CLOSE WINDOW

GT593: thod pa mchod pa'i cho ga zhes bya ba
Wyliee-texts produced with BDRC’s OCR application

སློབ་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀ་པཱ་ལ་པཱུ་ཛ་བི་དྷི་ནཱ་མ། བོད་སྐད་དུ། ཐོད་པ་མཆོད་པའི་ཆོ་ག་ཞེས་བྱ་བ། ཞིང་ཆེན་གྱི་རྣལ་འབྱོར་མ་ལ ་ཕྱག་འཚལ་ལོ།། ལྷུང་བཟེད་ཆེན་པོའི་མཆོད་པའི་ཆོ་གའོ།། དེ་ཉིད་བདུད་རྩི་ལྔས་གང་བའི་སྣོད་དང་། གཞན་གཉིས་ཀྱང་བཤམས་ལ།། རང་རང་གི་ཆོ་ག་ལྟར་བྱིན་གྱིས་བརླབས་ལ། དེའི་སྟེང་དུ་མཆོད་པའི་གནས་ལ།། ་རོང་གི་ཡི་དམཱ་ལྷ་གང་ཡིན་པའི་གདུན་པདྨ་དང་། ཉི་མ་འམ་ཟླ་བ་འམ་བདུད་དམ་རོ་ལ་སོགས་པ་ལ། རང་རང་གི་ས་བོན་གྱི་ཡི་གེ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་ལས་སྤྲོས་བསྡུས་པས་ཡོངས ་གྱུར་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་འམ། ལྷ་བརྐྱང་པ་བསྐྱེད་ལ། ཡེ་ཤེས་པ་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ།། དབང་བསྐུར་ནས་རིགས་ཀྱིས་བདག་པོས་རྒྱས་གདབ་པོ།། གཡོན ་གྱི་ལ་ཡི་དམ་གྱི་ལྷ་གཞན་བསྒོམ།། གཡས་ཀྱི་ལ་པཾ་ལས་པདྨོ།། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚོན་པ་དེ་ལས་སྤྲོས་བསྡུས་པ་ལས།། བཅོམ་ལྡན་འདས་བདུད་རྩི་འཁྱིལ ་པ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀརྱ་གཡོན་དམརཱ་དབུས་སྷོ།། སྤྱན་གསུམ་དམཪྵ་བ།། མཆི་བ་གཙིགས་པ། དབུས་སྐྲ་དང་སྨ་ར་སེར་བ། གཡས་དང་པོ་ན་སྣ་ཚོགས་རྡོ་རྗེ། གཉིས་པ ་འཁོར་ལོ། གསུམ་པ་ན་རལ་གྲི། གཡོན་དང་པོ་ན་སྡིགས་མཛུབ་དང་དྲིལ་བུ། གཉིས་པ་ན་ཞགས་པ། གསུམ་པ་ན་དགྲ་སྟ། ཞབས་གཡོན་བསྐུམ་པ། གཡས་བརྐྱང་བ། སྟེག་གི་ཤམ་ཐབས ་ཅན།། སྦྲུལ་གྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ་བསྒོམ་མོ།། དེ་ནས་མེ་ཏོག་ལ་སོགས་པས་མཆོད་དོ།། དེ་ནས་བར་ཆད་ཞི་བར་གསོལ ་བ་གདུབ་བོ།། མཐེ་བོ་དང་སྲིན་ལག་སྐྱུརརྱ་བཅུག་ལ། ཨོཾ་ཨཱཿཧཱུཾ་ལན་གསུམ་བཟླས་པས་བདུད་རྩིརྱ་ཞུ་བར་བསྒོམ་མོ།། དེ་ནས་དབུས་མའི་མཎྜལ་ལ་མེ་ཏོག་ལ་སོགས་པས་མཆོད་དོ།། དེ་ནས་བདུད་རྩིའི་མཆོད་པའི ་རང་གི་ལུགས་ལྟར་བཟླ་ཞིང་དབུལ་ལོ།། ཡང་ལྷ་གཞན་གྱི་ལ་མེ་ཏོག་ལ་སོགས་པས་མཆོད་པ་དང་། ཡང་བདུད་རྩིས་མཆོད་དོ།། དེ་ཞུ་བས་ཡང་དབུས་མ་ལ་མཆོད་དོ།། དེ་ལྟར་མ་འབྱོར་ན་ཡང་བཅི ་འབྱོར་པའི་སྣོད་གཅིག་ཏུ་བདུད་རྩི་བྱིན་གྱིས་བརླབས་པ། ལྷུང་བཟེད་ལ་མཆོད་ངོ་།། དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ།། ཐོད་པ་མཆོད་པའི་རིམ་པ་རྫོགས་སོ།། ་