CLOSE WINDOW

GT639: dpal lha mo dmag zor gyi man ngag
Wyliee-texts produced with BDRC’s OCR application

ཁས་བུ་དུ་ལྷུང་བར་བྱའོ།། དེ་ལྟ་བུས་བསམ་གཏན་གྱི་ལྷ་ཡང་འཆི་ན་གནས་པའི་མི་ལྟ་ཅི་སྨོས།། ལྷ་མེ་མུ་སྟེགས་ཀྱི་སྒྲུབ་ལུགས། སློབ་དཔོན་ལོ་ཀ་ཤཱཾ་ཡིས་བསྒྱུར་བ་རྫོགསོ།། །། ཨོཾ་སྭ་སྟེ། རེ་མ ་ཏིའི་དམག་ཟོར་གྱི་མན་དྲག་འདི་ལ། མན་ངག་ཅིག་ལ་ཁུངས་གཉིས་ཏེ། དང་པོ་ཨཱ་ཙརྱ་དམར་པོ་ལ་ལྕེ་འབྱུང་གནས་བཟང་པོས་གསེར་སྲང་ལྔ་ཕུལ་ནས་ཞུས། ངག་བཤས་ལྕེ ་ལ་ཞང་ཤེས་རབ་བླ་མ་དང་། སྣརུབས་རྒྱལེ་གཉིས་ཀྱི་རྟ་གཅིག་སྤྱི་མར་ཕུལ་ནས་ཞུས་སྦུབས་ལ་སྐྱབས་ཀྱི་མ་མོ་ཁྲག་མིག་ཅེས་པར་གྲགས།། གཉིས་པ་ནི་ལོ་ཙ་བ་ཤེས་རབ་བླ་མས་གུ་རུ་ཨཱ་ཙརྱཾ་དམར་པོ་ཉིད ་གར་དུ་གཤེགས་པ་ལ་བལ་པོ་ཚུན་ཆུད་སྐྱེལ་ཐུང་མཛད་ནས་ཞུས་ནས་ཁྱད་བྱུང་སྟེ། ཞལ་གྱི་མན་ངག་མ་ལུས་པ་ཡིད་ཆེས་པར་གནང་སྟེ། ཁུངས་གཉིསོ།། དམག་ཟོར་ཞེས་པའི་དེ་ཚིག་གཏམས་དེར་རྩད ་ཆེད་དོ།། གཞུང་ནི་སྡོམ་བརྒྱད་པོ་འདི་ཉིད་ཡིན་ཏེ། ཁུངས་མཐུན་ནོ།། མན་ངག་འདི་ཡི་བྱ་ཐབས་ལ།། མཆོད་པ་བཤམས་རྟེན་བཅའ་བ་དང་། མ་མོ་བསྐྱེད་ཅིང་ཡེ་ཤེས་དགུག། མཆོད་ཅིང་བཟླས་པ་བྱ་བ་དང་། ་བསྟོད་ཅིང་ལས་ལ་བསྡུ་བའོ།། དེ་ལྔ་མཆོད་པ་བཤམ་པ་ནི།། དུར་ཁྲོད་ལ་སོགས་དབེན་པའི་སར།། མཎྜལ་ཁྲུ་གསུམ་ཆག་ཆག་བྱ།། མདུན་དུ་གྲུ་གསུམ་ལིང་ག་གཞུག། མཎྜལ་སྟེང་དུ་ག་སོགས་པའི་རྗེས།། ཕུད ་དང་གཏོར་མ་རཀྟ་བཤམ།། ཁྲམ་ཤིང་བྱང་དམར་ནང་རྒྱལ་དང་།། ཤོ་རྗེ་ཚོན་གྱི་དྲུ་བུ་སོགས།། ཤ་སྣ་རྙེད་ཚད་མི་དབང་ཤ། གསུརོ་ཆེན་མ་མོ་མཉེས་པར་བྱ།། དེ་ནས་རྟེན་གྱི་བྱ་ཐབས་ནི།། དཀྱིལ་འཁོར་དབང་ལྡན་མཆིས ་སུ་ནི།། འབྲུ་ནག་འཇིམ་ནག་བསྲེས་པ་ལ།། དྲེ་རྟ་ལ་ཞོན་ནག་མོ་ནི།། མཐིང་ནག་རྒྱན་གྱིས་བརྒྱན་པ་མོ།། རྨ་བྱའི་གདུགས་ཀྱིས་ཕུབ་པ་སྟེ།། བདུད་ཕྱུག་མཚོན་ཐོགས་མང་པོས་བསྐོར།། འཇིག་སུ་རུང་བས་བསྐོར་བར་བྱ།། ད་ནི་མ་མོ ་བབསྐྱེད་བར་བྱ།། རང་གི་ཆོ་ག་རྫོགས་བྱས་ལ།། བྱང་ཤར་མུ་ལེ་དིང་སུ་བསམ།། རླུང་ནག་ཚུབ་མོའི་ནང་ཤེད་དུ།། ཀྵ་ཞེས་བརྗོད་པས་སྐད་ཅིག་གིས།། དམག་ཟོར་ནག་མོ་རེ་མ་ཏི།། དྲེའུ་རྟ་ལ་ཞོན་ཐོད་པ་ཅན།། ཕྱག་གཡས་བེ ་སྣརོན་འཛིན་པོ་ལ།། ཕྱག་གཡོམ་ཐོང་པོ་ཁྲག་གོང་བསྣམས།། དམོད་མོའི་མཚོན་ཆ་ལྔ་དང་བཅས།། སྒྲ་ཨཾ་སྭ་ཤ་ན་ང་རྐྱལ་ལ།། སྒ་ཡི་ཕྱི་རུ་དྲུ་བུ་སྟེ་ཁྲམ་ཤིང་རྐེང་ལ་གཟེར་བ་དང་།། བྱང་དམར་ཤོ་རྡེ་སྔུ་ཤ་ལ།། དར་ནག་གི ་ཀྱི་ཆས་ཀྱི་བརྒྱན།། རྨ་བྱའི་གདུགས་འོག་ཆུད་པར་བསམ།། བདུད་ཕྲུག་ཚེགས་ནི་དུས་མཉམ་དུ།། གཡོན་པ་ཐོད་ཁྲག་ཡུངསྭ་ཀརཱི་ཅན།། གཡས་པ་མཚོན་ཆ་སྣ་ཚོགས་ཅན།། དེ་ལྟར་དམ་ཚིག་བསྐྱེད་བྱས་ལ།། རང ་བཞིན་གནས་པ་གཞུགྲོ་པར་ཛཿཧཱུཾ་ཞེས་ནི་སྔགས་ལ་གདགོས།། བྱང་ཤརརུ་ནས་བྱིན་རང་རང་ཐིམ།། བཞུགསུ་གསིལ་བའི་ཚིག་འདི་བརྗོད།། ཧཱུཾ་ནག་མོ་གདུག་ཅུ་ནི་དྲེགས་པ་ཅན།། ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ།། ་ནག་མོ་གཙོ་མོ་དྲེའུ་རྟ་ཆིངས།། འདིར་སྤྱན་དྲེའུ་རྟའི་གདན་ལ་བཞུགས།། རག་མོ་ཛཿཧཱུ~ཾ་བཾ་ཧོཿས་མ་ཡ་སྟྭཾ་ཞེས་བརྗོད།། དེ་ནས་དེ་ལ་མཆོད་པར་བྱ།། ཟ་བྱེད་ནག་མོ་མཆེ་བ་ཅན།། རྒོང་བྱེང་ཧོ་ཧོ་ནག་མོ་ཁྱོད།། གསོད་ལ ་དགའ་བར་བྱེད་པ་མོ།། བདག་ནི་བརྡ་ཡི་ཕྱག་བྱེ་།། རག་མོ་ཨ་ཏི་པུ་ཛ་ཧོ།། ཕྲ་མོ་སྦོམ་པ་ལས་བྱུང་བའི།། བདུད་རྩི་བྲམ་པའི་ཛ་གང་འདི།། དམག་ཟོར་ནག་མོ་ལ་འབུལ་ལགས།། བསྟན་པ་བསྲུང ་ཕྱིར་བཞེ་སུ་གསོལ།། ཡི་གེ་སུམ་ཅུ་གཙོག་པ་ལ།། པཉྩ་ཨ་མྲྀ་ཏེ་ཧཽ་གདོགསོ།། ཤཾ་ཁྲག་ལ་སྐྱེགས་བདུད་རྩི་ལྔ་དང་སྦྱར།། འབྲུ་སྣ་ལྔ་ལ་སྦྱར་བའི་གཏོར་མ་འདི།། དམག་ཟོར་ནག་མོ་ཁྱོད་ལ་དབུལ་ལགས་ཀྱིས ་བཽསྟན་པ་བསྲུང་ཕྱིར་བཞེ་སུ་གསོལ།། སྔགས་ཀྱི་འཇུག་ལ་བ་ལི་ཏ་ཁ་རཾ་ཊ་པཱ་ཧི་ཞེས་གདགསོ།། ཆུ་དང་མ་འདྲེས་དང་སཽ་མའི་ཁྲིག། དདས་མི་ཡི་ནི་ཁྲག་ཆེན་པོ།། དམག་ཟོར་ནག་མོ་ལྀ་དབུལ་ལགས།། བསྟན་པ ་བསྲུང་ཕྱིར་བཞི་སུ~ཾ་གསོལ།། སྔགས་ཀྱི་མཇུག་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི་ཞེསོ།། ལྷ་མོའི་ལ་བུ་ལྡོག་མི་ཡེང་བར་བྱ་བའི་ཕྱིར།། བྱང་ཆུབ་ཀྱི་སེམས་དཀར་དམར་ལྕེ་ལ་བཞག་ཅིང་མཆོ་ངོ་།། དེ་ནི་དམ་བསྲེ་བའོ།། དེ་ནས་སྨོན ་ལམོ་གོདབ་པ་ནི། བདག་ཅག་དུས་འདིར་ཚེ་རི་ཞིང་། བུ་དང་ཚ་བོ་རྒྱུས་པ་དང་། ལོངས་སྤྱོད་ཐམས་ཅད་རྒྱས་པོ་དང་།། ལོག་པོར་ལྟ་བའི་དགྲ་དང་བགྲེས།། ཐམས་ཅད་རྟག་ཏུ་བརླག་པར་བྱེད།། ད་ནི་བཟླས་པ་བརྩམ ་པར་བྱ།། རྟེན་གྱི་ལྷ་མོའི་ཐུགས་ཀ་རུ།། རྒྱུས་པའི་སྲང་བུ་དེ་ལ་གདགས་རྣལ་འབྱོར་སྙིང་གའི་ས་བོན་ལས།། འོད་ཟེར་དཀར་པོ་འཕྲོས་པ་ཡིས།། ལྷ་མོའི་ཐུགས་ཀར་མ་ལ་ཐིམ།། འོད་ཟེར་སྔགོས་ཀྱིས་མཆོད་པར་བསམ། ་འོད་ཟེར་དཀར་པོ་སྔགས་ཀྱི་གཟུགས།། བདག་ལ་སླར་ཐིམ་དངོས་གྲུབ་བྱིན།། དེ་ལྟར་ཡང་དང་ཡང་དུ་བསམ།། དེ་ཡི་ཐུན་སྨད་དགུ་ལ་ནི།། བདག་དང་མ་མོ་བདུད་ཕྲུག་བཅས།། ཐམས་ཅད་དུས་མཉམ་སྔགས་ཟློས་པའོ།། ་འོད་ཟེར་དུག་མངའ་འདྲ་བ་ཡིས།། འབྲུབ་ཁུང་ཡུངས་ཐུན་ཁྲག་ཐུན་བྱོ།། བཟས་པའི་ལུས་ཀྱང་བརླག་པར་བསམ།། མགོན་པོ་དེ་ལ་གཟུངས་ཐག་བསྟད།། བསྐྱེད་པ་དུང་ཟད་ཅུང་ཟད་བྱ།། རེ་མ་ཏི་ནི་སྤྱི་དང་མཐུན།། ་དེ་ནས་ལས་ལ་བསྡུ་བ་ནི།། བདུད་ཕྲུག་ཚོགས་དང་ཁྲག་རྣམས་ནི།། སླེའུ་ཁུང་དུ་ཁྱེར་ནས་ནཱི།། བསྒྲུབ་བྱའི་ཕྱོགསུ་ཁ་བལྟས་ལ།། སྐྲ་བཅིངས་འགྲམ་པ་སོལ་བས་བྱུག།། དཔུང་པ་གཡོས་པ་ཕྱུང་ན་སོ།། ཡུགས་སྐྱེས ་བྱས་པའི་འུར་རྡོའམ།། ཡང་ན་ལག་པ་རང་གིས་ཏེ།། ཟོར་ལམ་སྤྱི་དང་མཐུན་པར་དབྱེ།། དམག་གི་ཚོགས་ནི་མི་ཐུབ་སྦྱིན།། དུག་ལྔ་བཀང་བ་མང་པོ་དང་།། ཡུངས་ཐུན་ཐོགས་པ་མང་པོ་དང་།། མཚོན་ཚོ་ཐོགས་པ་མང་པོ་ཡི། ་དྲོགྲ་ལུས་ཡུལ་འཁོར་བཅོམ་པ་དང་།། ཐམས་ཅད་གསོད་ཅིང་ཟ་བར་བསམ།། གཽ་ཡང་གཞི་དྲག་ཏུ་བརྡབ་པར་བྱ།། ལོག་ལ་ལྷ་མྨེ་ལ་ཡང་མཆོད།། བདུད་ཕུང་མང་པོ་འཕངས་པའི་ཚེ།། བདུད་ཕྲུག་གཟུགས་རྣམས ་མི་སྣང་ན།། ལས་རྣམས་འགྲུབ་པར་གདོན་མི་ཟ།། བདུད་རྣམས་འདུག་ན་ཅུང་ཟད་དཀའ།། ཅུང་ཟད་བསྟོད་པ་བྱེད་པོ་ནི།། ཧཱུཾ་བྷྱོ་དཔལ་གྱི་གཟུགས་ཅན་འདོད་ཁམས་གཙོ་མོ་ཁྱོད།། རྟ་མཆོག་དྲེའུ་རྟ་ཞེན་ནས་དཔག་ཚད་ལྔ ་བརྒྱར་རྒྱུག། བེ་ཅོན་ཐོད་པ་དམ་པ་རང་རྟགས་འཛིན།། རེ་ལྡེས་སྟོང་དཀྲིས་སྦྲུལ་གྱི་ཤམ་བུ་ཅན།། ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ།། ཁྲག་ནད་བདག་མོ་དབྱིངས་ཕྱུག་དཔལ་འབར་མ།། ལྷ་མོ་རོ།། ་མ་ཏི་ལོ་བསྟོད་པ་དབུལ།། རག་མོ་བྷྱོ། རིག་མོ་བྷྱོ་བྷྱོ། རག་མོ་ཐུན་བྷྱོ། ཁ་ལ་རག་ཆེན་མ། རེག་མོ་ཨ་བྱཱ་ཏི་བྱཱ་ཕུན་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཆེ་གེ་མེ་མཱ་རཱ་ཡཽ། བོང་རྦང་གསད་གསུམ་དེ་ལ་ཚང་།། བཟླས་པ་ལ་ནཱི་འགྲུས་པར་བྱ ་མ་མོའི་བསྟོད་བསྐུལ་སྤྱི་དང་མཐུན།། གསེར་མཁོར་རམ་དུས་བཞིའི་རྒྱལ་མོའི་བསྐུལ་ལ་སོགས་པ་བྱ།། ད~ཾ་པལ་ལྷ་མོ་དམག་ཟོར་གྱོ་མན་ངག་རྫོགསོ།། །། ཨ་ཙརྱ་དམར་པོ་ལ་ཤེས་རབ་བླ་མས་ཞུས་པའི་ལུ་ཌ་ཡིན།། ་