CLOSE WINDOW

GT594: rmi lam sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཱུབྷཱ་ཏཱ་ར་ནོ་བི་ཀ། བོད་སྐད་དུ། རྨི་ལམ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་རྨི་ལམ་སྒྲོལ་མ་ལ་ཕྱག་འཚལོ།། སྤྲིན་བྲལ་མཁའ་དཀྱིལ་ཟླ་རྒྱས་གཟུགས།། རབ་དཀར ་བསིལ་བའི་འོད་ལྡན་མ།། མ་ལུས་རྨི་ལམ་གསལ་མཛད་དེའོ།། ཞབས་ལ་མགོས་བཏུད་དེ་བསྒྲུབ་བཤད།། དགེ་བས་རབ་ཏུ་སྔར་ལངས་ཏེ།། གདོང་སོགས་དག་བྱས་དྲི་ཞིམ་བྱུག། རྗེ་བཙུན་དེ་རྟོན་མདུན་བདར་ལ།། ཡིད ་འོད་མཆོད་པས་མཛེས་པར་བྱས།། སྐབས་གསུམ་ལྷ་མོར་བཅས་པ་ལ།། སྐབས་གསུམ་འགྲོ་ལ་ཕན་ཡིད་ཀྱིས།། མི་དགེ་མེད་པའི་སེམས་ལྡན་པས།། ཐོག་མར་བསོད་ནམས་ཚོགས་བསགས་བྱ།། ཨོཾ་ཨ་མྲྀ་ཏ། ་ཀུཎྜ་ལི་ཧ་ན་ཧཱ་ན་སརྦ་བགྷྣཱན་ཏཽ་ཌཱ་ཧ་ཏ་ཌོཾ་ཧ་སརྦ་པཱ་པཾ་ཧཱུཾ་ཕཊ་སྭཱ་ཧཱ། འཁྱིལ་པོ་ཁྲོས་པའི་སྔགས་འདྲི་ཡིས།། རྨི་ལཱམ་བར་ཆད་བགེགས་བསལ་ལ།། དྲི་མེད་བཻ་དཱུརྱ་འདྲ་ཡི།། མཁའ་ལ་འཕགས་མ་བསྒོམ་པར་བྱ།། ་རབ་མཛེས་པཾ་ལསའི་ཆུ་སྐྱེས་སྣུམ་འཇམ་གསལ་ཞིང་གསར་བའི་འདབ་ཚིགས་རྒྱས།། དེ་སྟེང་དཀར་བསིལ་རི་བོང་འཛིན་འཁྱིལ་དེ་དབུས་ཁམས་གསུམ་རྒྱས་འགེངས་ཏཱཾ།། ཀུན་ནས་མུན་སེལ་སྐར་མའི ་རྒྱལ་པོ་འོད་བཟང་མདོག་ཅན་རབ་འབློས་ལས།། ཡོངས་གྱུར་འཕགས་མ་རྨི་ལམ་སྒྲོལ་མ་ཞི་མ་དགེ་མ་མཛེས་མ་བལྟ། རབ་དཀརོ་ལང་ཚོ་རྒྱས་པའི་གཟུགས།། ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་མཛད། ་ཨུཏྤལ་སྔོ་འཛིན་འགྱིང་ཚུལ་སྒེག། མཚུངས་མེད་གཅིག་པོས་ཀུན་ཁྱབ་མའོ།། དྲི་ཞིམ་དབུ་སྐྲ་བཟང་འཁྱིལ་ལི།། ལྷ་རྫས་རིན་ཆེན་དུ་མས་བརྒྱན།། མཐིང་ཁའི་དར་གྱིས ་སྟོད་གཡོགས་ཤིང་།། སྣ་ཚོགས་ཁ་དོག་ཤམ་ཐབས་མན་པས།། མུ་ཏིག་ཕྲེང་བའི་དྲ་བ་ཡིས།། མཉམ་པར་མཛེས་པའི་སྐ་རགས་དང་།། ག་ཤཽ་སེ་རལ་ཁར་བཅིངས་ཤིང་།། ཅོད་པན་དོན་ཡོད་གྲུབ་པས་བརྒྱན། ་གཡས་བསྐུམ་གཡོན་བརྐྱང་སྐྱིལ་ཀྲུང་གིས།། སྲིད་དང་ཞི་ལ་མི་གནས་ཤིང་།། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས།། སྤུ་སྒོ་ཀུན་ནས་རབ་འཕྲོ་བའོ།། ཅི་འདྲའི་ཡེ་ཤེས་ལྷ་མོ་འདི།། བཀུག་ལ་མཆོད་པས ་མཉེས་བྱས་བསྟིམ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། བྱིན་བརླབས་ཕྱོགས་བཅུའི་རྒྱལ་བས་བསྒྲགས།། དེ་ནས་མཎྜལ་མཆོད་བཅས་པས།། གུས་པར་ཕུལ་ལ་གསོལ། གདབ།། ཞལ་ཟས་བཏུང་བླ་བཟང་ལྡན་པ།། ་དཀར་གསུམ་མངར་གསུམ་མེ་ཏོག་དབུལ།། རིན་ཆེན་ཕྲེང་བ་དཀརཽ་ཐོགས་ཏེ།། མ་ཡེངས་བློ་ཡིས་འཕགས་མོ་ལ།། རྩེ་གཅིག་ཡིད་བསྟང་གསང་སྔགས་མཆོག། འབུམ་ཕྲག་ཉི་ཤུ་རྩ་བཞིར་བཟླས།། ཨོཾ ་སྭབྷཱུ་ཏ་རེ་སྭཱ་ཧཱ། དེ་ནས་ཟང་ཟིང་མེད་པར་ནི།། རང་གཞན་དོན་དུ་རྨི་ལྟས་བརྟག། གྲོང་པའི་ཆོས་ཀྱིས་མ་སྦགས་པའི།། བུ་མོ་དུས་བཟང་དག་ལ་མཆོད།། དྲི་ཞིམ་ཁྲུས་བྱས་གོས་བརྒྱན་མཛེས།། རང་ལོའི ་གྲངས་སམ་བརྒྱད་དམ་བདུན།། ཨརྒྷ་ལ་སོགས་མཆོད་སྔོན་འགྲོས།། ཟས་དཀར་ཞོ་དང་འོ་མ་སྦྱིན།། འགྲོན་བུ་དར་སོགས་ཡོན་བྱིན་ལ།། དུང་ཆོས་ཆུས་གཏོར་ཅི་བདེར་དེངས།། དེ་རྗེས་བྱི་དོར་དྲིར་ལྡན་པའི།། ཁངས ་པར་ཚངས་སྤྱོད་བརྟུལ་ཞུགས་གནས།། སྔས་སུ་མེ་ཏོག་དྲི་ཞིམ་གྱིས།། བྱུགས་པའི་མཎྜལ་བཟང་བྱས་ལ།། མཆོད་པ་ལྔ་དང་ཁྱད་པར་དུ།། གུ་གུལ་མར་མེ་དབུལ་བར་བྱ།། འཇིམ་རིམ་སྲན་མའི་ཚད་བཅོས་ཏེ།། ་ཀུཎྜཱ་ལི་ཡི་སྔོགས་བདུན་གྱིས།། བཏབ་ལ་ཉི་ཤུ་རྩ་གཅིག་ནི།། ཕྱོགས་བཅུར་གཏོར་བས་བར་ཆད་ཟློག། གསུམ་བདུན་གཅིག་ནི་རིན་པོ་ཆེར།། བསྒོམ་པས་མཎྜལ་སྟེང་དུ་དབུལ།། སྟན་ལ་དགྲམ་དང་གཟུང་བ.རརླ་བྱ།། ་དེ་རྗེས་གང་འདོད་གསོལ་བཏབ་ཉལ།། ཨོཾ་སྭཛྫ་དྷཱ་ར་སྭབྷཱ་ཨཱ་པཱ་ལོ་ཀི་ནི།། ཏྲཻ་ལོ་ཀྱ་ནི་དཪྴ་ནི། ཏྲཻ་ལོ་ཀྱཾ་དྷི་ཛྙཱ་ར་ནི། བྷཱུ་ཏེ་བྷཱ་བཾ་བྷཱ་བ་སི་ཤ་མ། ཤུ་བྷཱ་ཤུ་བྷཱ་ཏཾ་མི་ས་ཏྱེ་ཀཱ~ཾ་ཐ་ཡ~ཾ་སྭཱཧཱ།། བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག། ་ཡང་ན་ལན་བདུན་བཟླས་པར་བྱ།། གསོལ་བཏབ་སྔགས་འདི་ཡིད་ཆེས་པསྣ།། ལན་ཅིག་བཟླས་ཀྱང་མི་འགྲུབ་མེད།། དེ་ཚེ་འཕགས་མ་བདུན་གྱི་མཁའ་ལས་ཕྱོགས་བཅུར་འོད་མཛད་ཐུགས་ཀ་ལུས་ཕྱུང ་བསིལ་ཟེར་གྱིས།། བདག་སྙིང་གདུང་གསལ་ཐབ་ཐིབ་དྲ་བ་མ་ལུས་སྤངས་ཏེ་སྤྲིན་མེད་མཁའ་ལྟར་དག་བྱས་ནས།། གླང་ཆེན་སྣ་འདྲའི་ཕྱག་མཛེས་རིང་བརྐྱང་བདུད་རྩི་ཅན་ལས་བདུད་རྩིའི་རྒྱུན་ཕབ་སྙིང་སོགས་བཀང་།། ་དེ་མཐུས་ལུས་ཀུན་ཀུན་ནས་དྲི་མེད་བྲེལ་བུམ་མཆོག་ལྟར་གཙང་ཞིང་རབ་དག་ཡིད་བྱེང་འགྱུར།། དེ་འོག་རྩ་བའི་རླིག་པ་བརྒྱུད།། ལྷ་མཆོག་ལ་རྩེ་གཅིག་དྷཱ།། མ་གཡེངས་སམ། ་ཀྱི་དལ་བུས་ནི།། ཇི་སྲིད་གཉིད་ལོག་བྱར་དུ་བཟླས།། སེང་གེའི་ཉལ་སྟབས་དགེ་བས་ཉལ།། ཕྱག་ཡོད་དྲན་དང་མ་བྲལ་བ།། དངོས་སུམ་བརྡ་འམ་ཚིག་དག་གིས།། དགེ་དྲང་མི་དགེ་མཐོང་བར་འགྱུར།། ཐུབ་པས་སྣ་ཚོགས ་ལས་གྲུབ་ཀྱིས།། རྒྱུད་དུ་གང་གསུང་ལྷ་མོ་ཆེའོ།། བརྟག་པ་དོན་ཀུན་སྒྲུབ་བྱེད་འདི།། རྨི་ལམ་སྒྲོལ་མས་ཡང་དག་བཤད།། རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཟླ་བའི་བཤེས་གཉེན་གྱིས་མཇེད་པ་རྫོགསོ།། ་རྒྱ་གར་གྱི་པཎྜི་ཏ་སུ་ག་ཏ་ཤྲཱི་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ།། ནམ་ཞིག་འཆི་བར་འགྱུར་བའི་ཚེ།། བལྟོས་པ་ཐམས་ཅད་རབ ་