| Wylie | e-texts produced with BDRC’s OCR application |
རྣམ་མཐམས་ས། རྒྱ་གར་སྐད་དུ། ད་བི་དྷུ་རཀུ་བུཀྱ་དེ་ཤཱནཱ་མ་སྟོ། བོད་སྐད་དུ། ལྷམ་སྒྲོལ་མ་ལ་སྨྲེ་སྔགས་ཀྱི་གསོལ་བ་འདེབས་པ་ཞེས་བྱ ་བའི་བསྟོད་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ཕྱག་འཚལ་འཇིག་རྟེན་ཀུན་སྒྲོལ་མ།། ཕྱག་འཚལ་སྐྱབས་མེད་འཕགས་མ་ཀུན་ཁྱབ་མ།། ཕྱག་འཚལ་ཡང་ཡང་དྲན་པས་རྗེས་འཛིན་མ།། དེ ་རིང་ད་ལྟ་མགོན་མེད་བདག་ལ་སྐྱབས།། ཁྱོད་སྔོན་སྐྱོབ་པ་རྣམ་གཟིགས་སྤྱན་ཆབ་ལས།། གང་འཁྲུངས་དེ་ཚེ་ངོ་མ་ཐག་འདི་སྐྱེད།། སྲིད་གནས་གང་སུ་འཇིགས་པས་འཇིགས་འགྱུར་ཡོད།། དེ་ཀུན་ད་སྐྱབས་ཞེས་གསུངས ་ཞེས་གསུངས་དམ་བཅའ་དགོངས།། ནམ་མཁའི་ཐུགས་ཐོབ་མཁའ་འདྲ་ཡིས།། མདོག་འཆད་འགྲོ་བ་རྗེས་བརྩེ་མ།། སྲིད་གནས་འགྲོ་བ་ལག་འཛིན་པར།། ཞལ་བཞེས་སླུ་བརླ་མ་མཛད་ཅིག། ཁྱོད་ཉིད་རིག་འཛིན་ལྷ་ཚོགས་ནང་།། ཟག ་མེད་དགའ་བདེས་རྣམ་རོལ་བགྱིས།། ཁྱོད་འབངས་བུ་ནི་མེ་ནང་བསྲེག། ཀྱེ་ཀྱེ་ཐོགས་མེད་མཁྱེན་ལྡན་གཟིགས།། བདག་རང་གི་ནི་ནོངས་བགྱིས་ནས།། མེ་ཆུ་དགྲ་སོགས་འཇིགས་གྱུར་པའང་།། གལ་ཏེ་ཁྱོད་སྐུ་རྗེས་དྲན་གྱུར།། སྐྱབས ་མཛད་ལགས་ན་བདག་ཅི་ཡིན།། ཉིད་ཕྱག་མཆོད་སྦྱིན་བདུད་རྩི་ལ།། རྒྱུན་འབེབས་ཡི་དགས་འདུ་མེ་ཕྲག་ཀྱང་།། ཅིག་ཅར་ཚིམ་བགྱིད་ཁོ་བོ་མེས།། ལུས་བུ་ཐིགས་པ་འབེབས་མི་ལགས།། ཡིད་འོང་ཕྱག་མཚན་ཨུཏྤལ་རྩི། ་མངར་བསིལ་གྲིབ་མ་བསིལ་ལྡན་པས།། ཅུང་ཟད་རེག་ནའང་གདུང་སེལ་མ།། གླུས་ལྡན་བུ་བདག་ཉུག་མི་མཛད།། ཐུགས་རྗེས་བརྐྱང་བའི་ཞབས་གཡས་ཀྱིས།། མཐེ་བོང་རྒྱུན་བཟང་ཐུར་འབྱེབས་མས།། ངན་འགྲོའི་གནས་གསུམ་ཚིམ ་མཛད་ན།། ཕོངས་པ་བདག་ཅག་གྱི་ནར་དོར།། ཏིང་འཛིན་གཡོན་བ་སྤྱི་ཀྲུང་གིས།། གར་གྱིས་སཾ་གསུམ་བདེ་མཛོད་མ།། སྦྲང་བུ་མེར་བཅུག་ཁོ་བོ་ལྟ།། གར་སྟབས་རླུང་གིས་ཅིས་མི་སྐྱོད།། འཛུམ་ཞལ་དགྱེས་མས་གང་གཟིགས་ན།། ་ཕག་སྡིག་གདོལ་བ་མཛེ་ཅན་ཡང་།། ལྷ་གཟུགས་སྡུག་མཛེས་སྒྱུར་སྤྱོད་ན།། ཁོ་བོ་གཅིག་སྤྱན་ཡུལ་མ་གྱུར།། སྒེག་ལྡེམ་འགྱིང་མཛེས་གཟི་འོད་ལྡན།། ཁྱོད་སྐུ་སུས་མཐོང་དེ་དོན་འགྲུབ།། དོན་གཉེར་རྩེ་གཅིག་རྗེས་སློབ་དུ།། བདག་ལ ་ཉིད་གཟིགས་སྟོན་མིན་ནམ།། ཁྱོད་སྤྱན་ཨུཏྤལ་དཀྲིས་རིང་གིས།། ཟུར་གཟུགས་འདོད་པའི་ལྷོ་འདྲུར་འགྱུར།། རྟག་ཏུ་ཉིད་སྤྱན་མདུན་གནས་དག། ཇི་ལྟར་སྣང་ཡང་མཁྱེན་མ་ལགས།། ལྷ་སྙནཱ་མངའ་མ་སྒྲ་ཀུན་གྱི།། རྗེས་ཞུགས ་ཡུལ་དུས་ཀུན་རིག་མ།། ཁོ་བོ་ཉམས་ཐག་ང་རོས་འབོད།། འབྲུག་སྒྲ་བྲག་རི་ལྟར་གྱུར་གྱིས།། སྐྱོབ་མ་ལྷའི་ཤངས་དག་པོས།། གང་གཱའི་བྱེ་བརྒྱལ་དྲི་རཱ་བ་བསྲུང་།། བདོག་འདིར་མེས་ཚིག་ཤ་ཚིལ་གསུར།། རྒྱ་ཆེན་ཕྱོགས་ཁྱབ ་ཚོར་མ་ལགས།། ཐུབ་ཆེན་མ་ཅིག་ཟླ་བའི་ལྗགས།། བུང་བའི་མཆུ་རྩེ་རོ་མཁྱེན་ན།། སེང་གེ་འཕྲོག་བྱེད་མཆོད་སྦྱིན་རྒྱུར་།། རོ་བྲོ་བ་ལ་ལྡེགས་རྨོངས་སྲིད་།། རྡོ་རྗེའི་ལུས་མངའ་རིག་མཁྱེན་མ།། སྡིག་རྒྱལ་ཁྲོས་པས་མེ་ལྷ་མཆོད།། ་མྀ་བཟང་རེག་བྱུང་རྒྱས་།། ཕྱུགས་སྨྲས་རྣམ་ན་གས་མྱེང་པ་།། རྣགས་རྒྱ་དགུར་སྤྱད།། སསྨྱོན་པ་རློ་སྩ་ང་།། ཀུནས་སྒྱུས་ཧཱུ~ཾ་ཟླུས་དགངས།། དང་། ་ཞིག་རང་སྡིག་རང་སྤྱོད་དུམ།། གཞན་སྟོབས་གཞན་དབོད་གྱུར་དེ་ཡང་།། ཐབས་སྟོབས་བརྒྱ་མངའ་ཁྱོད་སྨྲབས་མཛད།། བདག་འདིར་ནོངས་པ་གང་མཆིས་གྲོང་།། གཅིག་ཏུ་གཞན་ལ་ཕན་ཞུགས་པས།། མི་ནི་བརྒྱ་རྩ་བརྒྱད་བཞུགས ་བཙལ།། དེ་དབུས་ཁོ་བོ་ཁྱོད་འབངས་སྲེག། ཀྱེ་མ་ཡུམ་གཅིག་བདག་ཡར་ཆ།། སྔོན་ལས་འབྲས་བུ་རྗེས་གཅོད་པའི།། གནས་གྱུར་དེ་དང་དེ་ལས་ཀྱང་།། ཁྱོད་ཐུགས་གསུང་དང་སྐུ་འཇིག་འགྱོད།། དེ་ལས་གཞན་བདག་ཉིད་ཅིར་དགོངས། ་ཀྱི་ཧུད་ཁྱོད་ལྷ་ཞབས་པད་དྲུང་།། བསིལ་བའི་གནས་ནས་འབར་བའི་མེས།། མི་བརྩོན་ཇི་བཞིན་དམྱལ་མེད་མཆོད།། འདི་ཅི་སུ་ཡི་ཁུར་ལགས་གསུང་།། དེ་བིས་མགོན་མེད་མགོན་གཅིག་མ།། ཁྱོད་ཐབས་ཐུགས་རྗེ་ཐོགས་མེད་དེ།། ་བདག་དང་འགྲོ་བ་ཅི་དགའ་ཡང་།། མཛད་མན་མཛད་སྲིད་ཁྱེད་ཞུས་པས།། འོན་ཀྱང་ཁོ་བོ་འདི་རེ་ཚིག་པས།། ལུས་ཅན་ཀུན་གྱི་ཟུག་རྔུ་དང་།། ཉོན་མོངས་སྡིག་ལས་ཅིག་གྱུར་ཅིག། ད་ནི་སུ་ལ་རེ་བར་བྱ།། ཁ་ཆེའི་སློབ་དཔོན་ཐམས ་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ།། མི་བརྒྱ་དང་བདུན་གྱིས་བསྐོར་བ་ལ།། ཙན་དན་གྱི་མེས་བསྲེགས་པའི་ཚེ།། ཉིད་ཀྱི་ཡི་དམ་གྱི་ལྷ་རྗེ་བཙུན་མ་འཕགས་མ་སྦྲེལ་མ་ལ་སྨྲེ་སྔགས་ཀྱི་ཚོགས་སུ་བཅད་པ་འདིས་གསོལ་བ ་བཏུབ་པ་དང་།། སྤྱད་ཅིག་ཡུད་ཙམ་ཐང་ཅིག་ལ།། འཕགས་མཱའི་ཕྱུག་ནས་ཆར་གྱི་རྒྱུན་ཀཉྫ་ང་ཙམ་བབ་ནས།། ཚོ་ནང་བདྨ་གྱུར་ཏོ། གྲགྶ་ས། བ་ཏ་ཤཱུཌྜྷྱཀྵྨ་དང་ལྀ་ཙྪབ་བྱམ་སྤངས་བསྒྲུ་བ་རྫོགས་སོ།། ་