| Wylie | e-texts produced with BDRC’s OCR application |
གི་ལསེ་ག་ལས་ལ་སྦྱར།། ཁ་ཡཾ་གདོད་པ་སྲུང་མངའ་ནག་མོ་ཞེས་བྱ་བ། སློབ་དཔོར་རྟག་པའི་བཛྲས་མཛད་པ།། ། རྗེ་བཙུན་སྒྲོལ་མ་ཐུགས་རྗེ་སྒྲོལ།། དངོས་གྲུབ་སྒྲོལ་མ ་གུས་བཏད་དེ།། ཕྱག་འཚལ་སྐྱབས་འགྲོ་བྱིན་གྱིས་རློབས།། བླ་མ་རྣམས་ལ་ཕྱག་འཚལོ།། རྗེ་བཙུན་སྒྲོལ་མ་དངོས་གྲུབ་བླ་ན་མེད་པའི་གསང་ལྟར་བསྒྲུབ་པའི། སྒྲུབ་ཐབས་ཀྱི་མན་ངག་མེ་ཏོག་གི་ཕྱེད་པ་ལྟ་བུའི་མན་ངག་ནི། ་འདིར་ཆེས་འདི་ལ་མོས་ཤིང་གུས་པས།། སྐྱེ་བ་འདི་ཉིད་ལ་སྒྲོལ་མའི་གོ་འཕང་ཐོབ་པར་འདོད་པས། རྒྱུ་བཞི་སྟེ་འཁོར་བ་ལ་གཤེད་མར་མཐོང་བ་དང་། ཟས་ནོར་ལ་དུག་དུ་མཐོང་བ་དང་། འཁོར་བའི་ལས་འབྲས་བུ་ངན་སོང ་གསུམ་དུ་མཐོང་བ་དང་། བྱིས་པ་དོན་མེད་ཅིང་འབྲལ་ཞིང་མི་རྟག་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་འདོད་པ་ཚད་པས་གདུངས་པ་ཆུ་འདོད་པ་ལྟ་བུ་བརྩོན་འགྲུས་ཅན་དེ་ལ་འབྱུང་གི། གཞན་ལ་མ་ཡིན་པས། ་ཀུན་ལ་སྤེལ་ན་རང་གི་དམྦ་ཚིག་ཉམས་ཤིང་དངོས་གྲུབ་རིང་ལ་དོན་མེད་པར་འགྱུརརོ།། དེ་ཡང་སྡོམ་པ་གསུམ་གྱི་ལུང་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་བྱས་ལ། ལམ་དུ་བླངས་ནས་སངས་རྒྱས་སྒྲོལ་མ་ཐོབ་པར་འདོད་པ་ལ་དོན ་གསུམ་སྟེ། བསྐྱེད་པའི་རིམ་ཐུན་མོང་པ་ཡིན་པའི་ཚོགས་ལམ་དང་།། རྫོགས་པའི་རིམ་པ་ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་ལམ་དང་། གཞན་མོ་དད་པ་བཟློག་པ་ལས་ཚོགས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་གསུམ་མོ།། སྒྲུ ་ཐབས་བཞིན་བསྐྱོད་རིམ་རྫོགས་ནས་རང་གི་ཐུགས་ཀའི་ཉི་ཟླའི་སྟེང་དུ་ཏཾ་ལྗང་སྔོན་མཐའ་མར་དཔེའ་མོ་འབྲུ་ལྔའི་འོད་ཟླ་འདོག་ལྔའི་འད་ཀྱིལ་རློན་ལྔར་བསམས་ནས། སྔགས་བཟླས་ཏེ། དམིགས་པ་དེ་ལ་བལྟས་པས་འོད་འཕྲོས་ཏེ། འགྲོ ་བ་ལྔའི་རྒྱུད་སྦྱངས་པ་དང་། རང་གི་དུག་ལྔ་སྦྱངས་བསྲེགས་ཏེ། འགྲོ་བ་དྲུག་གི་ས་བོན་ཡེ་ཤེས་ལྔའི་འོད་ཀྱིས་བསྲེགས་པས། སེམས་ཅན་གྱི་དོན་ཐ་མི་དད་པའོ།། སླར་འདུས་པ་ལས། རང་གི་ཕུང་པོ་ལྔ་རྡོ་རྗེ་སྒྲོལ་མ་དང་། ་ཁ་མ་སྐལ་མྱུ་དང་། ན་ཆེན་སྣལ་མ་ང་ལ་དང་། ལས་རྦྦ་སྒྲོལ་མར་གྱུར་པ་དང་།། སྣརུང་ལ་ར་བནན་མང་པ་དང་། གསལ་ལ་འཛིན་པ་མེད་པ་བསྒོམ། ཐུན་པ་ནན ་བས་བྱའོ།། དེའི་གྲོགས་གཏོར་མ་དང་། མཆོད་པ་དང་། བསྐོར་བ་དང་། མཎྜལ་དང་། བསྟོད་པ་དང་། གཟུངས་དང་ཚེ་ཚ་གདབ་པ་ལ་སོགས་པས་བསྐངས་ཏེ། བསྐྱེད་རིམ་ལམ་དུ་བསླང་བའོ།། རྫོགས་པའི་རིམ་པ་བསྒོམ ་པཱ་ལ་དོན་བཞི་སྟེ། སྣ་ཚོགས་ལམ་ཁྱེར་དང་། ཉི་མ་ལམ་ཁྱེར་དང་།། ན་མཁའ་ལམ་ཁྱེར་རོ།། སྣ་ཚོགས་ནི་རྒྱ་ཆེ་སྟེ། སྐར་མཱ་ལྟར་སྣང་བ་སྣ་ཚོགས་འདི།། གཟུང་བའི་ཡུལ་ཚོགས་སྡང་གཉིས་ལ་བརྟེན་ནས། ངན་སོང ་གི་སྡུག་བསྔལ་མྱོང་བར་བྱེད་པས། དེ་ཟིལ་གྱིས་མནན་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ།། མྱ་ངན་འདས་པའི་ཆོས་ཀྱིང་རྨི་ལམ་ལྟ་བུར་ཤེས་པར་བྱ།། དེ་ལས་ཆེས་ལྷག་པའི་ཆོས་ཅིག་ཡོད་ནའང་། སྒྱུ ་མ་ལྟ་བུ་རྨི་ལམ་ལྟ་བུར་ཤེས་པར་བྱའོ།། དངོས་པོར་རླུང་རྒྱུད་པའི་ཞེན་པ་ལོག་སྟེ། རྒྱུ་མར་ཤེས་པས་གཟུང་བས་སྟོང་ཞིང་འཛིན་པས་དབེན་པ་ཐབས་ལྷའི་རྣལ་འབྱོར་དང་། ཤེས་རབ་སྟོང་པ་དེ་རྒྱུ་སྟོང་པ་དབྱེར་མེད ་པ་ལམ་ཡིན་པར་རྒྱལ་བའི་བཀའ་ལོས་གསུངས་སོ།། དེ་བས་ན་ལྷའི་ལུས་སྒྱུ་མ་ལྟ་བུ་དང་། ངག་སྔགས་འབྲུག་སྒྲ་ལྟ་བུ་དང་། སེམས་ཏིངེ་འཛིན་གསལ་བ་ན་མཁའི་ངོ་བོར་འདས་པ་ནི། རྫོགས་པའི་རིམ་པའི་ལམ་དང ་པོའོ།། ལམ་གཉིས་པ་ཉི་མ་ནི། ལུས་ཀྱི་སྒྲོལ་མ་བསྒོམ་སྟེ། འབྱུང་བ་རིམ་པར་བརྩེགས་ལ་སྒོ་གཉིས་བཅུང་ལ།། བདག་པོ་ནང་དུ་བསྡང་ལ། ཁང་པ་དབུས་མར་མེ་སྒྲོན་བཏང་ལ་གདུགས་ཀྱི་འོད་ཕབྲ་ལ། ལམ ་པོ་ཆེ་ནས་འཐོན་ཏེ། ཡུལ་བཞི་རུ་གནས་ལ། ཕྱི་རོལ་ཐམས་ཅད་ལ་མི་སྤྲད་པར་བྱས་ལྔ། མར་མེ་རླུང་གིས་བསྐྱོད་པར་བྱས་ལ། རཱང་གི་དགོས་པ་ནོར་བུ་རིན་པོ་ཆེ་དེ་ལ་རྐུན་མོས་མི་ཁྱེར་བའི་མེལ་ཚེ་ལ་བརྩོན ་པར་བྱས་ལ།། དབུལ་འཕོངས་པར་མི་འགྱུརརོ།། གསུམ་པ་ཐབས་ཁྱད་པར་ཅན་གྱི་ལོམ་གྱིས།། སངས་རྒྱས་མྱུར་དུ་ཐོབ་པར་བྱ་བ་ནི། མིའི་བུ་མོ་ཤེས་རབ་སྒྲོལ་མ་བསྟན་ལ་བྱ་སྟེ། དབང་པོ་འབྲིང་པོ་རྟོག་པ་ཟིལ ་གྱིས་མནན་པ་ནི། ཚད་དང་ལྡན་པའི་བུ་མོ་དང་། དམ་ཚིག་ཏུ་ལྡན་པ་གསང་སྤྱོད་ཀྱི་རྟེན་དང་།། འབའ་ཡུལ་ལོས་སུཾ་རླུང་བའི་ཕོ་ཉས། སྟེང་འོགོ་ལས་ཐམས་ཅད་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེ་ཆུ་བཞིན་ཕྲ་བ ་ནས་དོན་དམ་དང་གཉིསུ་མེད་པའི་སེམས་རྫིང་བཞིན་དུ་བསྐྱིལ་ལ། ཕྱི་ནང་གཟུང་འཛིན་སྣ་ཚོགས་ཐམས་ཅད་སྐད་ཅིག་མ་ཡེ་ཤེས་ཀྱི་འོང་དུ་བསྡུས་ནས། བདེ་བོ་ཆེན་པོར་བསྒོམ། སྒོ་ལྔ་ཡུལ་ཐམས་ཅད་བཞི་རུ ་བསྡུས་ལ་དེ་ཡང་གཅིག་གི་ངོ་བོར་གསལ་བ་ཐུར་དང་ཐུན་མཚམས་སུ་བཅད་ལ་བསྒོམ་མོ།། དབང་པོ་རབ་ཀྱི་དབང་དུ་བྱས་ན། ནམ་མཁའ་ལམ་ཁྱེར་བསྒོམ་པར་བྱ་སྟེ། རྟེན་མེད་ལམ་དུ་འཇུག་པ་ནི། ནམ་མཁའ་རྣམ ་པ་གསུམ་སྟེ། རླུང་གི་ན་མཁའ་དང་། ཕྱིའི་ན་མཁའ་དང་། བར་སྣང་གི་ནམཁའོ།། ནང་གཱི་ན་མཁའ་ལ་གཉིས་ཏེ། ཤེས་པར་བྱ་བ་ལ་གསུམ་དང་། བཞུག་པར་བྱ་བ་ལ་གསུམ་མོ།། ་ཤེས་པར་བྱ་བ་གསུམ་ནི། ཕྱི་ནང་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱ་བ་དང་། སེམས་ཉིད་སྤྲོས་པ་ཉེ་བར་ཞི་བ་དང་། དེ་བདེ་ཚོན་ཟུང་འཇུག་འོད་གསལ་བའོ།། བཞག་པར་བྱ་བ་གསུམ ་ནིནང་ཟབ་མོའི་གདན་ཚི་གོས་གསུམ་སྟེ། བླ་མི་དམ་པའི་གདམས་ངག་གིས་ཐོག་མ་པར་གསུམ་དབྱིབས་དང་ཁ་དོག་དྲོས་གཟུང་རྟེན་བཙལ་བ་ལ་སོགས་པ་དང་། ཟབ་མོ་དབང་གི་དུས་དང་། སྣང་སྟོང་དབྱེར་མེད་ཀྱི ་མཚམས་ནི་གཉུག་མའི་སྒྲོལ་མ་སྟེ། འཁོར་བ་ལས་སྒྲོལ་བའི་སྒྲོལ་མའོ།། ཕྱིའི་ན་མཁའ་ལ་བཞི་སྟེ། དཔེ་དོན་ལ་བསྲེ་བ་དང་། དྲོན་དཔེ་ལ་བསྟིམ་པ་དང་། དེ་གཉིས་དབྱེར་མེད་དུ་གནས་ལ་གནས་པ་དང་། ་ཉིད་གསུམ་གཅིག་ཏུ་གོ་བར་བྱ་བའོ།། བར་སྣང་གི་ན་མཁའ་ལ་དྲུག་སྟེ། བེམོས་པོའི་སྣ་རྩེ་དང་། འོད་ཀྱི་སྣ་རྩེ་དང་། དྲན་པའི་སྣ་རྩེ་དང་། དུས་ཀྱི་སྣ་རྩེ་དང་། དབྱིབས་ཀྱི་སྣ་རྩེ་དང་། མྱོང་བའི་སྣ་རྩེ་དང་། ཐུན ་དུ་བཅད་ལ་བསྒོམ་པའོ།། དེ་དག་ལ་འབད་པས་བསྐྱེད་པའི་རིམ་པ་བརྟན་ཞིང་ཞལ་མཐོང་བ་དང་། སྣང་རྟགས་ཐམས་ཅད་སྒྱུ་མར་མྱོང་བ་དང་། ངོ་བོ་མ་སྐྱེས་པའི་ཆོས་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནིས། མཐོང་བ ་ངག་ནས་ས་དང་ལམ་ལ་འཇུག་སྟེ། མཐར་ཕྱིན་པར་འགྱུར་རོ།། ད་ནི་གསུམ་པ་ལས་ཀྱི་ཚོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པས། འགྲོ་བ་མ་དང་པ་དད་པར་བྱ་བ་དང་། དད་པ་ཕྱིར་མི་ལྡོག་པར་བྱ་བ ་དང་། སྐྱེ་བོ་ངན་པ་བསྟན་པ་ལྔ་སྡང་བ་ཚྭར་བཅད་པར་བྱ་བའི་ཕྱིར། ཕན་གདགས་དང་ཚར་བཅད་པར་བྱ་སྟེ། རྒྱལ་བའི་བཀའ་དང་བླ་མའི་གུང་མས་ངག་གི་རྗེ་སུ་འབྲང་སྟེ། སྣོད་དང་མི་མཚུངས་པ་རྣམས ་བསྟན་པོ་ན་རང་ངན་སོང་དུ་འགྲོ་སྟེ། སྔོན་གྱི་པཎྜི་ཏ་རྣམས་སོང་བའི་གཏམ་རྒྱུད་ལས་ཤེས་པར་བྱའོ།། མཚམས་མེད་པ་བྱེད་པའི་སྐྱེ་བོ་བུ་མ་དང་ཆོས་ཀྱི་བར་ཆད་བྱེད་པ་དེ། ཁ་སྦྱོར་དབྱེ་བར་འདོད་ན། བདག་རྗེ ་བཙུན་མའི་བསྒྲེང་རིམས་བརྟན་པ་དང་། ཐུགས་ཀའི་འཁོར་ལོ་འབུམ་ཚེ་དྲུག་འཐོན་པས་དེས་ཤེས་རབ་ངོས་ནི་དུས་ཀྱི་གནིང་དང་སྦྱར་བ་སྟེ། རྗེ་བཙུན་མ་འབྱུང་བ་ལྔའི་ལྷ་མོ་དེས་ཡང་མོ་ལྷ་གཏམ་གྱི་ངོ་བྱོར་རྒྱུ ་བཱ་རཱི། ཁྲོ་མོ་ཚུན་མོ་དབྱིངས་ཀྱི་འོད་ཀྱིས་གྲི་གུག་གིས་སྙིང་ནས་དཱལ། སྔགས་ལ་ཆེ་གེ་མོ་ཨ་ལུ་ཀ་མཱ་ར། ཞེས་པ་ནི་གཉིས་ཞེས་བྱའོ།། བཀུག་སྟེ་ཀ་པཱུ་ལཱར་བཅུག་སྟེ། རལ་གྲིས་གཏུབ་སཱ་ལ། ཁོའི་སྲོག་རླུང ་གི་དོན་སྙིང་ལྔ་སྲོག་པ་རྩོ་ནས་དྲངས་ནས། ཁྲོ་མོའི་ཞལ་དུ་གསོལ་ཏེ། ཤ་ཟོས་ཁྲག་རྔུབས་རུས་པ་འཆེས། ཤེས་པ་རླུང་ལ་བསྟིམས་པ་སྟེ། ལྷ་མོའི་ཐུགས་ན་མཁའ་སྟོང་པར་ཕྱལ་གྱིས་གཏང་སྟེ། ནམ ་ཕྱེད་ན། བརྒྱ་འམ་སྟོང་དུ་བྱ། ཉིན་ཕྱེད་དང་། ཐོ་རངས་སུ་བྱས་ན། བསྒྲུབ་བྱ་ལུས་སེམས་ཁ་སྦྱར་ཕྱེད་པར་འགྱུར་རོ།། ད་ནི་འདོད་པའི་ཡོན་ཏན་ལྔ་སྟེ་བཟའ་བ་དང་བཏུང་བ་དང་། དྲི་ཞིམ ་པ་དང་གོས་དང་། ཡུལ་དང་མི་ཡིད་དུ་འོང་བ་དང་། དགྲ་དང་ཐམས་ཅད་དབང་དུ་རང་ཇི་ལྟ་བར་བསྒྲུབ་པ་ནཱི། ཡིད་བཞིན་ནོར་རྙེད་པ་ལྟ་བུ་སྟེ། རྣལ་འབྱོར་པ་ཆོས་ཀྱི་བར་ཆད་འཚོ་བས་མི་འབྱུང་བ་ནི། སྔར་བསྟན་པ་ལྟ་བུ ་ཐུགས་ཀ་ནས་ཉི་ཟླའི་སྟེང་ན་འོད་ཟེར་ལྡེའི་འཁོར་ལོ་གནས་པ་ལས། འོད་ཟེར་ལྔ་འཕྲོ་སྟེ་རང་གར་འདོད་པའི་རང་གི་ཀ་པཱ་ལ་དུམ་བུ་གཅིག་པ་མཛེས་ཤིང་རྒྱ་ཆེ་བའི་ནང་དུ་འོངས་པར་བསམས་ཏེ། ཐམས་ཅད་རང་གི ་སིདྡྷི་ཧཱུཾ་ཞེས་འོངས་པར་བསམས་པ་ཙམ་གྱིས།། རྒྱལ་པོའི་བསོད་ནམས་ཙམ་ཡང་འབྱུང་བར་འགྱུར་རོ།། དེ་བས་ན་ཡིད་དུ་འོང་བ་ཐམས་ཅད་ལ་ཞེས་པའོ།། དེ་གང་གིས་འགྲུབ་ན་ལྷ་གསལ་བ་དང་། ངག ་བརྟན་པས་སྟེ་བཟླས་པས་འགྲུབ་པ་དང་། དུས་ཀྱི་གནད་ལ་དལ་སོ་ནུས་པ་ངེས་སོ།། ད་ནི་རྣལ་འབྱོར་པ་འཇིགས་པ་ཆེན་པོ་བརྒྱད་དང་། མི་རྒོད་མ་རུངས་པ་བཅིང་ཞིང་བཟློག་པར་བྱ་སྟེ། དབེན་པར་བག ་ཡོངསུ་རྒྱུ་བ་ནི། བདག་གང་ཡང་རུང་བའི་ལམ་དུ་རྒྱུ་བའི་དུས་སུ། གོམ་པ་འབོར་ཁར་རྗེ་བཙུན་སྒྲོལ་མ་ཡང་ལ་དྲན་པར་ཝལ་གྱིས་བྱ་བ་དང་། གཡས་པའི་རོགས་པོ་སྤངས་ལ། དེ་མ་ཡིན་པའི་རོགས ་ཀྱིས་ཐུང་ཀར། སྤྱི་གཙུག་ཨུཏྤ་ལའི་ཕྱག་རྒྱ་བཅིང་ལ། ཡི་དམ་གྱི་གསོལ་བ་གདབ། གོས་ཀྱི་བཤམ་གྱི་སྣ་ལ་ནང་གྲི་ཡི་གེ་པཾ་ལས་པདྨའི་སྟེང་དུ་ཏཾ་ལྗང་སྔོན་བསམས་ལ། དེའི་འོད་ཀྱི་འཇིགས་པ་བརྒྱད་གང་འོང་དུ་བོས ་པ་དེ་གོས་ཁུང་དུ་ཧྲིལ་གྱི་དྲིལ་ལོ། རྒྱུ་བ་གཉིས་ཀ་བཅད་ལ། བསྒྲུབ་བྱ་མཚམས་ཚུན་ཆད། ཕྱག་མཚན་རུས་ཕྲེང་གིས་བཅད་དེ།། འགུལ་མི་ཤེས་པར་བྱས་ནས།། ལམ་གྱི་ས་ཚུམས་ཅིག་བཏུམས་ལ་སྔགས ་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་།། མདུད་པ་དམར་པོ་བཅིངས་ལ་སྔགས་ཨ་མུ་ཀཾ་པཱ་ཤཾ་མ་ནཱ་ཡཽ་སྭཱ་ཧཱ། དེ་རྣམས་རིས་འཇོག་མ་ཡིན་པར་དུས་གཅིག་ཏུ་བྱ་བའི་མན་ངག་གོ། འཇིགས་པ་ཐར་ནས་མདུད་པ་མ་དཀྲོལ་ན ་སྡིགྲྀ་པ་ཆེའོ།། རྟེན་འབྲེལ་དེ་རྣམས་ཚད་ནི་ཐེ་ཚོམ་མེདོ།། ད་ནི་ཤེས་རང་བློ་འཕེལ་བསྒྲུབ་པར་བྱ་སྟེ། ཡང་སྦྱར་བསྟན་པའི་རྣལ་འབྱོར་དང་ལྡན་པས། ཆོས་ཀྱི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་བྱ་བ་ནི། ཚེས ་གཅིག་ནས་གཟུང་ན། ཙན་ཏྲ་རུས་པའི་བར་དུ་སྒྲུབ་པར་བྱ་སྟེ། ཞག་ལྔར་ཆུ་གཙང་ལ་སྔགས་བཏབ་ཏེ། ཐོ་རངས་དུས་ཀྱི་གནཱད་ལྀ་སྦྱར་སྟེ་བཏུང་ངོ་།། དེ་ནས་ཞག་ལྔར་དཀར་གསུམ་ལ་བཏགས་ཏེ་དུས་གསུམ་དུ་བཏུང་ངོ་།། ་དེ་ནས་ཞག་ལྔར་སྐྱུར་རྩི་གཞན་གྱིས་མ་འབགས་པི་ལ་སྔགས་བཏབ་ལ་བཏུང་སྟེ། དེའི་སྔགས་ནི་འདིའོ།། ཨོཾ་པྲདྡྷི་པུཥྚིཾ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་མཐར་རྟེན་གྱིས་བཟླས་ཏེ། ཐོ་རངས་འཐུངས་ན་འགྲུབ་པོ།། ནཱ་མ་རེ་རཱཤློ་ཀ ་སུམ་སྟོང་ཟིན་ནོ།། གལ་ཏེ་མ་གྲུབ་ན་ཡོན་ཏན་ལ་སོགས་པ་སྟེ། སྔར་བསྟན་པ་ལྟར་བསྙེན་པ་གྲུབ་ནས། རང་ཇི་ལྟར་འདོད་པ་བཞིན་དུ་འདོད་པ་བཞིན་དུ་འདྲོད་པ་ཐམས་ཅད་བསྒྲུབས་ནས། ་རྟེན་ལྷ་མོ་བྱིན་བརླབས་ལྡན་པ་ལ། གཡོན་པའི་ས་དང་། མེའི་དུས་སུ་མཆོད་པ་དང་། གཏོར་མས་མཉེས་པར་བྱས་ལ། བསྟོད་པ་དང་གསོལ་བ་བཏབ་སྟེ། སྔགས་ཀྱི་མཐའ་རྟེན། དེ་མ་ཏ་རེ་ཨེ་ཀཾ་ཛ་ཊི་མ་ནི་སདྡྷི་ཧཱུཾ་ཞེས་པས་འགྲུབ ་པོ་ཆུ་ཤེལ་གྱི་སྦྱོར་བ་བཞིན་ནོ།། གཞན་ཡང་འགྲོ་བུ་ཐམས་ཅད་དབང་དུ་བསྡུ་བར་འདོད་ན། སྔགས་འདི་མཐར་བརྟེན་བྱ་སྟེ། ན་མོ་བྷ་ག་ཝ་ཏེ། ཨུཥྞཱི་ཥ་ས་དྷཱ་རེ་དྷ་ར་ན་ཏྲི་ཡཻ་སྭཱ་ཧཱ། ག་ཝ~ཾ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ནས་དཔྲལ་བར ་ཐིག་ལེ་བྱས་ན། གང་ལ་ལྔས་པ་དེ་དགའ་བར་འགྱུརརོ།། མིག་རྫས་ལ་ལྀན་བརྒྱ་རྩ་བརྒྱད་བསྡིགས་ཏེ། མིག་ལ་བཀུག་ནི་གང་འཕྲེད་པ་དེ་དགའ་བར་འགྱུར།། ཆུ་ཁྱོར་གང་ལཾ་སྔགས་ལན་བདུན་བཟླས་ཏེ། འཐུངས་ན་མྲ་སླང་བར་ཟས ་རྙེད་པར་འགྱུརརོ།། ཚོགས་ཀྱི་ནང་དུ་འགྲོ་ན། རང་གི་གོས་ཀྱི་མཐའ་མ་ནས། ལོག་པ་གཡོན་པས་བཟུང་ལ་ཉི་ཤུ་རྩ་གཅིག་བཟླསྣ་ཏེ་ཕྱིན་ན་ཚིག་བཙན་ཞིང་བདེན་པར་འགྱུརརོ།། ཤགས་འདེབས་ན་ལན་ཐེབས་ཤིང་མི་འདའ་བར ་འགྱུརརོ།། ལམ་དུ་འགྲོ་ན་དུས་དང་སྦྱར་ན་དོན་ཐམས་ཅད་འགྲུབ་པར་འགྱུརརོ།། གཟུངས་རིངས་རྟག་ཏུ་བཟླས་ན། བདུད་དང་ནག་པོའི་ཕྱོགས་ཀྱི་མི་ཚུགས་ཤིང་། དགྲ་དང་བགེགས་ཀྱིས་མི་ཐུབ་པར་འགྱུར་རོ།། གཞན་ཡང་ཕན་ཡོན ་དང་། ཕན་ཡོན་གྱིས་ཉམས་སུ་བླང་བའི་མན་ངག། བླ་མ་དམ་པ་རྣམས་ལས་ཇི་ལྟར་ཤེས་པར་བྱའོ།། ལས་ཚོགས་པའོ།། སངས་རྒྱུན་ཀུན་གྱི་ཐུགས་རྗེ་ཉེར་བསྡུས་པ།། རྗེ་བཙུན་སྒྲོལ་མ་དྲན་པས་འདོད་སྒྲུབ་མ།། དེའི་སྒྲུབ་ཐབ ་དཀའ་འགྲེལ་མན་ངག་ཉམ་སུ་བླང་ཐབས་འཇུག་ཚུགས་འདིས།། མུན་པཱ་བསལ་ནས་འགྲོ་བའི་དོན་བཀོད་བདག་གིས་སློབ་པར་ཤོག། རྗེ་བཙུན་མཱ་སྒྲོལ་མའི་མིན?་ངག་མེ་ལོང་དངས་པ་ཞེས་བྱ་བ་རྫོགས་སོ།། ་བེམས་པོའི་སྣ་རྩེ་དང་འོད་ཀྱི་དང་། དྲན་པའི་དྲང་། དུས་ཀྱི་དང་། དབྱིབས་ཀྱི་དང་། མྱོང་བའི་སྣ་རྩེའོ།། རྟག་པའི་བཛྲ་ནས་བརྒྱད་པའི་དངོས་གྲུབ་བརྟན་གཟིགས་ཀྱི་རྒྱུད་བསྐོར་འདི།། རྨ་དང་བ་རི་གཉིས་ཀྱི་ལུགས།། དྷརྨྨ་ཀཱིརྡྷ་ཞེས་བྱ་བས ་བཅའ་དང་བླ་མ་གུས་སྔོན་ལ།། ཞུས་པ་རིན་ཆེན་ལྟེ་བུ་འདི།། སྒྲོལ་མའི་ཞབས་ལྀ་གཏུགས་པར་སྨོན།། ། @།། རྒྱ་གར་སྐད་དུ། སེ་དནྟ་ཤྲཱི་ཡཾ་ཡོ་གནིརྨ་ཤློ་ཤཱ་ན ་