| Wylie | e-texts produced with BDRC’s OCR application |
དཔལ་རྡོ་རྗེ་མཁའགྲོ་ལ་ཕྱག་འཚལོ།། འཁྲུལ་པ་མྱ་ངམ་ཐོང་ཆེན་ལ།། ཉོན་མོངས་ཉི་མོས་རབ་གདུངས་པའི།། འགྲོ་བ་འཚོ་བའི་ཀླུང་གྱུར་པ།། སྲོག་འཛིན་མགོན་ལ་ཉེར་བཏུད་ནས།། གང་གིས་ཉོན་མོངས་ཞི་བྱེད་པ ་རྟོགས་དཀའ་ཐབས་མང་རྒྱ་མཚོ་ལས།། མཆོག་གྱུར་མགོན་པོས་གསུངས་པའི་དོན།། བླ་མའི་གསུང་ལས་བླངས་པ་བརྗོད།། འདི་ན་གང་དག་ཉོན་མོངས་སྤོང་བ་ཉོན་མོངས་འགྱུར།། ཇི་ལྟར་བཀྲེས་པས་ཁ་ཟས་ད་།། ་སྐོམ་པ་ཆུ་ལ་རྒྱབ་ཕྱོགས་བཞིན།། དཔེར་ན་མེ་ཡི་བུད་ཤིང་དང་།། མ་ཕྲད་སྡུད་ཅིང་མི་གསལ་ཞིང་།། འཚོ་འགྱུར་དེ་ལྟར་འགྲོ་བའི་སེམས།། འདོད་པ་སྤངས་ན་མ་རུང་འགྱུར།། ཡུལ་ལ་ཤིན་ཏུ་ཆགས་པའི་སེམས།། ་འདོད་པ་སྤངས་པས་ཟློག་བྱེད་པ།། དེ་ལྟར་མི་འགྱུར་ཐབས་དམན་ཕྱིར།། ཉོན་མོངས་འཕེལ་བ་ཁོ་ནར་ཟད་།། གང་དག་ཤིན་ཏུ་བཅིངས་པའི་མི།། འདུག་ནང་གཞན་དུ་འགྲོ་བ་ཡི།། བསམ་པ་རྟག་ཏུ་བསྟེན་བྱེད་ཅིང་།། ལུས ་སེམས་བདེ་བར་མི་འགྱུར་བཞིན།། སེམས་མི་བདེ་བ་དོན་གཉེར་བས།། དེ་རྙེད་པར་ནི་མ་གྱུར་པརརུ།། ཀུན་ཏུ་རྟོག་པ་རྒྱས་འགྱུར་ཞིང་།། གཉུག་མའི་ཡིད་གནས་མི་འགྱུར་བ།། དཔེར་ན་གླང་ཆེན་མ་རུངས་པ།། གང ་ཆང་གིས་རབ་མྱོས་པ།། ངད་ཀྱིས་དུལ་འགྱུར་དེ་ཡི་ཚེ།། མཁས་པ་རྣམས་ཀྱི་ལོང་སྤྱོད་འགྱུར།། དེ་ལྟར་སེམས་ཀྱི་གླང་པོ་ཡང་།། ཡུལ་གྱི་ཆང་གི་རབ་མྱོས་ན།། དམུ་རྒོད་རྟག་པ་དུལ་འགྱུར་ཞིང་།། གཉུག་མ་རྣལ་འབྱོར། ་པ་ཡིས་ལེན།། གང་དག་སྤྲོས་པས་མ་སྤྲོས་པའི།། གཉུ་ག་མའི་སེམས་ཡིད་མ་རྙེད་ན།། རྟོག་པའི་དྲ་བས་འཆང་མིན་ཏེ།། རྟོག་ལས་འཁོར་བ་སྣ་ཚོགས་འབྱུང་།། དེ་ཕྱིར་ཡང་དག་གཉུག་མའི་ཡིད།། མཐོང་བར ་པས་ལུས་དང་སེམས།། ཀུན་རྟོག་རླུང་རྣམས་ཞི་བྱའི་ཕྱིར།། ནམ་ཡང་གདུང་བར་མི་བྱའོ།། དེ་ལྟར་གདུང་བ་སྤངས་པ་ལས།། སེམས་ནི་བདེ་བའི་ངོ་བོར་འགྱུར།། འཁྲུལ་པའི་སྤྲིན་སྡུག་འགག་འགྱུར་ཞིང་།། ་འོད་གསལ་དྲི་མེད་ན་མཁའ་མཐོང་།། བདེ་དེ་འདོད་ཀུན་ལས་འབྱུང་།། ཡང་དག་བླ་མའི་མན་ངག་བཞིན།། ཐབས་དང་བཅས་པའི་རྣལ་འབྱོར་པས།། རྟག་ཏུ་འདོད་པའི་ཡོན་ཏན་བསྟེན།། གཏི་མུག་འཁྲུལ་པ་ལས ་ཀྱི་སྤྲུལ།། སྡུག་བསྔལ་ཛགྲོང་ཆེར་འཁྲུགས་པའི།། འཁོར་བའི་ཆུ་བོར་བྱེང་པ་ཡི།། འགྲོ་ལ་བ་རྩ་བ་ཆེན་པོ་བསྐྱུད།། འདྲིར་ནི་འང་དོན་འདས་མ་ནུས།། ཡང་དག་ཡེ་ཤེས་སྣང་ལྡན་པ་ལ ་ཡི་དམ་རྒྱལ་པོའི་གཟུགས་ཀྱིས་ནི།། སེམས་ཅནྡོ་སྐྱབས་ལ་བརྩོན་པར་བྱ།། རང་གི་བསྐྱེད་པ་ཡི་གེའི་གཟུགས།། དེ་ཉིད་སྙིང་གི་དཀྱིལ་དུ་གཞག། འོད་ཀྱི་སྡིག་པ་ཟད་བྱས་ཏེ།། འགྲོ་མདུ་སྡུག་བསྔལ་ཞི་བར་བྱ།། བཏུས ་པའི་སྦྱོར་བསྡུ་ལྷ་གང་གི། གནས་ལྱ་དད་པས་དེ་ཉིད་བསམ། བྱིན་གྱིས་བརླབ་དུང་དབང་བསྐུར་བ།། གཞུག་དང་མཆོད་སོགས་ཐམས་ཅད་བྱེ།། དེ་ནས་བཞིན་བཟངས་མི་གྲོ་ཡངས་མ།། ལང་ཚོ་རྒྱགས་ཤིང་སྐྱེ་གནོས་དང་།། ་ནུ་མ་མཁྲང་ཞིང་ཤ་རྒྱས་པའི།། བུ་མོ་ཡིད་འོང་མདུན་དུ་གཞག། གཙུག་ཏུ་མཛེས་དང་རོར་ལྡན་དང་།། བུ་ག་འཕེན་དང་བསྐྱོད་པ་དང་།། མཚམསུ་མཛེས་པར་གྱུར་པ་ཡིས།། མཛེས་པ་མཛེས་པར་བྱ་བ་དང་།། རྣལ ་འབྱོར་ལྔ་ནི་རྟག་གུས་ཤིང་།། ལྷག་པར་ཟབ་མོའི་ཆོས་ལ་དང་།། ཁྲོ་མེད་རྣམ་རྟོག་སྤངས་པའི་བདག། ཡོངསུ་སྦྱིན་བྱས་བྱིན་གྱིས་བརླབ།། གཙོ་ཉིད་གང་གི་རིག་མི་རུང་།། ཆོ་ག་མཁས་པས་བསྒོམས་ནས་ཀྱང་།། དེ ་རུ་ཡེ་ཤེས་འཁོར་ལོ་གཞུག། མཚན་མ་གཉིས་ཀྱང་སྔགས་ཀྱིས་སྦྱང་།། ལིང་ཁ་བརྟན་པོར་གྱུར་པ་ནི།། སྐྱེ་གནས་དབུསུ་གཞག་པར་བྱ།། དམ་པོར་འཁྱུད་པས་གནས་ནས་ནི།། ཡང་དང་ཡང་དུ་ཙུམ་པ་བྱ།། སེན ་མོས་ཅུང་ཟད་དྲུང་པ་དང་།། མ་མཆུ་སོ་ཡི་བཙིར་བར་བྱ།། མིག་ནི་རབ་ཏུ་བསྒྱུར་བྱ་ཞིང་།། ལྕེ་ཡང་ལྕེ་ཡིས་བསྐྱོད་པར་བྱ།། མགྲིན་པཱརྲ་ད་རོས་དགང་བ་དང་།། གཤུབ་པ་འམ་ཡང་ན་གསལ་པོ་རུ།། ཆགས་པའི་ཚིག་གིས་སྦྱོར ་བ་ཡིས།། ཁྭ་སྦྱོར་བདེ་བ་དང་པོ་བསྒོམ།། སུམ་ཅུ་རྩ་གཽཉིས་འདབ་ལྡན་པའི།། རླུང་གི་རང་བཞིན་པདྨ་ལས།། མགྲིན་པོར་འབར་བའི་ཡེ་ཤེས་ནི།། བྱ་བ་གྲུབ་པ་ཉོན་མོངས་འཇོམས།། དེ་རུ་རྡོ་རྗེ་ནུབ་གྱུར་ནས།། རྐེད་པ་སྐྱོད་པ ་སྤངས་ནས་ནི།། ལུས་ངག་སྦྱོར་དང་ལྡན་པ་ཡིས།། དགྲམ་ཞིང་བསྡུ་བ་དག་ཏུ་བྱ།། མིག་ནི་སྣ་རྩེར་ཕབ་ནས་སུ།། གཟུགས་སོགས་ཡུལ་ལ་མ་ཞེན་པར།། དེ་དག་ལས་སྐྱེས་བདེ་བ་མཆོག། ཡཽང་དག་ཡེ་ཤེས་གཉིས་པ ་བསྒོམ།། བརྒྱད་གཉིས་འདབ་མར་བཅས་པ་ཡི།། ཆུ་ཡི་ངོ་བོ་པདྨ་ལིས།། སྙིང་གར་འབབ་པའི་ཡེ་ཤེས་ནི།། སོ་སོར་ཀུན་ཏུ་རྟོག་པར་བརྗོད།། སྒྱུ་རྩལ་མཁས་པས་བསྐྱོད་བྱོ་ཞིང་།། བུ་མོས་ཀྱང་ནི་རྐེང་པ་བསྐོར།། དབུགས ་ཀྱང་ཅུང་ཟད་ཅུ་ཟད་བསྡམ།། དལ་གྱིས་སྒྱུ་རྩ་ལྔ་ཐམས་ཅད་སྤྱད།། མིག་ནི་མི་འཛུམས་པར་གྱུར་པས།། རེག་ལ་རྟོག་ཅིང་མ་ཞེན་པརུ།། བདེ་བའི་ཡེ་ཤེས་གསུམ་པ་ནི།། རྣལ་འབྱོར་མཁས་པས་རྟོག་པར་བྱ།། བཅུ ་དྲུག་ཕྱེད་ཀྱི་འདབ་མར་བཅས།། ཆུ་ཡི་རང་བཞིན་པདྨ་ལས།། ལྟ་བར་འབབ་པའི་ཡེ་ཤེས་ནི།། མེ་ལོང་ལྟ་བུར་ཡང་དག་བརྗོད།། རིགས་ཀྱི་མཚན་མས་ས་བོན་བཅས།། ནོར་བུར་ཆུད་པར་བསམ་བྱ་ཞིང་།། རླུང་དང ་ཡིད་ནི་མི་རྨྱ་བར།། བྱས་ཏེ་མཁས་པསྣ་འདོད་པ་གཟུང་།། གོས་མེད་རྟོག་པ་ཉེར་ཞི་བ།། མིག་གཉིས་རབ་ཏུ་གདངས་པ་ཡིས།། རང་བྱུང་གཞོམ་མེད་མཁའ་མཉམ་པའི།། ཡེ་ཤེས ་བཞི་པ་གསལ་པོར་བསྒོམ།། དྲུག་ཅུ་རྩ་བཞིའི་འདབ་ལྡན་པའི།། འདབ་སྐྱེས་ས་ཡི་རང་བཞིན་ལས།། དེ་འདབ་དེ་རུ་ཟིན་གྱུར་པའི།། ཡེ་ཤེས་མཉམ་པ་ཉིད་དུ་བརྗོད།། གལ་ཏེ་དེར་ནི་མ་ཟིན་ན།། བདྲེ་བ་ཆེན་པོ་མི་གསལ ་ཞིང་། ཕུང་པོ་སྐྱེ་མཆེད་ཉམས་པ་དང་།། གཉིས་མེད་ཡེ་ཤེས་རྟོགས་མི་འགྱུར།། དྲར་རས་ལས་བྱས་སྐུད་པ་དྲུག། སྦྱོར་བཅུ་དྲུག་གིས་རྐེད་པ་བསྡམས།། བུ་མོའི་ཁྲག་གིས་བསྒོས་པ་དང་།། སྦྲུལ་གྱིས་ཤུན་པཱར་ཡང་དག ་ལྡན།། སོར་བཅུ་གྲཉིས་ལྡན་ཤིང་བུ་ལ།། མཐའ་རུ་སོར་གཉིས་དོར་བ་དང་།། དཀྱིལ་དུ་སྲད་བུ་སྔོ་བཅིངས་ནས་ནི།། སོར་དྲུག་རྡོ་རྗེའི་མདུད་པ་བྱས།། སོར་གཉིས་མཐར་རུ་སྦྲེལ་བྱས་ནས།། མཁས་པས་རང་གི་རྐེད་པར ་བཙོད་།། མདུན་གྱི་ཤི་བུས་འཕྲ་བཀོད་དེ།། ལྟེ་བའི་ཕྱོགས་སུ་གཞག་པར་བྱ།། བུ་མོའི་བྱིན་པ་གཡོན་པ་ནི།། སྐྱེས་བུའི་དྲུག་ཁུག་གཡས་པས་བླང་།། དབུགས་བསྡམས་པ་དང་ལྡན་པ་ཡིས།། རྟག་ཏུ་ཐུར་སེལ་བ་རྐྱང་བར་བྱ ་གླང་པོའི་སྣ་ཡི་སྦྱོར་བ་ནི།། ལག་པ་གླང་པོའི་སྣ་ལྟོ་བུ།། སྣ་ལྔ་སྦྱར་བར་བྱས་པ་ཡིས།། དེ་རུ་སེམས་འགག་ཐེ་ཚོམ་མེང་།། སྤུ་ཡི་རྩ་བ་བརྡུངས་པ་ནི།། ལྕགས་ཀྱི་སྣོད་དུ་ཡུན་རིངས་བཙོས།། རྩིགས་མ་ཕུང་ཀཽ་ར་།། ་ཏིལ་དང་སྦྱར་བ་མཁས་པས་བཟའ།། འདི་ནི་ཟོས་པ་ཙམ་གྱིས་ཀྱང་།། སྟོབས་འཕེལ་མདངས་དང་ལྡན་པ་དང་།། ཐིག་ལེ་འཛིན་པའི་ཐབས་ཀྱི་མཆོག། སྨན་གྱི་སྦྱོར་བ་དྲམ་པའོ།། བ་འམ་ར་ཡཱི་འོ་མ་རུ།། ཀཱ་ར་ཧ་སུ་དེ ་བརླ་སྦྱར།། འདི་ནི་བཅུད་ལེན་མཆོག་ཏུ་བཤད།། ཐིག་ལྡེ་འཛིན་པ་ཉིད་ཡིན་ནོ།། བྱ་ཡི་བྲུན་དང་མི་ཁྱི་ཡི།། རུས་པ་བཞིབས་པའི་ལྡེ་གུ་ཡིས།། རྡོ་རྗེ་རྟག་པར་བསྒོ་བྱེད་པའི།། ས་བོན་འབྱུང་བར་མི་འགྱུརརོ།། ཁྱིམ་བྱའི་ཚོལ ་བུ་ཏིལ་མར་དང་།། བྱིའུ་ཡེ་ཤ་རྣམས་ཡང་དག་སྦྱར།། དེ་ཡིས་པདྨ་ལ་བསྐུས་ན།། ཚོ་བའང་ཟུམ་ནས་ཐིག་ལེ་འཛིན།། ལྡུམ་གྱི་རྩ་བ་བརླངེས་པ་ཡིས།། པདྨར་བསྐུས་ན་དེ་འཛིན་ཏོ།། ས་བོན་མི་འབྱུང་ཐབས་ཀྱི་མཆོག། ཁྱད ་པཱར་རྫས་ཀྱི་སྦྱོར་བའོ།། སྣ་ཚོགས་ཐབས་ལ་མ་རྨོངས་པས།། ནན་ཏན་བྱས་ཏེ་བཟུང་བ་དེ།། མྱུར་དུ་འབད་པས་ལུས་དྲག་དང་།། སེམས་ཀྱི་རྩལ་གྱིས་བཟློགས་པར་བྱ།། ལུས་ཀྱིས་རྩལ་གྱིས་ལྟོ་བ་བརྡེབས།། དེ་ཚེ་ངག་སྟོབས ་ཡཾ་གེ་ཧཱུཾ། ལམ་ཡིག་ཕྲེང་བར་རྒྱུད་མར་ནི།། དྲངས་པ་བསམས་པ་སེམས་ཀྱི་སྟོབས།། མིཉམ་གནས་བསྐྱོད་པའི་སྦྱོར་བ་ནི།། དགུ་པོ་ལུས་སྟོབས་ཛྫ་ཡིག་གི། ང་རོ་དྲག་པོས་མགྲིན་པ་དགང་།། མ་ཡིག་ཕྲེང་དྷ་སམས ་ཀྱི་རྩལ།། སྙིང་གནས་ལུས་སྟོབས་སྨྲིག་པ་དང་།། ངག་གི་འདྲེན་པ་ཡི་གེ་ཨཱ།། པི་ཡིག་ཕྲེང་བར་བསམས་པ་ཡི་ནི།། གསུང་གི་དབང་ཕྱུག་གནས་སུ་དྲང་།། ལུས་ཀྱི་རྩལ་གྱིས་མགྲིན་པར་དགུག། ངག་ནི་ཨོཾ་ཡིག ་འདོད་ལ་བརྩོན།། ཏཾ་ཡིག་ཕྲེང་བར་བསམས་པ་ཡིས།། ཕྱག་རྒྱ་ཆེན་པོའི་གནས་སུ་དྲང་།། སྒོ་དགུ་དགག་པའི་སྦྱོར་བ་ཡིས།། རླུང་དང་དེ་བསྲས་རྩ་མིག་དགང་།། སྡིགས་མཛུབ་འཕེན་པའི ་རྩལ་གྱིས་ཀྱང་།། ཡང་དང་ཡང་དུ་སྤྲོ་བར་བྱ།། དེ་ལྟར་སྦྱོར་བ་དེ་དག་གིས།། སྤུ་ཡི་ཁུང་བུའི་གནས་ཡང་།། བདེ་བའི་ཡང་ཤེས་གཡོས་གྱུར་ཏེ།། ཀུན་རྟོག་རྡུལ་དང་བྲལ་བར་འགྱུར།། དེ་ནས་རྣལ་འབྱོར་མཁས་པ་ཡཱི། ་དྷཱུ་ཏཱི་དཀར་པོ་སྟོང་པ་རུ།། སྙིང་གི་ལོམ་ནས་སེམས་བཅུག་པས། སྣ་ཚོགས་རྟོག་པ་ནུབ་པར་བསྒོམ།། དྷཱུ་ཏཱིའི་ནང་དུ་རང་གི་སེམས།། ཐིག་ལེའི་གཟུགས་ཀྱིས་གནས་པ་ནི།། ཐུར་དུ་ཕབ་སྟེ་ནེར་བུ་ཡི།། ནང་དུ་ཡང ་དགེ་གནས་པར་བསྒོམ།། ཐམས་ཅད་སྟོང་པ་བདེ་བ་ཆེ།། བརྗོད་མེད་རིང་བཞིན་ཤེས་དཀའ་ཞིང་།། རྣམ་རྟ་གཾ་རྦ་རླབས་ཉར་ཞི་བ།། གསལ་བའི་རོ་ལྡན་ཉམསུ་མྱོང་།། བ་སྤུ་གྱེན་དུ་ལོག་པ་དང་།། ལུས་ནི་དྲུག་ཏུ་འབར ་བ་དང་།། འདད་དང་གཱ.