CLOSE WINDOW

GT632: dpal mgon po'i nang sgrub ces bya ba
Wyliee-texts produced with BDRC’s OCR application

བགེག་སྡེ་ཞི་ཐུབ་དབང་ཐོབ་པར་ཤོག། དཔལ་ནག་པོ་ཆེན་པོ་བསྒྲུབ་པའི་ཐབས་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ་རྫོགསོ།། ། པཎྜི་ཏ་ཨ་བྷཱུ་ཀར་དང་། ལོ་ཙཱ་བ་ཅི་ཆེན་པོས་བསྒྱུར་བའོ།། ། རྒྱ་གར་སྐད ་དུ། ཤྲཱི་མ་ཧཱ་ཀཱ་ལ་བི་ཏ་ར་སཱ་དྷཱ་ན་ནཱ་མཿབོད་སྐད་དུ། དཔལ་མགོན་པོའི་རླུང་སྒྲུབ་ཅེས་བྱ་བ། དཔལ་ནག་པོ་ཆེན་པོ་ལྷ་ཕྱག་འཚལོ།། ནག་པོ་བསྒྲུབ་པ་འདོད་རྣལ་འབྱོར་གྱིས།། ཡིད་དང་མཐུན་པའི་བེན་གླན་སུ།། རྟེན་དང་མཆིད ་པཔོའི་རྫས་བཤམས་ཏེ།། དང་པོ་བྱང་ཆུབ་སེམས་བསྐྱེད་ལ།། མདུན་དུ་སྐད་ཅིག་འདབ་བརྒྱད་སྟེང་།། དཔལ་ལྡན་ནག་པོ་ཆེན་པོ་ལ།། ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཡང་།། བྱ་རྒོད་མགོ་དང་ཁྱུང་གི་མགོ། ཁྭ་ཡི་གདང་དང་འུག་པའི ་གདོང་།། དེ་བཞི་ཕྱོགས་དཀྱི་ལྷ་མོའོ།། ཕག་གི་གདོང་དང་ཁྱི་གདོང་མ།། སྦྱང་ཀི་སྟག་གི་གདོང་ཅན་བཱཞི།། མཚམས་ཀྱི་ལྷར་ནི་ཤེས་པར་བྱ།། ཀུན་ཀྱང་ནག་མོ་གྲི་ཐོང་ཐོགས།། པདྨ་རེ་དང་ཉེ་སྟེང་ན།། ཞབས་གཉིས་བརྐྱང་བསྐུམ ་ཚུལ་དུ་བཞུག་སོ།། དེ་ལ་བདུན་པ་རྣམ་དྲག་གིས།། མཆོད་ལ་གསོལ་བ་བཏབ་བྱས་ལ།། རང་བཞིན་གནས་གཤེགསུ་གསོལ།། རབོ་ཉིད་ཡིད་དམ་གསལ་བའི་མངོན།། སྟོང་པའི་ངང་ལས་པཾ་དང་རོ།། པདྨ་ཉི་མའི ་སྟེང་དུ་ཧཱུཾ།། འཕྲོས་འདུས་གྲི་གུག་ཧཱུཾ་གིས་མཚན།། འོད་འཕྲོས་དོན་བྱས་སླར་འདུས་ནས།། ས་བོན་ཕྱག་མཚན་གྱུར་པ་ལས།། དཔལ་མགོན་པོའི་སྐུར་གྱུར་ཏེ།། ཞལ་གཅིག་སྤྱན་གསུམ་སྨིན་མ་འཁྱེག། ཁྲེ་གཉེར་ཞལ ་གདུངས་མཆོ་བ་གཙིགས།། དབུ་སྒྲ་དམར་སེར་གྱེན་དུ་འབར།། ཕྱག་བཞི་གཡས་གཉིས་གྲི་གུག་དོང་།། རལ་གྲི་འབར་བ་འཛིན་པའོ།། གཡེན་གྱི་ཕྱག་གཉིས་ཐོད་ཁྲག་ད་།། མདུང་རྩེ་གསུམ་པ་བསྣམས་པའོ།། ཞབས ་གཉིས་ཕྱེད་སྐྱིལ་འགྱིང་བག་ཅན།། སྡུག་ཤམ་མགོ་ཕྲེང་དོ་ཤལོ་བྱ།། ཕྱག་རྒྱ་ལྔ་དང་ལྡན་པ་ལ།། ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན།། དེ་ལྟར་དམ་ཚིག་གསལ་བསྐྱེད་ལ།། ཡེ་ཤེས་སྤྱན་དྲུང་མཆོད་ཅིང་བསྟོད།། ཛཿཧཱུཾ་བཾ ་ཧོཿདགུགོ་གཞུག་བྱ།། སྐུ་གསུང་ཐུགས་གསུམ་བྱིན་གྱིས་བརླབ།། ཨོཾ་བཛྲ་ཀཾ་ལཱཾབ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ། མན་ངག་བཞིན་དུ་བཟླས་པར་བྱ།། སྐྱོན་གཏོར་མ་ཕུལ་བྱས་ལ།། མཆོད་བསྟོང་གསོལ་བཏབ་ཡེ་ཤེས་གཤེགས།། ་དམ་ཚིག་བསྡུས་ལ་དགེ་བ་བསྔོས།། དགེ་རྩས་བར་ཆད་ཀུན་གསལ་ནས།། བསྟན་པ་དར་ཞིང་རྒྱུས་པར་ཤོག། མགོན་པོ་བྱ་རོག་གདོད་ཅན་གྱི་ནང་སྒྲུབ་རྫོགསོ།། ་པཎྜི་ཏ་ཨཱདྷྱཱ་ཀཱ་ར་དང་། ལོ་ཙཱ་པ་ཙ་མི་ཆེན་པོས་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷཱ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།། དཔལ་ཧེ་རུ་ཀ་ལ་ཕྱག ་