| Wylie | e-texts produced with BDRC’s OCR application |
རྒྱུ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྩེ་བྷན་རཏྣའི་ཞལ་མངའི་ནས་དང་། ཆོས་འཁོར་ལོ་ཙྪ་བ་འཛེམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་དུའོ།། ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷཱ་ནཱ་ནཱ་མ ་བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན།། ལྷ་མེ་དང་བཅས་འཁོར་ལོ་ལ།། བཏུད་དེ་ནག་པོ་ཆེན་པོ་ཡི།། སྒྲུབ་པའི་རིམ་པ་བྷི་བར་དུ།། དི་དང་གི་སྨོན ་བྱས་དམ་ཚིག་ལྡན།། བླ་མ་ལ་གུས་སྙིང་བརྩེ་གཏོང་།། ཤེས་རབ་བཟོད་ལྡན་བརྩོན་འགྲུས་ཆེ།། སྒྲུབ་ལ་དཔའ་བའི་སྔགས་པ་ཡིས།། ཡིད་འོང་དབེན་པའི་གནས་དག་གམ།། རི་བཻ་དུར་ཁྲིད་མ་མོ་དང་།། ་གཤིན་རྫུ་འཇིགསུ་རུང་བ་ཡི།། གནསུ་ནག་པོ་བསྒྲུབ་པར་བྱའོ།། མཎྜལ་མཆེད་དང་གཏོར་མ་བཤམ།། རྟེན་བཤམས་བདེ་བའི་སྟན་འདུག་སྟེ།། རང་གི་ལྷ་ཡི་རྣལ་འབྱོར་དུ།། ཞུགས་ཏེ་ཆོ་ག་རྫོགས་པ་དང་།། བླ་མུ་དམོད་བསྟན ་ལ་སྡང་།། དེ་དག་རབ་ཏུ་ཞི་བྱའི་ཕྱིར།། བདག་གིས་ནག་པོ་བསྐྱོབ་པར་བྱའོ།། སྙམ་དུ་བློ་ནི་བསྐྱེད་བྱ་སྟེ།། ཕྱི་དང་ནང་ནད་གི་དངོས་པོ་རྣམས།། སྐད་ཅིག་སྟོང་པར་བསྒོམ་པོར་བྱ།། མདུན་དུ་པདྨ་ཉི་མ་ལ།། གནས་པའི་ཡི་གླེ་ཧཱུཾ་ནག་གོ།། ་བལྟས་ཏེ་དེ་ཡི་འོད་ཟེར་གྱིས།། གདུག་པཱ་མ་ལུས་བྱི་བྱས་ཏེ།། འགྲོ་ཀུན་བདེ་བ་ལ་བཞག་ནས།། སླར་འདུས་ཧཱུཾ་ལ་ཐིམ་གྱུར་ཏེ།། ཡཱི་གེ་གྱུར་པས་སྐད་ཅིག་གིས།། བྱ་རོག་མིང་ཅན་ནག་པོ་ཆེ།། ཞལ་གཅིག་ཕྱག་བཞི་གཡས་པ ་ན།། དདུ་པོ་བེ་ཙའི་འབྲས་བུ་དམར།། གཉིས་པ་རལོ་གྲྀ་འཛིན་པའོ།། གཡོན་གྱི་དང་པོ་ཁྲག་ཆེན་གྱིས།། རབ་ཏུ་གང་བའི་ཐོད་པ་འཛིན།། གཉིས་པ་ཁ་ཊྭཱཾ་འཛིན་པའོ།། སྟག་གི་པགས་པས་སྨད་དཀྲིསཱ་ཤིང་།། དབུ་སྐྲ་ཨག ་ཆོམ་སྨིན་མཱ་སེར།། སྤྱན་གསུམ་མཆེ་གཙིགས་འཇིགས་པར་བྱེད།། ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན།། སྣ་ཚོགས་པདྨ་ཉི་སྟེང་དུ།། དཔའ་བོའི་འདུག་སྟེངས་ཀྱིས་གནས་པའོ།། དེ་ནས་རང་གི་ཐུགས་ཡི།། ས་བོན་ལཱས་འཕྲོས ་འོད་ཟེར་གྱིས།། ཡེ་ཤོས་སེམས་དཔའ་སྤྱན་དྲངས་ལ།། མཆོད་ལ་ཛཿཧཱུ~ཾ་བཾ་ཧོཿཡིན།། དགུག་གཞུག་བསྟིམ་དང་མཉེས་པར་བྱ།། སྤྱི་བེ་མགྲིན་པ་སྙིང་ག་རུ།། པདྨ་ཉི་མའི་གདན་སྟེང་དུ།། ཧཱུཾ་དང་ཨཱཿར་ཨོཾ་གསུམ་གྱིས། སྐུ་གསུང ་ཐུག་གསུམ་བྱིན་གྱིས་བརླབས།། ལྗགས་མཆེད་བསྟོད་དེ་དེ་ནས་ནི།། ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཅེས་བྱའི་གསང་སྔགས་ཅ་ནུས་པར།། མན་ངག་བཞིན་དུ་བཟླས་པར་བྱ།། སྦྱིན་གཏེར་མ་བྱིན་བརླབས་ཏེ།། རང ་སྔགས་ཀྱིསྐུ་ནི་བསྔོ་བར་བྱའོ།། ལེགས་པོར་མཆོད་ལ་དེ་ཉིད་ཀྱི།། རྐང་པ་བརྒྱུད་པས་བསྟོད་པར་བྱ།། ཞི་རྒྱས་དབོང་དང་མངོན་སྤྱོད་ཀྱི།། ལས་རྣམས་གང་ཡིན་དྲི་བཅོལ་བྱ།། ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ།། བློ་ལྡན་མཚན ་མ་མ་བྱུང་གི། བར་དུ་འབོད་དེ་བསྒྲུབ་པར་བྱ།། མཚན་མ་བྱུང་ནས་བླ་མ་ཡི།། མན་ངག་བཞིན་དུ་ལས་ལ་སྦྱར།། བླ་མའི་གསུང་གི་རྗེས་འབྲངས་ཏེ།། བདག་གི་ནག་པོ་བསྒྲུབ་པའི་ཐབས།། བྲིས་པའི་བསོད་ནམས་ཐོས་པ་ངེས།། ་བགེག་སྡེ་ཞི་ཐུབ་དབང་ཐོབ་པར་ཤོག། དཔལ་ནག་པོ་ཆེན་པོ་བསྒྲུབ་པའི་ཐབས་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ་རྫོགསོ།། ། པཎྜི་ཏ་ཨ་བྷཱུ་ཀར་དང་། ལོ་ཙཱ་བ་ཅི་ཆེན་པོས་བསྒྱུར་བའོ།། ། རྒྱ་གར་སྐད ་