| Wylie | e-texts produced with BDRC’s OCR application |
བཅའ་དང་བླ་མ་གུས་སྔོན་ལ།། ཞུས་པ་རིན་ཆེན་ལྟེ་བུ་འདི།། སྒྲོལ་མའི་ཞབས་ལྀ་གཏུགས་པར་སྨོན།། ། @།། རྒྱ་གར་སྐད་དུ། སེ་དནྟ་ཤྲཱི་ཡཾ་ཡོ་གནིརྨ་ཤློ་ཤཱ་ན ་ཀལྤ་ནཱ་མ། བོད་སྐད་དུ། དཔལ་ཨུ་རྒྱན་གྱི་རྣལ་འབྱོར་དང་། རྣལ་འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ།། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལོ།། ཤར་གྱི ་དུར་ཁྲོད་དབང་པོ་གཏུམི་དྲག་དཔག་ཚད་བཅུས་ཁོ་ར་ཡུག་ལ། དཔག་ཚད་ལྔ་ཞེང་དུ་གནས་པ། དབྱིབས་ནི་ཤིང་རྟ་རྐང་པ་གསུམ་པ་ལྟ་བུ། གཙོ་བོ་ཀླུ་སྒྲུབ་སྙིང་པོས་བྱིན་གྱིས་བརླབས། ཤིང་ནི་གསེར་མདོག་ལོ་མ་བརྒྱར ་གྱེས་ཤིང་།། ཞིང་སྤྱོང་དཀྵཪྵ་པོ་གྲི་ཐོད་གླང་ཆེན་གདོང་།། ཕྱོགས་སྐྱོང་བརྒྱ་བྱིན་གླང་རྐྱེན་གདན་རིགས་བཅས།། རྡོ་རྗེ་མཁའ་འགྲོ་པྲེ་ཏ་ཡི་དྭགས་པ།། བྱང་ཆུབ་རྒྱན་པོའི་མཆོད་རྟེན་གྱིས་འཛིམ།། ་མཐའ་ཡས་སྟོན་པོའི་ཀླུ་ནི་འདུད་བྱེད་ཅིང་།། ཐོད་པ་བརྩེགས་པའི་སྐྱིལ་བུས་ཀུན་བཀང་ཞིང་།། དོ་ནཱ་རྣལ་འབྱོར་པོའི་རྒྱལ་པོ་ཨཱརྱ་དེ་བ་ལ་སོགས་པ་ཤིན་ཏུ་མང་བ་བཞུགས་སོ།། རྣལ་འབྱོར་མེ་ནི་མཛེས་མ་དང་སྙིང་སྟོབས་ཅནྡ ་མཱ་ལ་སོགས་པའོ།། དེ་དག་ནི་རྒྱུད་གསྡང་འདུས་ཀྱི་རྗེསུ་འཇུག་ཅིང་ཀླུ་སྒྲུབ་ཡིད་ལ་བྱེད་པའོ།། ལྷོའི་དུར་ཁྲོད་གཤིན་རྗེ་འབར་བའི་ནགས་ཚལ། དཔག་ཚད་དྲུག་ཅུ་གཉིས་ཁོར་ཡུག་པ། དཔག་ཚད་བཅོ་ལྔ་རྒྱང་གྲགས་གཅིག། དབྱིཐ ་ནི་འཁོར་ལོ་འདྲ། ཌོམྦི་ཧེ་རུ་ཡིས་བྱིན་གྱིས་བརླབས། བཻ་ཌཱུརྱ་མདོག་ལོ་མ་བརྒྱར་གྱིས་ཤིང་། ཞིང་སྐྱོང་ནག་པོ་གྲི་ཐོད་མཱ་ཧེ་གདོང་། ཕྱོགས་སྐྱོང་གཤན་རྗེ་མཱ་ཧེའི་གདན་རིགས་བཅས། རིན་ཆེན་མཁའ་གྲོ་ཀྲུང་ཀ་དབང་བསྐུར ་བྱེད།། ཆོ་འཕྲུལ་སྟོནྡ་པའི་མཆོད་རྟེན་གྱིས་སུ་འཛིན།། དུང་སྐྱོང་དཀར་པོའི་ཀླུ་ནི་འདུད་བྱེད་ཅིང་།། ཐོད་པ་རུས་པ་དུམ་བུའི་སྤྱིལ་བུས་བཀོང་།། རྣལ་འབྱོར་པ་ནི་ཨ་བ་དྷཱུ་ཏིའི་དང་།། ཕག་མོ་ལ་སོགས་པའོ།། དེ་དག་ནི་གས ་འདུས་དང་། གཤིན་རྗེ་གཤེད་ནག་པོའི་རྗེསུ་འཇུག་ཅིང་ཌིམྦི་ཧེ་རུ་ཀ་ཡིད་ལ་བྱེད་དོ།། ནུབ་ཀྱི་དུར་ཁྲོད་ཆུ་དག་ཐོད་པ་ཅན་དཔག་ཚད་བཞི་བཅཝོ་བརྒྱད་ཁོར་ཡུག་ལ།། དཔག་ཚད་བཅུ་གཉིས་ཞེང་དུ་གནས།། དབྱིབས ་ནི་བ་ལང་སྐྱོང་ལྟ་བུ་ཟླུམ་པོ་སྟེ། མཁས་པ་རྟ་དབྱངས་ཀྱིས་ནི་བྱིན་གྱིས་བརླབས།། བྱི་རུའི་མདོག་ཅན་ལོ་འདབ་རྒྱས།། ཞིང་སྐྱོང་དམར་པོ་གྲི་ཐོད་ཆུ་སྲིན་གདོང་།། ཕྱོགས་སྐྱོང་ཆུ་ལྷ་ཆུ་སྲིན་གདན་རླིག་བཅས།། པདྨ་མཁའ ་འགྲོ་ཆོས་སྣརོནྡོ་ཀུནྡ་དྷཱ་རཾ། ལྷ་ལས་བཔྲ་བཱི་མཆོད་རྟེན་གྱིས་ས་འཛིན།། དམར་པོ་དགའ་བོའི་ཀླུ་རྣམས་འདུང་བྱེད་ཅིང་རོ་རྣམས་བརྩེགས་པའི་སྒྲོལ་བུས་ཀུན་བཀོང་ཞིང་། དེ་ནི་རྣལ་འབྱོར་པ་ནི་ཀུ་ཀུ་རི་པ་དང་། རྣལ ་འབྱོར་མ་ནི་སྙིང་པོའི་རྒྱུན་མཱ་དང་། དེ་དག་ཐམས་ཅད་ནི་རྒྱུད་སྒྱུ་འཕྲུལ་ཆེན་མོའི་རྗེ་སུ་འཇུག་ཅིང་། སློབ་དཔོན་རྟ་དབྱངས་ཡིད་ལ་བྱེད་པའོ།། བྱང་གི་དུར་ཁྱོད་ལུས་ངན་འཇིགས་བྱེད་དང་།། དཔག་ཚད་བརྒྱུད་ཅུ་པ ་ཁོར་ཡུག་ལ། དཔག་ཚད་ཉི་ཤུ་ཞེང་དུ་གནས། དབྱིབས་ནི་ཤིང་རྟ་རྐང་པ་བཞི་པཱ་ལྟ་བུ། སློབ་དཔོན་པདྨ་ཅན་གྱིས་བྱིན་གྱིས་བརླབས།། མར་གང་ལྡིང་མདོག་ལོ་མ་བརྒྱར་གྱིས་ཤིང་།། ཞིང་སྐྱོང་ལྗང་གུ་གྲི་ཐ~ཾད་ཁྱུ ་མཆོག་གདོང་།། ཕྱོགས་སྐྱོང་གནོད་སྦྱིན་ཁྱུ་མཆོག་གདན་རིག་བཙས།། ལས་ཀྱི་མཁ་འགྲོ་ལས་འབྱོར་དམ་ཚིག་ལ།། བཀྲ་ཤིས་བརྩེགས་པའི་མཆོད་རྟེན་གྱིས་སུ་འཛིན།། ལྗང་གུ་ཀརྐོ་ཊའི་ཀླུ་རབ་འདུད།། རོ་ཡཾ་སྤྱི ་བུས་ཀུན་ནས་བཀང་བའི་ཞིང་།། དེ་ན་རྣལ་འབྱོར་པ་ནི་བཟང་པོ་དང་།། རྣལ་འབྱོར་མ་ནི་བརྡུང་མ་ལ་སོགས་པའོ།། དེ་དག་རྒྱུད་དགྱེས་པ་རྡོ་རྗེའི་རྗེསུ་འཇུག་ཅིང་སློབ་དཔོན་མཆི་སྐྱེས་རྗེསུ་དྲན་པར་བྱེད་དོ།། ཤར ་དུར་ཁྲོད་མེ་མཚམས་དཔལ་འདྲེན་དཔག་ཚད་བཅུ་གཉིས་ཁོར་ཡུག་ལ།། དཔག་ཚད་གསུམ་ནི་ཞེང་དུ་གནས།། དབྱིབས་ནི་སྐྱེས་པ་གཞོ་ནུའི་ལག་མཐིལ་ལྟ་བུ་སྟེ། གཙོ་བོ་ས ་ཧ་ཡིས་བྱིན་གྱིས་བརླབས།། ཤིང་ནི་ཨ་མཱིའི་མདོག་ཅན་ལོ་འདབ་རྒྱུས།། ནཱི་སྐྱོང་སེར་བི་གྲི་ཐོད་ར་སྐྱེས་གང་།། ཕྱོགས་སྐྱོང་མེ་ལྷོར་སྐྱེས་གདན་རིག་བཅས།། སྣ་ཚོགས་མཁྲི་འགྲོ་རོ་ལངས་སྦྱིན་སྲོག་བྱེད་།། པདྨ ་སྤུངས་པའི་མཆོད་རྟེན་གྱིས་སུ་འཛིན།། དཀར་པོ་པདྨ་ཆེན་པོའི་ཀླུ་ཊ་བ་འདུད།། ཡི་དགས་རོ་ཡི་སྤྱིལ་བུས་ཀུན་བཀང་ཞིང་།། ད་ནི་རྣལ་འབྱོར་པོ་ནི་གྷཱ་ན་ཀ་ན་ཀ་དང་།། རྣལ་འབྱོར་མ་ནི་པདྨ་རྡོ་རྗེ་ལ་སོགས་པའོ།། དེ་དག་ནི ་རྒྱུད་བདེ་མཆོག་འཁོར་ལོའི་རྗེ་སུ་འཇུག་ཅིང་དཔལིཾ་ས་ར་ཧཱ་པཱཾ་ཎེ་སུ་དྲན་པར་བྱེད་པའོ།། ལྷོ་ནུབ་ཀྱི་དུར་ཁྲོད་དབང་ལྡན་ཧ་ཧཱ་སྒྲོགས་ཞེས་པ་དཔག་ཚད་དྲུག་ཁྱོར་ཡག་ལ། དཔག་ཚད་བཞི་ནི་ཞེང་དུ་གནས།། དབྱིབས་ནི ་པདྨ་དཀར་པོ་ཁ་བྱེ་བ་ལྟ་བུ་སྟེ། དཔལ་མཆོག་ནག་པོ་ཞབས་ཀྱི་བྱིན་གྱིས་བརླབས།། ཨིནྡྲ་ནཱི་ལེའི་ཤིང་ནི་ལོ་འདབ་རྒྱས།། ཞིང་སྐྱོང་ནག་པོ་གྲི་ཐོད་མི་ཡི་གདོང་།། ཕྱོགས་སྐྱེང་སྲིན་པོ་ཡི་དགས་གདན་རིག་བཅོས།། ་དམི་ཚིག་མཁའ་འགྲོ་གྱང་རྣམས་ཉེ་བར་སྟོན།། བདུད་འདུལ་ཆེན་པོའི་མཆོད་རྟེན་གྱིས་ས་འཛིན།། གཟི་ཅན་དཀར་དམར་མདོག་ཅན་ཀླུ་རབ་འདུད།། ཀེང་རས་ཡི་དགས་ལོ་མའི་སྤྱིལ་བུས་གང་།། དེ་ན་རྣལ་འབོར ་པ་ནི་བྲམ་ཟེ་སྟོབས་ཅན་གྱི་བུ་རྣལ་འབྱོར་པ་གསེར་མདོག་ཅན་དང་། རྣལ་འབྱོར་མ་ནི་བཞིན་ཁྲོ་མ་ལ་སོགས་པའོ།། དེ་དག་ནི་རྒྱུད་སྙིང་པོ་གཉིས་དང་། རྟ་མཆོག་གི་རྒྱུད་ཀྱི་རྗེ་སུ་འཇུག་ཅིང་དཔལ་ནག་པོ་ཞབས ་རྗེས་དྷུན་པཱར་བྱིང་ངོ་།། ནུབ་བྱང་དུར་ཁྱོད་བདེན་བྱུལ་མུན་ཆེན་ཞེས་པ་དཔག་ཆུདང་བཅུ་བཞི་པ་ཁོར་ཡུག་ལ། དཔག་ཚད་བཅུ་གཉིས་ཞིང་དུ་གནས།། དབྱིབས་ནི་ཆུ་ཡི་རི་མོ་འཁྱོལ་པ་ལྟ་བུ་སྟེ།། མཁས་པཱ་ཀུ ་པས་བྱིན་གྱིས་བརླབས།། ཤོལ་གྱི་མདོག་ཅན་ཤིང་ནཱི་ལ་འང་བ་རྒྱུས།། ཞིང་སྤྱོད་སྔོན་པོ་གྲི་ཐོང་ཤ་བའི་མདོག། ཕྱོགས་སྐྱོང་རླུང་ལྷ་ཤ་བའི་གདན་རིག་བཅོས།། ཐམས་ཅད་མཁའ་གྲོ་གསང་བའི་ཆོས་སྟོན་ཅིང་།། གཙུས ་ཕུད་དག་པའི་མཆོད་རྟེན་གྱི་ས་འཛིན།། པདྨ་དཀར་པོའི་ཀླུ་ནི་རབ་ཏུ་འདུད།། རྩཝ་སྤྱིལ་རུས་པའི་རྒྱན་སྤྲས་ཀྱིས་གང་ཞིང་།། དེ་ནི་རྣལ་འབྱོར་པ་ནི་རྒྱུན་ཏུ་ཞུགས་པ་དང་།། རྣལ་འབྱོར་མ་ནི་ཞིང་ལ་སོགས་པའོ།། དེ་དག་ནི་རྒྱུད ་རྣལ་འབྱོར་མའི་རྗེ་སུ་འཇུག་ཅིང་དཔྲལ་ཀུ་ཀུ་ར་ཎེ་སུ་དྲན་པར་བྱ་།། བྱང་ཤར་གྱི་དུར་ཁྲོད་རླུང་དུ་ཅ་ཅོ་སྒྲོག་ཅེས་པ་དཔག་ཚད་ཉི་ཤུ་ཁོར་ཡུག་ལི།། དཔག་ཚད་ལྔ་ནི་ཞེང་དུ་གནས།། དབྱིབས་ནི་དགེ་སློང་གི་ལྷུང་བཟེད་ལྔ་བུཾ ་སྟེ། མཁོ་འགྲོ་རྡོ་རྗེ་ཕག་མེས་བྱིན་གྱིས་བརླབས།། རིན་ཆེན་དུང་བཟློག་ཤིང་ནི་ལོ་འདབ་རྒྱས།། ཞིང་སྐྱོང་དཀར་ཤམ་གྲི་ཐོང་རྟ་ཡི་གདོང་།། ཕྱོགས་སྐྱོང་འབྱུང་པོ་རྟ་ཡི་གད་ནི་རིག་བཅས།། འཇིག་རྟེན་མཁའ་གྲོ་བསྐྱོད་ཅིང ་གཏོར་མ་འཛིན།། ཆོས་ཀྱི་འཁོར་ལོའི་མཆོད་རྟེན་གྱིས་ས་འཛིན།། ནོར་འཛིན་ན་རོས་མདོག་ཅན་ཀླུ་རབ་འདུད།། སོ་ཕྲག་བརྩེགས་པའི་སྐྱིལ་བུས་ཀུན་བཀང་ཞིང་།། དེ་ན་རྣལ་འབྱོར ་པ་ནི་དཔལ་ཧེ་རུ་ཀ་པ་དང་། རྣལ་འབྱོར་མ་ནི་བདག་མེད་མ་དང་།། བདུད་རྩི་མ་ལ་སོགས་པའོ།། དེ་ནི་རྒྱུད་ཁ་ས་མ་ཡ་ན་མཁའ་དང་མཉམ་པའི་རྗེ་སུ་འཇུག་ཅིང་། རྡོ་རྗེ་ཕག་མོ་རྣཾ་སུ་དྲན་པར་བྱེད་དོ།། དཔལ་དབུ་རྒྱན ་གྱིས་རྣལ་འབྱོར་པ་དྲང་རྣལ་འབྱོར་མའི་རང་དང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། སློབ་དཔོན་བིརྱ་བ་པས་མཛད་པ་ལས་བཏུས་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱིཛྫི་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ་