| Wylie | e-texts produced with BDRC’s OCR application |
ཚེཆོས་ཀུན་སྒྲོགས།། ཚངས་སྐྱོང་མི་བསྣམས་མྱ་ངན་འདས་པའི་སྐུ།། མཚན་སྤྱོད་སྤངས་ནས་དུས་ཀུན་མཉམ་པར་སྤྱོང་།། ལྡོག་སྲེད་བྱུང་གདུང་བའི་དཀའ་ཐུབ་སྤངས།། དམ་པའི་བརྟུལ་ཞུགས་མ་ལུས་རབ་ཏུ་ལྡན།། མཚེན་ཆ་དེར་ནས ་ཤེས་རབ་མཚོན་ཆ་བསྣམས།། ཞེ་སྡང་རྣམས་སྤངས་སྒྲུབ་པའི་རྩེ་རྒྱུན་གཙོ་ངོ་།། ཕྱོགས་འཛིན་མི་མངའ་གྲུབ་མཐའ་ཀུན་གྱི་བདག། ཆགས་པ་མི་མངའ་ཀུན་ལ་མཁའ་ལྟར་སྤྱོད།། མཐའ་སྤངས་ན་མཁའ་ལྟ་བུར་ཁྱོད་ཀྱི་ཐུགས ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཁྱོད་ཀྱི་སྐུ།། སྒྲ་དང་བརྗོད་པར་སྣང་བ་ཐམས་ཅད་གསུང་།། སྒྲོལ་མཆིས་ཀུན་བསྡུས་པའི་སྙིང་པོ་ཅན།། ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་དང་།། དགུག་དང་དགར་དང་སྡེ་རངས་བསྐྱེད་པ ་དང་། ལྕགས་དང་ཚིག་འཕྲོག་གཟུགས་སྒྱུར་བསྲུང་ལ་སོགས།། དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ཅན།། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་འདོད་ཡོན་དབང་ཕྱུག་ལྡན། ་འཕྲུལ་ཀུན་འགྲོ་ཡོན་ཏན་བརྒྱད་དང་ལྡན།། ཆོས་སྐུ་མཁའ་ལྟར་དབྱེར་མེད་རྟོགས་གྱུར་ཀྱང་།། གཟུགས་སྐུ་འཇའི་ཚོན་ལྟ་བུར་འགྲོ་ལ་སྟོན།། ཇི་སྲིད་དཀྱིལ་འཁོར་ཀུན་གྱི་བདག་པོ་མཆོག། སྒྲོལ་མ་འགྲོ་བ་འཁོར ་བའི་གསེབ་ལམ་སྒྲོལ།། གང་གིས་དྲན་ན་ངན་སོང་འཇིགས་པ་དང་།། རྒྱལ་པོ་རྐུན་པོ་མེ་ཆུས་འཇིགས་པ་དང་།། སེང་གེ་སྟག་སྦྲུལ་སྲིན་པོའི་འཇིགས་ལས་སྒྲོལ།། འབྱུང་བ་འཁྲུགས་དང་གདོན་གྱིས ་སྐྱེད་པ་ཡི།། སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས་དང་།། དྲང་སྲོང་མཁའ་འགྲོའི་དམོད་གྱུར་ཀུན་ལས་སྒྲོལ།། ནོར་བུ་སྔགས་དང་སྨན་སྦྱོར་འདོད་པ་བཞིན།། འགྲོ་ལ་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན།། མོས་པས་དྲན་པ་རྣམས ་ལོ་སྩོལ་བ་ཡིན།། རྒྱལ་སྲིད་འདོད་པས་གཡུལ་ངོར་རྒྱལ་བ་དང་།། ལོངས་སྤྱོད་གྲགས་པ་འདོད་པ་དེ་དགུ་དང་།། བཀུར་བའི་དྲི་ངས་བྲལ་འདོད་སྦྱོང་བ་ཡིན།། གང་གིས་བསྟོད་པས་བདེ་གཤེགས་ཀུན་ལ་བསྟོད་།། དུས་གསུམ་སངས ་རྒྱས་ཀུན་གྱི་བསྐྱེད་མཛད་མ།། སངས་རྒྱས་སྲས་བཅས་མ་ལུས་ཁྱོད་ཀྱི་སྐུ།། རྗེ་བཙུན་སྒྲོལ་མ་ཡོན་ཏན་ཕུང་པོ་ཅན།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ལ་སོགས་དང་།། དྲག་པོ་ཨུ་མ་ཀ་ར་ཤམ་ལ་སོགས།། སྐུལ་བྱེད ་ལུ་གུ་རྒྱུད་དང་ཁྱོ་གཉེར་ཅན།། མཱ་མ་ཀྵི་དང་སྤྱན་དང་གོས་དཀར་མོ།། འགྲོ་བ་གང་གིས་འདུལ་བ་དེ་དོན་དུ།། ཇི་ལྟར་ཁྱད་འཕགས་བརྗིད་པའི་ཆ་ལུགས་ཅན།། ཐབས་ཚུལ་རྣམ་པ་མཐའ་ཡས་སྟོན་པའི་སྐུ།། འགྲོ ་བའི་སྐྱབས་མཆོག་རྗེ་བཙུན་སྒྲོལ་མ་མཆོག། སྤྱི་བོར་འོད་དཔག་མེད་བཞུགས་ཕྱག་འཚོལ་ལོ།། འཇིགས་པ་བརྒྱད་སྐྱོབ་སྒྲོལ་མའི་སྐུ་ལ་འདུད།། གྲགས་པ་མཐའ་ཡས་སྒྲོལ་མའི་སྐུ་ལ་འདུད།། འགྲོ་དོན་སྒྲུབ ་པ་སྒྲོལ་མའི་སྐུ་ལ་འདུད།། སྡུག་བསྔལ་ངེས་སེལ་སྒྲོལ་མའི་སྐུ་ལ་འདུད།། ཕྱག་སྟོང་སྤྱན་སྟོང་སྒྲོལ་མའི་སྐུ་ལ་འདུད།། མཁའ་ལྟར་མཐའ་ཡས་སྒྲོལ་མའི་སྐུ་ལ་འདུད།། མཚན་ལ་དཔེས་བརྒྱན་སྒྲོལ་མའི་སྐུ་ལ་འདུད།། ཟླ་འདྲའི ་ཡན་ལག་སྒྲོལ་མའི་སྐུ་ལ་འདུད།། ཉི་མ་ལྟར་གསལ་སྒྲོལ་མའི་སྐུ་ལ་འདུད།། དུས་གསུམ་འགྱུར་མེད་སྒྲོལ་མའི་སྐུ་ལ་འདུད།། ས་ལྟར་རྟེན་འགྱུར་སྒྲོལ་མའི་སྐུ་ལ་འདུད།། ཆུ་ལྟར་འཛིན་མཛད་སྒྲོལ་མའི་སྐུ་ལ་འདུད།། མེ ་ལྟར་སྨིན་མཛད་སྒྲོལ་མའི་སྐུ་ལ་འདུང་།། རླུང་ལྟར་རྒྱས་མཛད་སྒྲོལ་མའི་སྐུ་ལ་འདུད་ག་རྒྱས་སྒྲལ་སྐུལ་འ་ས་ན་ལ་སྒྲོལ་མའི་སྐུ་ལ་འདུང་།། ཐུགས་རྗེའི་ཆུ་རྒྱུན་སྒྲོལ་མའི་སྐུ་ལ་འདུད། འདུལ་བའི་ཐབས་མཁས་སྒྲོལ་མའི་སྐུ་ལ་འདུད། ་སྒེག་ཀྱང་ཆགས་བྲལ་སྒྲོལ་མའི་སྐུ་ལ་འདུད།། ཐར་པའི་ལམ་སྟོན་སྒྲོལ་མའི་སྐུ་ལ་འདུད།། སྟོང་ཉིད་ན་མཁའ་ལྟ་བུའི་ཆོས་ཀྱི་སྒྲ།། འགྲོ་བ་མ་ལུས་པ་ལ་ངེས་སྒྲོགས་པས།། མུ་སྟེགས་རི་དགས་སྐྲག་མཛད་སེང་གེ་ཆེ། ་བཙུན་སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ།། མི་ཕྱེད་རྡོ་རྗེ་འཛིན་པའི་ཞགས་པ་དང་།། ཆོས་སྒྲོགས་དུང་དང་ཤེས་རབ་མདའ་འཛིན་དྲང་།། འདྲེན་པའི་ལྕགས་ཀྱུ་ཡིད་འོང་ཨུཏྤ་ལ།། སྙིང་རྗེ་གཞུ་དང་ལྟ་བའི་སྡིགས་མཛུབ་མཛད།། ཐུག ་ཀྱི་རྣམ་པར་དག་པ་བརྡ་ཚུལ་དུ།། རྡོ་རྗེ་ལ་སོགས་རྟགས་སུ་བྱིན་བརླབས་པའི།། ཕྱག་བརྒྱད་མཚན་མ་བརྒྱད་ཀྱིས་རབ་བརྒྱན་པའི།། རྗེ་བཙུན་སྒྲོལ་མའི་སྐུ་ལ་ཕྱག་འཚལོ།། རྡོ་རྗེ་སྒྲོལ་མ་རིན་ཆེན་སྒྲོལ་མ་དང་།། པདྨའི་སྒྲོལ་མ་ལས ་ཀྱི་སྒྲོལ་མུ་དང་།། བདུག་པའི་སྒྲོལ་མ་མེ་ཏོག་སྒྲོལ་མ་དང་།། མར་མེའི་སྒྲོལ་མ་དྲིལ་བུའི་སྒྲོལ་མ་དང་།། ལྕགས་ཀྱུའི་སྒྲོལ་མ་ཞགས་པའི་སྒྲོལ་མ་དང་།། ལྕགས་སྒྲོག་སྒྲོལ་མ་དྲིལ་བུའི་སྒྲོལ་མ་དང་། ་བཅུ་གཉིས་འཁོར་ལོའི་ཚོགས་ཀྱིས་རབ་བསྐོར་བའི།། རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལོ།། མགོན་པོ་འོད་དཔག་མེད་ལ་ཕྱག་འཚལོ།། ཕྱག་ན་པདྨ་ཁྱོད་ལ་ཕྱག་འཚལོ།། སྤྱན་རས་གཟིགས་དབང་དེ་ལ་ཕྱག་འཚལོ།། འཇིག ་རྟེན་དབང་ཕྱུག་ཁྱོད་ལ་ཕྱག་འཚལོ།། དོན་ཡོད་ཞགས་པ་ཁྱོད་ལ་ཕྱག་འཚལོ།། ཁྲོ་རྒྱལ་རྟ་མགྲིན་ཁྱོད་ལ་ཕྱག་འཚལོ།། འཇིགས་པ་བརྒྱད་སྐྱོབོ་ཁྱོད་ལ་ཕྱག་འཚལ་ལོ།། ཕྱག་སྟོང་སྤྱན་སྟོང་ཁྱོད་ལ་ཕྱག་འཚལོ།། ཐུགས་རྗེ་བཅུ ་གཅིག་ཞལ་ལ་ཕྱག་འཚལ་ལོ།། དབང་ཕྱུག་ཆེན་པོ་ཁྱོད་ལོ་ཕྱག་འཚལ་ལོ།། རྡོ་རྗེ་ཆོས་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། དེ་ཉིད་དོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། འཇིག་རྟེན་དབང་རབ་ཁྱོད་ལ་ཕྱག་འཚོ་ལོ།། རྡོ་རྗེ་སྤྱན་རྒྱས་ཁྱོད་ལ ་ཕྱག་འཚལ་ལོ།། རལ་པ་གཅིག་མ་ཁྱོད་ལ་ཕྱག་འཚོལ་ལོ།། ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ།། ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།། བུད་མེད་སྒྱུ་འཕྲུལ་ཁྱོད་ལ་ཕྱག་འཚལ་ལོ།། ཀུ་རུ་ཀུ་ལི་ཁྱོད་ལོ་ཕྱག ་འཚལ་ལོ།། ལྷ་མོ་གོས་དཀར་ཁྱོད་ལ་ཕྱག་འཚལ་ལོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།། གང་ཞིག་སྡོམ་པ་དེ་བཟུང་ནས།། སྒྲོལ་མོའི་སྐུ་གཟུགས་སྤྱན་སྔར་ནི།། ཁྲུས་བྱས་དད་པས་རྩེ་གཅིག་གིས། བསྟོད་པའི་རྒྱལ་པོ་འདིས ་བསྟོད་ནས།། གསང་སྔགས་བཟླས་བརྗོད་འདི་བྱས་ན།། རྗེ་བཙུན་སྒྲོལ་མ་ཞལ་བསྟན་ནས།། གདུང་བ་ཐམས་ཅད་སེལ་བ་དང་།། དངོས་གྲུབ་མ་ལུས་བྱིན་བརླབ་འགྱུར།། ཟླ་བ་ཡང་ངོའི་ཚེས་བརྒྱད་ལ།། ལྕི་བའི་དཀྱིལ་འཁོར ་དབུས་སུ་ནི།། རྗེ་བཙུན་སྒྲོལ་མ་མཆོད་བྱས་ནས།། བསྐྱོད་དང་གསང་སྔགས་འདི་བཟླས་ན།། མགོན་པོ་བཞིན་དུ་བདག་འགྱུར་ཏེ།། སྒྲིབ་པ་རྣམས་དང་བྲལ་བ་དང་།། དྲི་ངས་བསྐུར་བ་དགྲ་པ་དང་།། རྒྱུད་གསུམ་ཡོན་ཏན་མ ་ལུས་འགྲུབ།། རྒྱལ་པོ་གཡུལ་དུ་འཇུག་པོའི་ཚེ།། སྤྱི་བོར་སྙིང་པོ་འདི་བཅངས་ན།། བསྟོད་དང་གསང་སྔགས་འདི་བརྗོད་ན།། དགྲ་བོ་འདོད་བཞིན་དབང་དུ་འགྱུར།། བུད་མེད་གང་ཞིག་བུད་མེད་ཀྱི།། དངོས་པོ་ལས་ནི་བྲལ་འདོད ་དང་།། འཇིག་རྟེན་དགོས་པ་མཆོག་དང་ནི།། འཇིག་རྟེན་འདས་པ་གྲུབ་འདོད་པས།། ཁྲུས་བྱས་དགོས་དཀར་བགོས་ནས་ནི།། བསྙེན་གནས་བསྲུང་བར་ངེས་གནས་ཏེ།། ཡར་ངོའི་ཚེས་བརྒྱད་མཆོད་བསྟོད་བཟླས།། དེ་དག ་ཐེ་ཙོམ་མེད་པར་འགྲུབ།། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་དོན་ཐམས་ཅད་འགྲུབ་པ་ཞེས་པ། བསྟོང་པའི་རྒྱལ་པོ་རྫོགས་སོ།། ་སློབ་དཔོན་མཱ་ཏྲྀ་ཙི་ཊས་པསྟོང་པའོ།། ་