| Wylie | e-texts produced with BDRC’s OCR application |
ཏ་ཆེན་པོ་མ་ཎི་ཀ་ཤཱི་ཛྙཱ་ནའི་ཞལ་སྔ་ནས། ཕྱག་ལོ་ཙི་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་ཅུང་ཟད་བཅོས་ཏེ་དག་པར་བྱས་སོ།། ། @#།། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སྲ་ག་དྷི་ར་སྟོ་ཏྲ། བོད་སྐད་དུ། ་འཕགས་མ་སྒྲོལ་མའི་མེ་ཏོག་ཕྲེང་བ་འཛིན་པའི་བསྟོད་པ།། སྤར་ཤར་ཉི་མ་སྣང་བ་དམར།། ལྷ་མཆོག་སྤྱི་གཙུག་ནོར་དུ་དམར།། དེ་འབྱར་ཁ་དོག་དེ་ལཱ་ནི།། ཆོས་སར་གྱིས་ནི་བསླུས་པ་འདྲ།། འཕགས་མ་ཁྱེད ་ཀྱི་ཞབས་གཉིས་ལ།། གུས་པའི་ཐལ་མོ་དབུ་རྒྱན་གྱིས།། དེ་མཛེས་མགོ་ཡིས་ཕྱག་འཚལ་ལོ།། ཉེས་བྱུང་དུས་སྤྱི་སྐྱབས་ས་མ།། དེ་ནི་སྒྲོལ་མ་ཁྱེད་ཡིན་ནོ།། བསྟོད་སར་མོ་ཏོག་ཕྲེང་བ་འདིས།། མཆོད་ལ་བདག་གིས་ཕྱག་འཚལ་ལོ།། བརྒལ ་མི་ནུས་པའི་སྡུག་བསྔལ་མོ།། དེ་ལ་རྟག་ཏུ་ལུས་ལྷུང་གནས།། སྐལ་པ་མ་ལྡན་འགྲོ་ས་གྲང་།། རྨོངས་པ་བདྲག་གིས་ཇི་ལྟར་བྱ།། དེ་ལྟར་རྟག་ཏུ་སྨྲས་ནས་ནི།། དོན་མེད་བདག་ནི་སྟོབས་ཆུང་སོང་།། མཁའ་ལ་ཉི་ཟླ་དཔལ་ལྡན་གྲགས།། དེ་ནི་གཞན ་གྱི་སྨྲ་བ་ཐོས།། དེ་ཐོས་ལོང་བའི་སྤྱོད་པ་ལྟར།། མཐོང་རྟེན་འདོད་ཀྱང་གཞན་ཁྲི་མེད།། སྡིག་པ་འཇོམས་མ་ཁྱེད་ལ་ནི།། བདག་ནི་སྐྱབས་མཐོང་འདོད་ལགས་སོ།། སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར།། དེ་ལ་སྙིང་རྗེ་མི་མཛད་དམ།། མ ་ལུས་པར་ནི་སྙིང་རྗེ་མཛད།། དེ་ཁོངས་བདག་ལྟ་ཡོད་གྱུར་ན།། ཁོང་ལ་སྙིང་རྗེ་མཛད་པ་བཞིན།། བདག་ལྀ་དེ་བཞིན་མཛད་འཚལོ།། ནུས་པ་མེད་པས་མིཛད་དམ།། ཁྱེད་བཞིནི་ནུས་གཉིས་པ་མིང་།། འགྲོ་བ་རྣམས་ཀྱི་སྡིག་མུན་པ།། དེ ་འཇོམས་པ་ལ་ཉི་མ་འདྲ།། དེ་ལྟར་ཡིན་ཀྱང་སྡུག་པ་བདག། མི་དགེ་ལས་ནི་མ་ཚིག་པས།། ངན་ལས་བྱས་པས་བདག་ནི་འགྱོད།། སྐལ་ངན་བདག་ལ་སྐལ་པ་མེད།། ཉི་མ་ཤར་ཡང་མུན་པ་གནག། གངྒཱའི་ཆུ་ནི་ཤིན་ཏུ་བསིལ།། དེ ་ཕྱིར་འགྲམ་དུ་བསྡུད་ཀྱང་ནི།། སྒོམ་ཡང་བཏུང་རྒྱུ་མ་རྙེད་དོ།། རིན་ཆེན་སྣ་ཚོགས་ཡོད་པའི་གླིང་།། ནོར་རྣམས་ཀྱིས་གང་ཁྱད་པ་ལ།། དེར་འདུག་ཀྱང་ནི་བདག་ཕངས་པས།། བཅོམ་ལྡན་འདས་མ་ཁྱེད་ལྔ་ནི།། མགོར་འདོད་ཀྱང་ནི་མགོན ་མོད་བདག། འཇིག་རྟེན་ཀུན་གྱི་ཡུམ་གཅིག་མོ།། མཱ་ལ་རྟག་ཏུ་ངུས་ནིས་ནི།། ནུ་མའི་དོན་དུ་བུ་སྤྱོད་ན།། དེ་ལ་མ་ཡང་སྐྱོ་བར་འགྱུར།། མི་རྙེད་ཉིན་རེ་སློང་གྱུར་ན།། ཕ་ཡང་བུ་ལ་ཁྲོ་བར་བྱེད།། འཇིག་རྟེན་གསུམ་གྱི་བསྲུངས་ཀྱང་རི།། ་ཁྱེད་ཀྱི་འབྲས་བུ་གང་བར་བྱས།། དཔག་བསམ་ཤིང་གི་ཡལ་ག་མཆོག། དེ་ནི་སྒྲོལ་མ་ཁྱེད་ཡིན་ནོ།། ཐམས་ཅད་ལ་ནི་མོ་ལུས་པ།། སྦྱིན་པ་ཁྱོད་ཀྱིས་ཁྱབ་པར་བྱས།། ཉོན་མོངས་ཀུན་གྱི་མོ་དེས་རི།། བདག་གི་ལུས་འདི་རྟག་ཏུ་ཚིག། ་སོ་འོག་སྡུག་བསྔལ་དེ་ལ་ནཱི།། བདག་གི་ལུས་འདྲི་ནུབ་ཙམཱ་ན།། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི།། དྲག་པོ་འཕེལ་བར་གྱུར་ཙམ་ན།། ཁྱོད་ཀྱི་དམ་བཅས་ཞོལ་བ་ཞེས་པ།། བདག་གི་སྟེང་དུ་གྲུབ་པར་མཛོད།། རྫོགས་སངས་རྒྱས ་པའི་སྨོན་ལམ་ནི།། བདག་གི་སེམས་ལ་ཤར་བའི་དྲིས།། སྒྲོལ་མཱ་ཕན་འདོགས་མཛད་པ་རི་ཞུ།། ལག་བསྒྲེང་བསྟོང་པའི་ཚིག་བརྗིད་ཅིང་།། དོན་དུ་དག་པོ་དུས་པའི་ས།། གཞན་ལ་ཞུས་ཀྱང་དོར་འགྲུབ་བོ།། ཁྱེང་ལྟ་བུ་ལ་བདག་གིས་ཞུས།། ་ཀྱེ་མ་སྒྲོལ་མ་ཁྱེད་ཀྱིས་ནི།། བདག་སྤང་བར་ནི་མི་གཤེའོ།། ཁྱོད་ཀྱི་སྤྱན་གྱིས་གཟིགས་ཙམ་ན།། གང་འདོད་ཐམས་ཅད་རྙེད་པར་འགྱུར།། མི་བདེ་མི་བཟོད་སྡུག་བསྔལ་ནི།། ཡང་འབྱུང་ངོགས་ནི་མི་འབྱུང་ངོ་།། བདག་ནི་སྡིག་ཅན་ཡིན ་གྱུར་ན།། དད་པ་ཤིན་ཏུ་འཕེལ་ནས་ནི།། ཁྱེད་ལ་དད་པ་སྐྱེ་མི་ག་ཤའུ།། མིང་ཐོས་པ་འམ་དྲན་པ་ཡིས།། ཁྱེད་ཀྱི་སྡིག་པ་དབང་མེད་འཕྲོག། བདག་དོན་ཁྱེད་ཀྱི་སྤངས་པ་དེ།། བདེན་པར་བདག་ལ ་གསུང་བར་ཞུ།། ཁྱེད་ནི་བདེན་པར་གསུང་ལྡན་མ།། སྙིང་རྗེ་ཆེ་བའི་སྨན་པ་ཡིས།། ནད་པ་མ་ཤི་བཪྵ་དུ་ནི།། སྨན་གྱིས་ཕན་འདོད་ཆེ་རུ་བྱེད།། སྒྱུ་མ་སེར་སྣ་ང་རྒྱལ་སོགས།། ངན་པ་དེ་རྣམས་ཀྱིས་ཁྱེར་ནས།། རེ་མོས་ཁྱེར་བས་དལ ་སྐབས་མེད།། གནས་པའི་སྤྱི་ནོར་རྔ་མོ་བཞི་ནི།། སྐད་ཅིག་དལ་བ་མེད་པས་ནི།། སྒྲོལ་མའི་ཞབས་ཀྱི་པད་མ་ལཾ།། བདག་གིས་མཆོད་སྐབས་མ་རྙེད་དོ།། དེས་ནི་ཡི་གེ་དུ་ཚིག་འདོན།། དེ་བཏོན་པས་ནི་ཕནི་འདོགས་རེ།། དུས་མཐའ་རླུང་གི ་གཡས་སུ་འཁྱིལ།། དེས་ནི་གཙུགས་པའི་ཆུ་རླབས་འབྱུང་།། གཡོ་ཞིང་འགུལ་པས་རོལ་པས་འཁྲུག། དེ་རྒྱབ་དབའ་རླབས་འགྲམ་དུ་ནི།། བརྡབས་པས་སྒྲ་གྲགས་སྐད་མདངས་ཅན།། འཇིགས་བྱེད་རྒྱ་མཚོ་དེ་ལས་ནི།། གྲུ་ཆག་ནུབ་པའི་སྐབས ་དེ་ལ།། སྙིང་རྗེ་ངུ་སྐད་དྲག་པོ་བཏོན།། སྐད་ཅིག་དྲན་མེད་བེམས་བོར་གྱུར།། ལྷ་མོ་ཁྱོད་ལ་བསྟོད་པ་ཡིས།། བདེ་བར་རྒྱ་མཚོ་ཕྲར་བསྒྲལ་ལོ།། སྤྲིན་ནག་སྐོར་ཞིང་དུ་བའི་ནང་།། དེ་ལ་མེ་སྟག་ཅན་གྱི་མི།། མེ་ལྕེ་ཆེར་འབར་ཁྱིམ་དུ་ནི།། ངལ་ནས ་མལ་དུ་ཉལ་བའི་མིས།། ཁྱེད་ལ་རབ་བཏུང་ཐལ་མེ་སྦྱར།། སྐད་ཅིག་གི་ནི་གློག་བྱུང་ནས།། མྱུར་བར་སྤྲིན་ཆར་གྱིས་ནི་བསྐོར།། སྨྱོ་བྱེད་གླང་ཆེན་འགྲམ་གཉིས་ལ།། འཛག་པའི་ཆུ་ལ་རེག་ནས་ནི།། བུང་བའི་ཕྲེང་བ་བཞིན་དུ་ཐལ།། དེ་རྣམས ་ཀྱིས་ནི་ཧཱུཾ་སྒྲ་སྒྲོགས།། སྒྲ་དེ་ཐོས་ནས་ཞེ་སྡང་ལས།། གླང་ཆེན་འཐབ་དུ་བྱུང་མནོ་ནས།། ཁྲོས་ནས་མཆེ་བས་མི་བཏེག་ནས།། འོད་ལི་ལ་ནི་བསྡད་པ་བཞིན།། ཁྱེད་དྲན་ཙམ་གྱིས་འཆ་བ་བཟློགས།། པར་ལོག་ངརྒལ་ནས་རིན ་ཆེན་རྙེད།། དྭེ་སྟེང་མཁར་དུ་བསྡད་དུ་ཕྱིན།། མི་མེད་སྟོང་པ་ནགས་གསེབ་དུ།། ཤིན་ཏུ་རྣོ་བའི་མཚོན་རྣམས་ཀྱིས།། བརྒྱབ་ནས་ཡོད་པ་མི་རོའི་མགོ། ཏྲི་ཤཱུ་ལ་ལ་གསྡད་རོ་མང་།། དེ་འདྲ་ནག་གསེབ་ཕྱིན་ཙ་ན།། རལ་གྲི་ཕུབ ་དང་གཟུང་ནས་ནི།། མངའ་གཞུ་བཀང་ནིས་བྱུང་བ་རྣམས།། ཟུར་མིག་ལྟ་ཞིང་ཁྲོས་ནས་བྱུང་།། རྒོལ་ནས་བརྡེག་དུ་བྱུང་ཙམ་ན།། ཁྱེད་བསམས་སྐྱོ་མེ་སྦུ་གུས་བྲིས།། ཁྱེད་མིང་གསལ་པོར་བྲིས་མ་ཐག། དཔལ་ལྡན་ཁྱིམ་དུ་བསྡད་ཕྱི་ནོ། ་རྐང་པ་སིར་མོ་ར་བ་རྣོ་བས།། རྡོ་རྗེ་ལྟ་བུས་རབ་ཏུ་བརྐོས།། སྨྱོ་བྱེད་གླང་ཆེན་མགོ་ཁྲག་བྱུང་།། འཇིགས་བྱེད་སེང་གེ་བྱུང་ཙམ་ནཱ།། ཁྱེད་པོས་བསྟོད་པ་བརྗོད་པ་ཡིས།། བྱེད་ནས་སེང་གེ་ལོག་ནས་ཐལ།། དུ་བ་འཁྱིལ་པོའི་འཇིགས་པའི ་གཟུགས།། འཇིགས་བྱེད་གདེངས་བྱེད་ཤན་ཏུ་འབར།། རྟག་ཏུ་ཕུང་བྱེད་ཁ་གདེངས་པ།། ལྕེ་ཆེན་སྟོན་པོ་སྦྲུལ་ཁྲོ་བ།། གཤིན་རྗེའི་ཞགས་པས་བསྒྲིགས་པའི་མི།། སྡིག་པའི་དབང་གིས་དེ་ལྟར་བྱུང་།། དེ་དུས་ཁྱེད་ཀྱི་ཡོན་ཏན ་བསྒྲགས།། གུས་པར་དད་པར་ཁྱེད་ལ་བྱས།། སྦྲུལ་དེ་ཨུཏྤལ་ཕྲེང་བར་གྱུར།། མེ་ཏོག་མཆོད་པའི་མི་དེས་ཐོབ།། དཔོན་གྱིས་མིག་མཚམས་མགུལ་དོགས་ཀྱིས།། དེས་བྲེང་དམག་དཔོན་རིམ་པ་ཡིས།། ཐག་པས་བསྒྲིགས་ནས ་སྐྲ་ནས་དྲུང་།། རྩུབ་མོས་བཀྲལ་ནུས་ཁྲིད་ཙམ་ན།། ཁོལ་པོ་དེ་ནི་ན་ཆ་ཆེ།། ཙ་ཙོ་སྨྲ་བ་གཏོང་འདོད་ནས།། ཉེ་བ་གཉེན་རྣམས་ཀྱིས་ནི་བོར།། ལྟོགས་ནས་སྐོམ་ནས་མཆུ་སྐམས་པ།། སྡུག་བསྔལ་མཐའ་མེད ་བྱུང་ཙམ་ན།། གང་གྲིས་སྒྲོལ་མའི་ཞུ་བསྡེ་ལ་སྐྱབས།། སྐད་ཅིག་གིས་ནི་གྲོལ་ནས་ཐར།། སྒྱུ་མ་བྱས་པའི་གཟུགས་མི་ལེགས།། མི་རོའི་རྒྱུ་མ་བུས་པ་དེ།། ཕྲེང་བ་མང་བས་སྐེ་ལ་བཏགས།། སུས་ཀྱང་དགག་དུ་མི་ནུས་པ།། དེ་བྱུང་དུས་སུ་ཁྱོད ་ཀྱིས་བསྔགས།། དེ་བརྗོད་ཙམ་གྱིས་སྡིག་པོ་དག། སྲིན་པོའི་དྲན་པ་མེད་ཙམ་ན།། དེ་རྣམས་ཀྱིས་ནི་སྲུང་བར་བྱེད།། འབྲུག་བྱུང་བ་ཡི་སྤྲིན་གྱི་གཟུགས།། ང་རྒྱལ་འཇིགས་པ་རྩང་པོ་གསུམ།། དེས་ནི་མུན་པ་གནག་པ་ལྔ།། གློག་བཞིན་མཚོན ་ཆ་སྣང་བ་ཡིས།། མངའ་ཡི་ཆརརཱ་པ་བྱུང་ཅིམ་ན།། འཐུབ་པའི་དུས་སུ་བསྐོར་ནས་བཀག། ཤིན་ཏུ་སྟོབས་ཆེ་དགྲ་རྣམས་ཀྱིས།། ཁྲོ་ཞིང་བརྡེག་ཏུ་བྱུང་ཙ་ན།། སྒྲོལ་མ་ཁྱེད་ཀྱིས་སྟོབས་བྱིན་པས།། དཔའ་བོ་གཅིག་གིས་དེ་རྣམས་བཅོམ།། རས ་རིས་རྣམས་ནི་རང་དབང་བྱས།། སྡིག་པས་གང་བ་མཇོ་བོའི་གཟུགས།། ལུས་པོ་སྦྱངས་ནས་རྣག་དང་ཁྲག། ཆུ་སེར་དེ་རྣམས་འཛག་པ་ནི།། རྩ་ཤ་ལྤགས་པ་ཕུག་པ་ནས།། འབྲུ་རྣམས་ཀྱིས་ནི་ཟོས་པ་ན།། སྒྲོལ་མ་ཁྱེད་ཀྱི་ཞབས་བརྟེན་ནས།། ་རྟག་ཏུ་ཁྱེད་ལ་མོས་གུས་བྱས།། མོས་གུས་དེ་རང་སྨན་དུ་གྱུར།། གསེར་གྱི་ཁ་དོག་ལུས་གྱུར་ནས།། པདྨ་དཀར་པོ་རྒྱས་པའི་སྤྱན།། དེས་ནི་གཟུགས་བཟང་ལུས་ཐོབ་བོ།། སློབ་དཔོན་རྣམས་ཀྱིས་བཀའ་དེ་ལ།། རྣ་བ་སྣོད་དུ་མ་རུང་བས།། ཐོས ་ངའི་ནོར་ནི་ཕོངས་པར་གྱུར།། བཤེས་གཉེན་གསེབ་དུ་ལྐུག་པ་དེ།། ཁྱོད་ལ་མོས་གུས་བསྟོད་བགྱིས་པས།། གསུང་ལྡན་སེང་ཁྲི་འཕྲོག་པར་བྱེད།། དེ་འཕྲོགས་པ་ཡང་རྒྱལ་པོའི་མདུན།། རྒྱན་ཆ་སྣ་ཚོགས་བཏགས་ནས་ནི།། གསུང་གི་དབ ་ཕྱུག་སེང་ཁྲི་སྡོད།། སྲ་ལ་ཉལ་བས་རྡུལ་མས་ཁེངས།། ལུས་ཀྱི་ཁ་དོག་དུ་བར་གྱུར།། དུག་པོ་གོས་ཀྱི་ལུས་མ་ཁྱབ།། རྟག་ཏུ་ཤིག་དང་སྲོ་མོ་གསོད།། གཞན་གྱི་མདུན་དུ་ཕོར་གོག་འཛིན།། རྟག་ཏུ་སློངས་མོ་བྱེད་པ་དེ།། སྒྲོལ་མ་ཁྱེད་ལ་སྐྱབས ་ཙམ་ན།། ངེས་པར་མཛེས་མ་རྒོད་མས་ནི།། རྔ་ཡབ་མཛེས་བསྲ་གཡབ་པར་བྱེད།། སྟོབས་ཆེན་གླང་པོ་ཆེ་རྣམས་ཀྱིས།། བདོག་པོར་གྱུར་ནས་གདུན་གཅིགས།། རས་རིས་ཙམ་གྱིས་རྒྱལ་པོར་གྱུར།། གཞན་གཡོག་ལས་དང་ཡོན་ཏན་དང་།། ཚོང་དང ་ཐབས་ཀྱིས་ནོར་ཚོལ་བ།། ཚེ་སྔ་མ་ཡིས་དགེ་བའི་ནོར།། ཇི་ལྟར་བྱས་ཀྱང་ནོར་མེད་པ།། སུ་ལ་བསླངས་ཀྱང་རྙེད་པ་མེད།། ཀྱེ་མ་ཁྱེད་ལ་བསླངས་ཙཱ་ན།། ས་གསེབ་དུ་ནི་ནོར་རྙེད་ནས།། མི་དེ་ཕྱུག་པོར་གྱུར་པར་བྱུང་།། འཚོ་བ་མེད་པས་ངོ ་ཚ་ཆེ།། གོས་མེད་པས་ནི་ཆུང་མས་བརྒལ།། ཕོངས་པ་ཡིན་པས་གོཉེན་གྱིས་བོར།། སྟེར་དགོས་མན་ནས་ཐག་རིངས་སུ།། ཀྱེ་མ་སྒྲོལ་མ་ཁྱེད་ལ་ནི།། རང་གི་སྡུག་བསྔལ་བསྟན་ཙམ་ན།། རྟ་རྣམས་རྨེག་པ་ས་ལ་བརྐོ།། དེ་བརྐོས་ས ་ཡང་ཁྱིམ་བསྐོར་ནས།། རང་ཡིད་འོང་བ་རྒྱལ་པོའི་ཁབ།། ཁྱིམ་དེར་གཉིད་ནི་ལོག་པ་ལས།། མཛེས་མ་རྣམས་ཀྱི་ལག་བརྒྱན་གྲག། དེས་ནི་གཉིད་ལོག་སད་པོ་རྙེད།། ཕྱོགས་བཅུར་གྱུར་པའི་འཁོར་ལོ་ནི།། ཤིན་ཏུ་འོད་ཟེར་ལྡན་པ ་དག། མཚན་ཉིད་ལྡན་པའི་བུད་མེད་དང་།། མཆེ་བ་དྲུག་ཡོད་གླང་པོ་ཆེ།། རྨ་བྱའི་སྐེ་ཡི་ཁ་དོག་ལྡན།། དེ་ལྟར་སྔོ་བ་རྟ་བཟང་དང་།། རིན་པོ་ཆེ་ནི་ཉི་མའི་འོད།། དྲི་མ་མེད་པའི་གཏེར་གྱིས་བཀང་།། དམྱག་གི་དཔའ ་བོ་མང་བ་དང་།། སྒྲོལ་མ་ཁྱེད་ཀྱིས་བཀའ་དྲིན་གྱིས།། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར།། མ་ལ་ཡ་ཡི་ལྡུམ་རོ་རུ།། ནོར་བུ་རིན་པོ་ཆེ་ཡི་རྡོ།། དེ་ལ་ཙན་དན་ལ་སོགས་བསྐུས།། ལྷ་མོ་རྣམས་ཀྱང་འཚོགས་བྱས།། འགྲོན་སར་མཆོད་པ་བྱས ་བ་བཞིན།། ཤིན་ཏུ་ཆ་གྲོས་ནས་རྩེད་མོ་བརྩེས།། སྒྲོལ་མ་ཁྱེད་ཀྱི་རིག་པ་གྲུབ།། རིག་པ་འཛིན་པའི་ལྷ་དབང་པོའི།། རལ་གྲི་འོད་ཟེར་ལྗང་གུས་ནི།། ལག་བཟང་དེ་ལ་ཕོག་པ་དེ།། ཡང་ནས་ཡང་དུ་གསོར་བྱེད་པ།། གཟུགས་བཟང་ལྷ་ནཽ ་ཐོབ་པར་འགྱུར།། མུ་ཏིག་ཕྲེང་བས་མཛེས་པར་བཏགས།། དེ་བཏགས་ནུ་མའི་བར་དུ་བྱུང་།། རྣ་བར་ཨུཏ་པ་ལ་བཏགས་པ་དེ།། མིག་དང་གང་ཟག་འགྲམ་པ་འདྲ།། ཐོར་ཚུགས་མནྡ་ར་བ་བཏགས།། དྲྀ་ཞིམ་བུང་བས་བོར་མ་ནུས། ་རྐེད་པར་གཡེར་ཁ་མཛེས་པར་བཏགས།། ཞབས་གཉིས་ལེགས་པ་དེ་ལ་ནི།། སིལ་སཱི་ལ་སྒྲ་དང་གཡེར་ཁ་བཏགས།། སྒྲོལ་མུ་ཁྱེད་ལ་བསླབས་ཙམ་ན།། འདོད་པའི་ལྷ་ལ་དགའ་པ་ཙམེ།། དེ་ཕྱེད་ལྷ་མོ་བསྙེན་བཀུར་བྱེད།། རྫིང་འགྲམ་རིན ་པོ་ཆེ་ཡིས་བསྐོར།། གསེར་གྱི་པདྨ་དེ་ལ་ནི།། གེ་སར་རྡོ་རྗེ་ཕ་ལམ་འབར།། པ་ར་ཛཱ་གའི་ཤིང་དེ་ནི།། ཅུང་ཟད་བཀུག་པ་དྲི་ཞིམ་དམར།། དེས་ན་བླ་རེ་བཞིན་དུ་ཁྱབ།། ཏམ་བུ་ར་དང་རྔ་ལ་སོགས།། ལྷ་རྣམས་ཀྱིས་ནི་སྙན་པར་བསྒྲགས ་སྒྲོལ་མ་ཁྱོད་ཀྱིས་བཀའ་དྲིན་གྱིས།། ལྷ་ཡི་ལྡུམ་རར་ཡུན་རིངས་རྩེས།། བདེ་བ་ཤིན་ཏུ་ཉམས་སུ་མྱོང་།། ག་པུར་དང་ནི་ཀ་ཀོ་ལ།། ཨ་ཀ་རུ་དང་སྤོས་དང་དྲི།། དེ་རྣམས་བཏགས་ནས་ཆུར་བསྲེས་པས།། དྲི་ཞིམ་ཆུ་རྣམས་ཀྱིས་ནི་བརྡེག། ལྷ ་མེའི་ནུ་མོ་གཉིས་ཀྱི་བར།། ལྷ་ཡི་གཙང་པོ་ཆུ་འགྱོགས་དེས།། ཕར་རྡེག་ཚུར་རྡེག་རྩེད་མོ་བྱེད།། ལྷ་མོ་མཛེས་པ་དེ་རྣམས་དང་།། ཁྱོད་ཀྱི་བཀའ་དྲིན་བསོད་ནམས་ཀྱིས།། ལྷ་ཡུལ་དུ་ནི་རྩོད་མོ་མྱོང་།། མཐོ་རིས་གནས་པའི་ལྷ་རྣམས་ཀྱི།། ། ་གུས་པས་བཀའ་ནི་སྤྱི་བོས་ལེན།། དེ་ལེན་ཕྱག་ནི་བྱས་ནས་སུ།། གླང་པོ་ཆེ་ལ་ཞོན་པ་ལ།། རྒྱན་ཆ་བཏགས་པའི་གས་ཛ་དྲིས།། ལག་པ་གཉིས་ལ་གདུ་བུ་བཏགས།། དེས་ནི་ལྷོ་ལི་བསྒྱིངས་ཙམ་ན།། བཀག་མི་ནུས་པ་བ་སྤུ་ལྡང་།། རྡོ་རྗེ་ཕ ་ལམ་ལག་བརྒྱན་བཏགས།། ཁྱེད་ཀྱི་སྤྱན་གྱིས་གཟིགས་ཙ་མ་ན།། ལྷ་ཡི་དབང་པོ་བརྒྱ་བྱིན་ཐོབ།། ལྷ་ཡི་སྭ་རིས་བསྲུང་བ་བྱེད།། སངས་རྒྱས་བསྟན་པ་དེ་ལ་ནི།། རིན་ཆེན་མེ་ཏོག་སྤྱི་བོར་གནས།། ན་མཁའ་དཔལ་གྱི་བླ་རཱིས་ཁྱབ།། ཉི་མ ་ཤར་ཀའི་འོད་འདྲ་བ།། དེས་ནི་འཇིག་རྟེན་གསུམ་པོ་བཀང་།། གཡོན་བསྐུམ་གཡས་བརྐྱང་ཞབས་གཅིག་གིས།། དེ་མནན་བཀུག་པ་ཚངས་པ་དང་།། དབང་ཕྱུག་ཆེན་པོ་ཁྱབ་འཇུགོ།། ཁྱེད་ཀྱི་སྐུ་ནི་བསྒོམས་བགྱིས་པས།། སྲིད་པོའི་འཇིགས ་པ་ཕྱིས་མི་འབྱུང་།། སྐྱེ་བ་ལེན་པ་ཆད་ནས་ཡང་།། ཁ་ཅིག་གིས་ནི་འདི་ལྟར་མཐོང་།། ནགས་ཚལ་ཕྱག་གིས་མཚོན་ཆས་བཟུང་།། ཤིན་ཏུ་འཇིགས་པ་སྟོབས་པོ་ཆེ།། ནམ་མཁའ་ཁྱབ་པར་ལག་གདུབ་བུ།། དེ་རྣམས་འཇིགས་ཆེ་སྦྲུལ་དུ ་མཐོང་།། ཀྵེ་མའོ་ཁྲོས་ནས་སྡུག་པར་བྱེད།། རྒོད་པའི་སྒྲ་ནི་ཤིན་ཏུ་འཇིགས།། མ་རུས་པ་ཡི་སྤྱོད་པ་བྱེད།། རོ་ལངས་ཏཱི་ཏིང་ཤཱགྣ་ནི་བརྡུང་།། འཇིགས་ཆེན་བྱེད་མེ་སྐྱ་ཆེན་སྨུག། ཁ་ཅིག་གིས་ནི་མཐོང་བྲ་ལ།། སྨྱོས ་མཱཾ་བི་སཱུ་རེ་རེ་ལས།། འཇིག་རྟེན་པ་དེ་འཚོ་བར་བྱེད།། བདེ་བར་གནས་པ་རོ་ཚངས་པ་དང་།། ལྷ་ཡི་དབང་པོ་བརྒྱ་བྱིན་དང་།། དབང་ཕྱུག་ཆེན་པོ་ཀླུ་ལ་སོགས།། ལྷ་དང་མི་དང་གྲུབ་ཐོབ་དང་།། དྲི་ཟ་གནོད་སྦྱིན་སྦྲུལ་རྣམས་དང་།། ཕྱོགས་སུ་རྒྱུ་བའི་འཁོར ་ཡད། ཁྲི་སྟེ་བདེ་གཤེགས་ཁྱིམ་དེར་གནས།། ཀྱེ་མ་རབ་ཏུ་རྫུ་འཕྲུལ་ཆེ།། འཇིག་རྟེན་གསུམ་གྱིས་ཕྱག་བྱས་པོ།། ཀྱེ་མ་འགུལ་ནི་འགུལ་གནས་པ།། སྣ་ཚོགས་ལྷ་མེད་དངོས་པོ་ནི།། ཀྱེ་མ་སྒྲོལ་མི་ཁྱེད་ཡིན་ནོ།། ཁ་ཅིག་གིས་ནི་མཐོང་བ་ལ ་རྒྱསྐྱེགས་དེང་ནི་སིན་དྷརྱ།། དཀར་དམྱུར་ཁ་དོག་ཉྩི་མ་གྱུར།། དཔལ་ལྡན་མིནྟི་ནཱི་ལཱ་འདྲ།། ཁ་ཙུག་གིས་ནི་མཐོང་བ་ལ།། མའི་དྷ་མ་མོརྡྷཿས་དཀར་འངྒ།། ཁྲུ་ཅིག་གིས་ནི་གསེ་བྱུང་ཆུ་དོག། ཁྱེད་ཀྱི་གཟུགས་ནི་སྣ་ཚོགས ་ཤེལ་དང་འདྲ་བར་གླང་འདོད་གཟུགས།། ཡེ་ཤེས་མར་མེ་ཐམས་ཅད་མཁྱེན།། དེས་ནི་ཐམས་ཅད་གསལ་བར་མཐོང་།། དེ་ཉིད་མཁྱེན་པ་དབང་པོ་གཅིག། ངེས་པར་ཁྱོད་ཀྱི་ཡོན་ཏན་ནོ།། གྲ་སྔ་ལས་ཐམས་ཅད ་མཁྱེན་པས་ཤེས།། ཡང་ན་དེ་ཡིས་སྲས་ཀྱིས་མཁྱེན།། བདག་གིས་ཁ་གདངས་བྱས་ནས་ནི།། བྱ་རོག་ཁ་འདྲའི་སྒྲ་དང་ནི།། སྡུག་བསྔལ་ཚོད་པས་བྱས་ཙམ་ན།། དེ་སྐྱེས་མཚོ་བྱུང་ཙམ་ནོ།། བདག་གིས་ཕོ་རོག་སྨྲ་བཞིན ་བཏོན།། གཞན་གྱི་སེམས་ལ་གཞང་གང་རྒྱུ།། བདག་གིས་ཞུས་པའི་དོན་འདི་ནི།། མ་ཞུས་གོང་དུ་ལྷག་པར་མཁྱེན།། ཁྱེད་ཀྱི་མཁྱེན་པ་དེ་ལ་ནི།། བདག་གིས་ཞུ་བ་དོན་མེད་གླེང་།། འོ་ནའང་རང་སེམས་དགའ་བའི་དོན།། ཉེ་བའི་གཉེན ་གྱི་མདུན་དུ་ནི།། དུག་དག་སྐྱུགས་པ་སྨྲས་པ་བཞིན།། སྡུག་བསྔལ་དོན་དེ་ཤེས་ཀྱང་ནི།། རང་སྙིང་ཡང་ཞིང་བདེ་བོ་བཞིན།། ཕན་འདོགས་དགའ་བ་རྒྱ་མཚོ་ཉིད།། རབ་ཏུ་གསལ་བ་ཟླ་བའི་ཆ།། ཀྱེ་མ་མཛེས་མས་གཟིགས་པར་ཞུ།། ་གྲདམས་དྲག་ཡེ་ཤེས་གནང་བར་ཞུ།། སྙིང་ཆེ་ཆེན་མོ་ཁྱོད་ཉིད་ཀྱིས།། མུནྡ་ནག་སེམས་ནི་གསྔལ་བར་མཛོད།། ཁྱེད་ཀྱི་བསྟོད་པའི་ཆུ་དེས་ནི།། བདག་གི་སེམས་ནི་གཙང་བར་བཀྲུས།། ཕན་ནས་བྱུང་ས་གཅིག་རྙེདདོ།། བསྟོད་པ་འདིས ་ནི་འགྲོ་བའི་དོན།། འབྲས་བུ་ཐོབ་པ་ཡོད་པར་མཐོང་།། རབ་ཏུ་བསྟོད་པའི་ཡོན་ཏན་ཚྭ།། བདག་གིས་བསོད་ནམས་བཤད་མི་ཤེས།། བསོད་ནམས་དེ་ཡི་སྟོབས་ཀྱིས་ནི།། འཇིག་རྟེན་པ་ཀུན་དོན་གྲུབ་ནས།། གྲོལ་བའི་བདེ་བ་མྱོང ་བར་ཤོག། སྤྱན་རས་གཟིགས་ཀྱི་ཞབས་ཀྱི་མཐིལ།། དེ་ཡི་མཚན་མ་བཀྲ་ཤིས་ཀྱིས།། དེ་བཀང་ཡོད་པ་དེ་ལ་ནི།། བདེ་གཤེགས་སྲས་ཀྱི་ས་རིས་ཡིན།། བདེ་ནས་བདེ་རུ་འགྲོ་བ་ཀུན།། མྱུར་བར་སོང་ནས་བདེ་བར་ཤོག། མེ་ཏོག ་ཕྲེང་བ་འཛིན་པའི་བསྟོང་པ།། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། པཎྜི་ཏ་ཟླ་བ་གཞོན་ནུས་རང་འགྱུར་མཛད་པའོ།། ། ་