CLOSE WINDOW

GT591: zhing gi dbang phyug ma'i bstod pa
Wyliee-texts produced with BDRC’s OCR application

བཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། 6།། རྒྱུ་གར་སྐད་དུ། པི་ཐི་ཤྭ་ར་སྟོ་ཏྲ། བོད་སྐད་དུ། ཞིང་གི་དབང་ཕྱུག་མའི་བསྐྱོད་པ། བཙམ ་བཅོམ་ལྡན་འདས་ཞིང་གི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ།། ཀུན་རྟོག་ཐམས་ཅད་ཡང་དག་འཕྲོག། དངོས་རྣམས་རང་བཞིན་ངོ་བོ་ནི།། སེམས་ཅན་ཀུན་ལ་ཕན་དོན་དུ།། སྙིང་རྗེའི་མཆོག་ལ་ཕྱག་འཚལོ།། འཁྲུལ་པས ་ཁྱབ་པ་ཐམས་ཅད་དུ།། ཞབས་ཀྱིས་མནན་ནས་རྣམ་པར་སྤངས།། ཉོན་མོངས་ཐམས་ཅད་བསལ་བ་ཡི།། ཞིང་གི་དབང་ཕྱུག་ཕྱག་འཚལ་བསྟོད།། ཐམས་ཅད་གཉིས་མེད་མཆོག་ཏུ་སྤངས།། དོན་རྣམས་ཐམས་ཅད་ཡོངསུ ་རྫོགས།། རྣམ་པ་ཅན་ནི་རྣམ་པ་མེད་།། བྱང་ཆུབ་གཟུགས་ལ་ཕྱག་འཚལ་བསྟོད།། སྐུ་མདོག་དམར་མོ་ཞལ་བཞི་མ།། དགའ་བྱ་ལ་སོགས་པ་གཟིགས་པ་ཡི།། ཁྲོ་མོའི་ཞལ་གསུམ་འོད་འཕྲོ་མ།། ཞི་བའི་གཟུགས་ལ་ཕྱེག ་འཚལ་བསྟོད།། ཕྱག་འཚལ་མགོ་བོའི་ཕྲེང་བ་མེ།། ལྔ་ལྔ་སྟེང་དུ་ཡོངསུ་འཛིན།། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས།། གཡོན་དུ་གཟིགས་ལ་ཕྱག་འཚལ་བསྟོད།། སྙིང་གི་པདྨའི་དབུས་སུ་ནི།། ཟླ་བའི་དཀྱིལ ་འཁོར་ཡང་དག་གནས།། སྙིང་རྗེ་ཡིས་ནི་ཁྲོས་པའི་ཐུགས།། ཞིང་གི་དབང་ཕྱུག་ཕྱག་འཚལ་བསྟོད།། ལྷུང་བཟེད་རལ་གྲི་རྡོ་རྗེ་དང་།། ཌ་མ་རུ་ནི་གཡོས་སུ་གནས།། གཡོན་ན་ཁ་ཊྭཱཾ་དྲིལ་བུ་དང་།། རིན་ཆེན་ཨུཏྤལ ་བསྟོད་ཕྱག་འཚུལ།། རླུང་གི་དཀྱིལ་འཁོར་ནང་ན་གྲནས།། སྟག་གིས་པགས་པའི་ཤམ་ཐབས་ཅན།། སྣ་ཚོགས་པང་ཟླའི་དཀྱིལ་ན་གནས།། སྤྱན་གསུམ་མ་ལ་ཕྱག་འཚལ ་བསྟོད།། རྩ་གསུམ་པ་ཡི་ནང་ན་གནས།། དགུག་པ་གསུམ་ནི་ཡང་དག་འཕྲོག། ངོ་བོ་གསུམ་ནི་ཡང་དག་ལེན།། སྐུ་གསུམ་བསྙེམས་ལ་ཕྱག་འཚལ་བསྟོད།། དེ་ཉིད་གསུམ་གྱི་གཟུགས་མཛེས་མོ།། སྡུག་བསྔལ་གསུམ་པོ ་སྤངས་པ་ཡི།། ས་འོག་སྲ་སྟེང་ས་བླ་ཁྱབ།། རང་བཞིན་མ་ལ་ཕྱག་འཚལ་བསྟོད།། ཉི་ཤུ་རྩ་བཞིའི་ཞིང་རྣམས་སུ།། རྣལ་འབྱོར་མ་ནི་ཉི་ཤུ་བཞི།། ཉི་ཤུ་རྩ་བཞིའི་གནས་ན་བཞུགས།། ཉི་ཤུ་རྩ་ལྔ་ཕྱག་འཚལ་བསྟོད།། ་པུ་ལི་རྱཱ་ལཱ་བའི་ཞིང་།། ལེགས་དགའི་རྣལ་འབྱོར་དབང་ཕྱུག་མ།། ལྷ་མོ་དཀར་མོ་ཕྱག་བཞི་མ།། སྤྱི་བོར་གནས་ལ་ཕྱག་འཚལ་བསྟོད།། ལེགས་དགའ་འཛིན་མ་རྣལ་འབྱོར་མ།། ཛྭཱ་ལཾ་དྷ་ར་སྤྱི་གཙུག་བཞུགས།། ལྗང་གུ ་མགོ་བོའི་ཕྲེང་བ་ཅན།། རྣལ་འབྱོར་དབང་ཕྱུག་ཕྱག་འཚལ་བསྟོད།། ཨུ་རྒྱན་དུ་སོང་ཟེ་འབྲུ་ལ།། ལེགས་པར་དགོའ་བ་ཟླ་བ་མཱ།། སྐུ་མདོག་དཀར་མོ་ཨུརྦུའི་སྟེ།། ལེགས་དགའ་ཕྲེང་པོ་སེར་མོ་ནཱི།། གོ་ཏཱ་བ་རི་ཉེ་བའི ་ཞིང་།། རྣ་བ་གཡས་ལ་ཡང་དག་གནས།། ལེགས་པར་དགའ་མ་ཟར་མ་ནི།། སྐུ་མདོག་སེར་མོ་ཕྱག་འཚལ་བསྟོད།། ར་མེ་ཤྭ་ར་སྨིན་མཚམས་སུ།། དཀར་མེ་ལེགས་དགའ་འདོད་མ་ནི།། དེ་བི་ཀོ་ཊི་མིག་གཉིས་ལ།། ་དམར་མོ་ལེགས་དགའ་ཁྲོ་མོའི་གཟུགས།། དཔུང་བུའི་རྩ་གཉིས་ཡང་དག་གནས།། མ་ལྭ་ཞིང་གི་འདྲེན་པ་མོ།། ལྷ་མོ་སྐུ་མདོག་སྔོན་མོའི་འོད།། ཕྱག་འཚལ་ལེགས་བླ་མེད་མ།། ཞིང་དང་ཉེ་བའི་ཞིང་དང་བརྒྱད།། ཞལ ་གཅིག་ཕྱག་ནི་བཞི་མའོ།། ཐམས་ཅད་ཐོད་པའི་ཕྲེང་བ་འཛིན།། ཕྱག་འཚལ་བླ་མེད་རྣལ་འབྱོར་མ།། སྤྱན་གསུམ་ཐོད་པ་ཁ་ཊྭཱཾ་ག། དྲིལ་བུ་ཌ་མ་རུ་འཛིན་མ།། ཐམས་ཅད་ངོ་རང་བཞིན་བདག། ཕྱག་འཚལ་རྣལ ་འབྱོར་མོ་ཕྱག་འཚལ།། ཕྱག་འཚལ་ཀཱ་མ་རཱུ་བ་ལ།། ཞིང་དང་མཐུན་གཽཅོད་ཅེས་བྱ་བ།། མཚན་ཁུང་གཉིས་ལ་གནས་པའོ།། ལྷ་མོ་གཙུག་ཏོར་བསྟོད་ཕྱག་འཚལ།། ཕྱག་འཚལ་ཨོ་ཊེ་འཐུང་གཅོད་ལ།། ནུ་མ་གཉིས་ན ་གནས་པོ་ཡི།། ཞིང་ན་ཡོང་དག་ཡེ་ཤེས་གཟུགས།། རྣལ་འབྱོར་འཇིགས་མ་ཕྱོག་འཚལོ།། ཉེ་ཞིང་ཏྲི་ཤ་ཀུ་ནེ་རུ།། གཙུག་ཏོར་ཅུང་ཟད་ཅེས་བྱ་བའི།། རྣལ་འབྱོར་ལྟེ་བའི་ཡུལ་ན་བཞུགས།། ཕྱག་འཚལ་ཐམས་ཅད ་འདོད་མ་ལའོ།། ཀོ་ས་ལ་ནི་ཉེ་བའི་ཞིང་།། རྣལ་འབྱོར་མ་ཞེས་བྱ་བ་ཡི།། སྣ་རྩེར་གནས་པའི་ཡིད་ཀྱིས་བསམ།། ཕྱག་འཚལ་མཆོག་ནི་དབང་ཕྱུག་མ།། ཀ་ལིངྒ་ནི་ཁྭ་ལ་གནས།། ཕྱག་འཚལ་རྣལ་འབྱོར་རལ ་ཚོགས་མ།། ཚནྡོ་བཞུགས་པའི་ལྷ་མོ་ལ།། ཕྱག་འཚལ་ལྷན་ཅིག་སྐྱེས་མ་ལའོ།། འཐུང་གཅོང་ཚནྡོ་ལམ་པ་ཀཽ། དྲག་མོ་མགྲིན་པར་གནས་པ་སྟེ།། རལ་ཅན་ཉེ་བའི་ཚན་དོ་ལོ།། ཀཉྩི་སྙིང་ག་བླ་ན་མེད།། ་དྷ་ཧི་མ་ལ་ཡི་གནས།། ཨུ་པ་ཚནྡོར་གནས་པའོ།། ཕྱག་འཚལ་རྣལ་འབྱོར་གཏུམ་མོ་ལ།། ཡང་དག་རྟོག་པས་ཐམས་ཅད་བསྲེག། འདུ་བ་པྲེ་ཏ་པུ་རི་པ།། ཐོད་ཅན་མ་ནི་གསང་བར ་གནས།། སྲིན་པོའི་ཞལ་ནི་གནས་པ་ཡི།། རྣམ་པར་འགྱུར་བྱེད་མ་ཕྱག་འཚལ།། སཽ་རཥྚ་ཉེ་འདུ་བ།། ཐོར་ཚུགས་བརླ་གཉིས་ཡང་དག་གནས།། གསེར་གླིང་རྗེ་ངར་གཉིས་སུ་ནི།། ཉེ་བའི་འདུ་གར་མཁན་མའོ།། ཕྱག ་འཚལ་སྐུ་གསུང་ཐུགས་བདག་ལ།། རྣལ་འབྱོར་མ་ནི་བཙོ་གཉིས་དྲན།། ཐོད་པ་ཁཱ་ནཱཾ་གཱི་འཛིན་མ།། འཁོར་ལོ་རྡོ་རྗེ་ཀུན་ཏུ་བསྣམས།། ཐམས་ཅད་མགོ་བོའི་ཕྲེང་བ་འཛིན།། སྤྱན་གསུམ་སྐྲ་རྩེ་འབར་བ་ཅན།། གརོ་མ ་དཔའ་མོ་ཆེན་མོ་ནི།། བཞད་པའི་གསུང་གི་འོར་ཅན།། ཐབས་དང་ཤེས་རབ་རང་བཞིན་གྱི།། ཕྱེད་ནི་དམར་ལ་ཕྱེད་ནི་ལྗང་།། སྐེ་བརྫེས་ལེགས་པའི་སྤྱན་མངའ་མ།། ཕྱོགས་ཀྱི་གོས་ཅན་མཆོག་འཛིན་པའོ།། ཕྱག ་འཚལ་ཕྱོགས་སྐྱོང་མ་རྣམས་ལ།། ཀཾ་པུ་ཛཾ་ལ་སོགས་པ་བཞི།། ཞལ་གཅིག་སྤྱན་ནི་གསུམ་མའོ།། ཕྱག་བཞི་མ་ནི་མཛེས་མ་སྟེ།། སྣ་ཚོགས་པདྨའི་སྟོང་ན་གནས།། ཉི་མའི་དཀྱིལ་འཁོར་ལ་གནས་པ།། བདུད་བཞི ་ཡི་ནི་གདོན་ལ་བཞུགས།། སྣ་ཚོགས་མདོག་ཅན་ཕྱོགས་ཀྱི་གོས།། རྔམ་པོའི་ཞལ་ཅན་འཇིགསཽ་པའི་གཟུགས།། གཡས་བརྐྱང་ཞབས་ཀྱིས་ཡང་དག་བཞུགས།། དུར་ཁྲོད་ཉེ་བའི་དུར་ཁྲོད་གནས།། མགོ་བོའི ་ཕྲེང་བས་ཀུན་ནས་བརྒྱན།། ཐོད་པ་ཁཱ་ཊྭཱཾ་ག་འཛིན་པ།། གྲི་གུག་མི་ཡི་མགོ་བོ་བསྣམས།། རྐང་པའི་བོལ་གོལ་ཡུལ་དུ་ནི།། ཀཾ་པུ་ཛཾ་ལ་ཕྱག་འཚལོ།། ཕྱག་འཚལ་ལྷ་མོ་པུཀྐ་སི།། རྐང་པའི་མཐིལ་དུ་ཀུན་ནས ་བཞུགས།། སི་དྷུའི་ཞིང་དུ་བཞུགས་པ་ནི།། རྣལ་འབྱོར་དབང་ཕྱུག་ཕྱག་འཚལ་བསྟོད།། དེ་བཞིན་མ་རོའི་ཡུལ་སོང་བ།། ཕྱག་འཚལ་རྣལ་འབྱོར་ལྟོ་བ་མོད། པུས་མོ་གཉིས་ཀུའི་ཡུལ་གནས་པའི།། མུ་ཏཾ་གཽ་ལྀ་ཕྱག ་འཚལ་བསྟོད།། ཟེ་འབྲུའི་དབུས་ན་བཞུགས་པ་ཡི།། འཁོར་བའི་འདྲེན་པ་རྣལ་འབྱོར་མ།། ཐམས་ཅད་འབྱུང་བའི་ནང་ན་གནས།། སྒྲོལ་མིའི་གཟུགས་ལ་ཕྱག་འཚལ་བསྟོད།། འཁོར་ལོ་བཞི་ཡི་ཏིང་འཛིན་གནས ་ཚངས་པ་ཡི་ནི་གནས་བཞི་མ།། སྙིང་རྗེ་ཆེན་པོ་ཡཱི་ནི་ཐུགས།། རང་བཞིན་མེད་ལྷོ་ཕྱག་འཚལ་བསྟོད།། དྲང་པོའི་ཡི་གེ་མན་ངག་ཞལ།། ཨཱ་ལི་ཀཱ་ལི་ལ་གནས་གཞན།། རོ་མ་རྐྱང་མ་ཨ་བི་ན།། གཉིསུ་མེད་ལ ་ཕྱག་འཚལ་བསྟོད།། རྡོ་རྗེ་པདྨ་ཡང་དག་བསྡུས།། སྙིང་གི་གནས་ལས་བཞེངས་པ་ཡི།། སྟོང་པ་སྙིང་རྗེ་གཉིསུ་མེད།། བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད།། བསམ་གཏན་ཐམས་ཅད་ཟླ་ཕྱེད་སྤངས།། དགྲ ་བཞི་པོ་རྣམས་རྟོགས་པ་ཡོ།། སྐུ་རྩེ་བརྒྱ་ཆེའི་རྣལ་འབྱོར་མ།། མཚན་ཉིད་མེད་ལ་ཕྱག་འཚལ་བསྟོད།། རྟོག་མེད་མཚམས་མིང་བརྟེན་པ་མེད།། རྟོག་མེད་གནས་པ་མེད་པ་ཡི།། ཐོགས་མེད་ཡོན་ཏན་རམ་མིས ་ལེགས།། རྒྱུད་མེད་རྣམ་པ་ཕྱག་འཚལ་བསྟོད།། རྣམ་པར་མི་རྟོག་བརྟེན་པ་མེད།། བསམ་གཏན་བཟླས་བརྗོད་སྤངས་པ་ཡི།། སྤངས་པ་ང་རྒྱལ་མེད་པ་ཡི།། རྟོག ་ཏུ་ཤར་ལ་ཕྱག་འཚལ་བསྟོད།། རྟོག་མེད་བཅོམ་པ་རྣམ་བཙམ་མེད་།། སྤྲིང་བྱ་མེད་ཅིང་གནས་པ་མེད།། རང་བཞིན་མེད་པ་སྣང་བ་མེད།། ཐེ་ཚོམ་མེད་ལ་ཕྱག་འཚལ་བསྟོད།། མཆོག་ཏུ་ཞི་བ་ཕྲ་རགས་མེད།། ་མཆོག་དང་བར་དང་ཐ་མ་སྤངས།། ཀུན་ནས་ངོ་བོ་ཐམས་ཅད་བཞུགས།། ཐམས་ཅད་འདུས་མ་ཕྱག་འཚལ་བསྟོད།། ཐམས་ཅད་སེམས་ཀྱི་གཟུགས་ཅན་མ།། ཐམས་ཅད་མཆོག་ཏུ་ཡོངསུ་སྟེ།། བགེགས ་རྣམས་རབ་ཏུ་ཞི་བ་མ།། བགེགས་མེད་མ་ལ་ཕྱག་འཚལ་བསྟོད་།། ཚད་མེད་ལོངས་སྤྱོད་མེད་པ་ལོ།། ས་འོག་ས་བླ་རྣམ་པར་ཁྱབ།། གཉིས་མེད་འཆི་མེད་མ་མོ་ནི།། མཐོངྒ་མེད་ལྔ་ཕྱག་འཚལ་བསྟོད།། སྟོན ་ནས་སྤངས་པ་མེད་པ་འཛིན།། གཉིསུ་མེད་དུས་གཟི་བརྗིད་ཅན།། ཚད་མེད་ཀུན་ནཱ་སཱ་རོ་གིས་རིག། ངོ་བོ་མེད་ལ་ཕྱག་འཚལ་བསྟོད་།། གྲངས་མེད་པ་ཡི་མི་བཟང་པ།། ཤེས་མིག་འཇིགས་པ་སྤངས་པའོ།། འིཆ ་བ་སྤུངས་པའི་དབང་ཕྱུག་མཐའ།། དགའ་བ་མ་ཕྱག་འཚལ་བསྟོད།། བླ་མེའི་དྲིན་གྱིས་གདུལ་བྱ་བཞིན།། རྣལ་འབྱོར་མ་མོས་སྤྱོད་ལམ་གྱིས།། སེམས་ཅན་ཀུན་ལ་ཕན་དོན་དུ།། ཞིང་གི་རྣལ་འབྱོར་ལ་ཕྱག ་འཚལྔ་ལོ།། མོས་པ་ཆེན་པོས་རྗེསུ་ཆགས།། བསྟོད་པས་བསྟོད་པའི་རྐང་པ་འདི།། སྒྲ་དང་སྒྲ་མེད་ཤེས་པ་མེད།། བཟོད་པ་མཆོག་གི་དབང་ཕྱུག་མ།། བདགྲ་ནི་བྱས་པ་རྨོངས་བུ་སྟེ།། མོས་བྱས་བསྟོད་པ་ཤིན་ཏུ་དགའ ་ཞིང་གི་དབང་ཕྱུག་མའི་བསྟོད་པ་འད་བློན་པོའི་རིགས་ཤིན་ཏུ་དགའ་བའི་པཎྜི་ཏས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང་། ལོ་ཙཱ་བ་ནག་ཚོ་ཆེན་པོས་བསྒྱུར་བའོ།། ། ་