| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བིདྡྷ་བརྡྷ་ནི། བོད་སྐད་དུ། རིག་པ་བསྐྱེད་པ། རིག་བྱེད་སྒྲོལ་མ་ལ་ཕྱག་འཚལོ།། གང་ཞིག་རྨོངས་པས་བློ་ལྡོངས་པ།། རིག་བྱེད་སྒྲོལ་མ་རིག་པའི་མཆོག། རྒྱལ་པོ་ཁྱིམ་བདག་མགུ་བྱེད་པ།། བླང ་ཕྱིར་བདག་གིས་བྲིས་པར་བྱ།། གཞན་ཡང་སྒྲོལ་མའི་རིག་པ་མཆོག་བླང་བའི་སླད་དུ་བསྙེན་པི་གྲང་ཚ་དུ་སོན་ཞིང་སྒྲུབ་ཐབས་ཀྱི་ཆོ་ག་བློ་འདྲིས་པའི་རྟེན་གྱི་གང་ཟག་གིས་བྱམས་པ་དང་སྙིང་རྗེ་སྔོན་དུ་བསྐྱེད་ལ་སྐད་ཅིག་གིས་རིག ་བྱེད་སྒྲོལ་མ་སྐུ་མདོག་ཆོས་ཆེན་པོ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ།། གཡས་ཀྱི་དང་པོ་མི་འཇིགས་པའི་ཕྱག་དང་། གཉིས་པས་མངའ་དང་། གཡོན་གྱིས་རིན་པོ་ཆེའི་གཞུ་དང་། གཡོན་གཉིས་པས་ཨུ ་དམར་པོ་འཛིན་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་གི་བཞུགས་པ། དེའི་ཐུགས་ཀར་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་དམར་པོ་བྱུ་རུའི་མདོག་ལྟ་བུ་ལས། ཕྱོགས་བཅུར་འོད་འཕྲོས་ཚུར་བསྡུས་ནས ་བདག་གི་ཀུན་དུ་རྨོངས་པའི་ཚོགས་ཐམས་ཅད་ཞི་བར་བསམ་ཞིང་སེམས་གཏད་ལ་བསྒོམ་པར་བྱའོ།། དེ་ནས་སྐྱོ་བར་གྱུར་ན་གསང་སྔགས་རྒྱུན་མགལ་མེའི་འཁོར་ལོ་ལྟ་བུས་སེམས་སྦྱངས་ནས་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་པར་ནས ་འཚལ་དང་གུ་གུམ་དང་འགི་བཾ་རྣམས་སྦྱར་ལ་པདྨ་འདབ་མ་བཅུ་དྲུག་པ་གཉིས་བྲིས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རོ་ཨ་ནི་བྷི་པྲཛྙཱ་པྲ་སཱ་དྷ་ནེ། ཨོཾ་བྷི་པྲ་ཛྙཱ་པྲ་སཱ་དྷ་སྭཱ་ཧཱ། ཞེས་བཟླ་ཞིང་བདག་དང་འཁོར་ལོ་ཕན་ཚུན་ཐིམ་ཞིང་སྙིང་པོ་དང ་དང་གཟུངས་དགོད།། འཁོར་ལོ་གཅིག་ལོ་དབྱངས་དང་གསལ་བྱེད་བྲི་བར་བྱའོ།། དེ་ནས་བཅཝ་ལྔའི་མཚན་ཕྱེད་ལ་ཟླ་བཱ་ལ་མངོན་དུ་ཕྱོགས་པས་མཆོད་པ་རྣམ་པ་ལྔ་དང་སྦྱིན་སྲེག་དང་གཏོར་མ་རྣམས་ཕུལ་ལ་མེ་ལོང་གྲ་ཡའ་ཡོངསུ ་དག་པ་བུ་ག་མེད་པ་ལ་སིན་དྷཱ་ར་དམར་པོ་གདལ་ལ་གསེར་རམ་ཟངས་ཀྱི་ཐུར་མས་འཁོར་ལོ་ཇི་ལྟ་བ་བཞིན་དུ་ཕྱི་ནང་དུ་གཉིས་བྲིས་ལ་སྙིང་པོ་དང་གཟུངས་དང་། ཕྱི་མ་ལ་དབྱངས་དང་གསལ་བྱེད་བཀོད་དེ་ཅུང་ཞིག་བཟླས་པ ་བྱ་ཞིང་མཆོད་པ་རྣམ་པ་ལྷས་ཡང་དག་པར་མཆོད་ལ་འཁོར་ལོ་གཉིས་དྲིལ་ཏེ་མགུལ་དུ་གདགས་པར་བྱ།། སིན་དྷ་ར་ལེགས་པར་བསྡུས་ཏེ་དུག་ལང་ཀ་ཝ་ཏེའི་སྦུ་གུར་བླུགས་ལ་མཆན་ཁུང་གཡོན་པར་བཏགས་ཏེ་ཐིག་ལྡེ་དམར་པོ་སྐུ ་མཚམས་སུ་བྱ་ཞིང་། བསྟོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དུ་ཞུགས་ན་རྒྱལ་པོ་དང་ཁྱིམ་བདག་དད་ཅིང་འདུན་པར་འགྱུར་རོ།། སྒྲ་དང་བསྟན་བཅོས་མང་པོ་དང་།། རོལ་མོ་སྒྱུ་རྩོལ་ཇི་སྙེད་དང་།། ལྷ་དང་གནོད་སྦྱིན་བུ་མོ་སོགས།། རིག་བྱེད་མཐུ་ཡིས ་འདུན་པར་བྱེད།། རིག་པ་བསྐྱེད་པ་རྫོགས་སོ།། @6།། རྒྱ་གརཪྵ་སྐད་དུ། མཱི་ཏྱུ་ཐཱ་ཀི་པ། བོད་སྐད་དུ། འཆི་བ་བསྒྲུ་པ། དཔལ་སྒྲིལྔ་མ་ཆེན་མོ་ལ་ཕྱག་འཚལོ། སྒྲོལ་མ་ལྗང་སེར་ཆོ་གཱ་ཡཽ་སཱི།། འཆི ་ཆོས་སྨྲ་བའི་ཕྱག་རྒྱས་ཨུཏྤལ་སྔོན་པོ་འཛིན་པ། པདྨ་དང་ཟླ་བའི་སྟེང་དུ་སྐྱིལ་ཀྲུང་གིས་བཞུགས་པ།། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ལྗང་སེར་དེ་ལྔའོ་ནྡེ་ཕྱོ་བཅུར་འཕྲོས་པས་དུས་མ་ཡིན་པར་ཚེའི་དུས་བྱེད ་པའི་སེམས་ཅན་རྣམས་ཀྱི་འཆི་བདག་གིས་མཐུ་མེད་པར་བྱས་ལ་ཚུར་ལ་བསྡུས་ལ་སྒྱུ་མ་ལྟ་བུའི་བློས་སྡུག་བསྔལ་གྱིས་ཉེན་པོའི་སེམས་ཅན་རྣམས་ལ་དམིགས་ཤིང་སྙིང་པོའི་མཆོག་འདི་བརྗོད་པར་བྱའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་བྷ་ཡ་ཧ་རེ་ཎེ་ཧཱུཾ་ཧཱུ~ཾ་ཧཱུཾ། ་མྲི་ཏྱུ་དཎྜ་ཡ་མཱ་དཎྜ་ཡ་མ་དྷུ་ན་སྭཱ་ཧཱ།། ཞེས་པ་བཟླས་ཞིང་། གཟུངས་དང་སྦྱིན་སྲེག་དང་གཏོར་མ་དང་མཆོད་པ་ཕུལ་ལ་བསྟོད་པ་བྱའོ།། དེའི་རྗེས་ལ་གྲོ་ག་ལ་གུ་ཀུམ་གྱིས་འཁོར་ལོ་རྩིབས་བདུན་པ་བྲིས་ལ་ཆེ་གེ་མོའི་སྡིག་པ་ཞི་བར་གྱུར་ཅིག ་ལ་སོགས་པ་སྤེལ་ལ་སྙིང་པོ་དང་གཟུངས་དགོད་པར་བྱའོ།། དེ་ནས་རིན་པོ་ཆེའམ་རྫ་སར་པ་ཁ་སྦྱར་རཱམ། རྭ་འམ་ཤིང་གི་ཟ་མ་ཏོག་གི་ནང་དུ་འཁོར་ལོ་དྲིལ་ལ་སྐུད་པ་དམར་པོས་སྣོད་ལན་མང་དུ་ཅིང་།། དར་རམ་རས་དཀར་པོའི་ནང་ན ་བཟའ་གཡོགས་ལ་དགེ་འདུན་གྱི་སྡེ་ཆེན་པོའི་གཙུག་ལག་ཁང་གི་ཤིང་ངམ། མཆོད་རྟེན་གྱི་ཤིང་ལ་བཅིངས་ལ། དུས་ཁྱད་པར་ཅན་ལ་མཆོད་པ་ཆེན་པོས་མཆོད་ཅིང་སྒོམ་པ་དང་སྙིང་པོ་དང་གཟུངས་དང་བསྟོད་པ་རྣམས ་བརྗོད་པར་བྱའོ།། འཕགས་མ་སྒྲོལ་མ་སྟོབས་མོ་ཆེ།། ཁྱེད་ཀྱི་གསང་སྔགས་རྗེས་དྲན་པས།། འཆི་བདག་གནོད་པ་ཞི་གྱུར་ནས།། ཞབས་ཀྱི་རྡུལ་ལ་རེག་པར་ཤོག། འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས ་བརླབས་པ། པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། འཆི་བ་བསླུ་བ་རྫོགས་སོ།། ། ཅོག་ཀྲུ་ལོ་ཙ་བ་མྱ་ངན་མེད་པའི་དཔལ་གྱིས་བསྐུར་བའོ།། ་གས་པ་སྒྲོལ་མའོ་སྨོད་པ་ག། 6།། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟོཏྲ་སརྦ་ཨརྠ་སཱ་དྷཱ་ནཱ་ནཱ་མ་སྟོ་དྷ་ནཱ་ཛཱ། བོད་སྐད་དུ། འཕགསོ་མུ་ལྷ་མོ་སྒྲོལ་མའི་བསྟོད་པ། དོན་ཐམས་ཅད་གྲུབ་པ་ཞེས་བྱ ་བསྟོད་པའི་རྒྱལ་པོ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཟླ་བ་སྐར་མའི་ཚོགས་དང་མཁའ་ལ་མཛེས།། མགོན་པོ་སེམས་དཔས་བསྐོར་ཅིང་འགྲོ་ནང་མཛེས།། ཟླ ་