| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨེ་ཀ་ཛྙཱ་ཊཱི་སྭ་དྷ་ནཱཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་ཐབས། རལ་གཅིག་མ་ལྔ་ཕྱག་འཚལོ།། གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་རོ་ཡི་སྙིང་དང་རྐང་མནན་ཁྲོ་བོའི ་གད་མོས་བསྡིགས་མཆོག་མ།། རལ་གཅིག་ཨུཏྤལ་གྲི་གུག་ཐོད་པ་གཡས་གཡོན་ཕྱག་ལྡན་ཧཱུཾ་ཡིག་ས་བོན་ལས་བྱུང་མཆོག། མི་ཐུང་ཐོད་མོ་རལ་པ་ཁམ་པ་རྒྱས་པའི་ཐོར་ཅོག་དྲག་མོ་ཀླུ་ཡཱིས་རབ་བརྒྱན་མ།། འགྲོ་བ ་གསུམ་གྱི་མུན་པ་ལ་གངྒ་རོ་ལ་གདན།། སྒྲོལ་མ་དྲག་མོ་རང་གི་བསོད་པར་ཤོག། རྒྱན་ནག་ལས་བྱུང་སྲིད་པ་གསུམ།། སྒྲོལ་བྱེད་སྒྲོལ་མ་ལྔ་བཏུད་དེ།། བླ་མ་རྣམས་ཀྱི་མན་ངག་བཞིན།། དེ་ཡི་སྒྲུབ་ཐབས་བདག་གིས ་བརྗོད།། མཚན་མ་གཅིག་གམྦ་དུར་ཁྲོད་དམ།། དུས་ཀུན་དུ་ནི་ཁང་སྟོང་དུ།། རབ་ཏུ་མཁས་པའི་རྣལ་འབྱོར་པས།། སྤྱོད་པ་མཐར་ཕྱིན་རིག་མུ་སྒྲུབ།། བུ་ཆུང་རོ་འཇམ་ལ་གནས་སམྦ།། ཡང་ན་གདན་འཇམ་འབོལ ་བ་ལ།། ཀུན་ཏུ་གནས་ཏེ་རྣལ་འབྱོར་པས།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། སྐད་ཅིག་རྣམ་པའི་རྣལ་འབྱོར་པས།། ཡང་དག་རྣལ་འབྱོར་ལ་འདུག་ནས།། གནས་གསུམ་རྡོ་རྗེ་གསུམ་བསྒོམས་ལ།། དེ་ནས ་འོད་ཟེར་འཕྲོ་བར་བྱ།། སྲིད་གསུམ་སྤྱོད་པའི་སེམས་ཅན་རྣམས།། གསལ་བར་བྱས་ལ་ཚུར་དགུག་ཅིང་།། བསྔོས་རྗེས་ཡང་ནི་བསྒོམ་པར་བྱ།། སྣ་ཚོགས་ཀུན་ལས་སྟོང་པ་ཉིད།། དེ་ནས་རྒྱལ་བའི་སྔགས་བརྗོད ་སྟོང་ཉིད་སྒོམ་ཞིང་དེ་དང་ལས།། ཨཱ་ལས་མཚོ་སྐྱེས་དམར་པོ་བལྟ།། དེ་ཡི་སྟེང་དུ་ཡང་བསྒོམ་པ།། ཌྷཾ་ཡིག་ལས་བྱུང་པདྨའི་སྣོད།། དེ་ཡི་དབུས་སུ་ཡང་ནི་བསྒོམ།། ཧཱུཾ་མཛད་ཡི་གེ་སྔོན ་པོ་སྟེ། དེ་ནས་ཧཱུཾ་མཛད་ལས་སྐྱེས་པའི།། གྲི་གུག་ས་བོན་གྱིས་བརྒྱན་པ།། གྲི་གུག་ཡོངསུ་གྱུར་པ་ལས།། བདག་ཉིད་སྒྲོལ་མ་རབ་ཏུ་བསྒོམ།། གཡས་བསྐུམ་གཡོན་བརྐྱང་འཇིག་སུ་རུང་།། མགོ་ཡི་ཕྲེང་བ་འཕྱང་བྲ་མོ།། མིའུ ་ཐུང་འཇིགས་བྱེད་གསུས་པ་སྦོམ།། སྔོན་མོ་མཚོ་སྐྱེས་ཀྱིས་བརྒྱན་མ།། ཞལ་གཅིག་སྤྱན་གསུམ་ལྡན་མ་ནི།། ཁྲོ་བཞང་སྡིགས་བྱེད་ཤིན་ཏུ་གསལ།། ཀུན་ནས་དགའ་བྱེད་རོ་ལ་གནས།། ཀླུ་བརྒྱད་རྣམ་པརླ་བརྒྱན་པ་སྟེ།། སྤྱན་རྩ ་དམར་ཞིང་ཟླུ་མོ་པའོ།། སྐུ་སྨད་སྟག་གིས་པགས་པོ་གཡོགས།། ལང་ཚོ་དར་བབ་ཕུན་ཚོགས་མ།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། ཞལ་ནས་ལྕགས་འགྲིལ་འཇིགས་ལྡན་མ།། མཆེ་བ་གཙིགས་ཤིང་གཡོན་དུ་གཟོགས།། ་གཡོན་དུ་གཟིགས།། གཡས་པས་རལ་གྲི་གྲི་གུག་འཛིན།། གཡོན་པས་ཨུཏྤལ་ཐོད་པ་འཛིན།། དབུ་སྐྲ་ཁམ་པ་དྲག་པོས་བརྒྱན།། སྤྱི་གཙུག་མི་བསྐྱོད་རྣམ་པར་བརྒྱན།། སྒོམ་གྱི་སྟོབས་ཀྱིས་རྫོགས་པ་ན།། རྣམ ་འབྱོར་མཁས་པ་ཆེན་པོར་འགྱུར།། གལ་ཏེ་རྨོངས་པ་བེམས་པོ་ཡང་།། སྒོམ་གྱི་རོ་ལ་དབང་གྱུར་ནས།། འབུམ་ཕྲག་སྔགས་ནི་བཟླས་པ་ཡིས།། འཇམ་པའི་དབྱངས་དང་མཚུངས་པར་འགྱུར།། སྔགས་ཆེན ་འདི་ནི་ཡི་གསུམ།། ཕུཊ་ཡིག་མཐའ་ཅན་སྙིང་ལ་གནས།། འོད་ཟེར་ལྷ་དང་ཡང་དག་ལྡན།། མི་ཤེས་བུད་ཤིང་སྲེག་བྱེད་པ།། རྣལ་འབྱོར་སྤྱོད་པས་རྗེས་འབྲངས་ནས།། དེ་ཡི་བསྡུ་བའི་ཆོ་ག་བརྗོད།། དང་པོ་ས་ཡི་ཕྱི་མ ་གཟུང་།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། གསལ་ཞིང་འབར་བ་ར་ལ་ཞོན།། ཟླ་ཚེས་ཐིག་ལེས་རྣམ་པར་བརྒྱན།། དེ་ནོསྭ་ཏཾ་ཡིག་སྦྱིན་པར་བྱས།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། ཧཾ་ཡིག་དབྱིངས་ཡིག་དྲུག་པསྒོ་བརྒྱན ་ཡང་དག་ཉིད་དུ་སྦྱིན་པར་བྱའོ།། དེ་ནས་ཕཊ་ཡིག་སྦྱིན་པར་བྱ།། གྲུབ་པ་འམ་སྔགས་ནི་ཡོངསུ་རྫོགས།། མཁས་པས་རྭལ་གྲི་སྟོད་ས་རུ།། མི་རུས་ཕྲེང་པོ་བསྒོམ་པར་བྱ།། སྤྲོ་དང་བསྔོ་བའི་རྣལ་འབྱོར་གྱིས།། སྔགས་མཆོག ་ཡང་དག་བཟླས་པ་བྱཱ།། བརྟན་པའི་སེམས་ཀྱིས་བསམ་པོར་བྱ།། པཎྜི་ཏ་བདག་སྙན་ངག་མཁན།། སྒོམ་སྟོབས་རྒྱུན་ནི་མ་ཆད་ན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། སྒྲོལ་མའི་སྒྲིབ་ཐབས་བྱས་པ་ཡིས།། བདག་གི་བསྐྱོད ་ནམས་གང་བསགས་དེས།། རྒྱལ་བའི་བསྟན་པར་སྐྱེ་བོ་རྣམས།། སྙན་ངག་མཁན་དུ་འགྱུར་བར་ཤོག། འདི་ནི་བློ་གྲོས་རབ་བསྒྲུབ་མ།། རྟག་པའི་རྡོ་རྗེས་བྱས་པ་ཡིན།། མཁས་པ་ཆེན་པོ་པཎྜི་ཏསྟྲ།། འདི་ལ་ཤིན་ཏུ་བཟོད ་པར་འོས།། རྒྱ་ནག་ལས་ནི་བྱུང་བ་ཡི།། སྒྲོལ་མའི་སྒྲིབ་ཐབས་ཡོངས་སུ་རྫོགས།། ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་འོན་འདའི་སྐུ་གྲོང་དུ་ལྷའི་སྐད་ལས་བོད་ཀྱི་བརྡའ་ལ་འཁྲུལ་པ ་མེད་པར་བསྒྱུར་བའོ།། ། ལྷ་མོ་རལ་གཅིག་མ་ལ་ཕྱག་འཚལ་ལོ།། སྒྲོལ་མ་ཁྲོ་མོའི་བ་ལིང་གི་གཏོར་མ་ལཱ་སྔགས་འདིས་ལན་གསུམ་མཱམ། བདུན་གྱིས་དབུལ་བར་བྱ་སྟེ། ་