ོ་འགྱུར་མཆི་མ་འཛག། རྡུལ་བར་འགྱུར་བ་དེ་དག་རྟགས།། ཡང་ན་རྟག་པར་བརྒོད་པ་དང་།། ངུ་བའམ་བརྒྱལ་ཞིང་འགྱེལ་བར་འགྱུར།། རོག་པ་ལ་སོགས་རྐྱེན་ངག་ལྔ།། བདེ་བ་བཟོད་དཀའ་སྐྱེ ་བར་འགྱུར།། རྟོག་མེད་ཉམ་དེ་རྣམ་པར་སྤངས།། དགའ་བ་རྒྱས་ཤིང་ངོ་ཚ་མང་།། ཀླུ་ལེན་སྒྲ་འབྱིན་འདོར་པའི་སེམས།། རང་འབྱུང་བདེ་བའི་རོས་མྱོས་རྟགས།། དེ་ལྟར་ཡང་དག་གོམས་པ་ལས།། སྣང་བ་ཡིས་ཆེན ་པོར་འཆར།། ཕྱག་རྒྱ་མ་ལ་བལྟོས་མེད་པར།། སྒྲིབ་བྲལ་བདེ་བ་རྒྱས་པར་འགྱུར།། བཟང་ངན་བདག་དཔ་གཞན་ལ་སོགས།། ཡོད་དང་མེད་པའི་སྦྱོར་ཉིད་དང་།། འདིར་ནི་སྐྱོན་དང་ཡོན་ཏན་སྐྱེགས།། བདེ་བ་ཆེ་ལྔ་མི་མཉམ་མེད ་བསྟོད་གྲགས་རྙེད་ལྡན་བདེར་གྱུར་པ།། འདིར་ནི་སྨད་ཅིང་མ་གྲགས་དང་།། དབུལ་པོ་སྡུག་འཕོངས་གང་གྱུར་པ།། བྱེ་བྲག་མེད་པ་རྟོགས་པའི་གདེངོས།། མདོར་ན་གང་ཚེ་རྣལ་འབྱོར་པས།། རྩོལ་དང་མི་སྩོལ་ཉེར་ཞི་ཞིང་།། ་བླང་དོར་མེད་པར་གང་སྤྱོད་པ།། བྱང་ཆུབ་སྤྱོད་པ་རླབས་ཆེན་པོ།། ད་ལྟར་མ་ཉིད་བདེ་བ་ཆེ།། མཐའ་བྲལ་རྒྱུན་མི་འཆད་པ་ཨི།། ཉམ་སུ་མྱོང་བ་མ་བསྟན་པར།། སྐྱ་འཕྲུལ་ཕྱག་རྒྱ་བཟང་མོ་བརྟེན།། མི་མོ་མཚན་ཉིད་རབ་ལྡན་ཞིང་།། ་རིགས་ཀྱི་དབྱེ་བས་ཕྱུང་པོ་ནི།། རྒྱུད་ལས་གསུངས་བཞིན་རྣལ་འབྱོར་པས།། ཁ་དོག་མཚན་མ་ཀུན་ཤེས་བྱ།། འགྲོ་ཚེགས་ཆགས་སོགས་ཉོན་མོངས་དང་།། སྡུག་བསྣོལ་གདུང་བ་བསིལ་བྱེད་པ།། རྣལ་འབྱོར་མཆོག་གི་རྒྱུ ་རྣམས་ལས།། རྒྱལ་པོས་གཅིག་ཏུ་བཀའ་སྩལ་པའོ།། དམ་པའི་མོན་ངག་ལ་བརྟེན་ཏེ།། གསང་ཆེན་ཐེག་པའི་ལམ་གྱི་ཚུལ།། ཡང་དག་སྦྱར་བ་བྱས་པ་ལས།། འཇིག་རྟེན་འཁོར་བ་ནུབ་པརོ་ཤོག། པཎྜི་ཏོ་ཆེན་པོ་དོན་ཡོད ་རྡོ་རྗེའི་ཞལ་སྔ་ནས་མཛད་པ། རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ནའི་རྣལ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་རྫོགས་སོ།། ། @རྒྱ་གར་སྐད་དུ། ཀརྨ་མུ་དྲ་པ་རི་ཀྵ་ཨུ ་