| Wylie | e-texts produced with BDRC’s OCR application |
བཻསྒྱུར་བའོ།། །། ། རྒྷ་གཱརསྐད་དུ། ཀཱུ་རུ་ཎ་སཱ་དྷཱ་ནཱཾ་ཀཱརྨབཽ། བོད་སྐད་དུ། ཐུགས་རྗེ་སྦྲུལ་མ་ལས་སྣ་ཚོགས་པའི་སྒྲུབ་ཐབས། རྗེ་བཙུན་མ་སྒྲོལ་ལ་ལ་ཕྱག་འཚལོ།། དབེས་པའི ་གནས་སམ་ས་ཕྱོགས་སུ།། སྲོག་ཆགསྣ་སྦྱངས་པའི་ས་ལ་ནི།། རིན་ཆེན་འབྲུ་ལ་དྲི་དང་བཅས།། ཆུ་གཅིང་ལ་ནི་སྔགས་ནི་བཟླས། ཨོཾ་ཧཱཾ་ཏྲཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། བརྒྱ་རྩ་བརྒྱད་དང་བཟླས་ལ་གདབ།། དེ་ནས་འཇམ ་པ་སྦྱང་བྱས་ལ།། རང་ཉིད་ལྷ་ཡི་ང་རྒྱལ་གྱིས།། སྙིང་གའི་སྔགས་ལ་ལྔ་འཕྲོས་པས།། འཇིམ་པ་འོད་ལྔ་དག་ཏུ་འགྱུར།། དེ་ལས་འོད་འཕྲོས་འཇམ་པ་ཡི།། ཕྱིན་བརླབས་བསྡུས་ཏེ་དེ་ལ་བསྟིམ།། དེ་ནས་འབ་འབི ་པ་དང་།། སྒྲོལ་ཡ་སྔགས་ཀྱིས་འོད་ཀྱིས་སྦྱང་།། སྔགས་འདིས་ཚ་ཆ་གདབ་པར་བྱ།། ཨོཾ་ཧྲྀ་ཏྲ~ཾ་ཧཱུཾ་ཕཊ་ཧྲཱིཿཱ་ཡུཾ་བཛྲ་ཀཱ་ཡ་ཙིདྷ་ཧཱུཾ། སྒྲོལ་མ་འོད་ཀྱི་སྒོར་གསལ་ནས།། ཡེ་ཤེས་དགུག་དང་གཞུག་པ་དང་།། མཆོད ་པ་བསྟོད་པ་རྒྱས་པར་བྱ།། མེ་ཏོག་ལ་ནི་རྟེན་འབྲེལ་སྔགས།། ལན་བདུན་བཟླས་ཏེ་གཏོར་བས་ནི།། རབ་ཏུ་གནས་པར་བྱེ་བའོ།། རྟེན་ལ་བསྐོར་བ་བྱེད་པ་ནི།། ལྷ་ཡི་ང་རྒྱལ་ལྡན་པ་ཡིས།། སྙིང་གེའི་སྔགས་ལས ་འོད་འཕྲོས་པས།། རྟེན་དེ་སྟོང་པ་ཉིད་དུ་བསམ།། སྟོང་པའི་དང་ལས་མཾ་ལས་ནི།། པདྨ་འདབ་བརྒྱད་བསམ་པར་བྱ།། དེ་སྟེང་ཧཱུཾ་སྔོན་ཞུ་བ་ལས།། ཐོད་པ་གྲི་གུག་སྐུ་རུ་བསམ།། སྙིང་གར་སྦྱར ་ཀྱི་འཁོར་ལོ་ལུས།། འོད་འཕྲོས་སངས་རྒྱས་ཐམས་ཅད་དགུག། བསྟིམ་ལ་མཆོད་པ་བསྟོད་པ་བྱ།། དེ་ནས་བསྐོར་བ་ཐུ་མལ་གྱིས།། བསྟོད་དང་སྔགས་བཟླས་གུས་པར་བྱ།། ཏིང་འཛིན་ལྕེ་ཡི་ཐུགས་ཀ་ནས།། འོད ་བྱུང་བདག་ལ་ཕོག་པ་ཡིས།། སྒྲིབ་དག་སྒྲོལ་མའི་སྐུ་རུ་གསལ།། སྔགས་འདིས་རབ་ཏུ་བསྐོར་བར་བྱ།། ཨོཾ་ཧྲཱིཾ་ཏྲཾ་ཧཱུ~ཾ་ཕཊ་ཨོཾ་ཨཱརྠཧཱུཾ་སྱ་ཏི་ས་མ་ཡ་ཧཱུཾ་ཕཊ། དེ་ལྟར་བསྐོར་བའི་ཆོ་གའོ།། སྦྱིན་སྲེག་ཆོ་ག་བྱ་བ་ནོ།། ཡ ་གྱི་དྲོ་ཡི་ཚེས་བརྒྱད་ནས།། ཉ་ཡི་བར་དུ་བརྩམ་པར་བྱ། སྣོད་གཅོཏྤ་རས་ཀྱི་སྡོང་བུ་ལ།། མར་དཀར་གྱིས་ནི་མཱརི་མེ་སྦར།། མེ་ལོང་ཁུང་དུ་ཏིལ་ལ་ནི།། སྡིག་པ་ཡ་ན་གཟུགས་བྱས་ལ།། མདུན་དུ་བཞག་ལ་སྤྱི ་བོརརྱ་ནི།། ཀཾ་བསམས་ཞུ་བས་ལུས་ལ་ཐིམ།། དེ་ཡི་འོད་ཀྱིས་བདག་གིས་ནི།། སྡིག་པ་ཐམས་ཅད་བཤང་བ་ཡི།། ལམ་ནས་སྡིག་གཟུགསྡེ་དེ་ལ་བཱསྟིམཱ།། མེ་མར་ཧཱུཾ་ལས་སྒྲོལ་མན་བསྐྱེད།། ཡེ་ཤེས་དགུག ་ལ་སོགས་པ་ནི།། སྔོན་གྱི་ཇི་བཞིན་ཤེས་པར་བྱ།། དེ་ནས་སྡིག་པ་སྔགས་འདིས་བསྲེག། ཨོཾ་ཧྲཱིཿཏྲ~ཾ་ཧཱུཾ་སྭརྦྦ་བྷཱ་བ་ད་ཧ་ཤཱན་ཏཾ་ཀུཾ་སྭཱ་ཧཱ། མཐབ་སྲིན་གཉིས་ཀྱིས་སྡིག་པ་བསྲེག། བརྒྱ་རྩ་བརྒྱད་དུ་བྱ་བར་གསུངས ་སེར་བ་སྲུང་བའི་ཆོ་ག་ནི།། བསྙེན་པ་མངོན་རྫོགས་རྣལ་འབྱོར་པས།། ཡུངས་ཀར་མེ་ཏོག་སྔོན་པོ་ལ།། སྔགས་བཏབ་ན་མཁའི་ཕྱོགས་སུ་གཏོར།། ཨོཾ་ཧོདྡྷི་ཧཱུཾ་རཀྵ་ས་མཱ་ཡ་བྷཱུ་ཏཱི་དྷ་རེ་ཧུ~ཾ་ཧུཾ་ཧཱུ་ཕཊ་ཕཊ་རཱཝཱ་ཡ~ཾ་ང་རྒྱལ་ལྡན་པས ་སུ།། སྐུ་གཟུགས་མདུན་དུ་མཆོད་པ་དང་།། གསོལ་བ་གདོབ་ཅིང་འབད་པ་བྱ།། ཁྲོ་མོ་ལྷ་ལ་བསྟོད་པ།། ཆོས་ཉིད་མཉམ་པའི་ངང་ལས་ཀྱང་།། མཛེས་མ་སྒྲིལ་མ་མཆོག། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད།། སྐུ་མདོག་དྲག་པོའི ་ཁྲོ་ཚུལ་ཅན།། བོང་ཐུང་གསུས་འཕྱང་འགྱང་བག་ཅན།། མགོ་ཕྲེང་བརྒྱ་ཡིས་སྐུ་ལ་བརྒྱན།། དུར་ཁྲོད་རོ་ཡི་དཀྱིལ་ན་བཞུགས།། སྐུ་གསུམ་འཆང་བའི་ལྷ་མོ་ཁྱོད།། ཞལ་གཅིག་སྤྱན་གསུམ་ཧེ་ཧེའི་སྒྲ།། ཡན་ལག་ཀླུ་བརྒྱད ་རྒྱནྡ་དང་ལྡན།། སྐུ་སྨད་སྟག་གི་པགས་པས་དཀྲིས།། ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས།། ཕྱག་བཞི་དང་པོ་ཕྲེང་བ་སྟེ།། ཐུགས་རྗེ་འགྲོ་འདྲེན་གྲི་གུག་གིས།། ཉོན་མོངས་བག་ཆགས་རྩེ་དུ་ནས་གཅོད།། མཛེས ་པའི་རང་རྟགས་ཨུཏྤལ་དང་།། ཐོད་པ་དུག་ལྔ་རྣམ་འཇོམས་རྟགས།། ཁྲོ་མོ་ཁྱོད་ལ་དུས་གསུམ་དུ།། བདག་ནི་དྲན་བགྱིད་སྐྱབས་སུ་མཆི།། དུས་རྣམས་གདུག་པའི་བར་ཆད་རྣམས།། ཞི་བར་ཁྲོ་མོ་ཁྱོད་ཀྱིས་མཛོད།། ་རྨ་གར་བསིལ་བའི་སང་ལྡེང་ཕུག་དུ་སློབ་དཔོན་རྟག་པའི་བཛྲས་མཛད་པ་རྫོགས་སོ།། ། མཁས་པ་ཆེན་པོ་བ་རི་ལོ་ཙ་བས་བསྒྱུར་བའོ།། ་