| Wylie | e-texts produced with BDRC’s OCR application |
བསྡུ་ཞིང་ལྟག་ཆང་བསྐང་།། ། རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་ཡོ་གཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་མོ་གཅིག་པའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཞིང་ཆེན་གྱི་རྗེ ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། དང་པོ་སྟོང་པའི་བྱང་ཆུབ་སྟེ།། གཉིས་པ་ས་བོན་ཡང་དག་བསྡུས།། གསུམ་པ་གཟུགས་རྟེན་ཡང་དག་རྫོགས།། བཞི་པ་ཡི་གེ་རི་མ་བཞིན་དགོད།། ཅེས་གསུངས་པ། དང་ཐ ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྙིང་རྗེ་ཆེན་པོ་སྔོན་དུ་དམིགས་ལ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པར་མི་རྟོག་པའི་སྟོང་པ ་ཉིད་དུ་བསྒོམ་པར་བྱའོ།། གཉིས་པ་ནི་སྟོང་པ་ཆེན་པོའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར།། ཨ་ལས་ཟླ་བ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་ཆེ་བ་བསམ་མོ།། དེའི་དབུ་སུ་ཏྲཱཾ་དམར་པོ ་ཡོངསུ་གྱུར་པ་ལསཽ་ཨུཏྤ་ལ་དམར་པོ་ཡུ་བ་ལ་ཏཱཾ་གིས་མཚམ་པའོ།། གསུམ་པ་འདི་དེ་ལས་འོད་ཟེར་འཕྲོས་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་མཆོད།། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས།། ་ཚུར་འདུས་ནས་ཐིམ་པས་རྗེ་བཙུན་མའི་སྐུ་རུ་བདག་ཉིད་བསྐྱེད་པར་བྱ་སྟེ། ཞལ་བཞི་ཕྱག་བརྒྱད་མ་གཡས་ཀྱི་ཞལ་སྔོན་པོ།། གཡོན་ལྗང་གུ་དབུས་དམར་པོ།། སྟེང་ཞི་བའི་ཞལ་སེར་པོ།། ཁྲོ་ཞལ་གསུམ་པོ་ལ་སྤྱན ་དམེར་པོ་ཟླུམ་པ་གསུམ་གསུམ་མཆེ་བ་གཙིགས་པའོ།། ཕྱག་བརྒྱད་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་རལ་གྲི། གསུམ་པ་ན་ཀྵ་པ་ལ། བཞི་པ་ན་ཌ་མ་རུའོ།། གཡོན་དང་པོ་ནཱ་ཨུཏྤ་ལ། གཉིས་པ་ན་རིན་པོ་ཆེ། ་གསུམ་པ་ནི་ཁ་ཊྭཱཾ་ག། བཞི་པ་ན་དྲིལ་བུའོ།། སྐུ་མདོག་ཤིན་ཏུ་དམར་བ་དོན་ཡོད་གྲུབ་པས་དབུ་རྒྱན་བྱས་པའོ།། དཔལ་བའི་སྟེང་ན་ཐོད་པ་ལྔ་ཡོད་པ། མི་མགོ་ལྔ་བཅུ་ཐམ་པའི་ཕྲེང་བའི་དོ་ཤལ་ཅན། རུས་པའི་རྒྱུན་གྱིས ་བརྒྱན་པ།། སྟག་གི་ལྤགས་པའི་ཤམ་ཐབས་ཅན།། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཟླ་བ་ཉི་མའི་གདན་ལ་བཞུགས་པར་བསམ་མོ།། བཞི་པ་ནི་སྤྱི་བོར་ཟླ་བཱི་སྟེང་དུ་ཨོཾ་དཀར་པོ། མགྲིན ་པར་པདྨ་དམར་པོའི་སྟེང་དུ་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྩེ་ལྔ་པའི་སྟེང་དུ་ཧཱུཾ་སྔོན་པོ་བསྒོམ་མོ།། བཟླས་པོ་ནི་སྙིང་ཀའི་སླད་དུ་ཉི་མོའི་དཀྱིལ་འཁོར་གྱི་སྟེང་དུ་ཨུཏྤ་ལ་དམར་པོའི་ཡུ་བ་ལ་ཏཱཾ་དམར་པོ་བསམ?། དེ་ལ་སྔགས་ཀྱི་ཕྲེང་བ་འོད ་ཟེར་དམར་པོ་དང་བཅས་པ་སྤྲོས་པས། སེམས་ཅན་གྱི་སྡིག་པ་སྦྱངས་ལོ།། བདེ་བ་མཐའ་དག་ཐོབ་པར་བྱའོ།། ཚུར་འདུས་ཁ་ན་མར་ཞུགས་ཕྱག་མཚན་ས་བོན་ལ་ཐིམ། ནང་དུ་རང་ལ་རྟོགས་པ་སྐྱེས་པར་བསམ་མོ།། དེ་བཞིན་དུ ་ཡང་ནས་ཡང་དུ་བསམ་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ་ཅེས་པ་ནུས་ཚད་བཟླས་སོ།། འཇོག་ཙ་ན་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་བྱའོ།། དེ་ནས་སྤྱོད་ལམ་ཐམས་ཅད་སྒྲོལ་མའི་ང་རྒྱལ ་གྱིས་གོམས་པར་བྱའོ།། དཔའ་མོ་གཙུག་པའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་རྫོགས་སོ།། ། པཎྜི་ཏཱ་པ་ར་ཧེ་ཏཽ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ་