར་དུ་ཚར་བཅད་བསང་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི།། དྲག་པ ་དང་ནི་ཆུ་བདག་བཟློག་པར་དཀའ་བའི་ཚོགས་རྣམས་ཞལ་དུ་གསོལ་མཛད་ཕྱུག་གཡོན་རྩེ་གསུ་མོ་འཛིན་ཅིང་ཐོང་ཁྲག་འཐུང་།། གཤིན་རྗེའི་ལྕེ་འདྲའི་གྲི་གུག་དང་ནི་རལ་གྲི་ཕྱག་གཡས་བསྣམས་ཤིང་གདུགས ་པ་ཅན་རྣམས་བརླག་མཛད་སྡིག་པ་རིང་དུ་སྤོང་།། བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅང་བསད་ནས་ཁྲག་རྒྱུན་གསལ་མཛད་ནག་པོ་ཆེན་པོ་ནི།། རིག་བྱེད་ཅེས་པའི་ལྷ་མོ་བརྒྱད་དང་རོལ་པའི ་རྗེ་བཙུན་རྡོ་རྗེ་ནག་པོ་ཆེན་པོའི་སངས་རྒྱས་གྲགས་པས་བསྐུལ་བ་ནི།། གང་གི་ཉིན་མཚན་རྟག་ཏུ་འདི་བཏོན་བསྒྲུབ་པའི་དོན་རྣམས་གྲུབ་དང་སེམས་ཅན་མ་ལུས་ཁྱད་པར་སཱ་ལ་གནས་པར་མཛོད།། དཔལ་རྡོ་ནག་པོ་ཆེན་པོ་ལ ་ཕྱག་འཚལོ།། བུང་ཐུང་གསུས་འཕྱང་མདོག་གནག་རལ་པ། ཁམ་ནག་གྱེན་དུ་བརྫེས།། འབར་བའི་ཚོགས་ཀྱིས་ལྷ་མིན་དགྲ་བགེགས་མ་ལུས་སྲེག་པར་བྱེད།། དྲག་པོའི་ཞལ་གྱིས་བདུད་རྩི་གསོལ་མཛད་མགོ་པོ་གཅོད་མཛད་པ།། ་བཞད་པའི་ཚུལ་གྱིས་ཁྲོ་ཞིང་གདུག་པའི་དགྲ་རྣམས་སྐྲག་མཛད་པ།། རྐེད་པ་བྱིན་པ་དྲིལ་བུ་ག་ཡེར་ཀའི་ཚོགས་ཀྱིས་སྒྲ་སྒྲོགས་ཤིང་།། ཌི་ཌཱི་དང་ནི་ཧཱུ~ཾ་ཧ་ཌ་མ་རུ་ཡི་སྒྲ་སྒྲོགས་པ།། ཞལ་ནས་ཏེ་ར་ཀེ་ན་ཏེ་ར་ར་ཀི་ནཱ་ཀི་སྒྲ་ནི།། སྒྲོག ་ཤིང་ཞབས་ཀྱིས་མཉམ་དང་མི་མཉམ་ཚུལ་དུ་གར་མཛད་ཅིང་།། མ་མོའི་ཚོགས་ཀྱིས་ཡོངསུ་བསྐོར་ནས་དུར་ཁྲོད་གནས་ན་རོལ།། ཧ་ཀ་ཧཱུཾ་ཀ་ཕེཾ་ཀའི་སྒྲས་ནི་ལྷ་དང་ལྷ་མིན་བསྲེག། མ་ལུས་དགྲ་བཱ་གེགས་ཚོགས་ཀྱི་སྲོག་ལ ་མྱུར་དུ་སྤོང་བྱེད་ཅིང་།། ནག་པོའི་ཕྱོགས་ཀྱི་དགྲ་བགེགས་ཁྲག་གི་རྒྱུན་ནི་ཞལ་དུ་གསོལ།། ནག་པོ་ཆེན་པོས་སྒྲུབ་པ་པོ་ཡི་བསམ་པ་མྱུར་དུ་སྐྱབས།། སྤྱན་གསུམ་མེ་ཏོག་བེནྡྷ་ཀ་ལྟར་དམར་ཞིང་སྨིནཱ་མ་འཁྱོག། ལྗགས་ནི ་གློག་ལྟར་འཁྱོག་པས་བགེགས་ཀྱི་ཚིགས་ནི་འཇིགས་ཤིང་སྒྲུ་ག། ཞིལ་ནས་མཆེ་བ་རྣམ་པར་གཙིགས་པས་དགྲ་བགེགས་མ་ལུས་པའི།། ཤ་རུས་རྐང་དམར་ཀྲུཾ་ཀྲུཾ་གསོ་ལ་ཞིང་ལྷ་བཞག་ནི་འཇིབ།། སྟོག་གི་ལྤགས ་པའི་ཤམ་ཐུབས་ཀྱིས་ནི་སྐུ་སྨད་ཡོངསུ་དཀྲིས།། ཕྱག་རྒྱ་ལྔ་དང་ཀླུ་བརྒྱད་ཀྱིས་བརྒྱན་ཉིད་ཀྱི་སྤྱི་བོ་ནས།། མི་བསྐྱོད་ལ་སོགས་དེ་བཞིན་གཤེགས་པ་རྣམ་པར་འཕྲོ་བར་བྱེད།། རྒྱུ་མ་མི་མགོ་རློན་པའི་ཕྲེང ་བས་སྐུ་ལ་དོ་ཤལ་བྱས།། ནག་པོ་དྲག་པོ་ཆུ་བདག་ལ་སོགས་ཞལ་དུ་གསོལ་བར་མཛོད།། རྩེ་གསུམ་དྲང་ནི་གདུག་པའི་ཁྲག་བཀྲོང་ཐོད་པ་གཡོན་ན་བསྣམས།། གནོད་སྦྱིན་ལྕེ་འདྲའི་གྲི་གུག་རལ་གྲི་གཡས་ཀྱི་ཕྱག་ན ་འཛིན།། གདུག་པའི་དོག་རྣམས་རིང་དུ་སྦྱོང་ཞིང་བརླག་པར་མཛད་པ་ཁྱོད།། ལྷ་མོ་བརྒྱད་ཀྱིས་བསྐོར་ཞིང་འདིར་ནི་གར་གྱི་ཚུལ་གྱིས་བཞུགས།། ཉིན་དང་མཚན་དུ་བསྒྲུབ་པའི་དོན་རྣམས་མ་ལུས་མཛད་པ་ལ།། སངས ་རྒྱསྣ་གྲགས་པ་ཡིས་ནི་འཇིག་རྟེན་མགོན་པོ་ལ་ཞུས་པ་མ་ལུས་སེམས་ཅན་འདི་དག་རྡོ་རྗེ་ས་ལ་རབ་དགོད་མཛད།། རྗེ་བཙུན་དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཙོན་དང་།། གདོང་ཅན་ལ་བསྟོད་པ་མཁས་པ་ཆེན་པོ ་རྩ་མི་སངས་རྒྱས་གྲགས་ཀྱིས་བསྟོད་པ་རྫོག་སོ།། ། འདི་དག་པྲཀླྀ་ཏའི་སྐད་དུ་ཡོད་པ་ལྔས་སི་ལོ་ཙ་བས་བོད་སྐད་དུ་བསྒྱུར་བའོ།། །། རྒྱོ་གར་སྐད་དུ། ཤྲཱི་མ་ཏཱ་ཀཱ་ལ་དི་བི་སྟོ་དྲ་ཨཥྚ་ནཱ་མཿ། བོད་སྐད་དུ། ་