CLOSE WINDOW

GT581: dpal u ryan gyi sgrol ma'i mngon par rtogs pa'i rim pa zhes bya ba
Wyliee-texts produced with BDRC’s OCR application

མཁས་པ་ས་ཕུག་པ།། ། རྒྱ་གར་སྐད་དུ། ཤྲཱི་ཨོཾ་ཌྱན་ཏཱ་ར་ཀྲ་མ་ཨ་བྷི་སྭ་མ་ཡ་ནཱ་མ། བོད་སྐད་དུ། དཔལ་ཨུརྱན་གྱི་སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། འཕགས་མ་སྒྲོལ་མ་ལ་ཕྱག ་འཚལ་ལོ།། སྡུག་བསྔལ་སྲིད་པའི་མུན་པ་ནི།། སེལ་བར་བྱེད་པའི་ཉི་འོད་ཅན།། ཐུགས་ཀར་སྙིང་རྗེ་བརླན་པ་ལ།། རྟག་ཏུ་བདག་ནི་ཕྱག་འཚལ་ལོ།། དང་པོར་རེ་ཞིག་རྣལ་འབྱོར་པ་འམ།། རྣལ་འབྱོར་མས་བསམ་གཏན་གྱི ་ཁང་པ་ཡིད་དང་མཐུན་པར།། འཇམ་པའི་སྟན་ལ་འདུག་ནས། རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ། ཏྲཱཾ་ཡོག་དམར་པོ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་མ་ལུས་པའི་ནི་མཁའི་དཀྱིལ་འཁོར ་ཁྱབ་པར་བསྒོམ་པར་བྱའོ།། དེ་ནས་འོད་ཟེར་གྱི་ཞལ་མཐོང་བར་བྱ་བའི་མ་ལུས་པའི་བླ་མ་དང་། ཡཱི་དམྦ་ལྷ་དང་། དེ་བཞིན་གཤེགས་པ་རྣམས་བལྟས་ཏེ།། དེ་རྣམས་ལ་སེམས་ཀྱིས་མཆོད་པ་བྱས་ལ།། དཀོན་མཆོག ་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་བརྗོད་དེ།། དེ་ནས་བརྟན་པ་དང་གཡོ་བའི་འགྲོ་བ་རང་བཞིན་གྱིས་སྟོང་པའི་བདག་ཉིད་དང་ལྡན་པར་བལྟའོ།། སྔགས་བརྗོད་པར་བྱའོ།། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲོ་ཏ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི ་རྗེསུ་ན་མཁའ་ལ་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་ཁྲོ་བོའི་རྡོ་རྗེས་བསྐྲད་དོ།། རྡོ་རྗེ་ར་བ་བསྒོམས་པའི་གནས་པའི་ཆོས་འབྱུང་གི་དབུས་སུ་གཞལ་ཡུས་ཁང་གི་ནང་དུ།། ཟླ་བའི་དབུསུ་ཧཾཀྐི་བལྟ་སྟེ་དེ་ནས་ཧཾ་ཡཱི་ཝ ་དེདེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བར་བྱ་སྟེ། བདག་ཉིད་སྒྲོལ་མའི་གཟུགས་སུ་བསྒོམ་པ་བྱའོ།། སྐུ་མདོག་དམར་མོ་ཞལ་བཞི་པ་ཕྱག་བརྒྱད་པ་གར་བྱེད་པ། ཐོད་པའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི ་པགས་པས་སྨད་གཡོགས་པ།། རྣལ་འབྱོར་མའི་ཚོགས་ཀྱི་དབུས་ན་གནས་པ། སྤྱན་གསུམ་མ།། ཞལ་ཁྲོ་གཉེར་ཅན། དེའི་དང་པོའི་ཞལ་དམར་པོ་གཡས་ཀྱི་གནག་པ། གཡོན་པའི་ལྡང་བ། སྟེང་དུ་ཞི་བ་སེར་པོའོ།། གཡས་པའི ་ཕྱག་རྣམས་ནེ། ཌ་ན་རུ་དང་། ཐོད་པ་དང་། རལ་གྲི་དང་རྡོ་རྗེ་འཛིན་པ། གཡོན་པ་ན་ཨུཏྤ་ལ་དང་།། རིན་པོ་ཆེ་དང་། དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པའོ།། དེ་ནས་སྣ་ཚེགས་པདྨ་ལ་ལྷ་མོ་བརྒྱད།། སུ་ར་ཏ་ཤྭ་ར་དང་། སུ་ར་ཏ་ཙན་ཏྲ། སུ ་དྲྀ་ཏྲ་མ་ལི་ནི། སུ་ར་ཏ་བྷཀྵི། སུ་ར་ཏ་ཀ་མི་ནི། སུ་ར་ཏ་ཨུ་གྲཱ། སུ་ར་ཏ་ཨུ་ཏྲ་མ། དཀར་མོ། ལྗང་གུ། སྔོན་མོ། སེར་མོ། དཀར་མཽ། དམར་མོ། སྔོན་མོ།། ཛི་ལྟར་གཡས་ཀྱིས་ཌཱ་མ་རུ་དང་ཀ་པཱ་ལ་འཛིན་པ། ག ་ཀྱི་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པ། ཁྲོ་གཉེར་ཅན། ཐོད་པའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩི་བྲ་བཅུ་གཉིས་པ་ལ་ཤི་ཁཾ་བྷི་མ། ཤི་ཁརྟྟི། ཀི་རཱ་ལཱི། ར་ཌཱ་ལཱི། ར་ཨུ་ཏྲ ་མ་ཨུ་དྷི། བི་ཀ་ཏ། ཨུཏ་ཀ་ཏ། ཀཽ་རི་ཊི། ནར་ཏ་ཀི། དེ་དག་ཐམས་ཅད་གཡོན་ཕྱེད་དམར་བ། གཡས་ཕྱེད་ལྗང་གུ། གཡས་ན་འཁོར་ལོ་དང་། རྡོ་རྗེ་འཛིན་པ། གཡོན་ན་ཐོད་པ་དང་ཁ་ཊྭཱཾ་གྲ ་འཛིན་པ། ཞལ་ཁྲོ་གཉེར་ཅནཱ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྲ་གྲོལ་བ། གཡས་བསྐུམ་གཡོན་བརྐྱང་དང་། གཡོན་བསྐུམ་གཡས་བརྐྱང་གི་གར་གྱིས་གཡས་པ། དང་པོ་གཡོན་དང་། གཡསུ་འགྲོ་བ། གཞན་ཡང་དེའི ་ཕྱི་རོལ་དུ་སྒོ་བཞི་མ། ཀཾ་པུ་ཙི། པུཀྐ་ཡི། ཌོཾ་བི་ནི། མ་ཏཽ་གི། གཡས་ན་གྲི་གུག་ཐོད་པ་འཛིན་པ། གཡོན་མའི་མགོ་བོ་དང་། ཁ་ཊྭཱཾ་ག་འཛིན་པ། མཆེ་བ་གཅིག་པའི་ཞལ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཉི་མའི་གདན་ལ་གཡོན ་བོསྐུམ་གཡས་བརྐྱང་བས་བདུད་བཞིའི་སྟེང་དུ་གཡོན་དུ་བསྐོར་བ། ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ།། དེ་ནས་གནས་ཀྱི་ཆོ་ག་བྱ་སྟེ། དེ་ལ་མཆོགས་ཁ། སྤྱི་བོར་རྣ་བ་གཡོན། ལྷག་པ་སོགས་ཕྲག་རྣ་བ་གཡས། སྨིན་མའི་བར། ་མིག་གཉིས་དཔུང་པ། མཆན་ཁུང་གཉིས། ནུ་མ་གཉིས། ལྟེ་བ། སྣ་རྩེ། ཁ། སྐེ། ཐུགས་ཀ། ལྟེ་བའི་འོག། གསང་གནས། བཤང་ལམ། བརླ་གཉིས། ངོར་གདོང་གཉིས། རྐང་པའི་རྟིང་། རྐང་པའི་འོག། རྐང་པའི་མཐེ་བོང ་བུཔུས་མོ་གཉིས་ལ་རིམ་པ་ཇི་ལྟ་བར། པུ་ཏཱཾ་ཨོ་ཨ། གོ་རཱ་དེ་མ། ཀ་ཨོ་ཏྲི་ཀོ། ཀཱ་ལ་ཀཱ་ཧི། པྲོ་གྲྀ་སཽ་སུ། ན་སི་མ་ཀུ། པུལླི་ར་མ་ལ་ཡཾ། ཛཱ་ལ་དྷ་རཾ། ཨོཌྱ་ནཾ། ཨ་བུ་དཾ། གནས་པ་བཞིའོ།། གོ་ཏ་ཝ་རི། ར་མི་ཤྭ་ར། ་དེ་ཝཾ་ཀོ་ཊི། མཱ་ལ་ཝཱ། ཉེ་བའི་གནས་བཞིའོ།། ཀྵ་མ་རུ་པཾ། ཨོ་ཊེ། ཞིང་གཉིས་སོ།། ཏཱི་ཤ་ཀུ་ནེ། ཀོ་ས་ལཾ། ཉེ་བའི་ཞིང་གཉིས་སོ།། ཀ་ལཱི་ཀ། ལཾ་བ་ཀཾ། འདུ་བ་གཉིས་སོ།། ཀན་ཙེ་ཧི་མ་ལཱ་ཡཾ། ཉེ་བའི་འདུ་བ་གཉྫིས་སོ།། པྲེ་ཏ་པུ་རི། གྲྀ་ཧྣ་ད ་པབཔ་ཏ། མ་ལ་ཡ་གཉིས་སོ།། སཽ་རཥྚཾ། སུ་བཛྲ་དྲི་བ་ཉེ་བའི་མ་ལ་ཡ་གཉིས་སོ།། ན་ག་རཾ། སིན་དྷུ། ཧེ་ཤམ། དུར་ཁྲོད་གཉིས་སོ།། མ་དུ་དི་ཤམ། ཀུ་ལུ་ཏ། ཉེ་བའི་དུ་ཁྲོད་གཉིས་སོ།། མཚོགས་ཁ་ཐུགས་ཀ། ལྟེ་བ། གསང་གནས། བརླ་གཉིས། ་བྱིན་པ་ལ་རིམ་པ་བཞིན་དུ།། བྷྲཱུཾ་བྷྲཱུཾ་ཨ་ཧྲིཾ་ཁཾ་ཞེས་བྱ་བ་ནི་གོ་ཆའོ།། དེ་རྡོ་རྗེ་པདྨ་འཁོར་ལོའི་དབུས་སུ། ཧཱུཾ་ཨཱཿོཾ། དེ་ལྟར་ཡེ་ཤེས། ཡེ་ཤེས་ཅན་གྱིས་བསྒོམ་པར་བྱའོ།། དེ་ནས་དབང་བསྐུར་སྟེར་བར་བྱའོ།། ལྷ་མོའི་དབུ་ལ་དེ ་བཞོན་གཤེགས་པ་ལྔ་དང་། སུ་རི་ཏཱི་ཤྭ་རི་ལ་སོགས་པ་ལ། དབུ་ལ་རིན་ཆེན་འབྱུང་ལྡན་ནོ།། ཤི་ཁི་ལ་སོགས་པ་རྣམས་ལ་དབུ་ལ་རྣམ་པར་སྣང་མཛད། ཀཾ་པུ་ཙི་ལྔ་སོགས་པ་རྣམས་ལ་དབུ་ལ་མི་བསྐྱོད་པའོ།། དེ་ནས ་རྒྷ་སྦྱིན་པར་བྱའོ།། དེ་ནས་བདུད་རྩི་མྱང་བར་བྱའོ།། དེ་ལ་ཡཾ་རཾ་ལས་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་པདྨའི་སྣོད་བདུད་རྩི་ལྔས་བཀང་ནས་ཤ། གྷོ་ཧྲཱི་ཨ་མ་ཀཽ་ཀྵྞ་ཧཱུཾ་དེ་ཡིས་བྱིན་གྱིས་བརླབ་བོ།། དེ་ནས་སྔགས་བཟླས་པ་ནི།། ཡི་གེ ་བཅུ་ཕཊ་མཐར་སྦྱང་།། སྭཱ་ཧཱ་མཐར་སྤངས་པའོ།། ལྷ་མོ་ལ་བཟླས་པ་བྱས་པ་ཐམས་ཅད་ལ་ཨོཾ་སྡེར་མིང་གི་ཡི་གེ་མཐར་ཧཱུཾ་ཕཊ་སྔགས་བཟླས་སོ།། ཛཿཧཱུཾ་བཾ་ཧོཿདང་ལྡན་པ་སྒོའི་ལྷ་མོ་རྣམས་ལའོ།། བསྒོམ་པ་ལས་ལངས ་རྒྱུན་། ས་སྣུམ་། དུན་དྷ་རྨཱདྡྷ་མྨུ་ནྟུ།། སྨྲ་ས་པསམ་། ན་པའོ།། ལྷྭ་། ཨཱ་གྶ། ས་ཐ་བུ་ལསསམ་མངས་མ ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་རྟག་ཏུ་བྱས་ན་གྲུབ་པ་ཐོབ་པོ།། དེ་ལ་ཐེ་ཚོམ་མི་བྱེད་ཅིག། བཅོམ་ལྡན་འདས་མ་ཨུ་རྒྱུན་གྱི་སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ་རྫོགས་སོ།། ་ཐུགས་རྗེ་ཆེན་པོས་དཔུང་ལན་གསུམ་བསྐུར་བྱའི་གྲུབ་ཐོབ་ཝི་ནི་ཏ་བྷ་དྲའི་སློབ་མ་པཎྜི་ཏ་སཾ་གྷ་མ་ཤྲཱི་བྷེ་དྲ་དང་བོད་ཀྱི་ལོ་ཙ་བ་འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨོ་ཌྱན་ཏཱ་ར་ཀྲ་མ། བོང ་