CLOSE WINDOW

GT625: pad+ma dra ba 'byung ba'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པདྨ་ཛྭཱ་ལོདྦྷ་བ་སཱ་དྷ་ནི། བོད་སྐད་དུ། པདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལོ།། ཆོས་དང་ལོངས་སྤྱོད་རྫོགས་སྦྲུ ་རྣམས།། ཨཱུ་གསུམ་རྣམས་ཀྱིས་རྣམ་པར་གནས།། སྟོང་ཉིད་སྙིང་རྗེའི་རང་བཞིན་ཅན།། པདྨ་སྤྱན་རས་གཟིགས་ཕྱག་འཚལ།། ལྷ་ཉིད་རྣམ་པ་དུ་མཱ་ནི།། ག་ཉིད་སྤངས་པ་མིན་པ་གྲོང་།། ཐུགས་རྗེས་མཆོག་ཏུ་ཆགས་གྱུར་པ།། ་འཇིག་རྟེན་མགོན་འདི་རྒྱལ་བར་བྱེད།། ཆོས་བདག་མེད་པ་དྲིམ་པའི་དངོས།། རྨད་བྱུང་མཐིར་གནས་པ་ཡང་ངོ་།། དུ་མའི་དཀྱིལ་འཁོར་པ་གང་ཉིད།། ཐུགས་རྗེ་ཆེན་པོ་རྣམ་པར་འཇོག། ཕུན་སུམ་ཚོགས་པ་ཀུན་གྱི་རྒྱུ།། པདྨ ་དྲ་བ་དཔལ་ལ་བརྟེན།། ཇི་ལྟར་བླ་མས་ཉེར་བསྟན་པ།། དེ་ཡི་སྒྲུབ་ཐབས་རིམ་པར་བརྗོད།། ཡེ་ཤེས་ཤེས་རབ་ཐབས་རང་བཞིན།། སྒྲུབ་ཐབས་སེམས་ལ་ཀུན་ཕན་པ།། ཚིག་དོན་ཕལ་ཆེར་རྣམ་གསལ་བྱ།། བདག་དང ་མཉམ་རྣམས་ལ་ཕན།། དང་པོ་རེ་ཞིག་ཡང་དག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་ཅན་གདོན་པ་ལ་ཀུན་ཏུ་དམིགས་ཏེ་སྨོན་ལམ་སྟེན་དུ་བྱའོ།། འཇིག་རྟེན་འདི་ཐམས་ཅད་ཉིད་བདག་གིས་འཁོར་བའི་སྡུག་བསྔ ་ལས་སྟོན་ནས་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བ་དང་། སངས་རྒྱས་ཉིད་ཐོབ་པའི་རྒྱུར་སྔགས་ཀྱི་ཐེག་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་མཆོག་གི་མཆོག་བླ་མའི་དྲིན་གྱིས་ཉེ་བར་བསྟན་པ་ལས་ཡང་དག་པར་རྟོགས ་ཏེ། ཐོས་པ་དང་། བསམ་པ་དང་བསྒོམ་པའི་རིམ་པས་ཇི་ལྟར་རིགས་པར་ཀུན་དུ་སྤྱོད་པ་ལ་རབ་ཏུ་འཇུག་པ་བརྩམ་པར་བྱའོ།། སྔགས་ཀྱི་ཚུལ་ཆེན་པོ་ཉིད་གང་ལས་བྱང་ཆུབ་སེམས ་དྭེའི་རྣམསྟེ་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ།། གང་གསུངསུ་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། སངས་རྒྱས་ལམ་གསུམ་ཡེ་དྲུག་བྱུང་།། ཡང་དག་གསང་སྔགས་རབ་བསྒོམས་པས།། ཡེ་ཤེས་མཉམ་མེད་ཡང་དག་ཐོབ ་ཅེས་སོ།། དྲིའི་ཕྱིར་སྔགས་ཀྱི་ཚུལ་བརྗོད་པ་བསྒོམ་པའི་སྟོབས་ལས་དུས་ཡུན་མི་རིང་བ་ཁོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་བྱས་ནསཱ་བདེ་བར་གཤེགས་བྱའི་གོ་འཕང་ཐོབ་པར་བྱེད།། དེ་ལ ་བྱམས་དངྒཱ་སྙིང་རྗེ་མཉམ་པར་སྦྱོར་བ་ལས་ཡིད་ནི་རྫོགས་པའི་བྱང་ཆུབ་བྱས།། སངས་རྒྱས་རྣམས་ཀྱི་ཤིན་ཏུ་ཟབ་པའི་ཚུལ་ཏུའང་ལྷག་པར་མོ་སྨྲ་པར་ལྡན།། སྦྱིན་པ་ཚུལ་ཁྲིམས་ལ་སོགས་ཀུན་རྫོགས་སྲིད་པའི་ལོངས ་སྤྱོང་ལས་ཕྱིར་ཕྱོགས།། སེམས་ལཱྀ་སྡུག་བསྔལ་དང་ནི་དུབ་པ་མེད་པར་ལྷོ་ཉིད་མཉེས་པར་བྱེད།། ཆུ་དང་རྗོད་པན་དང་།། རྡོ་རྗེ་དང་བདག་པོ་དང་། མིང་དྲང་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བརྟུལ་ཞུགས་དང ་དབུགས་དབྱུང་བ་ལ་སོགས་པའི་དབང་བསྐུར་བའི་ཆོ་ག་དང་ལྡན་པ། ཚོགས་པར་སྦྱོར་བ་བླ་མོའི་དྲིན་གྱིས་བྱིན་ཞིང་རྗེ་སུ་གནང་བ། གཉུག་མའི་གསང་སྔགས་དངོས་སུ་བྱས་པའི་མཁས་པས་ཡིད་དང་རྗེས ་མཐུན་པའི་ས་འཛིན་ལ་སོགས་པཱ་གླང་ཡང་རུང་བར་བདེ་བའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ། རྗེ་བཙུན་བགེགས་མཐར་བྱེད་ཡུད་ཙམ་གྱིས་དྲན་བཱར ་བྱའོ།། ཨོཾ་ཨ་མྲྀ་ཏཱ་ཧ་ནཱ་ཧཱ་ན་སརྦ་བིགྷྣཱན་ད་ཧ་ད་ཧ་སཱརྦ་པཱ་པཾ་ཧཱུཾ་ཕཊ། དེ་ནས་རྣམ་པརོ་ཐར་པའི་སྒོ་གསུམ་རྣམ་པར་སྦྱངས་ནས།། བྱམྲ་སྟ~ཾ་པ་ལ་སྩོགས་པའི་སྒོམ་པ་སྔོན་དུ་འགྲོ་བྲས་རཏྣ་གཽ་སྙིང་གར་པདྨ་དྲང་ཟླ་བའི ་དཀྱིལ་འཁོར་ལ་ཧཱུ~ཾ་གི་ཡི་གེ་བསམས་བྱེ་ནས་ན་མཁའི་མཐིལ་དུ་རྡོ་རྗེ་ཏིལ་གྱི་གླང་བུ་བཞིན་དུ་བར་མཚམས་མེད་པར་རང་གི་འདྲོད་པའི་ལྷོའི་དཀྱིལ་འཁོར་གྱི་འཁོར་ལོ་དྲང་དེ་དང་ཐ་མི་དད་པའི་བླ་མཾ་རྣམས་ཀྱི་སྐུ་དང་དེ ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངསུ་གང་བར་ཀུན་ཏུ་དམིགས་ནས་ཧྲཱིཿགི་ཡི་གེ་དེ་ལས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྡོ་རྗེའི་ལྷ་མོ་དང་ཕྱི་རོལ་གྱི་རྣམ་པ་སྣ་ཚོགས་པའི་མེ་ཏོག་ལ་སོགས་པ ་ཐམས་ཅད་ཀྱིས་མཆོད་པའི་ལྷ་མོ་རྣམས་སྤྲོས་ནས་ཡང་དྲག་པར་མཆོད་ནས་བདག་ཉིད་དེ་རྣམས་ཀྱི་མདུན་དུ་འདུག་སྟེ་གུས་པ་དང་དུལ་བའི་སེམས་ཀྱིས་ཐལ་མོ་སྦྱར་བར་བྱས་ཏེ་པུས་མོའི་ལྷ་ང་བཙུགས་ནས་ཕྱག་འཚ ་བར་བལྟའོ།། འདི་ལྟར་སྔར་བརྗོད་གཟུགས་སོགས་དང་།། དེ་བཞིན་རིན་ཆེན་སོགས་ཕུང་པོས།། མཆོད་པ་རྣམས་པར་བརྟག་བྱས་ནས།། སྔགས་པས་དེ་རྣམས་འབང་པོས་མཆོད།། དེ་ལྟར་དེ་རྣམས་མདུན་འདུག་ནས།། ་པུས་བཙུགས་ཐལྟོ་སྦྱར་བྱས་ཏེ།། སྡིག་པ་ལ་སོགས་མི་དམིགས་པས།། བཤགས་པ་ལ་སོགས་པ་བྱའོ།། བདག་གྲི་སྡིག་ཀུན་བཤགས་པར་བགྱི།། དགེ་ལ་མཆོག་དགས་རྗེས་ཡི ་རང་།། ཇི་སྲིད་འགྲོ་གནས་གང་དོན་དུ།། བཅོམ་ལྡན་དམ་ཆོས་རོན་ཆེན་དང་།། དཀོན་མཆོག་གསུམ་ལ་མངོན་པར་སྐྱབས་སུ་མཆི།། བྱང་ཆུབ་ཡིད་ལ་བཟུང་ཞིང་དེ་ཡི་ལམ།། ཡང་དག་བསྟེན་ཞིང་དགེ་བའི་གཏར་རྣམས་ནི།། ་རྫོགས་པའི་བྱང་ཆུབ་ཆེད་དུ་ཡང་དག་བསྟན།། དེ་བཞིན་དཀོན་མཆོག་གསུམ་ལ་བདག་སྐྱབས་སོ།། ཞེས་པ་ལ་སོགས་ཐམས་ཅད་བཀླག་ནས་སོ།། དེ་ནས་སེམས་ཅན་ཐམས་ཅད་ལ་ལྷ་ཉིད་ཀྱི་བདེ་བ་ཉེ་བར་སྒྲུབ་པའི་བྱམས ་པ་བསྒོམ་པར་བྱའོ།། དེ་ནས་དེ་རྣམས་ཁོ་ན་ལ་སྡུག་བསྔལ་ཐམས་ཅད་སེལ་བའི་རྣམ་པ་སྙིང་རྗེ་དང་།། དེ་ནས་དེ་རྣམས་ཁོ་ན་ལ།། བདེ་བ་དང་མི་འབྲལ་བའི་རྣམ་པ་དགའ་བ་དང་།། དེ་ནས་དེ་རྣམས་ཁོ་ན་ལ་འཇིག་རྟེན་ཝ ་འདས་པའི་དགེ་བ་ཐམས་ཅད་ཉེ་བར་བསྡུད་པའི་རྣམ་པ་བཏང་སྙོམས་སོ།། དེ་ནས་གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ་བ་སྟོང་པ།། དེའི་རྣམ་པའི་ཡེ་ཤེས་ནང་གི་སྐྱེ་བ་མེད་པའོ།། དེ་བཞིན་ཁོ་ནར་ཁམས་གསུམ ་པའི་མཐར་ཐུག་པ་ལས་ཟློག་པའི་སེམས་ཅན་མེད་པའི་ཕྱིར་མཚན་མ་མེད་པའི་ཡེ་ཤེས་ཙམ་མོ།། རྣམ་པར་རྟོག་པ་མེད་ཅིང་སེམས་པ་མེད་པས་གང་ལ་ཡང་སྨོན་པ་གང་ཡིན་པ་དེ་ལས་རྒྱུ་བ་དང་བཅས་པ ་དང་། རྒྱུ་བ་མེད་པའི་དངོས་པོ་མ་ལུས་པ་ལ་སྨོན་པ་མེད་པའོ།། དེ་ལྟར་རྣམ་པ་སྣ་ཚོགས་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་རང་གི་སེམས་ལ་རང་གི་སོ་སོར་རིག་པས་བལྟས་ནས་སློབ་དཔོན་གྱིས་འཆད་པར་འགྱུར ་བཱ་རི་གསངྒེ་སྔགས་ཀྱི་དོན་ལ་ལྷག་པར་མོས་པས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨ་སྠཱ་བྷཱ་བི་ཤུདྡྷོ་ཧེ། ཨོཾ་སྭ་བྷཱ་བ་ཤཱུ་ནྱཱ་སྶརྦ་དྷརྨྨཿསྱཱ་བྷཱུ་བཱ་ཤུ་ནྱོ་ཧཾ།། ཨོཾ་ཤཱུ་ནྱེ་ཏྭཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧ་སྟིང ་ཉིད་རོ་གཅིག་མ་སྦྱར་བས།། བྱང་ཆུབ་མཆོག་ཏུ་མི་འགྱུར་བྱས།། དེ་ཕྱིར་རླུང་ཡིད་རྟག་ཏུ་ནི།། ཤེས་རབ་ཐབས་ཀྱི་བདག་ཉིད་བྱ།། ནུམ་ཞིག་སངས་རྒྱས་ཀྱི་ནི་ཞིང་།། རྣམ་པར་མ་དགེ་སངས་མི་རྒྱུ།། དཱི་ས་ན་དྲང་པོར ་ཞིང་དག་ཕྱིར།། རཱ་སེམས་ཉི་མ་བསྒོམ་པར་བྱ།། དེ་ལ་གཟི་བརྗིད་ཕུང་པོའི་གཟུགས།། རང་གི་སེམས་ནི་བལྟ་བར་བྱ།། ཧཱུཾ་ཡིག་ཡོངསུ་གྱུར་པ་ལཱས་སྐྱེས་པའི་རྡོ་རྗེ་ཕྲ་མོ་རྣམས་སོ།། དེ་རྣམས་ཀྱིས་འོག་དང་སྟེང་གི ་ཕྱོགས་བཞིའི་རྡོ་རྗེའི་ར་བ་དང་གུར་བསམ་པར་བྱའོ།། དེ་ཕྱིར་ཐོག་མ་དབུས་མཐའ་གྲོལ།། སྐྱེ་དང་ཟད་པ་སྤངས་པ་ཡི།། ཡེ་ཤེས་རྩཝ་ལ་གནས་པའི་ཆོས།། ཐམས་ཅད་དག་པའི་གློ་འཕང་གནས།། འདི་ལྟར་ཇི ་སྐོད་བཤད་ཡེ་ཤེས།། རྫོགས་པ་ཡོངསུ་འཇུག་པ་ནི།། ཆོས་འབྱུང་ཕྱག་རྒྱ་གྲུ་གསུམ་པ།། དཀར་པོ་སྟེང་དུ་གནས་བསམ་བྱ།། སྣ་ཚོགས་ཆུ་སྐྱེས་རྡོ་རྗེའི་དབུས་གནས་པ།། ན་མཁའི་མཐར་ཐུག་པ་ཡི་གཟུགས་ཅན ་དེ་ནས་རླུང་མེ་ཆུ་སའི་དཀྱིལ་འཁོར་དུ།། ཨ་ཡིག་ཡོངས་གྱུར་ཟླ་བ་དེ་ལ་དེའི།། སྟེང་དུ་ཟླ་བར་པཾ་ཡིག་སེར་པོ་ནི།། ཡོངསུ་གྱུར་པའི་སྣ་ཚོགས་པདྨའོ།། དེ་ཡི་ཟེ་འབྲུར་ཟླ་བར་བྷྲཱུཾ་ཡི ་ལས།། སྐྱེས་པའི་འཁོར་ལོ།། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་རང་གི་ངོ་བོ་ཡེ་ཤེས་ཀྱི་མཆོད་རྟེན་ཁྲང་པ་བརྩེགས་པ་བལྟ་བར་བྱའོ།། ཇི་ལྟར་གྲུ་བཞི་པ་ལཾ་སྒོ་བཞི་པ།། རྟ་བབས་བཞི་ཡི་སྲ་བརྒྱན་པ ་དང་རྟེནདྲ་བ་དྲ་ཕྱེད་མེ་ཏོག་ཕྲེང་།། མེ་ལོང་ལྔ་སོགས་པས་བརྒྱན་པ།། ཤིན་ཏུ་རྣམ་པར་དག་པ་ཡིས།། ཆོས་ཀྱི་དབྱིངས་ལས་སྐྱེས་པའི་ཕྱིར།། ཉེར་སྤྱོད་ལྔ་ཡིས་བརྒྱན་པ་དང་།། འགྲོ་བ་མ་ལུས་པ་ཤིན་ཏུ་རྣམ ་བྷར་དབྱེར་མེད་པར་བརྗོད་པའི་ཕྱིར། དེར་གྱུར་པའི་ཉེས་པས་རྗེསུ་གོས་པ་མེད་པའི་ཕྱིར་སྡོང་བུ་གཅིག་ལ་རིམ་པོ་གསུམ་འདྲ་བ་མ་སུམ་ཅུ་རྩ་དྲུག་པའི་སྣ་ཚོགོས་པདྨའི་གྲདན་ཉེ་བར་མཛེས་པའི་ལྷའི་གནས ་སེམས་ཅན་ཐམས་ཅད་ཀྱི་ཉོམ་མོངས་པའི་ཀུན་ཏུ་གདུང་བླ་ཞི་བར་བྱེད་པའི་ཕྱིར་དང་དགེ་བའི་རྩ་བ་ཉེ་བཱར་བསགས་པའི་ཕྱིཪྻ་དང་།། ཐུགས་རྗེ་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར།། འདབ་མ་སོ་སོར་ཟླ་བའི ་གདན་ལ་རྗེ་སུ་སོན་པ་མ་རིག་པའི་མུན་པ་རྣམ་པར་བཟློག་པའི་ཕྱིར་དང་། མི་དགེ་བའི་འདམ་སྐེམས་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྨིན་པར་བྱེད་པའི་ཕྱིར། ཤེས་རབ་ཀྱི་རང་བཞིན་ཅན་ཉིད་ཀྱི ་ཕྱིར་སྒྲོ་དང་ཟུར་དུ་ཉི་མའི་གདན་ལ་གནས་པའོ།། ཐུགས་རྗེས་བརླན་པ་ཉིད་ཀྱི་ཕྱིར་དང་བསོད་ནམས་ཀྱི་ཚོགས་ཡོངསུ་རྫོགས་པ་ཉིད་ཀྱི་ཕྱིར་བུམ་པ་གང་བ་རྣམས་ཀྱིས་ཡོངསུ་བརྒྱན་པའོ།། ཡེ་ཤེས་ལྔའི་རང་བཞིན་གྱི ་རིན་པོ་ཆེ་ལྔའི་རང་བཞིན་ནོ།། དེ་བཞིན་དུ། རང་གི་སེམས་དེ་རྣམ་པར་དག་གྱུར་པ།། ཁང་པ་བརྩེགས་པའི་རང་བཞིན་ཁང་བྱ་རུ།། དྲི་ལ་དབུས་སུ་ཟླ་བའི་གདན་ལ་ནི།། བཅུ་དྲུག་ཉིས་འགྱུར་གྱི་ནི་དབྱངས་རྣམས་ཀྱི། ་སུམ་ཅུ་རྩ་གཉིས་མཚན་གྱིས་ཚོགས་པ་ཡི།། ནུས་པས་རྫོགས་པར་བྱེད་པར་ལྟ་བར་བྱ།། ལུགས་དང་མཐུན་དང་ལུགས་ལས་བཟློག་པ་ཡི།། ཕྲེང་བ་གཉིསུ་ངེས་པར་གནས་པ་ཡིས།། དག་པ་ཟླ་བ་ཤེལ་གྱི་རྣམ་པ་ཡིས།། ་རྣམ་པར་འཕྲོ་བའི་འོད་ཟེར་ཕྲེང་རྣམས་ཀྱིས།། དེ་ནས་ཀུ་ལ་སོགས་པའི་སུམ་ཅུ་བཞི།། དེ་རྣམསྭ་ཌཱ་དྷ་ད་དྷ་ཡུ་ལ་དང་བཅས་པ་རྣམས་འབད་པ་ཆུང་བཱི་དང་ལྡན་པ་ཉིད་ཀྱི་ཕྱིར་རབ་ཏུ་བཅུག་ནས་བཞི་བཅུར་བྱའོ།། ་དེ་རྣམས་ཁོ་ན་ཉིས་འགྱུར་དུ་བྱ་སྟེ། དཔེ་བྱད་བརྒྱད་ཅུ་པོ་རྣམསོ།། དེ་རྣམས་ལས་སྐྱེས་པ་ཟླ་བའི་དཀྱིལ་འཁོར་གཉིས་པའོ།། དེ་བཞིན་དུ་སྐུ་ཡི་བྱིན་རླབས་ལསྭ་སྒྲུབ་པ།། དོ་ནི་གང་ལས་འབྱུང་བར་འགྱུར། ་ཌ་ཌྷ་ད་དྷ་ལ་ཡ་བདག། བཙུག་ནས་ཉིས་འགྱུར་ཀ་སོགས་བྱ།། དེ་ལས་ཀྱང་ཟླ་བསམ་བྱས་ནས།། དཔེ་བྱད་སྒྲུབ་པར་བྱེད་པའོ།། བྱང་ཆུབ་སེམས་ཀྱི་རང་བཞིན་ཕྱིརརོ།། སྙིང་རྗེའི་རྩ་བ་ལས་བྱུང་དྲག་ཅེས་སོ ་དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དང་།། ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ། མེ་ལོང་དང་མཉམ་པ་ཉིད་དང་།། སོ་སོར་རྟོག་པ་དང་།། ་བྱ་བ་རྗེ་སུ་སྒྲུབ་པ་དང་།། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཧྲཱིཿགི་ཡི་གེའི་ས་བོན་ཡོངསུ་གྱུར་པས་བདག་ཉིད་དཔལ་པདྨ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཐུབ་པའི་མཆོག་རྡུལ ་པྲི་རབ་ཀྱི་ལུས་ཚད་མེད་པ་དང་། བསྡུ་བའི་དངོས་པོ་དང་སྐད་ཅིག་དང་དགའ་བ་བཞི་རྣམ་པར་དག་པ་ཡང་དག་པར་གསལ་བར་བྱེད་པའི་ཞལ་བཞི་པར་བལྟ་བར་བྱའོ།། འགྲོ་བ་ཚིམ་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྩ་བའི ་ལ་དང་ལུས་གང་བའི་ཟླ་བ་ལྟར་དཀར་བ་གཡས་པ་དང་། རྒྱ་བ་དང་གཡོན་པའི་ཞལ་སྔོན་པོ་དང་དམར་པོ་དང་ལྗང་གུའོ།། སྔགས་དང་བདག་དང་ལྷའི་དེ་ཉིད་གསུམོ་གསལ་བར་བྱེད་པ་པོ་ཉིད་ཀྱི་ཕྱིར་སྤྱན་གསུམ་རྣམ ་པཱར་ཐར་པ་བརྒྱད་ཀྱི་ཚུལ་གྱི་ཕྱིར་ཕྱག་བརྒྱ་དོ།། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དག་མཉམ་པའི་བདག་ཉིད་ཅན་གྱི་དངོས་པོའི་ཕྱིར་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ་པའི་སྐུ་གསལ་བོར་བྱེད་པ་པོ་ཉིད་ཀྱི། ་ཕྱིར་རྣམ་པ་གཉིས་སྒྲོན་མས་ཀུན་ཏུ་སྣང་བར་བྱེད་པ་ལྟར་རང་སྣང་གི་རིག་མ་གོས་དཀར་མོ་གཡོན་གྱི་བང་དུ་ཕྱག་ཀྱིས་འཁྱུད་དེ་འཛིན་པའོ།། སྲིད་པའི་འཆིང་བ་གྲོལ་བའི་ཕྱིར་དང་། ཏིང་འཛིན་རྣམ་པར་ཆད་པ ་ཡང་དག་པར་བསྲུང་བའི་ཕྱིར་སྐྱིལྔ་ཀྲུང་ཕྱེད་པའོ།། གཟུགས་ལྔ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་དང་།། མེ་ལྡོང་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པའི་ཕྱིར་གཡས་པའི་ཕྱག་དང་པོར་གནས ་པའི་རྩེ་མོ་ལྔ་པའི་རྡོ་རྗེས་གཡོན་གྱི་ཕྱག་དང་པོར་གནས་པའི་པདྨ་འབྱེད་བཞིན་པའོ།། ཇི་ལྟར་པདྨ་དམར་པོ་ནི།། གནས་ཀྱི་ཉེས་པས་མི་གོས་པ།། དེ་བཞིན་གྲུབ་པའི་རྣལ་འབྱོར་ལྡན།། གནས་ཉེས་སྣ་ཚོགས་ཀྱིས་ཀྱང་། ་དེ་ཕྱིར་པདྨ་ཞེས་བརྗོད་དོ།། གདུལ་དཀའ་བ་འགུགས་པར་བྱེད་པའི་ཕྱིར་པདྨའི་ལྕགས་ཀྱུ་གདེངས་པའོ།། གདུལ་བྱ་མ་ཡིན་པ་འཆིང་བར་བྱེད་པ་ཉིད་ཀྱི་ཕྱིར་པདྨའི་ཞགས་པས་མཚན་མེའི་ཕྱག་གོ།། དོན་དྲིམ་པ་ལས་ཆོས་ཐཾད ་བདག་མེད་པའོ།། ཞེས་གསལ་བླར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་བདུད་རྩིས་གང་བའོ་ཐོད་པ་ཕྱག་ཏུའོ།། སྐྱེ་མཆེ་དྲུག་ལ་སོགས་པའི་ལུས་འཛེགས་པ་སྤོངས་པའི་ཕྱི་རོ།། མགྲོ་བོ་ལ་སོགས་པ་རྐང་པའི་མཐུར་ཐུག་པའི་རྣམ ་པར་དཔྱད་པ་ལས།། སྟོང་པ་ཉིད་དུ་རེ་གཅིག་ཅིང་དབྱེ་བ་མེད་པའི་མགོ་བོ།། གཡོ་བ་མེད་པའི་དྲངོས་པའི་ཕྱིར་དག་པའི་ཤེལ་དང་།། དུང་དང་ཀུན་ད་དང་ཟླ་བ་ལྟ་རོ་དཀར་བའི་ཁ་ནྟ་གྲུ་བསྣམས་པ་དམ་པའི་ཆོས་ཀྱི་སྦྱིན་པ ་པོ་ཉིད་ཀྱི་ཕྱིར་ཕྱག་ཏུ་རིན་པོ་ཆེའོ།། སྤྲོས་པ་མེད་པའི་ཤེས་རབ་ཀྱི་བདག་ཉིད་དང་བཅས་པ་ཉིད་ཀྱིས་ལྷ་མོའི་ནུ་མ་ལ་རེག་ཅིང་དགའ་བོའོ།། སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བ་ལ་སོ་སོར་རྟོག་པའི་མཆོག་ཉིད་ཀྱི ་ཕྱིར་འོད་དཔག་མེད་ཀྱི་ཅོད་པན་ཅནོ།། བཅུད་ལེན་ཡོངསུ་རྫོགས་པའི་ཕྱིར་དང་ཡེ་ཤེས་ཀྱི་ཟླ་བའི་ཆའི་མྱུ་གུ་ཅན་གྱི་རལ་པའི་ཚོགས་ཀྱིས་བརྒྱན་པ་དེ་ཁོ་ན་ཉིད་ཀྱི་ཆ་ཤས་བསྡུས་པར ་བྱས་པ་རྣམ་པར་འཇོམས་པ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་པདྨ་དཀར་པོས་དབུ་ལ་མཚན་པའོ།། དེ་བཞིན་དུ་སེམས་ཅན་རྗེ་སུ་འཛིན་པའོ།། ཐུགས་རྗེས་རྗེས་ཆགས་ཡང་དག་བྱུང་།། ཡང་དག་རྫོགས་པའི་དགེ་ཆོས་ཀྱིས།། ཉོན་མོངས ་ཐམས་ཅད་ངེས་འདུལ་བྱེད།། ཀུན་གྱིས་བརྒྱན་པའི་གཟུགས་རྣམས་ཀྱིས།། ཞི་དུང་སྒེག་པ་འཆང་བ་པོ།། ཤེས་རབ་ཐབས་བདག་དམ་པའི་སྐུ།། མཚན་མོར་བྱེད་པ་མཆོག་འབར་བྱེད་ཅེས་དང་།། གཞན་ཡང་། བཅོམ་ལྡན ་འདས་མའང་ཐམས་ཅད་དུ།། བཅོམ་ལྡན་འདས་མཚུངས་བསམ་པར་བྱ་ཞེས་སོ།། ཡང་ན་ཕྱག་གཉིས་པདྨ་དམར་པོ་རྣམ་པར་རྒྱས་པར་བྱེད་བཞིན་པའོ།། དེ་བཞིན་དུ་སྣ་ཚོགས་སྤྲུལ་པའི་རྣམ་གཡེང་གིས་མ་ལུས་འགྲོ་དོན ་བྱ་དེ་མཆོག། བཅོམ་ལྡན་འདས་གཟུགས་བདག་ཉིད་ནི།། བསམས་ནས་བསྒོམ་པ་བརྩམ་པར་བྱ།། ཞེས་པ་དེ་ལྟ་བུ་ནི་དང་པོ་སྦྱོར་པོ་ཞེས་བྱ་བའི་ཏིང་འཛིན་རང་གྲི་དོན་སྒྲུབ་བྱེད།། དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག ་གཞན་གྱི་དོན་དུ་སོ་སོར་བསྒོམ་པར་བྱའོ།། དེའི་རྗེ་སུ་འགྲོ་བ་མཐའ་དག་ལ་ཐུགས་རྗེས་བསྟན་ནས།། སྙིང་གར་ཡེ་ཤེས་སེམས་དཔའ་ཧྲིཿཡིག་གི་ས་བོན་ལས་འོད་ཟེར་ཀུན་ཏུ་སྤྲོས་ནས་ཕྱོགས་བཅུར་གནས་པའི་དེ ་བཞིན་གཤེགས་པའི་བདག་ཉིད་རྣམས་བཀུག་ནས་རབ་ཏུ་བཅུག་ནས་བསམ་པར་བྱའོ།། དེ་རྣམས་ཀྱང་མཐར་དེའི་གཟུགས་ཀྱིས་རྣམ་པ་ཡོངསུ་གྱུར་པས་འགྲོ་བ་རྗེསུ་གཟུང་བའི་ཕྱིར་རབ་ཏུ་ཕྱུང་ནས་འདི་ལྷའི་གཟུགས་ཀྱི་ཡོངསུ ་གྱུར་ནས་སྔར་བརྗོད་པའི་དཀྱིལ་འཁོར་རྣམས་ལཱ་ཀ་ཡིག་ལ་སོགས་པའི་སྔ་བོན་དང་མཚན་མ་རྣམསུ་གནས་པ་བསམ་པར་བྱའོ།། དེ་བཞིན་དུ། སངས་རྒྱས་ཚིགས་རྣམས་བཀུག་ནས་ནི།། རང་གི་ས་བོན་ནང་གཞུག་བྱ ་སླར་ཡང་ཡིད་ཀྱིས་ཕྱུང་ནས་ནི།། གཉུག་མའི་ས་བོན་རིམ་ཇི་བཞིན།། འདི་ཡི་དགོད་པའི་རིམ་པ་ནི།། དང་པོའི་འདབ་མ་བརྒྱད་ཀྱི་རིམ་པ་ལ་ཤར་དུ་པདྨ་སྐྱོན་མ་ལྷ་མོ་བསྒོམ་པ་བློ་ལྡན་བྱས།། ལྷོ་རུ་རཱིན་ཆེན་པདྨ་ཞེས།། ནུབ ་ཏུ་པདྨ་རྡོ་རྗེ་ཅན།། དེ་བཞིན་གཡོན་དུ་པད་སྒྲོལ་མ།། མཱ་རུ་པདྨ་གོས་མ་སྟེ།། པདྨ་འབར་མ་བདྲེན་བྲལ་དུ།། པདྨ་སྔོན་མོའི་ཁྲོ་གཉེར་ཅན།། རླུང་གི་ཟུར་དུ་ཡང་དག་གནས།། པདྨ་རྩེ་མོ་དབང་ལྡན་དུའོ།། དྲུག་གཉིས་འདབ་མའི་རིམ་པར ་ལྷ་མོ་རྣམསོ།། དེ་རྣམས་མིང་ནི་རིམ་པར་བཤད་པ་ནི།། པདྨ་སྐར་མངའུ་པདྨ་སྒྱུ་མ་དང་།། དེ་བཞིན་པདྨ་འདོང་པའི་དབང་ཕྱག་མ།། པདྨ་ལྡན་མ་པདྨ་མཚུངས་མ་དང་།། དེ་བཞིན་པདྨ་གཏུམ་པོའི་དབང་ཕྱུག་མ།། པདྨ་གསང ་མེ་པདྨ་ཆེན་མོ་དང་།། པདྨ་ཟླ་བ་ཕྱི་མར་བཤད་པའོ།། པདྨ་སྣང་མ་པདྨ་གཽ་རྀ་མི།། པདྨ་མཛོད་མ་དང་ནི་བཅུ་གཉིས་པོ་ཞེས།། དེ་ནས་གསུམ་པ་འདབ་མི་བཅུ་དྲུག་པ་དེ་ལ་ལྷ་མོ་རྣམས་རིམ་པ་ཇི་ལྟ་བ་བཞིན་ཏེ།། པདྨ་དབང་ཕྱུག་པདྨའི ་གདོང་མ་དང་།། པདྨ་གཏུམ་མར་རབ་ཏུ་གྲགས་པ་དང་།། པདྨ་རིག་པ་མཆོག་མའི་མིང་དང་ནི།། སླར་ཡང་པདྨ་རྒྱ་མཚོ་མ་དང་ནི།། པདྨ་སྣང་བྱེད་མ་ཞེས་རབ་བརྗོད་པ།། དེ་བཞིན་པདྨ་ཡིད་བཞིན་ནོར་བུ་དང་།། པདྨ་འདོད ་མ་པདྨ་འགྲོ་མ་དང་།། པདྨ་དབྱངས་ལ་པདྨ་རི་མོ་དང་།། པདྨ་ནག་མོ་པདྨ་བདེ་མ་དང་།། བཅུ་བཞི་མ་ནི་པདྨ་སྤྱན་མ་སྟེ།། གཞན་ཡང་པདྨ་སྔོན་མ་རི་གཏེར་མ་དང་།། པདྨོ་རྣལ་འབྱོར་དབང་ཕྱུག་མ་ནི་མཛེས།། ཞེས་པ་རིམ་པ་གསུམ་པ་རེ་ལྷ ་ཨོ་རྣམས།། འདི་ནི་ཀུན་ང་ཟླ་བ་དོ་ཤལ་དང་།། གར་བུ་གང་བ་ལྟ་བུ་རཾ་ཡན་ལག་གསལ།། དགའ་བའི་ཚོགས་རྣམས་རྣམ་རྒྱས་དགོད་པཱ་དང་།། མཁུར་བའི་རི་མོ་ཅུང་ཟད་དཀར་དམེར་ཏེ།། རྣམ་བཀྲ་སྤྱོད་མ་སྒེག་པ་རྒྱུན་ཆགས ་པར།། གར་སྡུད་གླུ་ཡིས་རྟེན་ལ་རབ་ཏུ་འཇུག། ཨུཏྤལ་རྣམ་པར་རྒྱས་པའི་རྫི་མས་མཚན།། སྤྱན་གསུམ་ཀུན་ནས་མཛེས་པའི་ཞལ་གཅིག་པ།། ཐོད་པའི་ཕྲེང་བ་མཐིལ་དུ་འབྱར་བྱེ་བ།། རྣམ་རྒྱས་གེ་སར་དམ་པའི་འདག ་བཀྲ་བ།། མཚེ་ལས་སྐྱེས་པ་རྣམ་པར་ཁ་བྱེ་བ།། དག་པ་མགོ་ལ་ཅོད་པན་དུ་འཆང་བཱ།། བསྙེམས་བཅས་གྱེན་དུ་དྲང་པོར་བསྒྲེང་བའི་ལུས།། ཁ་ཊྭཱཾ་ག་ལ་ཅུང་ཟད་གཟིགས་པར་བཅྡོཾས།། གཡས་མྱིན་ལ་དང་གཡས་པའི ་ཕྱག་གནས་པ།། ཐོད་པའི་སྣོད་ནི་འོད་དང་རྣམ་སྒེག་པ།། ཕྱག་གི་རྩེ་མོར་རྣམ་བཀྲའི་ཞགས་པས་རོལ།། ཕྱག་གཞན་དུ་ནི་དྲག་པོའི་ལྕགས་ཀྱུས་བྲེལ།། དགའ་བ་དགའ་བཅས་མི་དལ་གར་བྱེད།། ཁོར་ཡུག་ཀན་དུ་ཉམ ་དདྲང་བཅས་པར་དྲག། ཅེས་པ་བསྐྱེད་པའི་ཉམས་ཀྱིས་འཁོར་ལོ་བཅིངས་པུས་གར་བྱའོ།། དེ་བཞིན་དེ་བཞིན་དུ་གླུ་འདི་བླང་བར་བྱ་སྟེ།། ཇི་ལྟར་ཨོཾ་དེ་བཞིན་གཤེགས་ཀུན་ལ་སོགས་རྣམ་པ་སྣ་ཚོགས་མཆོག ་གི་གཟུགས་འཆང་བ།། རྣམ་པ་སྣ་ཚོགས་རྣམ་བཀྲ་སེམས་ཅན་འདུལ་བ་མཆོག་ཏུ་གྲུབ་པ་མཆོག། སེམས་ཅན་དག་པ་པདྨ་མཆོག་གི་དྲ་བ་དགའ་བ་བལྟ་བར་གྱིས། ཨ་ལ་ལ་ལ་ཧོ།། པདྨ་སྤྱན་རས་གཟིགས ་པ་ཡི་ནི་དབང་ཕྱུག་ཐར་པའི་དགའ་བའོ།། ཨོཾ་སངས་རྒྱས་ཁྱོད། རྡོ་རྗེ་འཛིན་པ་ཁྱོད། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ཁྱོད། ཟླ་བྱ་ཉི་མ་ཁྱོད།། ཨཱ་ལ་ལཱ་ལ་ཧོ་པདྨ་ཛྭཱ་ལ་ཤྲཱྀཿཞེས་གླུ་བླང་། སླར ་ཡང་པཱ་ཀྲི་ཏའི་སྐད་ཀྱིས་གླུ་ལེན་པ་རྣམ་པ་མང་པོ་འདུལ་བའི་རྣམ་པ་ཡི་ནི་གནས།། རབ་ལེགས་གར་གྱིས་སྡུད་པའི་སངས་རྒྱས་གར་དབང་ཕྱུག། ཚོགས་ནི་རྣམ་སད་ཡིད་ནི་རྣམ་པར་རྨོངས་པའི་གར།། གར་གྱིས་གར་གྱི། ་མ་འདྲེས་གླུ་འདི་སླར་གསང་བཅས།། ཞེས་པྲ་ཀྲི་ཏའི་གླུ་ཡིས་གླུ་ལེན་པར་བྱེད།། ཕྱི་རོལ་ཏུ་ཕྱི་ཝང་མ་ལ་སོགས་པའི་ལྷ་མོའི་ཚིགས་དང་ལྷན་ཅིག་ཏུ་པདྨ་ཕེག་རྡོབ་ཀྱི་རོལ་མོས་བཅོམ་ལྡན་འདས་ལ་ཡང་དག་པར ་བསྟོད་ཅིང་ཕོག་རྡེ་བ་བརྗོད་པར་བྱེད་དེ།། ཨོཾ་པདྨ་པདྨ་ཧྲིཿོཾ་པདྨེ་པདྨ་ཤྲཱིཿོཾ་པདྨ་པདྨ་དྷིཿོཾ་པདྨ་པདྨ་ཏྲཱ~ཾ། ཨོཾ་པདྨ་པདྨ་ཧཱུ~ཾ། ཨོཾ་པདྨ་པདྨ་བྷྲཱུཾཿོཾ་པདྨ་པདྨ་ཧཱུཾ། ཨོཾ་པདྨ་པདྨ་ཤྲཱི། ཞེས་པདྨ་འངབ་བརྒྱད་པའི་སྙིང་པོར ་གར་བྱེད་དོ།། འདི་ལྟར་གསལ་བྱེད་སུམ་ཅུ་རྩ་དྲུག་གིས་རང་བཞིན་གྱི་ལྷ་མོ་རྣམས་བསམ་མོ།། ཅི་ལྟར་མཐར་གནས་ལྷ་སོགས་པའི་རབ་དབྱེ་བ་ལ་སོགས་པའི་རབ་དབྱེ་བ་ལས་ར་ཡོག་སྤངས་པ ་རྗེསུ་སྣ་ལྡན་ལ་སོགས་པ་དང་བཅསྲྀ་བ་རྗེ་སུ་སྣ་ལྡན་ལ་སོགས་པ་དབྱངས་ཐུང་ངུ་ནི་ཐབས་སོ།། རིང་པོ་ནི་ཤེས་རབ་ཀྱི་རང་བཞིན།། དེའི་ཕྱིར་རྣལ་འབྱོར་མཐའ་ཡས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བར་བྱེད་པའི་བདག་ཉིད ་དཀྱིལ་འཁོར་གྱི་འདྲེན་པ་དབུས་ཀྱི་ཟེ་འབྲུ་ལ་བལྟ་བར་བྱའོ།། དེ་ལོ་འཕགས་པའི་ལམ་ཡན་ལག་བརྒྱུད་པ་རྣམ་པར་དག་པ་པདྨ་བརྒྱད་པའི་ནང་གི་རིམ་པའོ།། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་རྣམ་པར་དག ་པ་གཉིས་པའོ།། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དྲག་པ་གསུམ་པའོ།། ཞེས་ཁོང་དུ་ཆུད་ནས་དེའི་རྗེ་སུ་ཧྲཱིཿཡིག་ལས་ཁམས་གསུམ་པ་ཁྱབ་པའི་འོད་ཟེར་གྱི་ཚོགས་སྤྲོས་ནས། ཆོས་སྟོན་པ་ལ་སོགས་པ་མཐའ་ཡས་པའི་ཐབས ་རྣམས་ཀྱིས་སེམས་ཅན་ཐམས་ཅད་དྲི་བཞོན་གཤེགས་པ་ཉིད་ལ་སྔོ་སྣོར་བཀོད་ནས་དེ་བཞིན་གཤེགས་པ་དེ་རྣམས་བཀུག་ནས་དེ་རོ་ས་བོན་ནང་དུ་བཅུག་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྲུང་བའི་ཆེད་དུ་ཁྲོ་བའི་གཟུགས་ཀྱིས ་དབྱུང་བར་བྱའོ།། དེ་ལ་མ་དང་ཕུང་པོ་འཇིག་ལྷ་དང་།། ཤེས་བྱའི་སྒྲིབ་པ་ཟད་པ་དང་།། དང་པའི་རང་བཞིན་བཟང་པོ་ནི།། ཤར་སྒོར་པདྨ་ལྕགས་ཀྱུའོ།། ཁ་དོག་དཀར་པོ་ཆེན་པོའི་སྐུ།། རབ་སྤྲོས་ཁྲོ་བོས་ཀུན་ཏུའིའཁྲུགས།། སྒོ ་པོ་དམར་པོར་སྣང་བའི་ཞལ།། སྤྱན་གསུམ་འཇིགས་པའི་གཟུགས་ཅན་ཏེ།། ལྕགས་ཀྱུ་ཐོ་བ་འཁོར་ལོ་དང་།། ཐོད་པ་ཁྭ་ཊྭཱཾ་སྡིགས་མཛུབ་རྣམས།། འཆང་ཞིང་ཉི་མའི་དཀྱིལ་འཁོར་དབུས། སོན་ཅིང་རྟག་ཏུ་བཞུགས་པའོ།། ལེ་ལོ་ཉོན ་མོངས་པ་ཡི་བདུད།། མཐར་འཛིན་ལྟ་བ་མྱི་མཐུན་ཕྱོགས།། རྣམ་དག་བརྩོན་འགྲུས་ཡང་དག་བྱུང་།། འབར་བའི་གསེར་གྱིས་མཚུངས་པ་སྟེ།། སེར་དང་སྔོན་པོའི་ཞལ་ལ་ནི།། སྟན་ནི་གསུམ་པོ་འཆང་བར་བྱེད།། དབྱུག་པ་ཞགས ་པ་ཐོད་པ་དང་།། ཁ་ཊྭཱཾ་སྡིགས་མཛུབ་ནོར་བུའོ།། མེ་ལུས་སངས་རྒྱས་རྣམས་ཀྱི་ཚེགས།། འདུལ་བའི་དོན་དུ་ཡང་དག་གདེངས།། ཉི་མའི་གདན་ནི་ཀུན་ཏུ་གནོན།། པདྨ་ཞགས་པའདི་ལྕེ་ཕགསུ་འོ།། འཆི་དང་བརྗེད་ངསཱི་ལོག་ལྟ་དང་། ་ཆོས་ཀྱི་སྒྲིབ་པ་མི་མཐུན་ཕྱོགས།། རྣམ་དག་དྲན་པ་ཡང་དག་བྱུང་།། པདྨ་ལྕགས་སྒྲོགས་ཉི་མའི་འོད།། དམར་གནག་དཀར་བའི་སྤྱན་གསུམ་གྱིས།། དམར་སེར་མེ་ཡི་འོད་རྣམས་ཀྱིས།། གསལ་བའི་ཞལ་གྱིས་ཁྲོས་པ་ཡི།། འོད་ཀྱི ་ནམཁའ་ཀུན་གཡོགས་པ།། ཐོད་པ་ཁ་ནྟིཾ་གུ་བསྣམས་ཤིང་།། སྡིགས་མཛུབ་འཁོར་ལོ་འཆང་བ་པོ།། གཡས་བརྐྱང་གནསུ་གནས་པ་པོ།། ལྕགས་སྒྲོག་པདྨ་ཕྱགཱ་གི་མནན།། ནུབ་ཀྱི་ཕྱོགསུ་ཀུན་སོང་སྟེ།། ཉི་མར་ཐུགས ་རྗེའི་གཏེར་བསམ་བྱ།། རྣམ་གཡེང་ལྟ་བ་མཆོག་འཛིན་དང་།། ལྷ་ཡི་བུ་བདུད་བྱ་བའི་སྒྲིབ།། རྣམ་པར་གཡེང་བསོ་རབ་གཏུམ་འོད།། དམ་པའི་ཏིང་འཛིན་རང་བཞིན།། ལྗང་གནག་དཀོར་བའི་རྣམ་པ་ཡིས།། ཞལ་གྱིས ་ཀྱང་ནི་རྣམ་པར་བརྒྱན།། བཻ་ཌཱུརྱ་འོད་སྤྱན་གསུམ་པ།། པདྨ་འབེབས་པ་པད་ཆེན་པོ།། རྡོ་རྗེ་རལ་གྲི་ཁ་ཊྭཱཾ་གཱ། སྡིགས་མཛུབ་སྣོད་ཀྱིས་བརྒྱན་པཱར་བྱས།། དེ་ནས་འགྲོ་བའི་བྱ་བྱས་ནས།། དེ་ཡི་མི ་མཐུན་ཕྱོགས་ཟད་སྐྱེས།། དེ་བསྡུས་བརྟན་པར་བལྟས་ནས་ནི།། བྱུང་གི་སྒོ་རུ་ཉི་མ་ལའོ།། ཁྲོས་པས་སྟག་གི་ལྤགས་པའི་གོས།། སྦྲུལ་གྱི་རྒྱུན་གྱིས་བརྒྱན་པ་དང་།། ཐོད་པའི་ཕྲེང་བའི་ཅོད་པན་ཅན།། ཐོར་ཙོག་ལྔ་ནི་འཆང་བ ་དང་།། དགུག་དང་རབ་གཞུག་འཆིང་བ་དང་།། དེ་བཞིན་དུ་ནཱི་མཉེས་པར་བྱེད།། རྣམ་པར་གཞོམ་དུ་མེད་པའི་ལས།། གཞན་འདི་ཁྱད་པར་ལོས་ཤེས་བྱ།། ཟུར་ཆུ་རྣམསུ་མཁའ་འགྲོ་མ།། ཞལ་གཅིག་པ་ལ་ཕྱག་བཞི་པ།། ། ་སྤྱན་གསུམ་ཁ་དོག་སྣ་ཚོགས་པ།། གཙིགས་པའི་ཞལ་གྱིས་འཇིགས་པོར་བྱེད།། སྣོད་དང་ཅང་ཏེའུ་ཁ་ཊྭཱཾ་གཱ། དྲིལ་བུ་ཞེས་པ་འཚོང་ཞིང་བསྟོད།། སྣ་ཚིགསྟེ་ཆུ་སྐྱེས་ཟླ་དབུས་གནས།། དེ་བཞིན་ཕྱོགས་རིམ་གཽཡས་བརྐྱ ་བཅས།། རོ་ལངས་དྲག་པོའི་སྒྲ་ལྡན་མ།། རྡོ་རྗེ་མཆེ་མ་སྟོབས་ཆེན་མུ།། ཡན་ལག་ཐམས་ཅད་སྡུད་པའི་རྒྱུས།། ཀུན་ཏུ་འཁོད་ཅིང་རྣམ་གནས་པ།། དཀྱིལ་འཁོར་པ་ཉིད་བསམས་བྱས་ནས།། དཀྱིལ་འཁོར་བདག ་ལ་མངོན་ཕྱོགས།། དེའི་རྗེསུ་འདི་རྣམས་ཀྱི་ས་བོན་གྱི་ཡི་གེ་རྣམས་ནི།། ཨོཾ་ཏྲཾ་ཧཱུཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏྲཱཾ་བྷྲཱུཾ་ཁཾ་ཧྲིཾ་ཧྲིཾ་ཧཱུ~ཾ་པཾ་ཨོཾ་ཧཱུཾ་གཽ་ར~ཾ་ཁཾ་ཨོཾ་ཨཱཿཧཱུཾ་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཁམས་དང་ལུས་དང་ངག་དང་ཡང ་རྣམས་ཐམས་ཅད་དུ་ཇི་ལྟར་རིགས་པར་ཐམས་ཅད་དགོད་པར་བྱའོ།། གཞན་ཡང་གསུང་པ་བུཾ་ཛྙཱ་ཨཾ་ཧྲི་ཁཾ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་བཾ་ཧོཿ། ཁ་རཾ་ཀྵཾ་དྷྭཾ་ཁཾ་གཾ་ཥྐཾ་སཾ་ཁཾ་ཞེས་བྱ་དྭེ་ལྟ་བུ་རང་གི་ས་བོན་དང་མཚན་མ་རང་གི་སྟན་ལ ་བརྟེན་པའི་སྐུའོ།། གཟུགས་ལ་སོགས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ།། ས་ལ་སོགས་པ་ནི་སྤྱན་མ་ལཱ་སོགས་པའོ།། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམ ་སོ།། དེ་བཞིན་དུ་མིག་ལ་སོགས་པ་རྣམསུ་བཅུག་པའི་སྔའི་སྙིང་པོ་ལ་སོགས་པ་རྣམས་ཀྱང་།། ལེགས་བརྟན་ཉིད་ཀྱི་སེམས་དཔའ་ཡིས།། དང་པོ་ཐར་པས་ཤེས་བྱར་གྲགས།། ཞེས་པ་དེ་ལྟར་ཀུན་ནས་གྲུབ།། དམ་ཚིག་དཀྱི ་འཁོར་བལྟས་ནས་ནི།། སྙིང་ཀའི་ཡེ་ཤེས་སྙེམས་འོད་ཀྱིས།། ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ།། འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་འཛིན་དུ་ཡོངསུ་གྲགས་པའོ།། དེ་ནས་སྙིང་ཀའི་སྔགས་ཀྱི་འོད་ཟེར་གྱི ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་དམ་ཚིག་གི་དཀྱིལ་འཁོར་གྱི་འཁྲོལ་འོ་མ་ལ་འོ་མ་བཞིན་གཽཅིག་ཏུ་འདྲེས་པའི་དངོས་བྱོས་རབ་ཏུ་ཞུགས་པར་བསམ་པར་བྱའོ།། ཤེས་རབ་དང་ཐབས་ལས་བྱུང་བ་བདེ་བ་ཆེན་པོའི ་ཏིང་འཛིན་གྱི་མཆོག་ཏུ་རོ་མྱང་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་བལྟ་བར་བྱའོ།། དེའི་རྗེ་སུ་མཆོད་ཡོན་གྱི་སྣོད་དུ་མེ་ཏིགེ་དང་ཙན་དན་ལ་སོགས་པ་སྦྱར་བར་བསམས་ནས། པདྨ་ལྕགས་ཀྱུ་ལ་སོགས ་བའི་ཁྲོ་བོ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྲུང་བ་བྱས་ཏེ་མཆོད་ཡོན་དང་མེ་ཏོག་དང་ཙན་དན་ལ་སོགས་པ་དབུལ་བར་བྱའོ།། དེ་ནས་རླུང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བུ་གདབ་པར་བྱའོ།། དེ་ནས་དྲི་རྣམས་ཡེ་ཤེས་ལྔའི་རང་བཞིན་གྱིས་གང་བའི་ནོར་བུའི་བུམ་པས ་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་ལ་མངོན་པར་དབང་བསྐུར་བར་བསམས་པར་བྱའོ།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡཽ་ཤྲཱི་ཡེ་ཧཱུཾ་དེ་བཞིན་དུ་རྣམ་པར་བསམས་ནས་མཆོད་པར་བྱ་བ་དང་། མཆོད་པ་པོ ་དང་། མཆོད་པའི་བདགུ་ཉིད་སེམས་ཙམ་མོ་ཞེས་རྣམ་པར་བསམས་ནས།། སྔགས་འདི་བརྗོད་པར་བྱའོ།། ཨོཾ་སཱརྦ་ཏྱ་ཐཱ་ག་ཏཱ་པཱུ་ཛཱ་བཛྲ་སྥ་བྷཱ་བཱ་ཨཏྨ་ཀོ་ཧཾ། སླར་ཡང་དཀྱིལ་འཁོར་གྱི་འཁོར་ལྀ་ལ་སྔར་བརྗོད་པའི་རམ ་མཆོད་བར་བྱའོ།། དེའི་རྗེསུ་སྒྲ་བརྙན་བཞིན་དུ་སྒྲའི་ཚོགས་མཐའ་དག་ངེས་པར་བཏགས་ནས་དཀྱིལ་འཁོ་གྱི་ལྷ་མོ་རྣམས་འཆང་བཞིན་པའི་བསྟོད་པ་ཞལ་ནས་བརྗོད་པར་བསམས་ནས། རྡོ་རྗེ་ཆེན་པོ་ཕྱག་འཚལ་འདུད ་བདེ་བ་ཆེན་པོ་ཕྱག་འཚལ་འདུད།། དགའ་བ་ཆེན་པོ་ཕྱག་འཚལ་འདུད།། ཕྲིན་ལས་ཆེན་པོ་ཕྱག་འཚལ་འདུད།། ཁྱབ་བདག་ཆེན་པོ་ཕྱག་འཚལ་འདུད།། ཁྱོད་ལས་རྡོ་རྗེ་དང་སེམས་དཔའ།། ཁྱོད་ལས་པདྨ་ལོགས་སྤྲུལ་པ།། ་ཁྱོད་ལས་རིན་ཆེན་ལྷ་མོ་ཆེ།། སྣ་ཚོགས་རྡོ་རྗེ་དེ་བཞིན་ཉིད།། ཁྱོད་ལས་སངས་རྒྱས་དཔའ་བོ་ཆེ།། ཡང་དང་ཡང་དུ་ཡང་དག་འབྱུང་།། ཁྱོད་ལས་ཆོས་དང་དགེ་འདུན་ཡང་།། ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས།། བྱང ་ཆུབ་སེམས་དཔའ་སེམས་དཔའི་ཚེ།། ཁྱོད་ལས་གཟུགས་ཀྱི་དཀྱིལ་འཁོར་དང་།། ཁྱོད་ལས་ཕྱག་རྒྱ་དང་སྔགས་ཀྱང་།། སླར་ཡང་ཁྲོ་བོའི་རྒྱལྔ་པོའི་ཚོགས།། སླར་ཡང་པྲཱ་ཀྲྀ་ཏིའི་སྐད་ཀྱིས་བསྟོད་པ།། ཡོན་ཏན་མཆོག ་ཐོབ་ཤིན་ཏུ་དགའ།། བདེ་བ་ཆེན་པོ་མཚིག་གྱུར་པ།། ཨུ་ལ་ལྀ་ལ་ཧོཿམཐུའ་དགེ་བདེ་ཆེན་དེ་བཞིན་གཤེགས།། མཐོང་ཞིང་ཉམས་ཀྱི་གནས་པའོ།། བདེ་བ་ཆེན་པོ་བསམས་པ་ལས།། དེ་རིང་བདེ་བ་ཆེན་པོ ་ཡི།། རོ་ཡིས་གྲང་བར་བྱེད་པའོ།། ཨ་ལཱ་ལ་ལཾ་ཧོཿམཆོག་ཏུ་བདེ་བ་ཆེན་པོ་ནི།། ཁྱོད་ལ་ཕན་པ་རབ་ཏུ་བྱེད།། པདྨའི་གནས་ཀྱི་ནང་དུ་ནཽ།། རྡོ་རྗེ་རྡོ་རྗེ་འདི་འགྲུབ་བྱེད།། ཞེས་བསྟོད་པ་དང་མཆོད་པ་བྱསྟ་ལ་མཆོད ་པ་བྱས་ལ་མཆོད་པའི་ལྷོ་མོ་རྣམས་ལྷའི་ལུས་ལ་རབ་ཏུ་ཞུགས་པར་བསམས་ནས་དེའི་རྗེསུ་ཐོག་མར་ཡཽ་ཡིག་གིས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བསམས་ནས་དེའི་སྟེང་དུ་རྀ་ཡིག་གིས ་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ་དེའི་སྟེང་དུ་བདུད་རྩིས་ཡོངསུ་གང་བའི་ཐོད་པ་བསམས་ནས་བདུད་རྩི་དེ་ཧཱུཾ་ཡིག་གིས་སྦར་བ་དང་། ཨོཾ་ཡིག་གིས་བསིལ་བར་གྱུར་པ་དང་། ཨོཾ་ཡིག་གི ་བདུད་རྩིའི་རང་བཞིན་དུ་རྣམ་པར་བསྒོམས་ནས་ལྕེ་ལ་ཧཱུཾ་ཡིག་གིས་རྫོགས་པའི་རྡོ་རྗེས་བྱིན་གྱིས་བརླབས་པར་བསམས་ནས་སྙིང་གར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་བདུད ་རྩིས་ཚིམ་པར་བྱའོ།། དེ་ནུས་ཧྲིཿཡིག་དེ་ལས་འོད་ཟེར་འཕྲོས་ནས་དྲི་བཞིན་གཤེགས་པ་རྣམས་བཀུག་སྟེ་གཉུག་མའི་སྙིང་གའི་ནང་དུ་བསྒོམ་པར་བྱའོ།། ཡོངས་སུ་དག་པ་བསྒོམ་པའི་དོན་དུ་རྣམ་པར་དཔྱང་པ་བརྩམ་པར་བྱ་སྟེ། ་གཅིག་དང་གཙུག་མིན་སོགས་བརྟགས་པས། ཕྱི་རོལ་དངོས་པོ་མི་འགྲུབ་སྟེ།། དེ་ཉིད་ཕྱིར་ན་དེ་གཟུང་དང་།། རྣམ་པར་ཤེས་པའང་ཡོད་མ་ཡིན།། དེས་ན་འདི་དག་རང་ཉིད་ཚུལ།། རང་ལྀ་རག་ལས་གདན་ལ་བྱ་བ།། ཇི་བཞིན ་ཡིན་དང་ཇི་བཞིན་མིན།། འགྲོ་བ་འདི་དགྲ་རྟོག་སྔོ་པར་བྱ།། འདི་དྲི་དམ་པའི་དོན་ཅན་གྱི།། བྱང་ཆུབ་སེམས་སོ་འདི་དེ་ནི།། ཤེས་རབ་ཕ་རོལ་ཕྱིན་པའི་དངོས།། འདི་ཉིད་མཆོག་གི་སྟོང་ཉིད་ཀྱི།། ཡེ་ཤེས་དེ་ལྔས་དེ་བཞིན་དུ།། ་རྣམ་དག་གཟུགས་ཉིད་དེ་ཡི་གཟུགས།། མེད་པ་ཉིད་ཕྱིར་དེ་དབྱེར་མེད།། དགེ་བའི་སེམས་བྱུང་སེམས་རང་བཞིན།། དཀྱིལ་འཁོར་པ་ཀུན་ཤེས་པར་བྱ།། ཞེས་པ་ལས་རྒྱལ་པོ་མཆོག་གི་ཏིང་འཛིནོ།། དེའི་རྗེསུ་སྙིང་གའི་ཟླ ་བར་པདྨ་ཕྲ་མོ་ལ་གནས་པའི་ཧྲཱིཿཡིག་ཐིག་ལེ་དང་བཅས་པ་ཡུངས་ཀར་གྱི་འབྲུའི་ཚ་དེ་ཙམ་གཟི་བརྗིད་ཀྱི་གཟུགས་ཐམས་ཅད་ཡང་དག་པར་བསྡུས་ནས་རང་གི་ང་རྒྱལ་གྱིས་བསམ་པར་བྱའོ།། དེ་ལས་སེམས ་བརྟན་པར་བྱས་ནས་དུབ་པ་སྐྱེས་པ་ལ་སེམས་དེ་ལ་ང་རྒྱལ་དང་བཅས་པར་བྱས་ནས་ཡུད་ཙམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསམ་པར་བྱའོ།། གཟི་བརྗིད་དང་ཐིག་ལེས་སྐྱེས་པའི་འོད་ཟེར་གྱི་ཕུང་པོས་ལྕེ་དང ་མགོ་ལ་ངག་དང་ལུས་ལ་སོགས་པ་སྤྲོས་ནས་ཐིག་ལེ་ལ་གཟི་བརྗིད་འཕྲོག་པར་བྱེད་པར་བསྡམས་ནས་ཐིག་ལེ་ཙམ་གྱིས་ང་རྒྱལ་གྱིས་གནས་པར་བྱའོ།། སླར་ཡང་གཟི་བརྗིད་འཕྲོག་པར་བྱེད་པར་བྱས་ནས་རང་གི་ལུས ་ལས་ངེས་པར་སྣང་བར་བྱའོ།། དེ་བཞིན་དུ་ཡང་ནས་ཡང་དུ་འཕྲོ་བ་དང་བསྡུ་བར་བྱེང་པ་ཉིད་ཀྱིས་ཐིག་ལེའི་རྣལ་འབྱོར་བསྒོམ་པར་བྱའོ།། རྣལ་འབྱོར་པ་ནི་རྒྱལ་བ་དང་།། མངོན་པར་ཤེས་པ་དང་གྲུབ་པ་རྙེ་དོ་ཞེས་པ་མན ་གོ། ཡང་ནཱ་སྣའི་རྩེ་མོར་རང་གི་ལྷའི་མཚན་མ་ཕྲ་མོ་དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་བསྒོམ་པར་བྱའོ།། སྙིང་རྗེ་དང་ཤྲཱིས་རབ་མ་བྲལ་བར་བསྒོམ་པར་བྱེད་པ་འདི་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པར ་བྱའོ།། ཇི་སྲིད་བརྟན་པར་གྱུར་པར་བལྟ་བར་བྱ་སྟེ།། བརྟན་པར་གྱུར་པ་ཕྲ་མོའི་རྣལ་འབྱོར་སྤྲོ་དང་བསྡུ་བར་བྱེད་པ་ནཱི་མྱུར་དུ་དཀྱིལ་འཁོར་གྱི་འཁོར་ལོའི་དངོས་གྲུབ་ཐོབ་པར་བྱེདདོ་ཞེས་པ་དགོད་པའི་ནུས་པ་ཇི་ལྟ ་བོཔོ་བཞིན་དུ་གསུངས་པ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ལ།། དེ་ཡི་ནང་དུ་གནས་བསམས་པ།། དང་པོརོ་སྨིག་རྒྱུའི་རྣམ་པ་བཾ་སྟེ།། དུ་བའི་རྣམ་པ་གཉིས་པ་ཅན།། གསུམ་པོ་མཁའ་སྣང་དང་མཚུངས་པ།། བཞི ་པ་སྒྲོལ་མ་ལྟ་བུ་སྟེ། ལྔ་པ་རྟག་ཏུ་སྣང་བ་ནི། སྤྲིན་མེད་ན་མཁའ་ལྟ་བུའོ།། དེ་ལྟར་རིམ་པར་བྱས་པ་འམ།། སཽ་རེ་རེར་ངེས་མེད་པ།། སྲོག་ནི་སྐྱོ་ཞིང་དབྱུང་བར་བྱ།། དེ་ལྟར་མཚན་མ་ལྔ་ཡིས་ནི།། ་སེམས་ནི་བརྟན་པར་གྱུར་པ་ཡི།། འགྲོ་བའི་དོན་ནི་རབ་སྒྲུབ་བྱེད།། རྣལ་འབྱོར་པ་ནི་ཕུལ་བྱུང་ཞེས་པ་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པའོ།། དེ་ནས་སངས་རྒྱས་ཀྱི་ཏིང་འཛིན་ལ་གནས་པ་རང་དྲང་སྔགས ་དབྱེན་མི་བྱེད་པར་བྱས་པ་ལས་ཕན་ཚུན་མ་འཁྲུལ་པ་གཱ་སྭཻལ་བ་མྱུར་བ་མ་ཡིན་པ་ཐོགས་པ་མ་ཡིན་པར་གསང་སྔགས་གདོན་པར་བྱ་སྟེ། ད་ལྟར་ཨོཾ་ཡིག་ལ་སོགས་པས་ཁྱབ་པར་བྱའོ།། དེ་ལ་འདི་ནི་སྔགས ་ཏེ་ཧཱཾ་ཧཱུཾ་ཨཱརྨས་ཁ་སུ་ཧཱ་མ་ར་ཤྭ་ཏེ་ཀི་ལོ་བརྨྨ་ས་པཱ་ཧྲྀ་ཨཽ། ཧཱུ~ཾ་ནི་སི་ཝ~ཾཿརཏྣ་པཱ་པཾ་ཨཱིཾ་ཞེསྭོ།། ལྷ་མོ་ཐམས་ཅད་ཁོ་ན་ཡིས།། མྲིང་དྲང་སྔགས་ནི་དྷིས་སྦྱར་བྱ།། ཨཽ་ཡིག་དང་བོ་རཱ་སྤེལ་བཱ་ཡིས།། ཕྱི་ནས་དྭེ་ལ་ཧྲིཿདགྲོང ་བྱ།། དེ་བཞིན་མཁའགྲོ་མའོ་འོན་ཀྱང་།། ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན།། ཁྲོ་བོ་རྣམས་ཀྱི་མིང་ཨོཾ་དང་།། ཧཱུཾ་ཕཊ་ཡི་གེས་བརྒྱན་པའོ།། དེ་བཞིན་ཛ་ཧཱུཾཿབཾཿཧྲཱིཾཿདེར་རྣམས་ས་བོན་རིམ་པའི་མཐར་ཐུག་དགོད།། ལྷ་མོའོ ་བཾ་ཡིག་ཡང་དག་འབྱུང་།། མཁའ་གྲོ་མ་རྣམས་ཧཱུཾ་ཕཊ་འབྱུང་།། ཕྱེ་ཡི་པདྨ་པི་ཝང་སོགས།། སྔར་བརྗོད་ཆོ་གས་དྲན་པར་བྱ།། དེ་བཞིན་དེ་རྣམས་ཁོ་ནའི་ཚེགས།། སྔར་བརྗོད་གསང་སྔགས་བརྗོད་པར་བྱ།། དེ་བཞིན ་རིམ་པར་བྱ་བྱ་ནི།། རེ་རེ་འམ་འཁྲུལ་མེད་མ་ཡིན་པར།། དབྱུང་ཞིང་སྤྲོ་བའི་བསམ་གཏན་དང་།། སྔགས་ཀྱི་མཐར་ཡོད་ཡང་དག་བསྡུ།། རྩོལ་བའི་རླུང་གིས་བཀུག་ནས་ནི།། རང་གྲི་སྲ་བོན་དེར་ངེས་གཞག། བྱང་ཆུབ་རང ་ས་བོན་དེར་བློ།། བསམ་གཏན་བཟླས་པའི་ཆོ་གར་གནས།། ཞེས་པ་བཟླས་པའི་ཆོ་གའོ།། བསམ་གཏན་ནམ་བཟླས་པ་བྱེད་པ་གང་གི་ཚེ་བྱིང་པ་དང་རྒོད་པའི་སེམས་ལྔ་ལྟ་བ་དེའི་ཚེ་བྱིང་བའི་སེམས་ལ་ལྷོ་མོའི་གླུས ་བསྐུལ་བ་བཞིན་དུ་འཁོར་ལོ་མཆོད་པར་བྱ་བ་དང་བསྒོམ་པ་བརྩམ་པར་བྱའོ།། རྒོད་ན་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱེད་པས་དངོས་པོ་རྣམས་ཀྱི་ཅིག་དང་ངྒེ་མིན་ལ་སོགས་པས་རྣམ་པར་དཔྱད་པར ་བསམ།། དེ་བཞིན་དུ་བྱིང་བའི་སེམས་ལ་ནོ་ལེ་ལོ་དང་རྒོད་པ་ལ་ཞི་གནས་ཟོད་ངོ་དོ།། ཞེས་པ་ཞུམ་པ་ངེས་པར་བཟུང་བ་ལས་ལྷ་མོ་རྣམས་ཀྱིས་གླུས་ཡང་དག་པར་བསྐུལ་བ་ས་དང་རྒོད་པ་ལ་ཐིག་ལེའི་རྣལ་འབྱོར་ལ ་སོགས་པས་དེ་ཁོ་ན་ཉིད་བསྒོམས་པས་སྙམ་དངོས་པོ་རྣམས་ཀྱིས་རྣམ་པར་དཔྱད་པས་སྟོང་པ་ཉིད་ཀུན་ཏུ་དམིགས་པའི་ཕྱིརརོ།། དེ་བཞིན་རྣལ་འབྱོར་པའི་སེམས་ཡོད་པས་ཆུང་ངུ་ནས་འཁོར་བ་ཉིད་བལྟ་བར་བྱའོ།། དེའི ་ཚེ་མགོ་བོ་ལས་མཐོ་གང་ཙམ་གྱིས་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེའི་སྟེང་དུ་བདུད་རྩའི་གཟུགས་ཅན་གྱི་ཨོཾ་ཡིག་བསམས་ནས་སྙིང་ཁ་དང་མགོ་བོ་ལས་སྔགས་ཀྱི་འོད་ཟེར་སྤྲོས་ནས་ཨོཾ ་ཡིག་ཟླ་བ་དང་བཅས་པ་དེ་ཞུ་བར་བལྟས་ནས་དེའི་བདུད་རྩི་སུ་ལུས་ཀྱི་ནང་བུམ་པ་བཞིན་དུ་ཡོངས་སུ་གང་བར་བསམས་ནས་བདུད་རྩིས་ནང་དང་ཕྱི་རོལ་པ་སྤུའི་ཁུང་རྣམསུ་ག་པྲ་ཟིལ་པ་བཞིན་དུགྶ ་པ་ལས་དུབ་པ་ཉེ་བར་ཞི་བར་བྱའོ།། དེ་ལྟར་ངལ་བསོས་པ་དང་སྐད་ཅིག་གཅིག་ལ་བདེ་བའི་ཚོགས་མ་འཁྲུག་པའི་ཐིག་ལེ་ལ་སོགས་པ་བསྒོམས་པས་སྔར་བཞིན་དུ་གསང་སྔགསཽ་མ་འཁྲུགས་པར་བཟླས་པར་བྱའོ།། དེ་ནས་བསྒོ ་པ་དང་བཟླས་པ་དག་གིས་དུབ་པོཔར་གྱུར་ནི་ཕྱི་རོལ་གྱི་མཆོད་པ་འམ་ཆོ་གས་ཡུད་ཙམ་གྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱས་ནས་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱིས་ལངས་ཏེ་ཕྱི་རོལ་མཆོད་པའི་དུས་རང་གི་ལྷའོ་རྣལ་འབྱོར་དམ ་ཏྲེ་བྷིས་སྐུ་ལ་སོགས་པའི་མདུན་ན་བཅོམ་ལྡན་འདས་ཀྱི་མདུན་དུ་དཀྱིལ་འཁོར་བྱས་ནས་བདག་ཉིད་ལ་མཆོད་ཏེ།། དཀྱིལ་འཁོར་པ་རང་གི་སྙིང་ག་ནས་གཟུགས་བརྙན་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ནས་གསང་བ་དང ་ལྷ་སྦྲེལ་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་རང་གི་སྙིང་གའི་སྔགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ།། དེ་ནས་ཟས་ཀྱི་དསུ་ཡུང་ཙམ་གྱིས་རང་གི་ལྷའི་རྣལ་འབྱོར་བྱས་ནས་ཟས་ལ་ཨོཾ་ཡིག་ལ་སོཌ ་པོའི་ཡི་གེ་གསུཾ་གྱི་རཾ་གྱིས་བདུད་རྩིར་བྱས་ནས་མཆོག་ཏུ་རྣམ་པར་དག་པའི་སེམས་ཀྱིས་ཚིམ་པར་བྱའོ།། ཐུན་མཚམས་ཀྱི་དུས་སུ་ཡུད་ཙམ་གྱིས་རང་གི་ལྷའི་འཁོར་ལོ་བསྒོམ་བྱས་ནས་སྦྱར་བརྗོད་པའི་ཆོ་གས་བསྒོམ་པ ་བྱས་ནས་བཟླས་པ་བྱའོ།། དེ་ནས་ཟླ་བའི་སྙིང་གར་བསམས་ནས་རྣལ་འབྱོར་པ་བདེ་བར་གཉིད་ལོག་པར་བྱའོ།། སླར་ཡང་ཐོ་རངས་རབ་ཏུ་སད་པར་གྱུར་པ་ན་ལྷ་མོའི་གླུ་རྣམས་ཀྱིས་བསྐུལ་བཞིན་པར་བདག་ཉིད་བསམས ་པར་བྱའོ།། ལངས་ནས་སྔར་བརྗོད་པའི་ཚེ་གས་བསྒོམ་པ་བྱས་ནས་བཟླས་པ་བྱའོ།། དེ་བཞིན་དུ་ཇི་སྲིད་པ་དེ་སྲིད་དུ་རྒྱུད་ལས་གསུངས་པའི་མཚན་མི་ཐོབ་པ་དེ་སྲིད་དུ་ཉི་མ་སོ་སོར་རོ།། དེ་ནས་དེ་བཞིན་དུ་ཇི་ལྟར་ནུས་པ་དང་ཇི ་ལྷུར་ཚོགས་པ་བཞིན་དུ་མེཆོད་པའི་ཆོ་ག་བྱས་ནས་མཐར་གཤེགསུ་གསོལ་བར་བྱའོ།། བདེ་བའི་སྒྲུབ་ཐབས་དམ་པའི་གཞུང་རིག་བྱས་གང་འདིར།། བསོད་ནམས་ལས་བྱུང་སྒྲུབ་པ་ཐོབ་པ་ལས།། པདྨ་དྲ་དཔལ་སྒྲུབ་པ་ཁོ་ན། ་ཉེས་སྤངས་དེས།། སྐྱེ་བོའི་ཚོགས་རྣམས་བྱང་ཆུབ་མཆོག་བདེ་ཐོབ་གྱུར་ཅིག་ཅེས་པ་པདྨ་དྲ་བ་དཔལ་འབྱུང་བའི་སྒྲད་ཐབས་རྒྱལ་བ་དཔལ་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ།། ་ཁ་ཆེའི་པཎྜ་ཌི་ཏ་སུ་མ་ན་ཤྲཱི་དང་། བོད་ཀྱི་ལོ་ཙི་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལི་ཕབ་པའོ།། ། 6།། རྒྱ་གར་སྐད་དུ། པདྨ་ཨཱ་བ་ལོ་གི་ཏེ་ཤྭ་ར་སྱ་པདྨ་ཛྭ་ལ་ཀྲ་མེ ་