| Wylie | e-texts produced with BDRC’s OCR application |
འདུན་པར་བྱེད།། རིག་པ་བསྐྱེད་པ་རྫོགས་སོ།། @6།། རྒྱ་གརཪྵ་སྐད་དུ། མཱི་ཏྱུ་ཐཱ་ཀི་པ། བོད་སྐད་དུ། འཆི་བ་བསྒྲུ་པ། དཔལ་སྒྲིལྔ་མ་ཆེན་མོ་ལ་ཕྱག་འཚལོ། སྒྲོལ་མ་ལྗང་སེར་ཆོ་གཱ་ཡཽ་སཱི།། འཆི ་བདག་ཆད་པ་ཞི་མཛད་ཅིང་།། མཁའ་འགྲོ་སྲིན་པོའི་གནོད་པ་རྣམས།། སྒྲོལ་མས་སྒྲོལ་མ་མཆོག་ཡིན་ནོ།། རེ་ཤིག་རྨོ་ལྟས་དང་ལུས་ཀྱི་རྣམ་འགྱུར་ལ་སོགས་པ་འཆི་བའི་རྟགས་རྣམས་དམིགས་ཤིང་། དུས་མ་ཡིན་པར་འཆི་བའི་དུས ་བྱེད་པ་རྣམས་ཀྱི་འཇིགས་པ་ཆེན་པོ་ཞི་བར་བྱ་བའི་ཕྱིར་སྙིང་པོའི་གྲངས་བགྲངས་ཤིང་མ་ཡེངས་པའི་བསམ་གཏན་མང་དུ་གོམས་པའི་རྣལ་འབྱོར་པས་དབེན་པའི་སུ་ཕྱོགས་སྟན་བདྲེ་བ་ལ་འདུག་སྟེ་ལུས་ཀྱི་འཇུག་པ་སྔོན་དུ་བཏང ་བྱམས་པ་དང་སྙིང་རྗེ་ཆེན་པོ་སེམས་ཅན་ལ་བསྐྱེད་ལ་སྒྱུ་མ་ལྟ་བུའི་བློ་ཅུང་ཞིག་གོམས་པར་བྱས་ཏེ་སྐད་ཅིག་གིས་དཔལ་སྒྲོལ་མ་ཆེན་མོ་སྐུ་མདོག་ལྗང་སེར་རིན་པོ་ཆེ་སྣ་ཚོགས་ཀྱིས་སྐུ་ལེགས་པར་སྤྲས་པ། ཕྱག་གཉིས་ཀྱི་ཐུགས་ཀར ་བསྟོད་པའི་རྒྱལ་པོ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཟླ་བ་སྐར་མའི་ཚོགས་དང་མཁའ་ལ་མཛེས།། མགོན་པོ་སེམས་དཔས་བསྐོར་ཅིང་འགྲོ་ནང་མཛེས།། ཟླ ་བ་དྷི་མེད་གདུང་བ་སེལ་བ་བཞིན།། མི་ཤེས་ཀུན་སྤངས་འགྲོ་བའི་སྡུག་བསྔལ་སེལ།། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང་།། བསམ་གཏན་ཏིང་འཛིན་རྣམ་ཐར་མང་པོ་ཅན།། སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པ་ལ།། དཔེ་བྱེད ་བཟང་པོ་བརྒྱད་ཅུས་རབ་ཏུ་བརྒྱན།། སྲུང་བྱེད་གསུམ་དང་མ་འདྲེས་དྲན་གསུམ་དང་།། མི་འཇིགས་བཞི་བརྙེས་ཡོངསུ་དག་བཞི་མངའ།། སྟོབས་བཅུའི་རྩལ་ལྡན་སྐྱེ་ལ་ཐུགས་རྗེ་ཆེ།། བག་ཆགས་ཀུན་བཅོམ་མི་བརྙེ་སྣ་རྣམ་ཀུན་བཅོམ།། ་རིགས་ལྔ་ཉོན་མོངས་ལྔ་བཅོམ་ཡེ་ཤེས་ལྔ།། སྐུ་ལྔ་མངོན་པར་བྱང་ཆུབ་རྣམ་ལྔ་བརྙེས།། ལམ་ལྔ་སྦྱོང་མཛད་སངས་རྒྱས་ལྔའི་སྐུ།། ཕུང་པོ་ལྔ་སྤངས་ཟག་ཟོད་མངོན་ཤེས་ལྔ།། དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་པོ་ཁྱོད།། ཡོན ་ཏན་ཀུན་གྱི་འབྱུང་གནས་རྒྱུ་ཡི་མཆོག། ཚུགས་སྡང་མ་བྲལ་འགྲོ་བའི་དོན་གྱི་ཕྱིར།། ཆ་ལུགས་རྣམ་པ་སྣ་ཚོགས་འཛིན་པ་ཁྱོད།། སྣ་ཚོགས་འཕྲིན་ལས་སྐུ་མདོག་ལྗང་ཁུ་ཅན།། དབུ་ལ་འོད་དཔག་མེད ་པས་རབ་ཏུ་བརྒྱན།། འཁོར་ལོ་སྒྱུར་བའི་རྒྱལ་པོའི་ཆ་ལུགས་ཅན།། འགྲོ་བའི་དེད་དཔོན་སྒྲོལ་མ་ཁྱོད་ཀྱི་སྐུ།། མཛེས་པའི་རལ་པ་དབུ་རྒྱན་ཅོད་པན་དང་།། དར་དཔྱངས་ཟླ་ཚེས་སྣ་ཚོགས་རྡོ་རྗེས་མཛེས།། རྣ་རྒྱན་མགུལ་རྒྱན་དཔུང་རྒྱན ་གདུ་བུ་དང་།། སྐོ་རགས་ཞབས་གདུབ་པ་ངའི་སྨད་དཀྲིས་མཛེས།། རིན་ཆེན་ནོར་བུས་སྤྲས་པའི་དོ་ཤལ་དང་།། དཔུང་རྒྱན་སེ་མོ་ངོས་ནི་ཤིན་ཏུ་བརྒྱན།། བཅོས་བུའི་རས་དང་ཁ་དོག་སྣ་ཚོགས་པའི།། དར་དང་ལྷ་ཡི་དེར་ཟབ་ན་བཟའ ་མནབས།། པདྨའི་རིགས་ནི་པདྨ་ལས་འཁྲུངས་ཅན།། སྣ་ཚོགས་པདྨ་མཆོག་གི་གདན་ལ་བཞུགས།། ཆགས་སྡང་ཞོ་སྡང་གཏི་མུག་ལ་སོགས་ཀྱིས།། མ་གོས་པདྨ་དམར་པོ་བཞིན་དུ་དག། དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང་།། ་འབྱུང་པོ་མེ་ལྷ་རླུང་ལྷ་སྲིན་པོ་དང་།། ས་བདག་སྟེང་གི་ལྷ་ཚོགས་མཱ་ལུས་རྣམས།། ཕྱོགས་སྐྱོང་འགྲོ་དོན་སྤྲུལ་མཛད་ཁྱོད་ཀྱི་སྐུ།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ལྷ་ཆེན་དང་།། དྲག་པོ་ཞི་པ་ཨུ་མ་ལ་སོགས་ལས།། རྒྱལ ་འགྱུར་ལྷ་ཡི་ལྷ་སྟེ་སྒྲོལ་མ་ཁྱོད།། ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེན་པོར་གྲགས།། ཐོད་པ་མི་འཆང་ཐུགས་རྗེའི་ཐོད་པ་ཅན།། རལ་པ་རྣམས་སྤངས་ཤིན་ཏུ་དགའ་བས་མཛེས།། གཡང་གཞི་དང་བྲལ་མཚན་དང་དཔེ་བྱད ་སྤྲས།། ཐལ་བས་མ་བསྐུས་བྱམས་པས་ཁྱབ་པའི་བདག། དབྱུག་གུ་གསུམ་སྤངས་བསླབ་པ་གསུམ་དང་ལྡན།། དུར་ཁྲོད་གནས་དོར་ཆོས་ཀྱི་དབྱིངས་སུ་རོལ།། རྐེང་ཕྲན་ཅང་ཏེའུ་ལ་སོགས་སྒྲ་སྤངས་ནས།། གསུང་དབྱངས་ཡ་ལག་དུག་རྐུས ་ཚེཆོས་ཀུན་སྒྲོགས།། ཚངས་སྐྱོང་མི་བསྣམས་མྱ་ངན་འདས་པའི་སྐུ།། མཚན་སྤྱོད་སྤངས་ནས་དུས་ཀུན་མཉམ་པར་སྤྱོང་།། ལྡོག་སྲེད་བྱུང་གདུང་བའི་དཀའ་ཐུབ་སྤངས།། དམ་པའི་བརྟུལ་ཞུགས་མ་ལུས་རབ་ཏུ་ལྡན།། མཚེན་ཆ་དེར་ནས ་