| Wylie | e-texts produced with BDRC’s OCR application |
ཐབས་དང་ཤེས་རབ་ཡོན་ཏན་ལྡན།། སྒྲོལ་མ་ལ་ནི་རྟག་ཏུ་འདུད།། འགྲོ་ལ་བུ་བཞིན་རྟག་ཏུ་གདུངས།། སྲིད་གསུམ་རྣམ་ཐར་གསུམ་ལ་འགོད།། སེང་ལྡེང་ན་ཌ་ལ་ར་བ་གནས་ཤིང་།། འཇིགས ་པ་བརྒྱད་ལས་ཤིན་ཏུ་སྐྱོབ།། སྒྲོལ་མ་ལ་ནི་ཕྱག་འཚལ་ལོ།། མངོན་པར་ད་གྣ་བཱི་ཞིང་ཁམས་སུ།། རྡོ་རྗེ་མཁའ་འགྲོ་སྐུར་སྟོན་ཅིང་།། སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད།། དཔལ་དང་ལྡན་པའི་ཞིང་ཁམས་སུ།། རིན་ཆེན ་མཁའ་འགྲོར་སྐུར་སྟོན་ཅིང་།། འགྲོ་བའི་སྡུག་བསྔལ་ནད་སེལ་མཛད།། སྒྲོལ་མཱ་ལ་ནི་ཕྱག་འཚལ་བསྟོད།། བདེ་པོ་ཅན་གྱི་ཞིང་ཁམས་སུ།། པདྨ་མཁའ་འགྲོར་སྐུར་སྟོན་ཅིང་།། བདེ་བ་ཆེན་པོའི་ངང་ལ་གནས།། ་སྒྲོལ་མ་ལ་ནི་ཕྱོག་འཚལ་བསྟོད།། རྣམ་པར་དག་པའི་ཞིང་ཁམས་སུ།། ལུས་ཀྱི་མཁའ་འགྲོར་སྐུར་སྟོན་ཅིང་།། ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད།། སྒྲོལ་མ་ལཱ་ནཱི་ཕྱག་འཚལ་བསྟོད།། མཐའ་དབུས་མེད ་པའི་ཞིང་ཁམས་སུ།། ཕ་རོལ་ཕྱིན་མའི་སྐུར་སྟོན་ཅིང་། ཕྱོགས་བཅུའི་སངས་རྒྱས་ཚོགས་དང་བཅས།། སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད།། དུར་ཁྲོད་བརྒྱད་ཀྱི་ཞིང་ཁམས་སུ།། རྡོ་རྗེ་ཕག་མོར་སྐུར་སྟོན་ཅིང་།། ་མེ་དཔུང་འབར་བའི་དབུས་ན་བཞུགས།། སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད།། པཎྜི་ཏ་ཟླ་བ་གྲགས་པས་བསྟོད་པ་མཛད་པ་རྫོགས་སོ།། ་རྒྱ་གར་སྐད་དུ། ཨུདྡྷ་ར་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྒྲོལ་མ་ཁྲོ་མོ་ལ་རྩ་བའི་སྔགས་ཀྱིས་བསྟོད་པ།། ཇོ་མོ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ།། ཕྱག་འཚལ་རལ་པ་གཅིག་འཆང་ཁྭ ་མོ་ནེ||མི་རོ་དམར་པོའི་སྟེང་ན་བརྐྱང་བསྐུམ་བཞུགས།། རྒྱས་པའི་ལྷ་མོ་སྟག་དང་སྦྲུལ་གྱིས་བརྒྱན།། ཤིན་ཏུ་ཁྲོས་པས་གང་བརྒྱངས་ཆེར་སྒྲོགས་པ།། གཡས་པསཽ་རལ་གྲི་མཐིང་གསེར་རྩེ་ལ་མེ་འབར ་ཞིང་། འོག་མ་གཅོད་བྱེད་གྱི་གུག་རབ་ཏུ་འཕྱར།། གཡོན་གྱི་དང་པོ་ཨུཏྤལ་རབ་རྒྱས་ཤིང་།། འོག་མ་ཐོད་པ་སྐྱ་བཅས་རཱཀྟས་བཀང་།། རལ་པའི་ཐོར་ཅོག་དབུ་ལ་རབ་ཏུ་མཛེས།། སྤྱན་གསུམ་ས ་གསུམ་གཟིགས་པས་དྲི་མེད་ཚལ།། མགོ་བོའི་ཐོད་ཕྲེང་སྐམ་རློན་སྤེལ་མས་མཛེས།། དེ་ལྟའི་གཟུགས་ནི་གཞན་མིན་བདག་ཉིད་དོ།། དཔལ་རལ་པ་གཅིག་མའི་རྩ་བའི་སྔགས་དོནི་འགྱུར་དུ་བསྒྱུར ་བའི་བསྟོད་པ་ཚིགས་སུ་བཅད་པ་རྐང་པ་བཅུ་གཉིས་པ་རྫོགས་སོ།། ་སརྦ་མངྒ ་