| Wylie | e-texts produced with BDRC’s OCR application |
ཆེན་པོ་འབྱུང་།། འོད་ཀྱི་ཕུང་པོ་སྐུ་ལ་ཐིམ།། སྐུ་ཡང་པདྨ་ཟླ་བ་ལ།། དེ་ཉིད་དབྱངས་དྲང་གསལ་བྱེད་ལ།། དེ་ཡང་ཡི་གེ་ཏཱཾ་ལ་བསྡུ།། ཏཱཾ་ཡང་ཐིག་ལེ་ཉིད་ལ་ཐིམ།། ཐིག་ལེ་སྟོང་པར་ཡི་མེད།། དེ་ཉིད་སེམས་ཀྱི ་མཚན་ཉིད་དོ།། རང་སེམས་གདོད་ནས་མ་སྐྱེས་ཕྱིར།། རྟག་སོགས་བརྟགས་པ་གྲཝ་ལ་འཇུག། དེ་ཉིད་སྤྲོས་པས་དབྱེན་པའི་ཕྱིར།། ཅུང་ཟད་བསྒོམས་ཀྱང་བདག་གཞན་གྱི།། རྟོག་པ་སྣ་ཚོགས་འགག་པར་འགྱུར།། རྒྱུན་ཏུ་བསྒོམས་པ ་སྨོས་ཅི་དགོས།། དེ་ལྟར་དེ་བཞིན་ཉིད་ལ་བློ།། མཉམ་པར་གཞག་པའི་མཐུ་ཆེན་གྱིས།། ཡང་དང་ཡང་དུ་གོམས་བྱས་ནས།། མྱུར་དུ་བྱང་ཆུབ་རེག་པར་འགྱུར།། སྟོང་པ་ཉིད་བསྒོམ་པ་རྫོགས་སོ།། ། ་