CLOSE WINDOW

GT590: gnas chen gyi rim pa'i lha mo sgrol ma'i bstod pa
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། པི་ཐི་ཀྲ་མ་ཏཱ་ད་བི་སྟོ་ཏྲཱཾ། བོད་སྐད་དུ། གནས་ཆེན་གྱི་རིམ་པ་ལྷ་མོ་སྒྲོལ་མའི་བསྟོད་པ། བཅོམ་ལྡན་འདས་འཕགས་མཱ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལོ།། སྐྱེ་དྲང་མཐའ་དབུས ་རྣམ་པ་མེད།། ཨེ་ཡི་ཡི་གེའི་རིགས་ལས་སྐྱེས།། ཡེ་ཤེས་བདུད་རྩིའི་ཁུ་བས་མྱོས།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། བཅོ་ལྔའི་དུས་ཀྱི་རྣམ་པ་མེད།། དུས་མེད་ཐིག་ལོའི་ཚུལ་གནས་པ།། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས ་གནས།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། དྲང་པོ་མཐའ་དང་དབུས་མའི་ཚུལ།། རིགས་ལྔའི་རྒྱན་གྱིས་བརྒྱན་པ་ཡི།། ཡེ་ཤེས་ལྔ་ནི་གཅིག་གི་ཚུལ།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། ས་དོང་ཆུ་དང་མེ་དང་རླུང་།། ་ནམ་མཁའ་རྣམ་པ་ཐམས་ཅད་དུ།། ཁམས་ལྔ་ཡི་ནི་རྣམ་པའི་ཚུལ།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། ཨཱ་ལི་ཀཱ་ལི་ལས་བྱུང་བ།། དབྱངས་དང་གསལ་བྱེད་ཐམས་ཅད་ལ།། ཡི་གེ་མེད་པའི་རྣམ་པ་ཐོབ།། ཞིང་གནས ་ལྷ་མོ་ཉིད་ཕྱག་འཚལ།། སྐུ་གསུམ་རིགས་ལ་འཇུག་པའི་ཚུལ།། ཐར་ལམ་རབ་ཏུ་འབྱུང་བ་ཡི།། རིགས་ཀྱི་ཚུལ་མེད་ལྷག་པའི་ཚུལ།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། སྟོང ་ཕྲག་བདུན་ཅུ་གཉིས་གནས་པའི།། རྩཝ་ཡི་བུ་གའི་སྦུངས་ཀྱི་ནང་།། ཨོཾ་བ་དྷཱུ་ཏཱིའི་དབུས་གནས་པ།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། སྟོང་པ་ཤིན་ཏུ་སྟོང་པ་དང་།། སྟོང་པ་ཆེན་པོ་གྲོང་དུ་གནས།། ཐམས་ཅད་སྟོང ་པ་སྟེང་ན་གནས།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། བརྗོད་པ་ཙམ་ལས་སྐྱེ་འགག་མེད།། བརྗོད་པའི་མཐའ་ལ་གནས་པ་དང་།། ཚིག་བཞི་དག་གོ་གོང་དུ་འཕོ།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། ནང་དུ་རང་ལ ་གནས་པ་ཡི།། འཁོར་ལོ་བཞི་ཡི་རྣམ་པར་གོནས།། བྱང་ཆུབ་ལྷག་པའི་ཚུལ་གནོས་པའི།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལྔ།། ཉི་ཤུ་རྩ་བཞི་དག་གི་ཡུལ།། ཞིང་གི་འདྲེན་པའི་ལྷ་མོ་དེ།། ལྕིང་བཞིར་སྙོམས་པར་གནས་པ་ཡི།། ་ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། མུ་སྟེགས་ལྟ་བ་ཁྱབ་འཇུག་མ།། ཉི་མ་ཚངས་པའི་རང་བཞིན་ཀུན།། ཅི་ཡོང་མེད་པའི་གཟུགས་འཛིན་མ།། ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ།། ཨོཾ་གྱི་གསང་སྔགས་འདི་ཉིད་ལ།། ་བདག་གིས་མོས་པའི་སེམས་ཀྱིས་ནི།། མི་བསྐྱོད་རྡོ་རྗེ་བྱིས་པ་ཡིས།། སེམས་ཅན་རྗེས་སུ་འཛིན་པ་ཤོག། གནས་ཆེན་གྱི་ལྷ་མོ་སྒྲོལ་མ་ལ་བསྟོད་པ་རྫོགས་སོ།། ་བཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། 6།། རྒྱུ་གར་སྐད་དུ། པི་ཐི་ཤྭ་ར་སྟོ་ཏྲ། བོད་སྐད་དུ། ཞིང་གི་དབང་ཕྱུག་མའི་བསྐྱོད་པ། བཙམ ་