CLOSE WINDOW

GT634: byin gyis brlabs pa'i nag po'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

དཔལ་ནག་པོའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས།། @#།། རྒྱ་གར་སྐད་དུ། ཨོཾདྷིཥྛཱ་ན་མ་ཧཱ་ཀཱི་ལ་སཱ་དྷོ་ན་ནཱ་མཿ། བོད་སྐད་དུ། བྱིན་གྱིས་བརླབས་པའི་ནག་པོའི ་སྒྲུབ་ཐབས་ཞེས་བྱ་བ།། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལོ།། ཞབས་གདུག་དང་བཅས་བི་ནཱ་ཡཱ་ཀ་མནན།། ནག་པོ་ཆེན་པོ་སྟག་གི་ཤུམ་ཐབས་ཅན།། ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།། གཡས་པ་ཕྲེང་བ ་པར་མ་གྲི་གུག་འཛིན།། ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལལོ།། གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ།། དེ་བཞིན་ཞགས་པ་བཟུང་ནས་པ་འཛིན་པར་བྱེད།། དྲག་པོའི་ཞལ་ལ་མཆེ་བ་རྣམ་པར་གཙིགས།། སྤྱན་གསུམ་དྲག་པོ ་དབུ་སྐྲ་གྱེན་དུ་འབར།། དཔྲལ་བར་སིནྡྷ་ར་ཡིས་ལེགས་པར་བྱུགས།། སྤྱི་བྱོར་མི་བསྐྱོད་པ་ཡིས་རྒྱས་བཏབ་བརྟན།། ཤིང་ལུས་བྱོནྡ་ནས་གཏོར་མ་ལྡན་པར་དམིགས།། ཨོཾ་བཛྲཱ་མཧཱ་ཀཱ་སྭཱ། ་ཀྵེ་ཏྲ་བིགྷྣཱན་བི་ན་ཡཱ་ཀཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ལན་བདུན་བརྗོད་ལཱ་གཏོརཱྀ་མ་བཏང་།། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཤྩ་བ་རི་པས་མཛད་པ་རྣོགསོ།། ། རྒྱ་ག་རི་སྐད་དུ། ་