| Wylie | e-texts produced with BDRC’s OCR application |
ཨུད་པ་ལ།། ལྟེ་བར་ཏེ་གིས་མཚན་པར་བསྒོམ།། ཨུད་པལ་ཏཾ་བཅས་གྱུར་པ་ལས།། བདག་ཉིད་སྒྲོལ་མའི་གཟུགས་སུ་བསྒོམ།། ཕྱག་གཡས་མྱི་འཇིགས་སྟེར་བའོ།། གཡོན་པ་ཨུད་པ་ལ་བསྣམས་པ་ནི།། འདབ་མ་རྣ་བ་མ ་རེག་པའོ།། སྐུ་མདོག་ལྗང་སྟོན་དག་ཏུ་བསྒོམ།། དེ་ལྔར་བདག་ཉིད་བསྐྱེད་པའི་མཐར།། ཡན་ལག་དྲུག་ཏུ་དགིང་པ་ནི།། ཨཱ~ཾ་ཏཱ་རེ་སྭཱཧཱ། ཨོཾ་ཏཱར་དྷ་རེ་སྭཱ་ཧཱ། ཨོཾ་ཏུ་རེ་སྭཱ་ཧཱ། ཨོཾ་ཏྱ་སྭཱ་དྡྷ། ཨོཾ་རེ་སྭཱ་ཧཱ། ཨཱི་ཏཱ་རེ་ནི་སྭཱཏྨ། ཞེས་བྱ་བ་རྣམས་མིག་དང་། རྣ་བ་དང་། སྣ་དང་། ལྕེ ་དང་། སྙིང་ཁ་དང་། སྤྱི་བོར་གོ་རིམ་བཞིན་དགོད་དོ།། དེ་ནས་སྙིང་ཁར་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར།། དེའི་སྟེང་དུ་ས་བོན་ཏྲཾ་ལྗང་ཁུ་བསམས་ལ་ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྥཊ་སུཾ་འདུམ་ཡན་ཆོད་དུ་ཅི་ནུས་སུ་བཟླས།། དེ་ནས ་འཁོར་ལོ་བསམ་པ་ནི།། ལྟེ་བ་དང་བཅས་རྩིབས་བརྒྱད་ལ།། མུ་ཁྱུད་བསྐོར་བ་སྙིང་ཁར་བསམ།། འཁོར་ལོ་ཁ་དོག་ལྗང་སྔོན་ནི།། འཁོར་ལོའི་དབུས་ཀྱི་ལྟེ་བ་ལ།། ཐོག་མའི་ཨཱིཾ་དང་ཐ་མའི་ཧཱ།། མིང་དང་སྤེལ་ཏེ་བསྒོམ་པར་བྱ།། བསྲུང་བ་ཨོཾ་ལྷ་སྦྱིན་ལ་རཀྵ་ཧཱ་ཞེས ་པབ་བསྒོམ།། ཏཱ་རེ་ཏུད་ཏཱ་ར་ཏུ་རེ་སྭ་ཞེས་པ་རྣམས་ནི།། ཤར་སོགས་རྩིབསི་ལ་རིམ་བཞིན་དགོད།། རང་གི་ལུས་ལ་འཁོར་ལོ་ནི།། ཡིག་འབྲུ་རྣམས་ཀྱང་ལྗང་སྔོན་ནོ།། དེ་ལྟར་བསྒོམ་པ་གོམས་བྱས་ནས།། བདག་ཉིད་སྒྲོལ་མའི་སྐུ་དང་ནི།། སྔགས་དང་བཅས་པའི ་འཁོར་ལོ་ལས།། སྐྱེས་པ་ནི་འོད་ཟེར་དག་གིས་ནི།། བསྒྲུབ་བྱའི་ལུས་ལ་དགང་བར་བྱ།། སྲུང་བའི་སྐབས་སུ་ཕྲེང་བའི་སྔགས།། ཨོཾ་ཏཱ་རི་ཏུ་དྷ་རརེ་དྷ་རེ་ལྷ་སྐྱོན་ལ་རཀྵ་རཀྵ་སྭཱ་ཧཱ།། ཞེས་པསོ་བསྲུངས་པས་ལས་ལ་ནི།། ཁྱད་པར་དུ་ནི་བྱ་བར་གསུངས།། སྦྱོར་བ་དེ ་རྒྱལ་པོ་ཡིས།། བཙོན་ར་ལ་སོགས་བསྲུང་བར་བྱ།། སྒྲོལ་མ་ལས་ཀྱི་སྦྱོར་བ་ཡིས།། ལས་རྣམས་ཡང་དག་བསྒྲུབ་བྱས་ཏེ།། ནང་སོ་ཞི་བའི་ལས་དང་ནི།། དབང་དུ་བྱ་བའི་སྦྱོར་བ་ལའང་།། ཆོ་ག་གོང་མ་དེ་ཉིད་ལས།། འཁོར་ལོ་ལ་སོགས་ཁ་དོག་དང་། སྔགས ་ཀྱི་སྦྲེལ་བ་བསྟན་པར་བྱ།། རང་གི་ལས་དང་མཐུན་པར་བྱ།། སྒྲོལ་མོ་ཡི་ནི་ཏིང་འཛིན་གྱིས།། ལས་གཞན་དག་ཀྱང་བྱ་བར་ནུས།། བསྒྲུབ་བྱ་ཤེས་རབ་གཞན་པོ་དང་།། ལྀ་ལོ་ཅན་སོགས་རྣམས་ལ་ནི།། གོང་མའི་ཆོ་ག་དེ་ཉིད་ལས།། གཞན་དུ་བྱ་བར་བསྟན ་པསྟེ། འཁོར་ལོ་ལྔ་མོ་དེ་ཉིད་ལས།། སྔགས་རྣམས་གཡོན་སྐོར་དག་ཏུ་དགོད།། མུ་ཁྱུད་ལ་ཡང་ཨ་སོགས་དགོད།། དེ་ལྟར་བསྒོམ་དང་བཟླས་བྱས་ན།། བློ་དམར་རྣམས་ནི་བློ་ལྡན་འགྱུར།། གཞན་ཡང་སྦྱོར་བ་བྱ་བ་ནི།། འདྲི་ལྟ་བུར་ཡང་བསྟན་པ་ཡིམ།། ་གྲོ་ག་ལ་སོགས་གཞིན་ལ་ནི།། འཁོར་གོང་མ་ལྟར་བྲིས་ནས།། ལུས་ལ་བཅང་བར་བྱས་ན་ཡང་།། དེ་ཙམ་གྱིས་ཀྱང་བསྲུང་བར་འགྱུར།། ཐུགས་རྗེ་ཆེན་པོ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པོར་རྟོགས་པ་ཞེས་བྱ་བ།། སློབ་དཔོན ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ། རྒྱ་གར་སྐད་དུ། ཏཱ་རེ་དྲེ་བི་སྟཽ་ཏྲཾ་ཨེ་ཀ་བཱི་ཤ་ཏི་ཀ་སཱ་དྷ་ནེ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན ་འཕགས་མ་སྒྲོལ་མ་ཕྱག་འཚལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་ཕྱེ་བ་ལས་ནི་བྷྲིང་མ། ད་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ན་མཁའི ་དཀྱིལ་ན་པདྨ་སེར་པོའི་སྟེང་ན་བཞུགས་པ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན།། ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ།། ཕྱག་དང་པོ་གཉིས་སྒྲོག་པར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་བརྒྱ་དང་ལྡན ་པའོ།། དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་འཕེན་པ་ནི་ཐུགས་ཁར་བཀང་བ།། གཡས་ཀྱི་གསུམ་པ་འཁོར་ལོ།། བཞི་པ་ན་རོལ་གྲི། གཡོན་གྱི་གསུམ་པ་ན་དུང་། བཞི་པ་ན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། འཕཊ ་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྦུབས་ཐབས་ལེའུ་དང་པོ་རྫོགས་སོ།། ། ཕྱག་འཚལ་སྟོན་ཁའི་ཟླ་བ་ཀུན་ཏུ།། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མཱ།། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།། རབ་ཏུ་ཕྱེ ་བའི་འོད་རབ་འབར་མཱ།། དྲོ་ལ་དང་པོར་རེ་ཤློག་སྟོན་མཁའི་ཟླ་བ་ལྟར་དཀར་བའི་སྒྲོལ་མཱ་དཀར་མོ་ཞལ་གསུམ།། ཕྱག་བཅུ་གཉིས་མ།། ཞལ་གསུམ་ནི་གཡས་སྔོ་ཞིང་གཡོན་སེར་བའོ།། ཕྱག་དང་པོ་གཉིས་མཉམ་པར་གཞག་པ་གཡས་གཉིས་ཁ་ཏཱཾ ་ག། གསུམ་པ་ན་འཁོར་ལོ། བཞི་པ་ན་རིན་པོ་ཆེ། ལྔ་པ་ན་རྡོ་རྗེ་དྲུག་པ་ན་མེ་ཏོག་གི་ཕྲེང་བའོ།། གཡོན་གྱི་གཉིས་པ་ནཱ་རིལ་པོ་སྤྱི་བླུགས་གསུམ་པ་ནཱ་ཨུད་པ་ལ། བཞི་པ་ན་དྲིལ་བུ། ལྔ་པ་ན་བུམ་པ། དྲུག་པ་ན་པོ་ཏི་བསྣམས་པའོ།། འཕགས་མཱ་སྒྲོལ་མ་སྟོན ་མཁའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་གཉིས་པ་རྫོགས་སོ།། ། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།། པདྨའི་ཕྱག་ནི་རྣམ་པར་བརྒྱན་མཱ།། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མཱ།། རྗེ ་བཙུར་མ་འཕགས་མ་སྒྲོལ་མ་གསེར་གྱི་མདོག་ཅན།། ཞལ་གཅིག། ཕྱག་བཅུ་མ། སྣ་ཚོགས་པདྨའི་སྟེང་གི་ཉི་མ་ལ་གྲནས་མྱ། ཕྱག་གཡས་ཀྱི་དང་པོ་ན་ཕྲེང་བ་ཐུགས་ཁར་འཛིན་པ། གཉིས་པ་ནཱ་རལ་གྲི། གསུམ་པ་ན་མངའ་འཕེན་པར་གཟུས་པ། བཞི་པ་ནཱ ་རྡོ་རྗེ། ལྔ་པ་ན་དབྱུགས་གུའོ།། གཡོན་གྱི་དང་པོ་ནུ་དར་སྦྱངས། གཉིས་པ་ན་ཞགས་པ།། གསུམ་པ་ན་པདྨ། བཞི་པ་ན་དྲིལ་བུཾ། ལྔ་པ་ན་གཞུ་བསྣམས་པའོ།། དེ་ཡང་རྡོ་རྗེ་དཀྱིལ་མོ་དཀྲུང་གྲིས་བཞུགས་པའོ།། འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི ་སྒྲུབ་ཐབས་ཞེས་བྱ་བའི་ལེའུ་གསུམ་པ་རྫོགས་སོ།། ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་དུ་བསྟེན་མ།། པདྨ ་སེར་པོ་དང་ཟླ་བའི་དཀྱིལ་ན་སེམས་དཔའི་དཀྱིལ་མོ་དཀྲུང་གིས་བརྟན་པར་བཞུགས་པའི། རྗེ་བཙུན་མ་གསེར་གྱི་མདོག་ཅན།། ཞལ་གཅིག། ཕྱག་བཞི་མ། གཡས་དང་པོ་མཆོག་སྦྱིན་པ།། གཉིས་པ་ན་ཕྲེང་བ། གཡོན་དང་པོ་ན་རིལ་པ་སྤྱི་བླུགས།། གཉིས་པ་ན ་དབྱུག་གུ་བསྣམས་པའོ།། འཕགས་མ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ། ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པ་རྫོགས་སོ།། ། ཕྱག་འཚལ་ཏུ་ཏ་རེ་ཧཱུཾ་ཡིག་གིས།། འདོད་དང་ཕྱོགས་དང ་ནམཁའ་གང་མ།། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མཱ།། རྗེ་བཙུན་མ་སྐུ་མདོག་སེར་མོ།། ཟླ་བའི་གདན་ལ་རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་པ། ཞལ་གཅིག། ཕྱག་གཉིས་མ། གཡས་སྐྱབས་སྦྱིན་པ། ་ཁྲོ་གཉེར་ཅན་གྱི་སྦྱོར་བའོ།། ལྟ་བ་ངན་པ་སུན་དབྱུང་བ་རྫོགས་སོ།། 6།། རྒྱ་གོར་སྐད་དུ། ཙེ་ར་བནྡྷ། བོད་སྐད་དུ། ཆོམ་རྐུན་བཅིངས་པ། མྱ་ངན་མེད་པའི་སྒྲོལ་མ་ལ་ཕྱག ་འཆའོ།། ཀླུང་ཆེན་སྟག་དང་མི་ནང་དང་།། རྒྱས་རྒྱུན་འཇིགས་པ་བསྐྱུང་བར་གྱུར།། རླུང་ག་ཟུང་བས་ལུས་སྦྱོང་བ།། མྱ་ངན་མེད་པའི་སྐལ་མ་མད།། དེ་ཡང་སྒྲུབ་པའི་ཐངས་ནས་ཇིས ་བཤད་པའི་ཚོགས་འཕགས་མའི་ཚིགས་ཡོངསུ་མཉེས་པར་བྱས་ལ།། ནགས་ཚལ་ལཱཾམ་རཱི་ཁྲོད་ལ་སོགས་པ་གནས་ཁྱད་པར་རྒྱུན་དུ་རི་དགས་ཀྱི་དགས་པ་འམ། འགྲན་ཇི་སྔོན་པོ་ལེགས་པར་བཏགས་པ་ལ་འདུག་ལ། ་བྱམས་པདྨང་སྙིང་རྗེ་ཆེན་པོ་སྟོན་དུ་སོང་བས་བདག་གོ་སྟེ་ག་ཧཱུ~ཾ་ལས་པདྨཱ་སྱཱ་ཝཱས་ཟླ་བའི་ཕྱི་ལྕི་ཁྱོར་གྱི་སྦྲིང་དུ་དྷི་ས~ཾ་བ་དེ་ལྷས་ཕྱོགས་བཌཱུར་ཤིང་འབྲས་འཕགས་མ་གྱེས་པད་སེམས་ཅན་གྱི་དོན་ནུས ་བློས་ཧཱུ~ཾ་ལ་ཐིམ་པ་དང་བདག་ཉིད་མྱི་ངན་མེད་པའི་སྦྲུལ་མི་སྒྲ་མདོག་གུ་སེར་བི་ཙྪ་མའི་མདོག་འངྒཱ་བ་རིན་པོ་མེ་སྒྲ་ཚོགས་ཀྱི་དབུ་རྒྱན་ཙོང་པོན་དང་ལྡན་པ།། ཞལ་གསུམ་ཕྱག་དྲུག། གཡས་སྔོན་གམན་པ ་གྲྀདྱཱ་གྷྲ་སྠཱ་དང་ས་།། གཞན་པོས་ནག་སྣ་བྱེ་ད་གསུང་དྲུང་འཛིན་པར་བསྒོམས་ལ།། ཨུ~ཾ་དྷྭེ་དྷི། ཥྚེ་དྷཱ་དྷི་དྷཱམྨུ་ཧཱ་ཎཱ~ཾ་བ~ཾ་ཁཱར་ཎཱ་རྨྨཱ་ས་སེཾ། ཞེས་འི་སྡུག་སྣ་བནྡེ་ང་སྡུག་པའི་ཀུན་ཏུགས་ལ་ག ་དྲིག་ཅི་ལ་བ་མ་ཆོས་ས་རྒྱའི་དང་མོས་པ་བ་སསོགསས་ཀྱི་རྒྱ་སྦྱིན་སྲེག་ས་མིན་མི་། སྡིགས་པ་འོང་བར་རྒྱ་བཞིན་གྱི་འི་ཀྱིལ ་པ་འམ།། དཔུང་པ་ལ་བཅིང་བར་བྱའོ།། དེ་ནས་འབྲོག་དགོན་པ་ལ་སོགས་པ་ཉམ་ང་བའི་གནས་སུ་སྒྲོལ་མ་གསལ་བར་བསྐྱེད་ལ་སྔོན་དུ་གོམས་པར་བྱས་པའི་རླུང་བསྲི་ཞིང་སྙིང་པོ་དང་གཟུངས་བཟླ་ཞིང་བདག་གིས་གྲིབ་མ་བཞིན ་དུ་གཡས་སུ་འོད་ཟེར་ཅན་མྱ་ངན་མེད་པའི་ཆ་ལུགས།། ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ལྔ་བསྐྱོན་ནས་མི་འཇིགས་ཀྱི་སྒྲས་བརྒྱན་པ་དང་། གཡོན་ལོགས་ན་སྡིགས་མཛུབ་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མྲ་གཡས ་པས་སྡིགས་མཛུབ།། གཡོན་ཌ་མ་རུའི་སྒྲ་འབྱིན་པ།། ལུས་གོས་དང་བྲལ་བས། མི་འཇིགས་པའི་དབྱངས་སྒྲོགས་ཤིང་གཤེགས་པར་བསམ་མོ།། དེ་ནས་བྲག་ཚ་བའི་ས་ཕྱོགས་སུ་ཐར་པ་དང་མེ་ཏོག་ཕྲེང་འཛིན་ལྀ་སོགས་པའི་བསྟོད ་པ་བྱའོ།། གཅན་ཟན་ཁྲོ་བོ་མང་པོས་གང་བ་ཡི།། ཚང་ཚིང་ནགས་ཆོམ་རྐུན་འདུ་བའི་གནས།། ལམ་མེད་ཉམ་ངའི་གནས་སུ་བདག་ལུས་པ། ཆོ་ག་འདི་ཉིད་ཀྱིས་ནི་ཡོངསུ་གྲོལ། ཆོམ་རྐུན་བཅིང་བ་རྫོགས་སོ།། ། ་