| Wylie | e-texts produced with BDRC’s OCR application |
རྒྱ་གྱར་སྦྱང་དུ། ཨོཾ་ཌྱན་གྷ་མ་ཏཱ་རེ་དེ་བི་སཱུ་དྷཱ་ནཱཾ་ནཱ་མབོང་སྐད་དུ། ཨུ་རྒྱན་གྱི་རིམ་པའི་ལྷ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་གནས་ཆེན་གྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ།། ་གསང་བའི་རྒྱུད་དུ་རྡོ་རྗེའི་ཚིག་འདི་གསུངས།། དེ་ཁོ་ན་ཉིད་རྟོགས་དགའ་མན་ངག་འདི།། སྤྲོས་པ་དང་བྲལ་རྣམ་པར་རྟོག་མེད་ལས།། དང་པོ་སྙིང་རྗེས་ལངས་ཏེ་བཤད་པར་བྱ།། ཉམ་དསྦྱངས་པའི་སེམས་ཀྱིས་ས་གཞར། ་དྲིས།། མཎ་ཌལ་བྱས་ཏེ་བདུད་རྩི་ལྔས་གྲང་བའི།། ཐོད་པ་རླུང་མེས་དག་བསྒོམ་བདུད་རྩི་འབྱོར་བ་ཡིས།། ལུས་ལ་ཁྱབ་བྱུགས་ཕྱི་ནང་དགུ་བྱས་ནས།། འགྲོལ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་དང་། ཡེ་ཤེས་ཕྱག་རྒྱས་བརྟན ་པས་རབ་འདུག་ནོས།། སྟོད་ཀྱང་སྣང་བའི་འགྲོ་གསུམ་ཐམས་ཅད་ལ།། རྨི་ལམ་སྒྱུ་མེ་དྲི་ཟའི་གྲོང་འདྲར་བལྟ།། སྙིང་ནང་མཁའ་དབུས་ཡེ་ཤོས་དྲི་བྱལ་བའི།། ཟླ་བའི་སྟེང་དུ་ཏཱཾ་ཡིག་འོད་ཟེར་ལྔ།། འབར་བ་འཕྲོས་ཏེ་ཕྱོན ་བཅུའི་སངས་རྒྱས་དང་།། སྒྲོལ་མ་དང་བཅས་ཐམས་ཅད་གྲུབ་པ་རྣམས།། ཀུན་ནས་ཡེ་ཤེས་སྐུ་ཅན་དྲན་པར་བྱ།། ཡེ་ཤེས་འོད་ཟེར་དག་གི་ཕྱོགས་བཅུ་ཡི།། སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ནི།། སངས ་རྒྱས་ས་ལ་རབ་བཀོད་མཁའ་དབྱིངས་དང་།། འགྲོ་བ་ཐམས་ཅད་སྒྲོལ་མར་རབ་བལྟས་ཏེ།། ཡེ་ཤེས་མཆོད་པས་སྣ་ཚོགས་གཉིས་མེད་མཆོད།། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་པ་དང་།། སེམས་ཅན་ཀུན ་གྱི་དོན་བྱས་གསུམ་པོ་ཡིས།། དབྱེ་བས་མི་ཤེས་དང་བཅས་སྡིག་པ་བཤགས།། སྡིག་ལས་རྣམ་གྲོལ་མཱུཪྵ་སངས་རྒྱས་ཤོག། བདག་ཉིད་འགྲོ་བ་སངས་རྒྱས་སྒྲོལ་མ་དང་།། སྣང་བའི་ཡུལ་རྣམས་ཐམས་ཅད་སྒྲོལ་མར ་བྱ།། རྣམ་པར་རྟོག་པ་མ་ལུས་བཅོམ་པ་ཡིས།། ཆོས་རྣམས་རང་བཞིན་སྟོང་ཞིང་བདུག་མེད་དོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ན་མཁའི་ཁམསུ་ཟླ་བའི་དབུས་གནས་པའི།། ་དེ་ལྔ་སྟོང་པའི་ཡེ་ཤེས་ཀྱིས་མནན་པ།། ཟླ་བའི་དབུས་སུ་ཏཱཾ་གི་ཡི་གེ་ལས།། རྡོ་རྗེ་རླུང་མི་གཡོ་བའི་རྣམ་དགྲ་པའི།། ཡེ་ཤེས་བྱིན་བརླབས་སངས་རྒྱས་ཀུན་ཞིང་གི། རྣལ་འབྱོར་རྣལ་འབྱོར་མ་དང་དེ་བཞིན་གཤེགས། ་བྱང་སེམས་མགྲོན་པོ་ཀུན་ནས་གཡོ་བ་ཡི།། ཡེ་ཤེས་རླུང་གི་གཉིས་མེད་ཡི་གེ་ལྔ།། ཐིམས་པས་ཡེ་ཤེས་མ་ལུས་ཐམས་ཅད་མཁྱེན།། དེ་ཁེངས་འདྲེས་ལས་གྱུར་པས་བདག་ཉིད་དང་།། འགྲོ་བ་མཐའ་དག་སྒྲོལ ་མོའི་སར་བསྐྱེད་དེ།། དྲ་མར་དང་སྔོན་པོ་ལྗང་གུ་ཅུང་ཟད་ཁྲོ།། དཔའ་བོ་ཞི་བ་སེར་པོ་སྟེང་གི་ཞལ།། ཐོད་པ་ཕྲེང་བས་དབུ་བརྒྱན་ཡེ་ཤེས་ལྔ།། རྒྱན་རྣམས་མ་ལུས་ཐམས་ཅད་བརྒྱན་པ་ཡི།། རྡོ་རྗེ་རལ་གྲི་ཨུཏྤ་ཁི་རིན ་པོ་ཆེ།། ཐོད་པ་ཁ་ཊྭཱཾ་དྲིལ་པུ་ཌ་མ་རུ།། འཛིན་ཅིང་བདེ་བའི་ཡེ་ཤེས་འབྲས་བུ་འབྱུང་།། སྟག་ལྤགས་ཤམ་ཐབས་ཕྱེད་ཀྲུང་གར་གྱིས་གནས།། སྣ་ཚོགས་པདྨ་ཟླའི་དཀྱིལ་བརྟན་སྙིང་རྗེས་ཁྲོས།། སྤྱན་གསུམ་དམར་བས ་ཀུན་ལ་གཟིཊ་ག་དུ།། བལྟ་ཞིང་རླུང་གི་དཀྱིལ་འཁོར་ལ་གནས་པ།། ཞིང་དུ་སྤྲོས་པ་མཆོག་གི་རྣལ་འབྱོར་མ་ཚོགས་དབུས།། འཇུག་ཅིང་བདེ་བ་ཐམས་ཅད་རབ་སྟེར་བཞུགས།། པུ་ཛྙཱ་ཨཱ་ཨ་གཽ་ར་དེ་མ་ཀ་ཨུ་ཏྲཾ་ཀུ་ཀ་ལ་ཀ ་ཧེ་པྲི་སྟྭཾ་སོ་ན་སི་མ་ཀོ། ཡི་གེ་ཉི་ཤུ་རྩ་བཞི་དག་ཀྱང་།། རྣལ་འབྱོར་མ་གནས་འཁོར་ལོ་མ་ལུས་དགོད།། རྣལ་འབྱོར་མ་ཡི་དབང་ཕྱུག་རབ་ཏུ་བསྒྲུབ།། སྤྱི་བོ་སྤྱི་གཙུག་རྣ་གཡོན་ལྡག་ཁུང་དུ།། རྣ་བ་གཡས་སྟོན་མཚམས་མིག ་དང་ལག་གཉིས་ལ།། དེ་བཞིན་མཆན་ཁུང་གཉིས་གནས་ནུ་མཱ་གཉིས།། ལྟེ་བ་སྣ་རྩེ་ཁ་མགྲིན་སྙིང་ག་རྣམས།། པྲོ་ཁ་གསང་གནས་བཤང་ལམ་དེ་བཞིན་བརླ།། རྗེ་ངར་བྱོལ་གོང་རྐང་མཐིལ་རྐང་སོར་དྷ། པུས་མོ་རིམ་བཞིན་འདྲ ་ངག་ལུས་ལ་དགྲོད།། དེ་ནས་ལྷ་ཡི་རིམ་པ་དགོད་པར་བྱ།། དང་པོ་ལྷ་མོ་པུ་ར་ཤ་ཏི་ཤ་རི།། གཉིས་པ་སུ་ར་ཏི་སོན་དྷ་རི།། གསུམ་པ་སུ་ར་ཏ་ཙན་ཏཱ་ཀྵོའོ།། བཞི་པ་སུ་ར་ཏི་མ་ལི་ནི།། ལཱ་པ་སུ་ར་ཏི་བཀྵི་དང་།། དྲུག་པ་སུ་ར་ཏི་ཀ་མི་ནི། ་བདུན་པ་སུ་ར་ཏི་གྲ་ཧ་དང་།། བརྒྱད་པ་སུ་ར་ཏཱི་མུ་ཏ་མ།། གནས་དང་ཉེ་བའི་གནས་ནས་ལྷ་མོ་བསྒོམ།། རྣལ་འབྱོར་མ་ཡི་དབང་ཕྱུག་རབ་ཏུ་བདེ།། དཀར་པོ་ལྗང་གུ་སྔོ་སེར་ཁ་དོག་བཞི། སེར་དཀར་དྲ་མར་སྔོ་ཁ་དོག་དེ ་བརྒྱད་དོ།། ཐོད་པ་ཁཱ་ཊྭཱཾ་དྲིལ་བུ་ཌཱ་མ་རུ།། ཕྱོགས་འཛིན་བརྒྱད་པོ་ཐོད་པའི་ཕྲེང་བ་དང་།། རྒྱན་རྣམས་ཐམས་ཅད་ཀྱིས་ངརྒྱ་ནི་ཁྲོ་བོ་ཡི།། ཤེ་ཀྵི་བྷི་མཱ་ཤི་ཁནྟི་དང་བཅས་པ།། ཀ་ར་ལི་ཛ་ཏཱ་ལི་དེ་བཞིན་དུ།། རཽ་ཏཱ་ཛཱ་ཏྲྀ་དེ ་བཞིན་ཙནྡྲ་དང་།། མཻ་ཌི་བ་ཀ་ཏྱུ་ཀ་སྟེ་བཅས།། ཀོ་རོ་ཏྲ་ནནྟ་ཀི་ཀི་བུ་ཛྙཱ།། པུཀྐ་སི་ཌོ་མ་བི་ནི་མ་ཏཾ་གེ་ན།། ཡངས་སྐོར་འང་དག་ཞིང་དང་ཉེ་བའི་ཞིང་།། ཆན་དོ་ཉེ་ངའི་ཚན་དེ་འདུ་བ་ཉེ་འདྲ་བ།། དུར་ཁྲོད་ཉེ་བའི་དུར་ཁྲོད་ལྷ་མོ་ནི།། བཅུ ་གཉིས་ཕྱེད་དམར་ཕྱེད་ལྗང་ཐོང་ཕྲེང་གིས།། དབུ་རྒྱན་སྣ་ཚོགས་རྒྱན་ལྡན་སྐྲ་གྲོལ་བ།། ཅུང་ཟད་བསྒྱིངས་ཤིང་ཅོད་པན་རྣམ་སྣང་ལྡན།། ཐོད་པ་ཁ་ཊྭཱཾ་འཁོར་ལོ་རྡོ་རྗེ་བསྣམས།། སྒོ་སྐྱོང ་བཞི་ནི་སྣ་ཚོགས་མདོག་ཅན་ལ།། མཆེ་བ་གཙིགས་ཤིང་གཡས་བརྐྱང་གཡོན་བསྐུམ་བཞུགས།། སྣ་ཚོགས་པདྨ་ཉི་མའི་སྟེང་དབུས་ན།། མཱི་བསྐྱོད་པ་ཡཾ་དམ་ཚིག་ཐོར་ཚུགས་རྒྱན།། ཐོད་པ་ཁཱ་ནྟིཾ་གྲི་གུག་མོ་མགྲོ ་འཛིན།། སྦྲུལ་གྱིས་རྒྱན་ཅན་བདུད་རྩིའི་སྟེང་གནས་པ།། ཐམས་ཅད་ཕྱོགས་ཀྱི་གོས་ཅེན་སྙིང་རྗེ་ཡིས།། དགའ་བ་བདེ་ལྡན་རིན་ཆེན་ཡེ་ཤེས་ཀྱིས།། བདག་པོས་སྤྱི་བོར་སྤྲས་ཏེ་རྣམ་པར་བརྒྱན།། བདེ་ཆེན་དབང་ཕྱུག་ལྟེ ་བའི་དབུས་བཞུགས་པའི།། བཟང་ཞིང་ཆེ་བའི་སྒྲོལ་མ་རྣལ་འབྱོར་མ།། དགའ་བདེའི་དབང་ཕྱུག་མ་ཀུན་འདབ་མ་ལ།། གཡོན་བསྐོར་གཡས་བསྐོར་དབྱིངས་ཀྱི་དབང་ཕྱུག་མའི།། འགྲོ་བའི་བདག་མོའི་འཁོར་ལོ་མང་པོ་ནི། ་ཤྲི་ཀླེ་ནས་གཟུང་ཙན་དྲ་མཐའ་མ་ནི།། ནིར་ཏི་རྐང་སྟབས་གར་གྱིས་བསྐོར་བའོ།། སྒོ་བཞི་ཀི་བུ་ལ་སོགས་གཡོན་བསྐོར་གནས།། སྤྱི་བོ་སྙིང་ག་ལྟེ་བོ་གསང་བ་བརླ།། པུས་མོའི་རིམ་བཞིན་རླུང་གི་མཚན་མའི་དབུས།། ་ཤིན་ཏུ་བཟང་བ་ཡེ་ཤེས་ལྔ་ཡི་རིགས།། ལུས་ལ་དགོད་པ་བྲུཾ་ཧཱུཾ་ཨཾ་ཏྲཾ་ཁཾ། རྡོ་རྗེ་པདྨ་འཁོར་ལོ་ལ་སོགས་དབུས།། སེམས་ལ་སོགས་པའི་མཚན་ཉིད་བཀོད་ནས་ནི།། ཡེ་ཤེས་འོད་ཟེར་གྱིས་ནི་འཁོར་ལོ་དགུག། མཉམ ་པའི་སེམས་ཀྱིས་མཆོད་གཡོན་ལ་སོགས་དང་།། ཡེ་ཤེས་བདུད་རྩི་ལྔ་ཡི་མཆོད་ཡོན་གྱིས།། མཆོད་ཅིང་བསྟོད་ནས་ཡེ་ཤེས་བདག་ལ་བཞུགས།། རང་གི་སྤྲོས་ནས་ཡེ་ཤེས་ཆུ་རྒྱན་གྱིས།། དབང་བསྐུར་ཤིན་ཏུ་སྤྲོས ་ཤིང་ཡིས་ཀྱིས།། ནཱ་ཆོད་པ་སྤྲོས་ནས་སངྱས་སྦྱོར་པ།། སེན་མཐའ་དག་སྒྲོལ་མའི་གཟུགས་སུ་མཐོང་།། བསྒོམ་པར་བྱ་བའི་རྣལ་འབྱོར་མ་ཡི་བསྒོམ་པ་ཡི།། ངོ་བོ་མཆོག་གི་དེ་ཉིད་ཞིང་རྣམས་རིམོ་པཱ་ལྟར།། རྣལ་འབྱོར་མ་ཡི་མིན ་ངག་དམ་ཚིག་རིམ།། བླ་མའི་རྗེས་འབྲེངས་བདག་གིས་ཐོབ་པའོ།། བླ་མའི་ཞབས་ཀྱི་བཀའ་དྲིན་ལས་རྟོགས་པ།། ཡེ་ཤེས་རྟོགས་པའི་བདག་ཉིད་ངོ་བོས་རྟོགས།། ཡེ་ཤེས་རྟོག་པའི་དྲི་བྲལ་ཡེ་ཤེས་མེད།། རྟོག་མེད ་ཆོས་ཀྱི་བདག་མེད་མཉམ་པ་ཉིད།། ཁ་དོག་དབྱིབས་དང་ཡི་གེ་རང་བཞིན་མེད།། རིང་མེད་ཆོས་རྣམས་ཀུན་གྱི་དེ་ཁོ་ན།། མཆོག་གི་དཀྱིལ་འཁོར་རྣལ་འབྱོར་ཡེ་ཤེས་གནས།། དེ་ཁོ་ན་ཡི་བཟླས་པ་མཆོག་གི་མཆོག། ་དེ་ནི་རྣལ་འབྱོར་དབང་ཕྱུག་རབ་ཏུ་བསྒྲུབ།། བདག་གི་དེ་ཉིད་བཟང་པོ་རབ་གྲུབ་པའོ།། རྣལ་འབྱོར་མ་ཡི་དཀྱིལ་འཁོར་འདི་དག་གི། མིང་གི་ཡི་གེ་དབུས་གནས་ཐམས་ཅད་ལ།། དང་པོའི་ས་བོན་དང་སྦྱར་མཐའ་མ་རུ། ་ཧཱུཾ་ཕཊ་སྦྱར་བས་སྒོ་བཞིའི་ལྷ་མོ་བསྡུས།། དེ་སྟེང་ཛཿཧཱུཾ་བཾ་ཧོཿསྦྱར་བ་ཡིས།། དུས་རྣམས་ཀུན་ཏུ་རྣལ་འབྱོར་བྱ་བའོ།། ཕྱུགས་དག་གསད་ནས་གཡོས་བྱས་ལྷ་བཤོས་བཞིན། རྣལ་འབྱོར་མ་གྲོགས་བཟའ་དང་བསྒོམ་པའོ།། ་རྟག་ཏུ་བཟའ་དང་བཟླའ་མིན་དེ་བཞིན་དུ།། འབྱུང་དང་བཏུང་མིན་བགྲོང་བྱ་བགྲོད་མིན་སྤྱང་།། རྣལ་འབྱོར་མ་ཚོགས་དཀྱིལ་འཁོར་འདི་དག་ནི།། སྡིག་པས་མ་གོས་མཉམ་ཉིད་བརྟན་པའི ་ཆེས།། རྣལ་འབྱོར་གོང་མ་རྣལ་འབྱོར་སྟེར་གསང་བའི།། ཤིན་ཏུ་གསང་བ་འོག་མའི་གོང་མ་འདི།། སྦ་ཞིང་མི་བརྗོད་སྐྱེ་བ་འདི་ལ་འགྲུབ།། དགེ་བ་བཅུ་དང་ཚངས་པའི་གནས་བཞི་ལྡན།། སྦྱིན་སོགས་མང་པོ་གཏོང་བའི་སྙིང ་སྟོབས་ཅན།། མཆོག་དང་མཆོག་མིན་མ་ཁེངས་གོང་དུ་བསྒོམ།། ཇི་ལྟར་རིགས་ཀྱི་རིམ་པར་སོན་པ་ཡི།། གང་ལ་མོས་པོ་སྣ་ཚོགས་རྣལ་འབྱོར་མ།། རི་དགས་གདན་ནྡན་སྣ་ཚོགས་པདེ་ཉོ་ལ།། བདག་ཉིད་རྗེ་བཙུན་སྒྲོལ ་མའི་གཟུགས་འཛིན་ན།། སྣ་ཚོགས་མདོག་ཅན་ཞལ་བཞི་བརྐྱང་བསྐུམ་དུ།། ཡང་དག་བརྟན་ཞུགས་ལྗང་ཁྲུ་སེར་པོ་དང་།། དམར་པོ་སྟེང་ཞལ་གཡོན་དཀར་ར་རྩེ་གཙིགས་ཞལ།། ཐོད་པ་ཞལ་གྱི་སྟེང་གནས་དོན་གྲུབ་ཀྱི། ་དབུ་རྒྱན་མཽ་རུས་རྒྱན་འཛི་ནི་སྐྲ་གྲོལ་བ།། སྤྱན་གསུམ་དམརོ་བས་མཛེསཾ་པའི་གཟུགས་རྦན་ལེ།། རལ་གྲི་རྡོ་རྗེ་གསོར་བ་འཁོར་ལོ་དྲང་།། ལྕགས་ཀྱུ་དྲིལ་བུ་སྙིང་ཀར་སྡིགས་མཛུབ་འཆང་།། གྲི་གུ་མི་མགོ་མཆོག་ཏུ་ཨུཏྤ ་ཐོད།། ཁ་ཊྭཱཾ་ག་འཛིན་ཚངས་པའི་ལྤགས་སྟོང་གཡོགས།། དབང་ཕྱུག་རྐྱེནྡོ་ཁྱབ་འཇུག་གི་སྟེང་དུ།། ཞབས་ཀྱི་པད་མས་བཞུགས་ཤིང་ཐུགས་འཁྲུག་པ།། སྔོན་དུ་བརྗོད་པའི་དཀྱིལ་འཁོར་དབུས་ན་བཞུགས།། རྣལ ་འབྱོར་མ་ཚོགས་ཐམས་ཅད་སྣ་ཚོགས་མདོག། ཕྱོགས་ཀྱི་གོས་འཛིན་གསང་བ་སྦས་པ་ཡི།། གང་གི་དཔལ་ལྡན་རྣལ་འབྱོར་བྱང་ཕྱོགས་ཀྱི།། རིམ་པའི་རིམ་པ་གོང་མའི་རྣལ་འབྱེར་མཆོག། བརྒྱུད་པའི་རིམ་པ་ཐམས ་ཅད་བླ་ན་མེད།། བསམ་གཏན་རྣལ་འབྱོར་མ་སྙིང་བློ་ན་མེད།། འདྲིས་ནི་བཟང་པོའི་ལས་རྣམས་ཐམས་ཅད་བྱེད།། སྦྱངས་པསཽ་སྡིག་ཡོངས་སྤྲོས་མེད་བསྒོམ་པར་བྱ།། གང་ཞིག་རྣལ་འབྱོར་གང་གིས་ས་འོག་དང་།། ས་སྟེང ་ས་བླ་མ་ལུས་ཕྱི་ནང་ཀུནྡ།། ལུས་ཀྱི་ཞིང་གི་ངོ་བོའི་བདག་ཉིད་ནི།། གནས་སུ་ཇི་ལྟར་བདེ་བར་སྙིང་གར་ཧཱུཾ། དཔྲལ་སྟོངས་ཨོཾ་དང་སྤྱི་བོར་ཧཾ་མིག་ཏུ།། ཧཱུཾ་དགོད་ལུས་ཀུན་ཧཾ་ཕཊ་ཡན་ལག་ཀུན།། མངའ་སྤྲོ་ཧ་ཧེ་ཧོ་ཧི་ཧཾ་ཕཊ། ་སྙིང་ག་དཔྲལ་བཽ་སྤྱི་བོ་མིག་ལུས་ཀུན།། ཡན་ལག་ཐམས་ཅད་ཡན་ལག་དྲུག་ལུས་ལ།། ཆོ་ག་རིམ་བཞིན་འགྲོ་བའི་རིམ་པར་དགོད།། ཡི་དམ?་ལྷ་ཡི་ངོ་བོའི་བདག་ཉིད་དུ།། འགྲོ་བ་ཐམས་ཅད་བལྟས་ཏེ་སྲིད་པ་ལས། ་སྒྲོལ་བའི་སྒྲོལ་མའི་བཟླས་བསྒོམ་དེ་མཆོག་ཡིན།། དུར་ཁྲོད་ཤིང་གཅིག་རི་ཁྱོད་གནས་བཞི་ཕུག། མཆོད་རྟེན་མཐའ་འཁོབ་རྣལ་འབྱོར་མ་ཡི་གནས།། སྨད་འཚོང་མ་གནས་ལམ་དང་རྒྱལ་པོའི་གྲོང་།། ཆུ་འགྲམ་ཆེན ་པའི་དྲུང་དང་རྟགས་གཅིག་པ།། དབང་ཕྱུག་ཆེ་གནས་རྫིང་བུ་སྟེང་ཀ་འམ།། འཇིག་རྟེན་མཁའ་འགྲོ་མ་ཡི་གནས་སམ་གང་རུང་དུ།། བརྩོན་པས་གཅིག་ཏུ་གྲོགས་མེད་ངོ་བོའི་བདག་ཉིད་དུ།། ཡིད་དགའ་རྣལ་འབྱོར་རྒྱུད ་པཱ་ཞིང་རྒྱུད་རིགས་བརྒྱུད་པའི།། རྣལ་འབྱོར་མ་ཡི་བདག་མོ་ཤིན་ཏུ་ཟ།། འཁོར་ལོ་བརྒྱུད་པ་ཡེ་ཤེས་བརྒྱུད་པ་བསྒོམ།། རི་པཾ་བརྒྱད་པ་བླ་མའི་རིམ་བརྒྱུད་པ།། མི་ཕྱེད་བྱང་སེམས་ངོ་བོ་བརྟན་པ་འོང། ་ལེགས་པར་མི་ཕྱེད་ངེས་པའི་ཤེས་པ་ཡི།། མི་བདུན་ཡུལ་ཆོས་རྣམ་པར་རྟོག་པ་སྤངས།། ལུས་ངག་ཡིད་ཀྱི་རྒྱུད་ལས་བསྒོམ་འགྲུབ་པ།། སྤྱི་བོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི།། སྟེང་ན་བདུད་རྩི་ལྔ་འབབ་ཡང་དག་འཕྲོ།། གང ་ག་བརྟན་པས་ཨོཾ་ཡིག་བསྒོམ་པར་བ།། མི་ཕྲེང་བྱས་པ་ཛཾ་ལྟར་ཟླ་ལ་འབྱོར་གྱིས།། སྟེང་ནས་འབབ་པ་འབྱུང་བར་བྱེང་པ་ཨི།། འདི་ཡི་རྣལ་འབྱོར་མེ་ཡི་རྣ་ལ་འབྱོར་གྱིས།། རང་གི་ངོ་བོ་གཟི་བརྗིད་བཅས་པ་དང་།། ཀུན ་ནས་སྡུག་བསྔལ་ཐམས་ཅད་སྤངས་ཤིང་ཞི།། མཆོང་གནས་ཆེན་པོ་རྗེ་བཙུན་སྒྲོལ་མའི་སྐུ།། བསམ་གཏན་དེ་ཁོ་ན་ཉིད་དོན་བྱུག་པའི།། དཔལ་ལྡན་རྡོ་རྗེ་སེམས་དཔས་གང་གསུངས་པའི།། མ་ཆུལ་བ་ཡིག་དྲག་གི་ཥྱོ་མ་གྱི་ལྕེ་ལ ་གཞག་སྟེ།། ཡིད་བཞིན་ནོར་བུ་འདི་མཆོག་སྡུག་བསྔལ་ཐམས་ཅད་འཕྲོག་ཅིང་ཞི།། ཡེ་ཤེས་དེ་ཉིད་རང་བཞིན་མཐོང་བ་འདི།། གང་ཞིག་འདི་བསྒོམ་རྣལ་འབྱོར་བྱང་ཆུབ་སེམས་དཔའ་ཡི།། གྲགས་པ་ཆེན་པོས་ཞི་གསུམ ་འགྲུབ་པར་ཤོག། ལྷ་མོ་སྒྲོལ་མའི་རང་བཞིན་རྣལ་འབྱོར་ལྡན།། རྡོ་རྗེ་གསང་བའི་རྒྱུད་དུ་སྒྲོལ་མ་ཡི།། སྒྲུབ་ཐབས་གོང་དུ་བྲིས་པ་རྡོ་རྗེའི་ཚིག། སེམས་ཅན་ཡེ་ཤེས་ཐོབ་བྱེད་གང་ཡིན་འདི།། མ་དད་པ་ལ་མི་སྦྱིན་བྱ་བ་ངན་པ ་དང་།། ཆགས་ཅན་ཁྲོ་བ་ཅན་མྱིན་སློབ་མའི་བུ་ལ་མིན།། སྡུག་བསྔལ་བློ་ཅན་ལ་མིན་སློབ་དཔོན་གྱིས།། གཞན་ལ་སྒྲུབ་ཐབས་འདི་སྐྱོན་བྱང་ཕྱོགས་ཀྱི། ཨུ་རྒྱན་ནས་འོངས་བྲམ་ཟེའི་གནས་ཀྱི་ནང་།། ཞིང་གི་བུ་མ ་རྣལ་འབྱོར་མ་ཚོགས་རྡོ་རྗེའི་ཚིག་དྷ་གྲུབ།། བཅོམ་ལྡན་འདས་མི་ལྷ་མོ་སྒྲོལ་མ།། ཨུནྡན་གྱི་རིམ་པའི་སྒྲུབ་ཐབ་མི་རྟོགས་སོ།། ། མཁའ་འགྲོ་མ་རྡོ་རྗེ་ལྡན་མས ་གསུངས་པའོ།། མཱཧཱ་ཨཱ་ཙརྱཱ་རཏྣ་ཤྲཱིའི་སློབ་མ་པཎྜི་ཏ་བ་ར་ཧེ་ཏ་དང་། ཆ་ཙི་བ་ནག་ཚེ་དགེ་སློང་ཤེས་རབ་ཚུལ་མཚན་གྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ ་