CLOSE WINDOW

GT603: sgrol ma khros pa'i ba ling gi gtor ma
Wyliee-texts produced with BDRC’s OCR application

མེད་པར་བསྒྱུར་བའོ།། ། ལྷ་མོ་རལ་གཅིག་མ་ལ་ཕྱག་འཚལ་ལོ།། སྒྲོལ་མ་ཁྲོ་མོའི་བ་ལིང་གི་གཏོར་མ་ལཱ་སྔགས་འདིས་ལན་གསུམ་མཱམ། བདུན་གྱིས་དབུལ་བར་བྱ་སྟེ། ་སྔགས་ནི་འདི་ཡིན་ནོ།། ཨོཾ་ཧྲཱིཿཱི་ཀ་ཛྙཱ་ཊི་ས་མོ་ཡ། ན་བྷྲྀ་ན་སཱ་ཧ་ནཱ་སྠཱ་གྷྲི་ཀུ་རུ་པུཉྩི་ཀུ་རུ་མ་ཧེ་དཀྵ་ཀ་ནཱ་གཱ་རཱི་པ་ཏ་ཡཽ། ཨི་མཾ་བ་ལཱྀ་གྲྀཧྞ་གྲྀཧྞ། གྲྀཧྞ་པ་ཡ། གྲྀཧྞཱ་པ་ཡ། པ་ར་མིརྱ་ཀྲ་ས་བྲུ་ཊ་བྲུ་ཊ། ཙྪིནྡ་ཚིནྡ། བིནྡ་བོནྡ། ཨོཾ་ཨཱཿཧཱུཾ་ཕོཊ ་སྭཱ་ཧཱ་ཞེས་པས་ཕུལ་ལ། དེ་ནས་རྡོ་རྗེ་དབྱངས་ཅན་མ་ལ་བདག་གི་དོན་ལ་གསོལ་བ་གདབ།། རྗེས་མི་དམིགས་པས་རྒྱས་གདབ།། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ།། སྒྲོལ་མ་ཁྲོས་པོའི་བ་ལིང་གི་གཏོར་མ་རྫོགས།། ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ནཱ་ཤྲཱྀ་ལས། འགྲེན་གྱི་ཁྱད་གསར་དུ་རང་འགྱུར་དུ་མཛད་པའོ།། ། འཕགས་མ་སྒྲོལ་མ་རྡོ་རྗེ་དབྱངས་ཅན་མ།། བ་ལིང་གཏོར་མ་ཕུལ་བ་བཞེས་ནས་སུ།། འགྲོ་རྣམས་མ ་ལུས་མ་མུན་པོ་བསལཱ་ནས།། ཤེས་རབ་བློ་ཡི་པདྨ་ཁ་འབྱེད་ཤོག། དམར་མོ་རབྷི་འཇིགས་ན་མཁའི་མདོག། ཞལ་གཅིག་ཕྱག་བཞི་སྤྱང་སྟབས་མཛེས།། མྱི་ཤེས་ཡིད་འཇོམས་ལྔ་བཏུང་།། གཞུང་དོན་བསྒོམ་རིམ་འདི ་གསལ་བྱ།། དང་པོ་ཁོ་ནར་རིག་པ་དང་ལྡན་པའི་གང་ཟག་གོས།། དུར་ཁྲོད་ངམ་ཕྱི་ནང་གི་རྟེན་སྟོབས་ལྡན་བཞུགས་པ་འམ།། རབ་ཏུ་དགའ་ཞིང་དབེན་པའི་ས་ཕྱོགས་སུ་གནས་ཁང་བྱི་དོར་བྱ།། རྟེན་དང་མཆོད་པ་དངོས་སམ ་ཡིད་ཀྱི་རྣམ་འཕྲུལ་གྱིས་བཀོད་དེ། བུ་ཆུང་གི་རོ་འཇམ་ཞིང་གཉེན་པ་དྲི་ཞིམ་པོའི་ཆུས་བཀྲུས་ལ།། མྱེ་ཏོག་གི་ཕྲེང་བ་བཏགས་ལ། རང་ཉིད་བདེ་བར་གནས་པ་འམ། དེ་མེད་ན་ཡང་སྟན་འབོལ་བ་ལ་གནས་ཏེ། བདག་གིས་རལ ་གཅིག་མ་བསྒྲུབས་ལ། རང་གཞིན་གྱི་མི་ཤེས་པའི་མུན་པ་རྣམ་པར་གཞོམ་པར་བྱའོ་སྙམ་དུ་བསམ་མོ།། དེ་ནས་སྐད་ཅིག་གིས་རྣམ་པ་ཀུན་ཏུ་རྟོག་པའི་ཚོགསུ་རང་སརརྱ་དག་པའི་ཏིང་འཛིན་ལ་མཉམ་པར་བཞག་གོ། དེའི ་རྗེས་ལ་སྤྱི་བོ་མགྲིན་པ། སྙིང་ག་གསུམ་དུ། ཨོཾ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུཾ་སྐྱོན་པོ་དང་གསུམ་ཤིན་ཏུ་གསལ་བར་བལྟ་ཞིང་། འོད་ཟེར་གྱི་ཚོགས་སྤྲོས་པས་འགྲོ་བའི་མི་ཤེས་པའི་མུན་པ་རྣར་བཅོམ་ནས ་གནས་གསུམ་གྱི་ཡི་གེ་ལ་བསྡུས་ལ། སྐུ་གསུང་ཐུགས་རྣམ་དག་ཅིང་འཕོ་འགྱུར་མེད་པའི་ཏིང་འཛིན་བསྒོམ་པར་བྱའོ།། དངོས་པོ་འམ་མཚན་མ་ཐམས་ཅད་རང་གི་ངོ་བོས་སྟོང་པའི་དོན་དེ་ཉིད་བལྟ་བར་བྱ་བའི་ཕྱིར། ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱིཏྨ་ཀོ་ཧྲི། ཞྭ་བརྗོད་ཅིང་། དངོས་པོ་དང་མཚན་མའི་བག་ལ་ཉལ་ཕྲ་མོ་ཙམ་ཡང་མེད་པའི་ཏིང་འཛིན་ལ་གནས་པར་བྱའོ།། དེའི་ངང་ལུས་ཨཱཿདང་ཊ་རིམ་གྱིས་གྱུར་པ་ལས། པདྨ་དོམར ་པོ་དང་ཐོད་པ་ཁྲག་གིས་བཀང་བ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་སྔོ་ཞིང་དངས་པར་བལྟ་བར་བྱའོ།། ཧཱུཾ་ཡོངསུ་གྱུར་པ་ལས་གྲི་གུག་གི་ཡུ་བ་ནས་ཉི་མའི་སྟེང་ན་ཧཱུཾ་གནས་པའོ།། དེ་ཡོངསུ་གྱུར་པ་ལས ་