CLOSE WINDOW

GT611: thugs rje sgrol ma'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

མཛད་པའོ།། ། རྒྱ་གརརཱ་སྐད་དུ། ཀཱ་རུ་ཎ་ཏཱ་རཱ་སཱ་དྷཾ་ནཾ། བོད་སྐད་དུ། ཐུགས་རྟ་སྒྲོལ་པའི་སྒྲུབ་ཐབས་ཞེས་བྱ་བ། ཐུགས་རྗེ་ཉེ་འགྱུར་ཁྲོ་མོ་ལྷ་མོར་སྟོན།། མཐོ་རིས་ཐར་པའི་བགེགས་རྣམས ་སྒྲོལ་མཛད་མ།། འཇིགས་པ་ཆེན་པོ་བརྒྱད་སྐྱོབ་ཅིང་།། འདོད་ཡོན་ལྔའི་གདུང་བ་སེལ།། ཕྲིན་ལས་བཞི་ཡས་འགྲོ་དོ་ནི་མཛད།། རྟག་ཏུ་སེམས་ཅན་མདུན་དུ་ཞུགས།། གསོལ་བ་བཏབ་པས་མི་བསླུ་བའི།། སྒྲོལ་མ ་རལ་གཅིག་མ་ལ་འདུད།། བླ་མ་བརྒྱད་པའི་བཀའ་དྲིན་གྱིས།། སྙུནྡ་རྒྱུད་ཞལ་ནས་ལུང་བསྟན་པའི།། སངས་རྒྱས་ཉིད་ཀྱི་གསུངས་པ་ནི།། གཉིས་པོ་འབྲལ་འདོད་དོན་དུ་བྲི།། གསང་བ་བས་ཀྱང་ཆེས་གསང་བ།། ཟབ ་པ་བས་ཀྱང་ཟབ་པ་ཉིད།། མཆོད་པ་བཞིན་དུ་འདོད་པ་ཡིས།། ཐེག་ཆེ་ན་རིགས་ལྡན་སྨན་པཾ་དེས།། ལྷ་ཡི་མཚན་མ་དུར་ཁྲོད་དང་།། ཁང་སྟོང་དབེན་ལ་བཀྲ་ཤིས་པོར།། མཆོད་ཡོན་ཞལ་ཟས་ལྡན་པ་ལ།། བསྡ ་བྱ་བསྡམ་པར་བྱས་ནས་ཀྱང་།། འཇམ་པའི་སྟན་ལ་འདུག་ནས་ནི།། སྐད་ཅིག་ལེགས་ཉན་བདུན་པོ་གསལ།། འོད་ཀྱི་སྲིད་ཀྱི་གསུམ་གསལ་ནས་སུ།། བསྡུས་ཏེ་ཐམས་ཅད་སྟོང་སྔགས་གསལ།། དང་པོ་པདྨ་དམརྱ་པོའི་སྟེང་།། ་སི་བོན་པདྨ་ནང་དུ་ཧཱུཾ།། གྲི་གུག་ཧཱུཾ་བཅས་བྱུང་བ་ནི།། རལ་གཅིག་སྒྲོལ་མ་རྗེ་བཙུན་མ།། གཡོན་བརྐྱང་མགོ་བོ་ཕྲེང་བས་བརྒྱན།། ཐུང་ཞིང་གསུས་པ་འཆང་ལྡིར་འཇིགས།། པདྨ་སྔོན་པོ་རློ་ཡ་གདན།། ཕྱི་ནང་གསང ་བའི་སྐུ་མདོག་འཆིང་།། ཞལ་གཅིག་སྤྱན་གསུམ་ཧེ་ཧེ་བཞད།། ཀླུ་བརྒྱད་སྟག་གི་པགས་པས་དཀྲིས།། བཅུ་དྲུག་གཉིས་པ་འོ་མས་བརྒྱན།། ལྔས་བརྒྱན་ལྗགས་འདྲིལ་མཆེ་གཙིགས་འཇིགས།། རུས་ཆེན་ཕྲེང་བ ་རལཱ་གྲི་གུག། རང་རྟགས་བདེ་སྐྱོང་ཁམ་རིལ་གཅིག། དམར་ཟླུབ་མེ་སྐྱུག་ཕུང་པོ་ཅན།། དབུ་བརྒྱན་དུར་ཁྲོད་རིན་ཆེན་སྤྲས།། དགུག་དང་གཞུག་དང་མཆོད་བསྟོད་ནས།། ཡི་གེ་གསུམ་ནི་སྔགས་ཆེན་པོ།། ཕཊ་ནི་མཐའ ་རུ་སྙིང་ཀར་གནས།། འོད་ཟེར་ལྔ་དྲོང་མཉམ་དུ་མཚུངས།། མི་ཤེས་བུད་ཤིང་བསྲེག་པའོ།། རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ནས།། དེ་ཡི་བཏུ་བའི་ཆོ་ག་བཤད།། དང་པོ་ས་ཡི་ཕར་ཕྱོགས་སྦྱིན།། དབྱངས་ཡིག་བཞི་པས་རྣམ ་བརྒྱན།། ར་ལ་ཞོན་ཅིང་འཕྲོ་བའི་འོད་།། ཐིག་ལེ་ཟླ་ཚེས་ཡང་དག་ལྡན།། དེ་ནསེ་ཏྲཾ་ཡིག་སྦྱིན་པར་བྱ།། བཞི་པ་ཉིད་ཀྱི་རྣམ་པར་བརྒྱན།། རིང་པོ་དག་དང་ཡང་དག་ལྡན།། ཧཱུཾ་ཡི་གཽ་ཡང་ནི་སྦྱིན་པར་བྱ།། ཕཊ་ཀྱི་ཡི་གེ་དེ་ནས ་སྦྱིན།། ཡོངས་རྫོགས་གྲུབ་པའི་སྔགས་ཉིད་དོ།། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས།། དྲུག་པ་གསུམ་ན་འགྲུ་བ་བར་འགྱུར།། གསུམ་ཁ་གསལ་ཞིང་བརྟན་པས་སོ།། ། ་མཆོག་ཐུགས་གསུམ་སྟེ་ཁ་དོག་ལྔ།། ལྷ་སྦྱངས་ལྔ་གསལྔ་ལྔ་རུ་འགྲུབ།། ན་མཁའ་འབྲུག་སྒྲ་སྦྱིན་སངས་བི།། ཉི་མ་ཟླ་བ་གསལྔ་ཞིང་རྒྱས།། ཤེས་རབ་ངོས་ན་གནས་པ་ཡིས།། འབྱུང་བའི་ལྷ་མོ་གཤེགས ་བྱོན་ནས།། རང་ཉིད་དབྱིབས་ཀྱི་རྣམ་པ་ཡི།། གཉིས་ཀྱི་གཅིག་ཏུ་གཏུབས་ལ་རོལ།། ལཱུ་ལུས་ལྔ་འཕྲོས་ལྔ་བཀུག་ལ།། བྷ་གར་ཐིམ་ནས་ལོངས་སྤྱོད་བདེ།། ཡིད་དུ་འོང་བ་ཐམས་ཅད་ལ།། དབྱིབས་དང་ངག་ནི ་བརྟན་པས་བྱ།། རྒྱུ་བོའི་བར་ཚོད་མི་རྒོད་དང་།། ས་དང་རྣལ་མ་སྐྱེ་ཚེར་དང་།། དབྱུང་པོའི་ཏིང་འཛིན་སྔགས་དང་བཅས།། གསལ་ན་ཐེ་ཚོམ་མི་བྱའོ།། གཅིག་ནས་ཕྱེད་དུ་འཇམ་དབྱངས་བསྒྲུབ།། ཆུ་གཙང་དཀར་གསུཾ ་སྦྱར་རྩི་ལ།། སྔགས་བཟླས་བསྒྲུབས་ཏེ་ཐོ་རངས་བཏུང་།། རིགས་གསུམ་གཙོ་བོར་ལྟ་བུར་འགྱུར།། ཨོཾ་པྲཛྙཱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ།། བན་ཡོན་བཞིན་དུ་འདོད་པ་ཡིས།། སྐུ་གཟུགས་སྦྱིན་སྔརྱ་མཆོད་པ་དབུལ། ་རྒྱུ་བ་བཟང་དུས་གསོལ་བཏབ་འགྲུབ།། བར་ཆོད་གཟུངས་ཀྱི་ཞི་བར་འགྱུར།། ཨ་མུ་ཀི་པ་ཤ་མ་ན་ཡ་སྭཱ་ཧཱ།། ཚངས་པ་ཁྱབ་འཇུག་ཉི་ཟློས་ཉི་ཟླས་ཀྱང་།། དྲག ་ཕྱོགས་སྐྱོང་འདོད་ལྷས་ཀྱང་།། བ་སྤུ་རྩེ་མོ་གནོང་མི་ནུས།། འཆི་བདག་ལས་རྒྱལ་འགྲོ་བུ་བཞིན།། སྒྲ་དཀར་གཉེར་མ་སྐད་ངན་ནཱང་།། དབུལ་བ་ལ་སོགས་མདོར་བསྡུས་པ།། ནང་སོགས་འཇིགས་པ་ཆེ་བརྒྱད་དུ།། སྡུག ་བསྔལ་རབ་ཏུ་འཇོམས་པར་བྱེད།། བསྐུལ་བ་མེད་པར་གྲོས་བཏུང་དང་།། ཁང་བཟངས་རིན་ཆེན་གཡོགས་དང་འདུ།། རལ་གྲི་དང་ནི་མིག་སྨན་དང་།། རྐང་པ་བུམ་པ་བཟང་སོགས་འགྲུབ།། ཚོགས་བཅད་མཁན་དང་སྙན་རིགས ་མཁན།། བློ་རྣོ་ཤེས་རབ་དྲི་མཽད་འགྱུར།། གཞན་ཡང་ཅི་འདོད་དངོས་གྲུབ་ལ།། འཁོར་ལོ་ལས་ནི་འབྱུང་བར་འགྱུར།། བདག་ལ་དྲི་བའི་མཐུ་མེད་ཀྱང་།། བཀའ་དང་བླ་མའི་གདམས་པ་ཡིས།། རལ་གཅིག་མའི་སྒྲུབ་ཐབས ་ཐབས་བགྲོད།། འགལ་གཟིགས་མཁས་རྣམས་བཟོད་པ་མཛོད།། དང་པོའི་ལས་ཅན་དམན་དང་བར་མ་མཆོག་དག་ལྔས།། དངོས་གྲུབ་སྐལ་པ་སོ་སོར་མོས་པ་རྣམས།། དད་ཅིང་མོས་པ་ཐམས་ཅད་མཐར་ཕྱིན་རྩེ་མོ་དགོད ་པར་བྱ་ཕྱིར་བྲིས།། ཕན་ཡོན་དགོས་པ་འདི་ཡི་སྣ་གླང་གིས་བསྒྲུབས་པ་མྱུར་དུ་འགྲུབ་པར་ཤོག། ཐུགས་རྗེའི་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་ཕྲེང་བ་ཞེས་བྱ་བ། སློབ་དཔོན་རྟག་པ་བཛྲ་མཛད་པ་རྫོགསོ།། ་རྒྱ་གོར་གྱི་མཁན་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། བོད་ཀྱི་ལོ་ཙ་བ་མཁས་པ་བཻ་རི་སི་རྒྱ་དཔེ་བོད་དུ་སྤྱན་དྲངསེ་ནས། བཾ་སྤུག་རོང་གི་གསེར་ཁང་དུ་བསྒྱུར་ཞིང་གཏན་ལྀ་ཕབ་པའོ།། ་