| Wylie | e-texts produced with BDRC’s OCR application |
རང་ལ་ནས་པོ་ཆེན་པོའི་སྦུབ་ཐས་བཟུན་ཏོ།། རྒྱ་གར་སྐད་དུ། ས་བྱཱ་ཛྙཱ་ཤྲི་མཧཱ་ཀཱ་ལ་སཱ་དྷ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེ་ནོ་ཡུ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། བླ་མྲ་དང་དཔལ་རྡོ་རྗེ་མཁའོ།། ་ལ་ཕྱག་འཚལོ།། འགྱེལ་བའི་རོ་ལ་ཞབས་མཆོག་མཉམ་པའི་སྟབས་ཀྱིས་བཞུགས་ཤིང་སྦོམ་ཐུང་དྲག་ལ་གསུས་ཁྱིམ་ཡངས།། ཀླུ་ཚུན་བརྒྱད་ཀྱིས་རྣམ་པར་བརྒྱུན་ཞིང་དབུ་སྐྲ་དམར་སོར་གྱེན་བརྫེས་གྲི་གུག་ཐོད་པ་འཛིན ་ཕྲག་པར་ཤེས་རབ་མྱ་ཡིས་འཁྱུད་ཅིང་ཞལ་གཅིག་དང་ལྡན་དཔེལ་ལྡན་ཆོས་སྐྱོང་རྟག་པར་དགེའི་རང་བཞིན།། ཤིན་ཏུ་གནག་པའི་ཁྱད་པར་འཕགས་སྐུ་སྤྱན་གསུམ་ལྡན་པས་ཁྱེད་རྣམས་རྟག་ཏུ་བསྲུངས། བགེགས ་རྣམས་ཐམས་ཅད་འཇོམས་དྲོན་དང་།། དམ་ཚིག་བསྐྱང་བར་བྱ་བའི་ཕྱིར།། ནག་པོ་ཆེན་པོ་སྒྲུབ་པའི་ཐབས།། མན་ངག་བརྒྱུད་པ་བཤད་པོར་བྱ།། དེ་ལ་དུར་ཁྲོད་དང་ལིངྒ་གཅིག་པ་ལ་སོགས་པར་འཛམ་པའི་སྟན་ལ་འདུག ་ལི། སྐད་ཅིག་གིས་སྟོང་པ་ཉིད་བསྒོམས་པའི་ངང་ལས།། སྣ་ཚོགས་པདྨ་དང་ཉི་མ། ཧཱུཾ་ཡིག་ཁ་དོག་ནུག་པོའོ།། དེ་ལས་གྲུབ་པའི་རྗེ་བཙུན་དཔལ་ལྗིན་ནག་པོ་ཆེན་པོ།། ཞལ་གཅིག་པ་ཕྱག་གཉིས་པ། སྐུ་མདོག ་ནག་པོ། སྤྱན་གསུམ་པ། མགོ་བོའི་ཕྲེང་བ་སྐེ་ལ་འཕྱང་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རོའི་གདན་ལ་བཞུགས་པ། མེ་ཆེ་བ་གཙིགས་པ། འཇིགས་སུ་རུང་བ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། ་སྐུ་ཐུང་བ། གསུས་ཁྱིམ་ཆེ་བ། གཟི་བརྗིད་དང་ལྡན་པ། ཐོད་པ་ལྔ་ཡི་ཅོད་པནཱ་བྱས་པ། མི་བསྐྱོད་པས་དབུ་བརྒྱན་ཞིང་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ།། ཕྱག་གཡས་པས་གྲི་གུག་འཛིན་པ། གཡོན་པ་ཁྱཱ་ཊྭཱཾ་ག ་དུང་ཐོད་པ་འཛིན་པ། ཞལ་ནས་ཁྲག་འཛག་པ། ལྗགས་འདྲལ་བ། ནག་མོ་ཆེན་པོ་དང་སྙོམས་པར་སྦྱོར་བར་བདག་ཉིད་བསྒོམ་པར་བྱའོ།། བཅོམ་ལྡན་འདས་མ་ནི། ས་བོན་ཧྲཱིཿཡིག་ལས་སྐྱེས་པའི་སྐུ་མདོག་ནགས ་མོ།། སྐུ་གཅེར་མོ་རྒྱུན་དང་བྲལ་བ། དབུ་སྐྲ་དམྦཱར་སེར་གྱེན་དུ་བརྫེསྟ་པ་ཕྱག་གཡས་པས་གྲི་གུག་དང་། གཡོན་པས་ཐོད་པ་འཛིན་པས་ཡབ་ཀྱི་སྐུ་ལ་འཁྱུད་པས་བཞུགས་པའོ།། ཤར་དུ་སཽ་བོན་ཀཱཾ་ཁཾས་སྐྱེས་པའི ་ནགྣ་མོ་སྐུ་མདོག་ནུག་མོའོ།། ལྷོར་ས་བིནྡོ་ཀཾ་ལས་བྱུང་བའིའོ་གཅིག་མའོ།། ནུབ་ཏུ་བཾ་ལས་བྱུང་བའི་ཕག་མོའོ།། བྱང་དུ་བཾ་ལས་བྱུང་བའི་རོ་ལངས་མྱའོ།། འདི་རྣམས་ཐམས་ཅད་ཕྱགཱ་རྣམས་ནི་གྲི་གུགྲྀ་ད་ཐོད་པ ་འཛིན་པ། སྐུ་གྲ་ཅེར་མོ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་བྱ། པདྨ་དང་ཉི་མེའི་གདན་ལ་བཞུགས་པ། སྤྱན་གསུམ་མྱཱ། རྔམྦི་པའི་ཞལ་སྐུ་མདོག་ནག་མོའོ།། སྙིང་གའི་པདྨ་རོང་ཉི་མུའི་ཧཱུཾ་གི་འོད་ཟེར་གྱི་ལྕགས ་ཀྱུས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། མངོན་པར་མཆོད་ལ། དམ་ཚིག་པ་ལ་བསྟིམ་པ་བྱས་ནཱ། དེ་འོདར་ནག་པོ་ཆེན་པོ་བདག། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ།། འོད་གསལ་བར་ནི་རབ་ཞུགསོ།། ་བདག་ནི་རྣམ་ཀུན་ཡོངསུ་བཀང་།། ཞེསོ།། དེ་ནས་ནག་པོ་ཆེན་པོ་ལ་མཆོད་པ་ཕུལ་ནས། དེ་ལ་ལག་པ་ཐལ་མོ་སྦྱར་བ་བསྟན་ན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལལས་མ་ཡ། མཱ་ཏཱི་ཀྲ་མ་ཡ། ས་མཱ་ཡ་རཀྵ་ཙུ། ཞེས་བརྗོད་པར་བྱའོ།། ་ལྷ་མོ་རྣམས་ལ་ཡང་། རྡོ་རྗེའི་ཐལ་མོ་སྦྱར་བསྟན་ནས། དེ་རྣམས་ཀྱི་མིང་བཅུག་པ་རྣམ་པ་ལྔ་པོ་ལའང་ཀླག་པར་བྱའོ།། རང་གི་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ།། ཞེས་པཱ་དཱམ་ཚིག་གཟུང་བའོ།། དེ་ནས་དུག་དང ་ཁྲག་ཆེན་དང་ཡུངས་ཀཱར་རྣམས་ཀྱི་བདུག་སྤོས་ཕུལ་ནས། སྲནྟ་མ། ཛམྦུ་ཊཱི་ཀ། ཆང་མེ་ཏོག། བདུག་སྤོས། ཤཱ་ལྔའོ་བདུད་རྩིའི་གཏོར་མཱ་ནཱི། བདུད་རྩིར་བྱས་ལ་ཨོཾ་ཤྲཱྀ་ཀྵཽ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། མྱཱ་ཧཱ་མཱཾ་ས། པུཥྤཾ། དྷུ ་དཱི་པཱ། རཀྵ། ཏ་ལཱ་པཱ་ཏཱ་ལཱི། ཨིཥྚ་ནཱ་གཱ། དཻ་བ། ཡཀྵ་རཱཀྵ་ས། གྲྀཧྞཱ་པ་ཡ། གྷྲྀཧྞཱ་པ་ཡ། ཨཽ་དཾ། བི་ལཱཾ། ཧཱ་ཧཱ། ཧཱུཾ་ཧཱུཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུ་ཛཿཕེཾ་མ་ཧཱ་ཙྪོ་ཌྷ་ཧཱ་ས། གིརྟྟི་ཡ་གརྫྫ་ཡ། ཏརྫྫ་ཡ་ཏིརྞྞ་ཡ། ཨཽ་ཀྲྀཥྚྭཱ་བརྟྟ་ཡ ་ཕེཾ་ཕེཾ་ཕྱིཊ། ཅེས་པའི་སྔགས་ཀྱིས་དབུལ་ལོ།། མངོན་པར་མཆོད་ཙཱི་ང་བསྟོད་པར་བྱའོ།། སྙིང་གཱར་སྔགས་བརྟན་པོར་དམིགས་པ་བྱས་ནས་བཟླས་པར་བྱའོ།། ཨོཾ་ཤྲཱི་མཱ་ཧཱ་ཀཱ་ལཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྠཱའཾ་ཧཱ། སྣང ་པོའོ།། ཨོཾ་ཤྲི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ནོ་པ་ཀཱ་རི་ཎེ། ཨེ་ཥོཿཔཥྚི་མ་ཀ་ལོཿཡཾ། ཡ་དི་ཏྲྀ། པྲ་ཏི་ཛྙཱཾ། སྨ་ར་སི་ཏ་དེ་མཾ། རཏྣ་ཏྲ་ཡཱ་པ་ཀཱ་རི་ཎཾ། དུཥྚཾ། ཁ་ཁཱ། ཁཱ་ཧི་ཁཱི་ཧི། མ་ར་མ་ར་གྲྀཧྞ་གྲྀཧྞ། བིནྡྷི་བནྡྷ། ཧ་ན་ཧ་ན། ད་ཧ་ད ་ཧུཿཔ་ཙ་པཱ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པ་གཟུངས་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལཾ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ནག་མོ་ཆེན་མོའོ།། ཨོཾ་ཀཱ་ལཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ནག་མོའིའོ།། ཨོཾ་ཀ་རཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཙིགས་མའིའོ།། ་ཨུ་ཝ་རཱ་ཌྷི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཝ་ར་ཊའོའོ།། ཨོཾ་བེདྡྷ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རོ་ལང་སྲྀ་མའིའོ།། ཇི་སྲིད་མཚན་མ་མ་ཐོབ་ཀྱི་བར་དུ་བཟླས་པར་བྱའོ།། དེའང་དངོས་སམ་རྨི་ལམ་དུ། བུད་མེད་ནག་མཱཾ་ཆེན་མོ་དང་། བྱ་དང་། ་ཁྱི་ནག་པ་དག་དང་། ཅེ་སྤྱང་རྣམས་དགའ་བར་བྱེད་པར་འགྱུརརོ།། ཞེས་པ་ནི་བསྙེན་པའི་ཆོ་གའོ།། ། ད་ནཱི་སྒྲུབ་ཐབས་ཀྱི་ཆོ་ག་བྲི་བར་བྱ་སྟེ། འཇིག་སུ་རུང་བའི་དུར་ཁྲོད་དུ། སྥོ ་པས་ཆས་གོས་ནག་པོ་འཚོང་བས། ནག་ཕྱོགས་ཚེས་བཅུ་བཞིའི་མཚན་མོ།། སྟན་ནག་པོ་ལ་འདུག་ལ། བ་བྱུང་ལྔ། བདུད་རྩི། དྲི་བཟང་མིའི་ཁྲག་དང་ཞགས་གིས་བྱུགས་པའི་སྟེགས་བུ་ལ། གཞོན་ནུ་མེའི་རྡུལ ་གྱིས་ཆག་ཆག་དང་ཐིག་ལེ་བྱས་ལ། དུར་ཁྲོད་ཀྱི་སོལ་བས་བྱུགས་ནས། ཆོས་འབྱུང་ནག་པོ་ལ་མེ་ཏོག་གི་ཚོན་བུ་ལྔ་བཀོད་པར་བྱའོ།། དེའི་མདུན་དུ། སྔོན་དུ་བཤད་པའི་བདུག་སྤོས་དང་། གཏོར་མ་དང་། གཞན་ཡང་མཆོད ་པའི་རྫས་རྣམས་བཤད་ནས་བསྒྲུབ་པ་བརྩམ་པར་བྱའོ།། དེ་ལ་འཁྱིལ་པོའི་སྔགས་བཟླས་པའི་ཆང་གི་དཀྱིལ་འཁོར་ལ་གཏོར་བས་བསངས་ཤིང་། རང་བཞིན་གྱི་རྣ་རཾ་དག་པས་མོ་ལ། སྭཊ་བཟླས་ཤིང་དེའི་ངང་ལས། རང་རང་གི་ས་བོན་ལས ་སྐྱེས་པའི་དཔལ་ནག་པོ་ཆེན་པོ་འཁོར་དང་བཅས་པ། སྔོན་དུ་སྨྲས་པ་བཞིན་དུ་བདག་ཉིད་རྫོགས་པར་བྱའོ།། ཛཿཧཱུཾ་བཾ་ཧོཿཞེས་པ་སཱ། ཡེ་ཤེས་སེམས་དཔའ་སྤྱན་དྲངསཱ་ལ། རབ་ཏུ་གཞུ། ་པ་ལ་སོགས་པ་ཕྱག་རྒྱ་དང་བཅས་པ་བྱས་ནས། མཆོད་པ་དེང་གཏོར་མ་ཕུལ་ལོ།། སྔགས་ཀྱི་བཟླས་པའི་མཐར་ཐུག་པར་བྱའོ།། ཚོགས་ཀྱི་འཁོར་ལོས་ཚིམ་པར་བྱ་ཞིང་ལྷག་མུ་རྣམས་ལྷག་གཏོར་དུ་སྦྱི་ན་པར་བྱའོ ་དེ་ལྟར་སྔོན་དུ་འགྲོ་བ་བྱས་ནས། དེ་ནས་བཟུང་སྟེ། ཉི་མ་ལ་སོ་སོར་ཐུན་བཞིར། སྔོན་དུ་སྨྲས་པའི་ཆོ་ག་རྫོགས་པར་བྱའོ།། ཁྱང་པར་དུ་འདིར་བསྟོད་པ་དང་། བྱ་པཱ་ལྀ་བསྐུལ་བའི་ཚིག་དང་བཅས་པ། སླ་རོ་ནས་སླ་རཽ་དུ ་བྱའོ།། དུབ་པར་གྱུར་ནཽ། གོས་ནག་པོ་དཀྱིལ་འཁོར་ལ་གཡོགས་ལ། ཨོཾ་ཨཱཿཧཱུཾ་ཞེས་པས་བྱིན་གྱིས་བརླབས་ལ། ཇི་ལྟར་བདེ་བར་གནས་པར་བྱའོ།། རིམ་པོ་འདི་ཡིས་ཇི་སྲིད་མཚན་མ་མཐོབ་ཀྱི་བར་དུ་བསྒྲུབ་པར་བྱ ་འདིར་མཚན་མ་ནི། རང་ནག་པོ་ཆེན་པོའི་སྐུ་མངོན་སུམ་མམ་རྨི་ལམ་དུ་འམ་ཉམས་སྐུང་དུའོ།། འབྲིང་དཀྱིལ་འཁོར་ལ་འོད་ཟེར་དུ་སྣང་བའོ།། ཐ་མ་རྨི་ལམ་དུ་རང་ཉིད་གོ་བགོས་པ། མཚོན་ཆ་ཐོགས་པ་དཔུང་གི་གཙོ ་པོ་བྱེད་པ། གདུག་པ་གསད་པ། མི་ཤ་ཟོས་པ་རྣམསོ།། ཞེས་བྱ་བ་ནི་སྒྲུབ་ཐབས་ཀྱི་ཆོ་གའོ།། ལས་ལ་སྦྱོར་བ་བྲི་བར་བྱ་སྟེ། སློབ་དཔོན་ལ་གང་རྟག་ཏུ་སྡང་བར་སེམས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་དང་། སེམ ་ཅན་མང་པོ་ལ་གནོད་པར་གྱུར་པ་རྣམས། ནག་པོ་ཆེན་པོས། དེའི་ཤ་ཟ་བར་མཛོད་ཅིག། བཅད་པར་མཛོད་ཅིག། ཁྲག་བཏུང་བར་མཛོད་ཅིག། ཡ་ན་སྤྱི་བོ་ནས་ཕུག་ནས། ཏིལ་ཙམ་དུ་ཕྱེ་མར་མཛོད་ཅིག། ཞེས་པ་སྟེ། བདག་གིས ་གལ་ཏེ་བླ་མ་ལ་སོགས་པ་ལ་གནོད་པར་བྱེད་པའི་གདུག་པ་ལ། མངོན་སྤྱོད་ཀྱི་ལས་བྱ་བར་འདོད་པ་དེའི་ཚེ། དེའི་རྐང་རྗེས་ཀྱི་རྡུལ། ལུས་ཀྱི་དྲི་མར་བཅས་པ་དང་། རྡོ་དང་། ལྕགས་དང་། ཟངས་དང་། ཚང་གསུམ་དང་། གྲོ་ཕྱེ ་རྣམས་ཕྱེ་མར་བྱས་ལ་གདུག་པའི་གཟུགས་བྱས་པའི་སྙིང་གཪྵ། དུག་དང་། སྐེ་ཚེ་དང་། ཆེས་དང་། མཚོན་གྱིས་བསད་པའི་ཁྲག་རྣམས་ཀྱིས། མིའི་པགས་པ་ལ་འཁོར་ལོ་ནི། ལྟེ་བར་བསྒྲུབ་བྱའི་མིང་བཀོད་པའི་གཟུངས ་རཱིརྙིང་སཱ་བྲྀའོ།། ཨོཾ་དྲྀ་དུཥྚཱན་དི་ནི་མེ་ཀེ་ན་མཱ་ར་ཡ་ཧཱུ~ཾ་ཕཊ། ཅེསྭ་པ་རྩིབས་དྲུག་ལ་བྲིའོ།། ཨོཾ་མཱ་ཧཱ་ཀཱ་ལཱི་ཡེ། ཆེ་གེ་མོ་དུཥྚཱན་དོ་ན་མེ་ཀཱ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་སོགས་ལྷ་མོ་ལྔ་སྔགསཽ་ནི་མི་ཁྱུད་ལ་བྲིའོ།། དེ་སྐད ་ཅིག་གིས་རང་བཞིན་གྱིས་རྣམ་པར་དག་པར་མོས་ལ། དེའི་ངང་ལས། འཁོར་ལོ་པདྨ་དང་ཉི་མ་ལ་གནས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་ནི་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས ་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་གཞུག་པར་བྱ་ཞིང་། རབ་ཏུ་གནས་པ་དང་། མཆོད་པ་བྱས་ལ། དེ་ནས་གཟུངས་རེངས་ཀྱི་སྔགས་ལས། མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོའི་ཚོགས་འཕྲོས་པས་བསྒྲུ ་བྱ་དཀུག་ནས། དེའི་མིང་ལཱ་ཛཱཿབྷྲཱུཾ་བཾ་ཧོཿས་ཞེས་པས་རབ་ཏུ་གཞུགས་པ་ལ་སོགས་པ་བྱས་ལ། གདོལ་པས་ཕྱིར་འཁལ་དུ་བཀྲལ་བའི་སྐུད་པས་ཕྱོགས་ནས་དཀྲིས་ཏེ། སྙིང་གར་བཅུག་པར ་བྱའོ།། དེའི་སྟེང་པྲ་ཚིལ་གྱིསོ་བཀག་གོ། དེའི་རྩལ་བའི་སྒོ་ནས། ལྕགས་ཀྱི་རྩང་གིས་འཁོར་ལོ་ལ་མ་རེག་པར་བཙོག་ནས། ལྷོ་ཕྱོགསུ། ཐང་ག་དང་མཐེ་དམན་ལེ་སོར་བཅུ་གཉིས་པའི་ཁུང་བུ་ཟུར་གསུམ་པ་ལ། དུར ་ཁྲོད་ཀྱི་སེལ་བས་བྱུག་པར་བཅུག་ལ། སྣ་ཚོགས་རྡོ་རྗེ་མནན་པར་བྱའོ།། དེ་ནས་སྔགས་པས་སྒྲུབ་ཐབསུ་བཤད་པའི་ཆོ་ག་དང་རྗེསུ་མཐུན་པར། དཔལ་ནག་པོ་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་ཉིད་དྲག་པོ་ཆེན་པོའི ་ཐུགས་ལས་འཕྲོས་པའི་མེ་འདྲེས་པ་ལས། མཚོན་ཆ་ཐོགས་པའི་ཁྲོ་གཟུགས་མཐའ་ཡས་པ་འཕྲོས་པའི་ཟེར་དང་ལྡན་པས། སྙིང་པོའི་སྔགས་དང་གཟུངས་རིངས་དང་། ལྷ་མོའི་སྔགས་བཟླ་ཞིང་། ཁྲག་སྣ་ཚོགས ་ཐོལ་ཆེན། ཡུང་ཀར་རྣམས་བཟུང་ལ། སྣ་ཚོགས་རྡོ་རྗེ་གསལ་ནས། རབྲས་ཆད་ཀྱི་ཐོད་པར་བཅུག་པའི་དགྲ་གཟུགས་ལེ། བསྒྲུབ་བྱ་རབ་ཏུ་བཀུག་པས་བཅུག་གོ། ཁྱབ་བདག་གིས་རབ་ཏུ་བསྐུལ་བ་ལས། རྣལ་འབྱོར ་མ་ལྔ་པོ་རྣམས། རོལ་པ་ཆེན་པོའི་གཟུགས་ཅན། གྲི་གུག་དང་ཐོད་པ་འཛིན་པ་རྣམས་རླུང་གི་ཤུགས་ཀྱིས་སོན་ཏེ། དེའི་ཤ་གཏུབ་པོར་བྱེད། ཁྲག་འཐུང་བར་བྱེད། རྒྱུ་མ་གཅོད་པར་བྱེད། ལྟེ་བའི་རྩ་བ་ནས་དབྱུང་བར་བྱེད ་ནག་པོ་ཆེན་པོའི་ཐུགས་ཀ་ནས་འཕྲོས་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས། མཚོན་ཆ་སྣ་ཚོགས་པའི་ཆར་ཕབ་པ་ལྷུང་བས། དེའི་ལུས་ཐལ་བ་བཞིན་དུ་བྱས་ཏེ། རྣམ་པར་ཤེས་པ་ནི་མི་བསྐྱོད་པའི་ཞིང་དུ་སོང་བའི་མོས་པ་བྱ ་ཞིང་། གཟུངས་སྔགས་བཟླས་སོ།། ཨོཾ་ཤྲཱི་མཱ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བཟླསོ།། དེ་ནས་ལྷ་མོའི་སྔགས་སྤེལ་ཚིག་དང་བཅས་པས་གསང་པར་བྱའོ།། དེའི་རྗེསུ་སྤྲུལ་པོ་རྣམས་དེ་ལ་བཅུག་ནས། གཏེར་མོ ་དང་མཆོད་པ་ལ་སོགས་པས་ཚིམ་པར་བྱ་ཞིང་བཟོད་པར་གསོལ་ནས། ལོང་གཱ། སྣ་ཚོགས་རྡོ་རྗེ་དུང་གཏོར་མས་མནན་པར་བྱའོ།། དེ་ལྟར་ཐུན་བཞིར་བསྒྲུབས་པ་ལས། འགུལ་པ་ལ་སོགས་པའི་མཚན་མ་འབྱུང་སྟེ། ་ནག་པོ་ཆེན་པོ་ལ་གཏོར་མ་ལ་སོགས་བྲོས་མངོན་པར་མཆོད་ནས། དེའི་རྗེ་སུ། ལིང་ག་ལག་པ་གཡོན་པས་ལྕགས་གིས་ཅ་གིས་བཟུང་ལ། ཨོཾ་ཤཱི་མ་ཧཱ་ཀཱ་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་གཡས་པས་བཟླས ་པ་བྱའོ།། ནག་པོ་ཆེན་པོ་ལ་སོགས་པའི་ཐུགས་ཀའི་ཡེ་ཤེས་ཀྱི་མེ། འབྲས་ཀྱི་ཕུབ་མ་ལ་དུར་ཁྲོད་ཀྱི་མེ་སྦར་བའི་རོ་མཉམ་པ་ལ་བདུག་པར་བྱའོ།། མཚན་ཕྱེང་དུ་བྱ་བ་ཞག་བདུན་གྱི་བར་དུའོ།། འོན་ཀྱང་འབྲས ་ཕུ་བོ་ཀྱི་མེ་མ་ཤི་བར་བྱའོ།། ཞེས་པའོ།། ཡང་ན་སྔོན་དུ་སྨྲས་པའི་ལིང་ག་གཏོར་མའི་དབུསུ་བཅུག་ནས། བསྒྲུབ་བྱའི་མིང་སྤེལ་ཚིག་ཅན་གྱིས་གཟུངས་རིངས་བཀླག་ཅིང་། དཔལ་ནག་པོ་ཆེན་པོ་ལ་གཏོར་མ་དབུའོ།། ཞེས་པའོ།། ། ་ནཱག་ཕྱོགས་བཅུ་བཞིའི་མཚན་མེ།། དྲག་པོའི་སྦྱིན་སྲེག་གིས་བཱསྟྲ་བཱ་བྱཱ་ལ་གཟིར་བར་བྱ་བ་སྟེ། དེ་དག་གི་ཆེ་ག་ནཱི་གཞན་དུ་ཤེསྟེ།། གང་ཞིག་བྱང་ཆུབ་ཐོབ་པའི་རྒྱུ་ཕྱིར་རང་སྐྱངས་སོང་བའི་བགོད ་རྣམས་མ་ལུས་འཇོམས།། གང་ཊཱིག་འཁོར་བར་ལས་ཀྱི་ཞགས་ལས་སེམས་ཅན་རྣམས་ནི་སྟོང་རྗེ་དམ་པས་བསྐྱོངས།། དིང་འདིར་རྣལ་འབྱོར་མ་རྣམས་ཀྱིས་ནི་མཐའོ་དག་འགྲེ་བའི་སྡིག་མུན་ཕུང་པོ་ཆེམ།། དཔལ་ལྡ ་རྡོ་རྗེ་ནག་པོ་ཆེན་པོ་རབ་དགྲའི་སྙིང་པོས་དགེ་བ་ཁྱེད་ལ་སྦྲུལ་དུ་གསེལ།། དཔལ་ནྱག་པོ་ཆེན་པོ་ཡུམ་གྱི་སྒྲུབ་ཐབས། སློབ་དབེན་འཕགས་པ་ཀླུ་སྲུབ་ཞབས་ལས་བྱུང་བ་རྫོག་གོ།། ་རྒྱུ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྩེ་བྷན་རཏྣའི་ཞལ་མངའི་ནས་དང་། ཆོས་འཁོར་ལོ་ཙྪ་བ་འཛེམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་དུའོ།། ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷཱ་ནཱ་ནཱ་མ ་