| Wylie | e-texts produced with BDRC’s OCR application |
ཀྵེ་ཏྲ་བིགྷྣཱན་བི་ན་ཡཱ་ཀཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ལན་བདུན་བརྗོད་ལཱ་གཏོརཱྀ་མ་བཏང་།། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཤྩ་བ་རི་པས་མཛད་པ་རྣོགསོ།། ། རྒྱ་ག་རི་སྐད་དུ། ་ཤྲཱི་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་བོ་དྷི། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག། དཔལ་ཧེ་རུ་ཀ་ལ་ཕྱག་འཚལྔ་ལོ།། སྲུང་མའི་མགོན་པོ་འཁོར་དང་བཅས།། བླ་མའི་མཆོག་ལ་ཕྱག་འཚལ་ནས།། དཔལ ་ལྡན་ནག་པོ་ཆེན་པོ་ཡི།། དབང་བསྐུར་ཆོ་ག་བྲི་བ་བྱ།། སློབ་དཔོན་དབང་དང་ལྡན་པ་ཡིས།། སློབ་མའི་ནུས་པ་བསྐྱེད་ཕྱིར།། དེ་ལ་དོན་ནི་གསུམ་ཡིན་ཏེ།། བསྙེན་དང་དངོས་བཞི་རྗེས་ཉིད།། དེ་ལ་བསྙེན་པོ་ནི་སློབ་དཔོན་མཚན ་ཉིད་དང་ལྡན་པ་ལ།། སློབ་མ་སྣོད་དང་ལྡན་པ་ཡིས་མཆོད་པ་དང་གཏོར་མེ་དང་ཡོན་དབུལ་བ་རྣམས་རྫོགས་པར་བྱས་ནས།། སློབ་དཔོན་གྱིས་བདག་ལ་དཔལ་མགོན་པོ་ནག་པོའི་དཀྱིལ་འཁོར་དུ་འཇུག་པའི་མཐུ་དང་། ་དངོས་གྲུབ་ཀྱི་དབང་བསྐུར་བ་དང་།། རྗེ་སུ་གནང་བ་སྩལ་དུ་གསོལ་ཞེས་ལན་གསུམ་བརྗོད།། དེ་ནས་སློབ་དཔོན་གྱིས་གནང་བ་བྱིན་ནས།། གནས་དབེན་པར་དཀྱིལ་འཁོར་ལ་སོགས་པ་དང་།། ཚོགས་ཀྱི་འཁོར་ལི་ལ་སོགས་པའི་ད ་རྫས་ཆུད་པར་བཀོད་ལ།། ནག་པོ་ཆེན་པོ་བསྐྱེད་པར་བྱ་བ་ལ་སོགས་པ་བྱས་ཏེ།། སྔགས་ཉིས་སྟོང་དམ་འབུམ་ཕྲག་བརྗོད་པར་བྱའོ།། དེ་ནས་དངོས་གཞིའི་ཆོ་ག་ལ་འཇུག་པར་བྱ་སྟེ།། ས་བཟུང་བ་དང་། སྐྱ་གོན་དང་། དཀྱིལ་འཁོར་དུ ་འཇུག་ཅིང་དབང་བསྐུར་བར་བྱའོ།། དཀྱིལ་འཁོར་གྱི་ཁང་པར་ས་བླངས་པ་ལ་སོགས་པ་བྱས་ནས་ཆག་ཆག་བཏབ་སྟེ།། བགེགོས་ལ་བཀའ་བསྒོ་བ་བྱས་ནས།། བགེགས་ཀྱི་རྒྱལ་པོ་རྣམས་ལ། དཔལ་རྡོ་རྗེ་ནག་པོས་ཕུར་པ་བཏུབ ་ལ། སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ།། དེ་ནས་དཀྱིལ་འཁོར་དང་། ལྷ་དང་། བུམ་པ་དང་།། སློབ་མ་རྣམས་སྒྲ་གོན་དུ་གནས་པར་བྱ་སྟེ།། དཔལ་ནག་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཁའ་ལ་བཀུག་སྟེ། མཆོད་པ་ལ་སོ ་པ་བྱས་ནས། དཔལ་ལྡན་མགོན་པོ་རྙོག་པོ་ཆེ། སྔོན་གྱི་དམ་ཚིག་དྲན་བྱས་ལ།། བདག་དྲང་སློབ་མའི་དོན་དུ་ནི། ས་འདིར་བྱིན་པར་མཛད་དུ་གསོལ།། ཞེས་བརྗོད་ལ་བཞུགསུ་གསོལ།། དེ་ནས་བུམ་པ་མཚོན་ཉིད་དང་ལྡན་པར ་སྨསྨོན་ལ་སོགས་པ་བླུགས་ནས།། ནག་པོ་ཆེན་པོ་ནང་དུ་བསྐྱེད་པ་ལ་སོགས་པ་བྱས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཆེ་གི་མོ་རཱཀྵ་རཀྵ་ཧཱུ~ཾ་ཕཊ། བརྒྱ་རྩ་བརྒྱད་དམ། སྟོང་ངམ། ཁྲིའི་བར་དུ་བརྗོད་པའི་བུམ་པ་ལྔ་དག་དཀྱིལ་འཁོར་གྱི་ནང་དུ་དགྲ་མོ།། ་ལས་ཐམས་ཅད་པོའི་བུམ་པ་ནི་ཤར་ཕྱོགསུ་གཞག་གོ།། དེ་ནས་སློབ་མ་རྣམས་ཁྲུས་བྱིས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་དང་མཆོད་པ་བྱས་ནས།། ཁ་བཤལ་ཞིང་སོ་ཤིང་དོར་ལ།། ཨོཾ་ཨཱཿཧཱུཾ་གནས་གསུམ ་བསམས་ཏེ་མཆོད་ཅིང་སྲུང་སྐུད་ཀྱིས་བསྲུངས་ལ།། ཀུ་ཤའི་ཆུན་པོ་སྔས་སྟན་དུ་སྦྲན་པར་བྱའོ།། དེ་རྣམས་ཀྱི་སྔགས་ནི།། ཨོཾ་མ་ཧཱ་ཀཱ་ལ་ཨཱཾ་ཨཱཿཧཱུཾ་ཨ་དྷིཥྛཱ་ནཱ་ཅེས་པའོ།། དེ་ནས་དཀྱིལ་འཁོར་བདུད་རྩི་ལྔས ་བྱུགས་འཁོར་ལོ་རྩིབས་བརྒྱབ་པའི་ཐིག་བཏབ་ལ། ཚོན་རྩི་ལྔ་ལ་རིགས་ལྔའི་ས་དོན་བསམྦ་ཏེ། དབུས་ཀྱི་གྲུ་གསུམ་ནག་པོ།། ཟླ་ཁྱིམ་དམར་པོ། འཁོར་ལོའི་རྩིབས་ནག་པ། རྩིབས་མཚན་ཁ་དོག་སྣ་ཚོགས་པར་བྱ།། མུ་ཁྱུད ་དམར་པོ།། ཐོད་པའི་ར་བ་དཀར་པོར་བྱ།། དུར་ཁྲོད་ལྗང་གུ་སྟེར་པོར་བྱ།། རྡོ་རྗེའི་རཱུ་བ་སྔོ་པ། མེ་རི་དམྱུར་པོར་བྱའོ།། དེ་ནས་ནག་པོ་ཆེན་པོའི་སྐུ་དང་། གྲི་གུག་དང་ཐོད་དང་ཕུར་བུ་དང་། བུམ་པ་དང་། ལྷའི་གྲངས་ཀྱི་མཆོད་པོ་དང་གཏེར ་མ་ལ་སོགས་པ་དཀྱིལ་འཁོར་གྱི་གོན་སུ་བཀྲམ་ནས།། ཡོལ་བ་དང་བླ་པྲྀ་བྲིས་ཏེ། མདྲེའ་དང་རལ་གྲི་ལ་སོགས་པས་བརྒྱན་པར་བྱའོ།། དེ་ནས་སློབ་དཔོན་གྱིས་ལྷ་རྫོགས་པར་བསྒོམས་ནས།། དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ།། ་ནག་པོ་ཆེན་པོ་སྔགས་ཀྱིས་བགེགས་བསྐྲད་ནས།། དཀྱིལ་འཁོར་གྱིས་དབུས་བྲག་གི་སྟེང་དུ་ཧཱུཾ་དང་།། གྲི་གུག་ལས་བྱུང་བའི་རྡོ་རྗེ་གུར་བགེགས་ལ་མེད་འཕྲོ་བ་དང་བཅས་པ་བསྒོམས་ནས། དེའི་ནང་དུ་གཞལ་ཡས་ཁང ་རཚྭ་ལྷ་འབྱུང་བྲི་ལ་སོགས་པ་དང་། བསྐུལ་བའི་བར་རྫོགས་པར་བྱས་ལ།། དཀྱིལ་འཁོར་གྱི་ལྷས་བདག་ལ་དབང་བསྐུར་བར་དམིགས་ནས། སློབ་མ་དཀྱིལ་འཁོར་དུ་གཞུགས་པར་བྱ་སྟེ། དེའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ ་བླ་མ་ལ་ཡོན་ལེགས་པར་ཕུལ་ནས། དཀོན་མཆོག་གསུམ་ལ་བླདག་སྐྱབས་མཆི་ལ་སོགས་པསྭ་སེམས་སྐྱེད་དེ། སྔགས་ཀྱི་ཆེ་བ་བརྗོད་ལ་གདོང་གཡོགས་ནས། རྡོ་རྗེ་སློབ་དཔོན་དྲ་གོངསུ་གསོལ།། དུས་འདི་ཉིད་ནས ་བཟུང་ན་སུ།། ཇི་སྲིད་བྱང་ཆུབ་སྙིང་པོའི་བརླ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ནག་པོ་ཆེན་པོའི་དཀྱིལ་འཁོར་དུ།། བདག་ཉིད་གཞུགས་པར་མཛད་དུ་གསོལ།། ཞེས་ལན་གསུམ་གྱི་བར་དུ་བརྗོད་པ་དང་།། སློབ་དཔོན། ་གྱིས་དཀྱིལ་འཁོར་གྱི་ཁང་པར་ཁྲིད།། དཀྱིལ་འཁོར་ལ་བསྐོར་བ་དང་། ཕྱག་བྱས་ནས་དཀྱིལ་འཁོར་གྱི་སྒོའི་ནང་དུ་ཕྱིན་པར་བསམས་ཏེ། དཀྱིལ་འཁོར་གྱི་ཤར་གྱི་སྟེགས་བུ་ལ་གཞག་གོ།། དེ་ནས་སློབ་མས་འདི ་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ལ་དཔལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་དང་ཕྲིན་ལས་ཀྱི་ཡེ་ཤེས་དབབ་དུ་གསོལ་ཞེས་ལན་གསུམ་དུའོ།། སློབ་དཔོན་གྱི་སློབ་མའི་སྐྱོང་གར་བྲུཾ་ལས་འཁོར་ལོ་དང་ཉི་མ ་སྟེང་དུ་ནག་པོ་ཆེན་པོ་བསྐྱེད་པ་ལ་སོགས་པ་བྱས་ན་སཱ་ཡེ་ཤེས་དབབ་དི། སྤྲོས་བསྲེགས་ནས་ནག་པོ་ཆེན་པོའི་སྔགས་བརྗོད་པས་བརྟན་པར་བྱས་ལ།། དཀྱིལ་འཁོར་གྱི་ལྷ་ལཱ་མེ་ཏོག་དོར་ནས། ཨོཾ་མ་ཧཱ་ཀཱ་ལ་ཙཱཀྵུ་པ་ཊ ་ལཾ་ཧྲཱིཿགསེར་གྱི་ཐུར་མས་མིག་ཕྱེ་ལ། ལྔ་བསྟོན་པ་ནི་དཀྱིལ་འཁོར་དུ་ཞུགས་པའོ།། དེ་ནས་དབང་གི་ཕྱིར་ཡིན་ཕུལ་ནས་རྡོ་རྗེ་སློབ་དཔོན་དགོངསུ་གསོལ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྐུ་གསུང་ཐུགས་དང་ཕྲིན་ལ ་ཀྱི། དབང་རྣམས་བདག་ལ་སྩལ་དུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་པོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས།། ལྷའི་ཏིང་འཛིན་རང་གསལ་བས།། བུམ་པ་ཅོད་པན་རྡོ་རྗེ་དང་།། དྲིལ་བུ་མིང་དང ་སློབ་དཔོན་དབང་།། རྒྱལ་བ་རིགས་ལྔའི་ངོ་བོ་ཡི།། ནག་པོ་ཆེན་པོ་སྡེ་ལ་བསྐྱེད་ལ།། སློབ་མ་ལ་ནི་སྦྱིན་པར་བྱ།། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། མི ་བསྐྱོད་པ་ཡི་ཆུ་ཡི་དབང་།། དི་རིང་ཁྱོད་ལ་བསྐུར་བར་བྱ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཱ་ཝཱཀྵཱིདྦྷ་ཀརྨ་ཨ་དྷི་ཥིཉྩི་ཨཱཿཧཱུཾ། དེ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་རྣམས་མི་བསྐྱོད་པའི་ངོ་བོ་ནག་པོ་ཆེན་པོར་བསམས་ལ་སློབ་མའི་སྤྱི ་བོར་བསྟི་མོ།། དེ་ནས་དབུ་རྒྱུན་དང་།། རྡོ་རྗེ་དང་དྲིལ་བུ་དོང་།། མིང་ལ་ཡང་དཀྱིལ་འཁོར་གྱི་ཆོ་ག་གཞན་ནས་བཤད་པ་བཞིན་ཤེས་པར་བྱའོ།། སྔགས་ཀྱི་མཐའ་ཏྲཾ་དང་། ཧྲཱིཿདང་། ཨཱཿདང་། ཨོཾཿསྦྱོར་བར་བྱའོ།། དེ་ནས་ནག ་བོཔོ་ཆེན་པོའི་སྐུ་དང་། གྲྀ་གུག་དང་། ཐོད་པ་དང་། ཕུར་པོའི་དབང་རྣམས་བསྐུར་བར་བྱ་སྟེ། སུ་བྱིན་ལ། སངས་རྒྱུ་སཱ་རྣམས་ཀྱི་སྐུ་ཡི་རྟགས།། ག་ཞིག་བསྒོམས་པ་ཙམ་གྱིས་ཀྱང་།། དངོས་གྲུབ་མྱུར་དུ་ཐོབ་འགྱུར་བ།། དྭེ ་རིང་ཁྱེད་ལ་སྦྱིན་པར་བྱ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཱ་ཨཱ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨཱཿཧཱུཾཿདེ་ནས་གྲི་གུག་ལོག་པ་གཡས་པར་བྱིན་ལ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རྟགས།། གང་ཞིག་བཅངས་པ་ཙམ་གྱིས་ནི།། གདུགས་པའི ་ཉོན་མོངས་གཅོད་བྱེད་པ།། དྲི་རིངས་ཁྱེད་ལ་སྦྱིན་པར་བྱ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཱ་ཙིཏྶཱ་དྷི་ཝཱ་ན་ཨཱ་བྷི་ཥིཉྩ་ཨཿཧཱུཾཿདེ་ནས་ཐོད་པ་ལག་པ་གཡོན་དུ་བྱིན་། སངས་རྒྱས་རྣམས་ཀྱིས་གསུང་གི་རྟགས།། གང་ཞིག་གཟུངས་པ ་ཙམ་གྱིས་ནི།། སྙིང་རྗེ་ལྡན་ཞིང་བདུད་སྐྲག་པ།། དི་རིང་ཁྱོད་ལ་སྦྱིན་པར་བྱ།། ཨོཾ་ཤྲཱི་མྱ་ཧཱི་ཀཱ་ལ་ཡཱ་ཝཱཀ་ཨ་དྷིབྡྷ་ན་ཨཱ་བྷི་ཥིཉྩ་ཨཱཿཧཱུཾཿདེ་ནས་ཕུར་བུ་བྱིན་ལ།། སངས་རྒྱས་རྣམས་ཀྱི་ཕྲིན་ལས་རྟགས།། གང་ཞིག་གཟུངས་པ ་ཙམ་གྱིས་ནི།། དགྲ་བགེགས་ཐམས་ཅད་བཌཱག་བྱེད་པ།། དེ་རིང་ཁྱོད་ལ་སྦྱིན་པར་བྱ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཱ་ཀརྨྨ་དྷི་ཥྚཱ་ན་ཨཱ་བྷི་ཥིཉྩི་ཨཿཧཱུ~ཾ།། དེ་ནས་སློབ་མྲྀ་ལ་བརྗོད་པར་འགྱུར་པའི་སྔགས་ཀྱིས་རྗེསུ་གནང་བ་བྱིན།། དེ་ནས ་ཚོགས་ཀྱི་འཁོར་ལོའི་ཕྱིར་རྣལ་འབོར་པའི་ང་རྒྱལ་བརྟན་པས།། ཚོགས་ཀྱི་རྫས་རྣམས་མ་ཆ་རླུང་གསུམ་གྱིས་ས་བོན་གྱིས་སྐྱེང་ལ།། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ།། དཀྱིལ་འཁོར་དང་རྣལ་འབྱོར་པ་རྣམས ་མཆོད་པར་བྱའོ།། གསུམ་པ་རྗེས་ཀྱོ་བྱ་བ་ནི་དཀྱིལ་འཁོར་ལྷ་ལ་མཆེད་པ་དང་།། བསྐོར་བ་བྱས་ཏེ།། ཡི་གེ་བརྒྱས་པ་ལནྡ་གསུམ་གྱི་བར་དུ་བརྗོད།། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུས་ནས།། ལྦ་གངྒཱ ་མི་དམིགས་པར་མོས་ལ། རྡུལ་ཆེན་རྣམས་ཆུ་བོར་དེར་བར་བྱའོ།། བདག་གི་ནག་པོ་ཆེན་པོ་ཡི།། དབང་བསྐུར་ཆེ་ག་བཀོད་པ་ཡི།། དགེ་བས་མགོན་པོ་བསྒྲུབས་པ་ཀུན།། ནག་པོ་ཆེན་པོ་འདྲ་བར་ཤེག། དཔལ་ནག་པོ་ཆེན་པོའི་དབང་བསྐུར ་པའི་ཆོ་ག། བྲམ་ཟེ་མཆོག་སྲེད་ཞབས་ཀྱིས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པེ་པཎ་ཊཱི་ཏ་ནག་པོ་ཆེན་པོ་ཆེ་འཛིན་དང་། ལེ་ཙ་བ་གྱི་ལྗང་གུ་དབུ་དཀར་གྱིས་བསྒྱུར་བའོ།། ་འདིའི་བརྒྱུད་པ་ནི། བྲམ་ཟེ་མཆོག་སྲེད་བདེ་བའི་རྡོ་རྗེ་དང་།། ཤྲཏྟ་ཀཱ་ར་དཱི་པཾ་ཀཱ་ར་དང་།། རིནྡྲ་ཆེན་བཟང་པོ་དགེ་ཚུལ་པུརྞ་གཉིས།། ལྕགས་རི་གྲོང་ཁ་རྫིང་བུ་པ་དང་ནི།། སྤེན་ཕུག་པ་དང་ཞིང་སྟོན་ཡོ་ཤེས་དང་།། གཟེ་བ་སྟོན ་གྲུབ་པར་ཐང་ཡབ་སྲས་དང་། ངར་ཤག་དང་ནི་བསོད་ནམས་དབང་ཕྱུག་དང་།། སྐད་གཉིས་སླུ་བ་བློ་མཆོག་ལྡན་པ་ལ།། ནད་པ་འདི་ནི་ཁོ་བོའི་ཆོས་སྐྱོང་ཡིན།། མ་བསྒྲུབས་ཝཱནྟི་གྲུབ་པ་ངོ་མཎྜར་ཆེ།། ། རྒྱ་གར་སྐད་དུ ་