| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སྲ་ག་དྷཱ་ར་སྟོ་ཏྲ། བོད་སྐད་དུ། ཕྲེང་བ་འཛིན་པའི་བསྟོད་པ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཉི་མ་འཆར་ཀའི་སྣང་བ་ལྟར་དམར་ལྷ་མཆོག་རྣམས་ཀྱི་མགོ་ཡི་གཙུག་གི་ནོར ་བུའི་དཔལ།། ཕུན་སུམ་ཚོགས་པས་དམར་བ་སྨུག་རྩིགས་ལྦོ་དངར་བཀོད་ཤིན་ཏུ་ཡུན་རིངས་མ་ལྡོན་འདྲའི།། འཕགས་མ་ཁྱོད་ཞབས་དག་ལ་ཐལ་སྦྱར་ཅོད་པན་གྱིས་མནན་ཡན་ལག་མཆོག་ཏུ་བདག་གིསཱི་ནི།། གུས་པས་སྦྲུལ་མ་ཕོངས ་སྐྱབས་བསྟོད་པ་གསེར་གྱི་མེ་ཏོག་ཕྲེང་བ་རྣམས་ཀྱིས་མཆོད་པར་བགྱིད།། སྐལ་ངན་དུ་བའི་བཞིན་ལྡན་རྒལ་བར་དཀའ་བོའི་སྡུག་བསྔལ་མེ་ལ་ལུས་དྲག་རྣམ་ལྟུང་བ། ཅི་དང་ཅི་བྱ་ཞེས་རྨོངས་ལན་ཅིག་མིན་པའི་རྩོམ་པ་བྱས་ཀྱང་འབྲས ་དོང་བྲལ་བ་སྒོ།། མཁའ་ལ་ཉི་ཟླའི་དཔལ་ནི་གཞན་ལས་མང་དུ་ཐོས་ནས་བལྟ་བ་རེ་བ་བཅས་གྱུར་པའི།། མིག་ཉམས་གཞན་གྱི་འགྲོ་བ་ལྟ་བུ་བདག་ནི་སྡིག་འཇོ་མས་ཁྱེད་ལ་གུས་པྲོ་རྟེན་བུ་བགྱིད།། ཁྱེད་ཀྱི་ཐུགས་རྗེ་སེམས་ཅན་ལོས་རྣམས ་ཀུན་ལ་བྱེ་བྲག་མེད་པར་འཇུག་པ་མ་ལགས་སམ།། དེ་དག་བཟུང་བས་བདག་འདྲ་ཡང་ནི་དེ་དག་ནང་དུ་བཟུང་བར་འགྱུར་ལ་གདོན་མི་ཟ།། མཐའ་དག་འགྲོ་བའི་སྡིག་པའི་མུན་པར་ཚ་ཟེར་ཅན་གཟུགས་ནུས་པ་ལ་དོ་ཟླ་མེད།། དེ་ལྟ། ་མོད་ཀྱི་ཀྱེ་མ་བདག་སྨད་ཉེས་བྱས་ངན་པས་བརྗིད་ཅིང་སྡུག་བསྔལ་ལྡན་པ་ཉིད།། སྐལ་པ་ཞན་པ་བདག་སྨད་སྨད་པ་ཞིག་སྟེ་ཉིན་ཕྱེད་འོད་ཟེར་གྱིས་ཀྱང་མུན་མ་སེལ།། གངས་ཅན་ལས་བྱུང་འཇུག་ངོགས་ཆུས་དཀྲིགས་ཁ་བའི་དུམ་བུ ་འཁྲུགས་ཤིང་བསིལ་བ་དག་ཏུ་སྐོམ།། རིན་ཆེན་གླིང་གི་ལམ་སྲང་དང་ནི་ནོར་བུའི་ཕུག་ཡངས་ཁང་པ་དག་གི་ནང་དུ་དབུལ།། འཛག་རྟེན་ཀུན་གྱི་ཡུམ་གཅིག་མ་ཁྱོད་མགོན་དུ་བྱས་ཀྱང་མགོན་མ ་མཆིས་སོ་བཅོམ་ལྡན་མ།། ནུ་མའི་རྒྱུ་ལས་ལཱན་མང་དག་ཏུ་རྣམ་པར་དུ་བའི་བུ་ལ་མ་ཡང་སྐྱོ་བར་འགྱུར།། ཉི་མ་སོ་སྔོར་དམ་པ་མ་ཡིན་དོན་གཉེར་རྣམས་ལ་རབ་བསྐུལ་པ་ཡང་ཁྲོ་བ་འཛིན།། འཇིག་རྟེན་གསུམ་གྱི་རེ་འདོད་འབྲས ་བུས་ཡངས་ལྡན་དཔག་བསམ་ཤིང་ཆེན་འཁྲི་ཤིང་མཆོག་ནི་ཁྱོད།། མངོན་པར་དོན་གཉེར་དོན་རྣམས་ཀུན་ལ་སྩོལ་གྱི་ནམ་ཡང་རྣམ་གྱུར་དེ་དག་ཅི་ཡང་མེད།། གང་ལ་ཉོན་མོངས་ཚོགས་ཀྱིས་མེ་འབར་ལུས་ཅན་དེ་དང་དེ་ཡི་སྒྲལ ་མ་ང་ཉིད་ཅེས།། བདག་ཉིད་ཞལ་བ་ཞེས་དམ་བཅས་སྡུག་བསྔལ་འོག་ཏུ་བྱིང་བ་བདག་ལ་འབྲས་བུ་ལྡན་པར་མཛོད།། སྲོག་ཆགས་རྣམས་ཀྱི་སྡུག་བསྔལ་ཤུགས་ནི་རྩུབ་ཅིང་ཟིལ་གནོན་འདི་དག་ཇི་སྙེད་འཕེལ་གྱུར་པ།། ཡང་དག ་རྫོགས་པའི་སངས་རྒྱས་ཐེག་པར་སྨོན་ལམ་བློ་མཛད་རྣམས་ཀྱི་བརྩེ་བའང་ངོ་སྙེད་ཉིད།། དེ་ལྟར་བསྟོད་པའི་ཚིག་གི་ཟོལ་གྱིས་ཆོ་ངའི་སྒྲ་དག་གསང་འཐོན་སྒྲོགས་ཅིང་ལག་བསྒྲེང་ལ།། གཞན་དག་གིས་ཀྱང་བཏང་སྙོམས་བྱ་བར་འོས་པ ་མིན་ན་ཡུམ་གཅིག་ཁྱོད་ཀྱིས་ལྟ་ཡང་ཅི།། གཞན་དག་རྣམས་ཀྱི་མངོན་འདོད་འབྱོར་པར་དོན་གཉེར་འདོད་པ་ཁྱེད་ལས་ཐོབ་པ་རྣམས་མཐོང་བཞིན།། མི་དགེ་ལས་བྱུང་ནང་གི་གདུང་བ་རྒྱུན་ཆགས་བཟོད་བླགས་མེད་པས ་ཤིན་ཏུ་ཡང་ཡང་སྲེག། གལ་ཏེ་ཁོ་བོ་སྡིག་ཅན་ལགས་ན་ཁྱོད་ལ་གུས་པ་ཆེན་པོ་འདི་ནི་ཅི་ཕྱིར་འཕེལ།། ཁྱོད་ཉིད་གཅིག་པུའི་མཚན་གྱིས་ཀྱང་ནི་ཐོས་དང་དྲན་པས་འཕྲལ་ལ་སྡིག་པ་སེལ་བར་བྱེད།། དེ་ལྟ་ན་ཡང་བདག་གི་བྱ་བའི་ཁུར ་ངག་དོར་བ་ཇི་ལྟར་ལགས་ཞེས་བདེན་གསུངས་པ།། ནད་པ་འཆི་བར་འགྱུར་ཡང་སྨན་པོའི་སྙིང་རྗེ་རྒྱ་ཆེན་ཕན་པ་འཁོན་པར་དགྱིད་དམ་ཅིང་།། སྒྱུ་དང་སེར་སྣ་ང་རྒྱལ་ཕྲག་དོག་རང་སྒྲོན་ཐ་ཆད་རྣམས་ཀྱིས་དུས་མཉམ་རིམ་པར ་ཡང་།། དུ་མ་དག་གི་ཐུན་མོང་ཆར་གྱུར་ཚོགས་ཁང་རྔ་མོ་བཞིན་དུ་བསྐོར་བར་གྱུར་པས་ན།། ཁྱེད་ཀྱི་ཞབས་པད་མཆོད་པ་སྐད་ཅིག་ཙམ་ཡང་མ་རྙེད་གང་དེའི་དོན་དུ་ཁྱད་པར་ལས།། ཕོངས་པས་ཡི་གེ་དམན་པར་ཚིག་འདི་བཀོད་དོ། ་བདག་གི་འདོད་པ་དོན་མེད་མ་གྱུར་ཅིག། དུས་མཐའི་རླུང་རབ་འཁྲུགས་པས་དཀྲུགས་པའི་ཆུ་ནི་གཡོ་ཞིང་འགུལ་བའི་རླུང་འཁོར་རལ་པ་ཅན།། རབ་འཁྲུགས་ཀུན་ཏུ་བསྐྱོད་ཅིང་རྦ་རླབས་ངོས་བརྡབས་སྒྱུ་གྲགས་ལན་བརྒྱངས་ཆེན་པོ ་སྒྲོགས་པ་ལས།། གྲུ་ཆག་ཆུ་རུ་སྙིང་རྗེ་ངུ་བའི་ཆོ་དེ་དང་ལྡན་གཡོ་བ་མེད་ཅིང་ཞུན་གྱུར་པ།། ལྷ་མོ་ཁྱོད་ལྔ་བསྟོད་པ་རྣམས་ཀྱིས་འཕྲལ་ལ་ཆུ་གཏེར་འགྲམ་དུ་རིང་དགའ་ཐར་བར་འགྱུར།། དུ་བ་འཚུབས་པ་སྦྲོན་འདྲ་ཁོངས་ནས་རའ་བྱུང་མེ ་སྟག་མཁར་ཁྱིམ་ནང་དུ་རྣམ་པར་རྒྱུ།། འཕྲེ་ཞིང་རབ་འབར་དྲག་པོའི་འབར་བྱེད་ཤུགས་དག་འཇུག་པའི་ཁང་པར་མལ་སྟན་ལ་འཁོད་པ།། ཐལ་སྦར་ཅོད་པན་ལྡན་པས་ཁྱེད་ལ་བཏུང་བྱས་ལྡེཔ་ལྡིབ་དག་ཏུ་གསོལ་བ་འདེབས་པ་རྣམས ་གློག་རབ་འགྱུར་བའི་བརྩེ་དགའ་རབ་འབར་ཆུ་འཛིན་ཤུགས་ཀྱིས་སྐད་ཅིག་ཉིད་ལ་སྒྲིབ་པར་བྱེད།། མྱོས་པའི་ཆུ་རྒྱས་འགྲམ་པ་གཉིས་ཀའི་ངོས་ལ་བབས་པས་བུང་བ་དག་གི་ཕྲེང་བ་ཅན།། ཧཱུཾ་ཞེས ་བྱ་བས་བོས་པར་གྱུར་པའི་གླང་ཆེན་ཟླ་བོས་ཞེ་སྡང་མེ་སྦྱར་གཉིས་འཐུང་གི། སོ་རྩེ་རབ་ཏུ་མཐོ་བའི་ཁྱོགས་ལ་བླངས་པའི་ལུས་ཅན་དག་གིས་ཁྱོད་རྗེས་དྲན་པ་ན།། རྩེ་མོ་ཆེ་ལྡན་མགོ་རྩེའི་རྫོང་ལ་འདུ་གང་ཅིང་རབ་ཏུ་དགའ་བས་འཆི་བད ་ཕྱིར་ཟློག་བྱེད།། མདུངས་རིངས་དྲག་པོ་བསྣུན་གསད་མི་ཡི་མགོ་དང་གསལ་ཤིང་དག་གི་ཁྲི་ཤིང་དགའ་སྟོན་ཅན།། ནགས་ཚལ་སྟོན་པར་ཆོམ་རྐུན་ལག་གཙེས་རལ་གྲི་གཡོ་ཞིང་བརྡེག་པར་བཟླས་པས་དྲེགས་རྒྱས་པ།། ཁྲོ་གཉེར་དང་བཅས ་སྨིན་འཁྱོགྲོ་ཟུར་མིག་གིས་བལྟས་མིག་གིས་བལྟས་མིག་ཅན་རྣམས་ནི་ཁྱེད་མཚན་དཔལ་གྱི་གཞི།། གསལ་བར་འདྲི་བའི་གནས་ལ་བསལ་བའི་སྨྱུ་གུ་སྐྱོན་མེད་རྣམས་ཀྱིས་བྲན་དུ་སྐོལ་བར་བྱེད།། རབ་རྣོ་སྟེར་མོའི་རྩེ་ནི་རྡོ་རྗེ་ལྟ་བུ་བསྣུན ་པས་གླང་ཆེན་མྱོས་པའི་ཀླང་འགེམས་ནས།། ཁྲག་མང་རབ་ཏུ་ཟགས་པས་བཀྲུས་པའི་རལ་པ་གསལ་པོ་འཇིགས་རུང་ཡ་ངས་ཕྲག་པ་ཁེབས།། ཁྲོས་ཏེ་རྒྱང་ནས་སྟེང་དུ་མཆོད་འདོད་མཚོ་བ་རྣོན་པོ་གཙིགས་པའི་ཁ་ཅན་རི་དགས ་དགྲ། ཁྱོད་ལ་འོས་པའི་བསྟོད་པ་དོན་ལྡན་ཚིག་དག་བཀོད་པས་སྐྲག་སྟེ་ལོག་ནས་འགྲོ་བར་འགྱུར།། གདེངས་ཅན་རྣམ་འགྱུར་དུ་བ་འཁྱིལ་དང་མུན་པའི་དབྱིབས་ཅན་གསལ་བར་ཕུད་སྒྲ་དག་གི་ཚོགས།། བྱེད་པ་དང་ལྡན་ཁ་གངས ་རོ་འཛིན་ཐག་པ་གཤིན་རྗེའི་ཞགས་འདྲ་ཆེ་ཞིང་གཡོ་བ་དག། སྡིག་པ་ལས་བྱུང་སླར་ཡང་ཁྱོད་སྐྱོང་བདག་ཉིད་ཁྱོད་ཀྱི་ཡོན་ཏན་བགྲང་བ་ལྷུར་ལེན་པས།། ཨུད་པལ་ཕྲེང་བའི་རྒྱན་གྱིས་འབྱོར་པ་བུང་བ་མྱོས་པའི་ཕྲེང་བས་དཀྲིས་ལྷུར ་འཛིན་པར་འགྱུར།། རྗེ་བོའི་སྨིན་མ་བསྐྱོད་པས་འཇིགས་པ་དག་གིས་རྒོད་ཅིང་འི་ཕྱར་བས་པྲ་མོ་ལ་ཙོ་དོ་གཟིངས།། གཡོ་ཞིང་སྒྲ་སྒྲོགས་བྲན་ཁོན་རྣམས་ཀྱིས་རྩུབ་མྱོར་སྨྲ་བྱེད་ཞགས་པའི་མདུད་པ་དྲམ་པོས་བཙོངས།། བཀྲེས་སྐོམ་དག་གིས ་ཁ་དང་མགྲིན་སྐམས་གང་ཞིག་འཕགས་མ་སྒྲོལ་བའི་ཞབས་ལ་སྐྱབས་འགྲོ་བ།། དེ་ནི་བྱམས་པའི་གཉེན་གྱིས་སྔགས་ཀྱང་མཐའ་མེད་རྒུད་པ་དེ་དག་འཕྲུལ་དུ་གཏོང་བར་འགྱུར།། སྒྱུ་མ་སྤྲུལ་པའི་ལས་ཀྱི་རིམ་པས་རྣམ་པར་འགྱུར་བ་དག ་གི་ཆ་བྱས་ཤིང་།། ལོག་པའི་གཟུགས་ཙམ་རྗེས་སུ་འཚལ་པའི་མཚོན་ཆའི་འོད་ཟེར་ཚོ་གོས་ནི་རབ་ཏུ་མི་བཟད་ལྡན།། མི་རོ་ལས་བཏོན་རྒྱུ་མའི་ཐག་པའི་ཚོགས་ཀྱི་ཕྲེང་བས་རྣམ་པར་སྤྲས་པའི་སྲིན་པོ་རྣམས།། ཁྱེད་རྒྱུད་ལས་བཏུས་གསང ་སྔགས་དྲན་པས་སྡིག་པ་ཕྲོགས་པའི་སྲང་མ་གཟོར་མེད་བྱེད་པར་འགྱུར།། གླང་ཆེན་སྒྲ་སྒྲོགས་ཆར་སྤྲིན་ལུས་ཅན་མྱོས་བྱེད་ཆུ་བོའི་རྒྱུན་དང་ལྡན་པས་མུན་གཏིབས་ཤིང་། མཚོན་ཆ་འོད་ཟེར་རྣམས་ནི་གློག་རབ་འགྱུ་ལྟར་རབ་གསལ ་མདའ་ཡི་ཆར་འབབ་གཡུལ་ངོ་འགྱེད་པའི་ཚེ།། རྣམ་པར་སྡང་བའི་དགྲ་བོ་དཔུང་པའི་སྟོབས་ནི་རབ་མཆོག་ལྡན་པ་རྣམས་ཀྱིས་བཀག་གྱུར་པ།། ཁྱོད་ཀྱིས་དགྲ་བོ་གསོད་པའི་དཔའ་བོ་གཅིག་གིས་འཕྲལ་དུ་དགྲ་ཡི་ས་གཞི་ཕྱེ་མར་རློག། ་སྡིག་སྤྱོང་དག་གིས་རྗེས་འབྲེལ་ཕོལ་མིག་ཚབས་ཅན་དག་ལས་རྣག་ཁྲག་རུལ་པ་རབ་འཛག་ཅིང་།། ཤ་ལྤགས་མྱགས་པ་ལ་ཆགས་རྩ་སྐེའི་བུ་གར་འགུལ་བའི་སྲོག་ཆགས་ཀྱིས་ཟོས་ལུས་ཟང་རྣམས།། ་ཞབས་ཉེ་བར་བརྟེན་པའི་སྨན་མཆོག་རི་ལུ་གོམས་པར་བྱེད་ལ་གུས་ཤིང་ཆགས་པ་ཡིས།། ས་ལེ་སྦྲམ་དང་མཚུངས་པའི་ལུས་དང་པད་མོ་དཀར་པོ་ལྟར་ཡངས་མིག་དང་ལྡན་པར་འགྱུར།། གང་གི་རྣ་བའི་སྣོད་ན་བླ་མ་རྣམས་ཀྱིས་གནང་བའི ་མན་ངག་སློངས་མོ་མི་གནས་ཤིང་།། ཐོས་པའི་ནོར་དང་བྲལ་བས་མཁས་པའི་ཚོགས་རྣམས་དག་ཏུ་ལྐུགས་པ་ཉིད་དུ་ཁས་ལེན་གང་།། དེ་ཡང་ཁྱེད་ལ་གུས་པའི་ནུས་པས་རྒྱན་རྣམས་ཐམས་ཅད་མཛེས་བྱེད་འབྱོར་པར་བཅས་པ་ཡི།། དགྲ ་བང་ཕྲུག་ཐོབ་ནས་མི་བདག་འདུན་སར་རྒོལ་བའི་སེང་གེའི་ཁྲི་དག་འཕྲོག་པར་བྱེད།། ས་གཞི་མལ་སྟན་རྡུལ་གྱི་ལུས་བསྒོས་སྐྱེ་དངོས་རས་རལ་ཡན་ལག་དག་ནི་རྣམ་པར་མངོན།། ཤིག་གིས་ཚེ་དག་རབ་གཙོར་གཞན་གྱིས་གྲོང་ཁྱེར ་མདུན་དུ་གྱོ་མོར་ཟས་ནི་དོན་གཉེར་བ།། ཁྱོད་བརྙེད་བགྱིད་ལ་བརྩོན་པས་ན་ཆུང་མཆོག་གིས་བཟུང་བའི་རྟ་ཡབ་འཛུམ་གྱིས་རབ་མཛེས་ཤིང་།། མྱོས་པས་ལོང་བའི་གཉིས་འཐུས་སོས་གཏམས་གདུགས་གཅིག་གྱེན་དུ་བཏེགས་པའི་ས ་གཞི་འཛིན་པར་འགྱུར།། གཡོག་དང་ལས་མཐའ་བཟོ་དང་དབང་པོ་གསོ་བའི་ཐབས་ཀྱི་རྣམ་གྲངས་དག་གིས་རབ་སྐྱོ་ཞིང་།། སྐྱེ་བ་སྔ་མར་རབ་བསྒྲུབས་བསོད་ནམས་བསགས་པའི་དགེ་འབྲས་ནོར་ནི་ཐོབ་པར་མ་གྱུར་པའི།། ནོར་མེད་རྣམས ་ཀྱིས་སྐྱེ་བོ་བཀྲེན་པའི་ཡུམ་གྱུར་ཕོངས་ལས་འདའ་བར་མཛད་པ་ཁྱོད་ལས་དོན།། དོན་དུ་གཉེར་ན་སླར་ཡང་གསེར་གྱི་ཚོགས་ཀྱི་གཏེར་དག་ས་ལས་འཐོན་པ་ཐོབ་པར་འགྱུར། འོབ་ཆད་ལྔས་ངོ་ཚར་གྱུར་ཅིང་གོས་ཟང་ཆུང་མ་དག་གི ་རབ་ཏུ་སྤྱོད་པར་བྱེད།། བདག་ཉིད་གསོ་ཕྱིར་རང་གི་སྐྱེ་བོ་བུ་དང་གྲོགས་པོ་གཉེན་གྱིས་རིང་དུ་སྤངས་པ་ཡིས།། ཁྱེད་ལ་རང་གི་སྡུག་བསྔལ་ཞུས་པས་རང་གི་ཁྱིམ་ཐང་བད་མེད་གསུ་བའི་སིལ་སིལ་སྲས།། གཉིད་ལོག་སད་པར་འགྱུར་ཞི ་རྟ་རྨིག་རྩོ་མོས་མཚོམས་བསྒོས་ཁང་ཁྱིམ་རྣམས་ཀྱི་བདག་པོ་བྱེད།། འཁོར་ལོ་ཕྱོགས་ཀྱི་འཁོར་ལོ་ལ་སྦྱོར་བུང་མེང་མཚན་བརྒྱན་འདི་གཟེར་གཡོ་ཞིང་ཆེ་བ་དང་།། ཟླ་གམ་5། ཝཱར་རྟ་མཆོ་ཀཱ་སཱ་ཁཱ་སྟོ་སངས་རྨ་བྱའི་མགྲིན ་ལྟར་འཚེར།། ནོར་བུ་ཉི་མའི་འོད་ཟེར་ལྟར་གསལ་དྲི་མེད་ཡོན་ཏན་མཛད་འཛིན་མཛོད་ཁེངས་དང་།། དམག་དཔོན་དཔལ་སྡེ་ལྡན་པར་བཅོམ་ལྡན་འདས་མ་ཁྱོད་ཀྱི་བཀའ་དྲོན་ཆ་ཤས་པྲ་ལས་ཚར་དན་ཚྭ་ཡིས་དྲི་ཞིམ་ནོར་བུའི་རྡོལ ་མཛེས་མས་དུས་བཏབ་རྩེ་དགའ་ལ་ཆགས་པས།། སྦུ་གུ་མ་ཡི་བདེ་བའི་ཉེར་སྤྱང་མགྲོན་དུ་བྱ་བ་མངོན་པར་གསལ་བ་རྙེ་པེ་བསྒྲུབས་ཤིང་།། རལ་གྲི་འོད་ཟེར་བྱེ། སྔམ་ཤིང་དང་འང་དཔུང་རྒྱན་རོལ་པ་ཅན།། ཁྱོད ་ཀྱི་རིགས་དྲུག་རེག་འཛིན་དབང་པོ་མ་ལ་ཡ་ཡི་མེ་ཏོག་ཚེལ་དུ་རང་དགར་འགྲོ། ནུ་མའི་ཐོན་འཁོར་དོ་ཤལ་གྱིས་བརྒྱན་མིག་དཀྱུས་རིང་པོ་རྣ་བའི་ཨཏྤལ་ལ་ལྡན་ཟ་འབྲུ་གསར་བའི་དྲིས ་མྱོས་བུང་བ་ཅན།། དྲིལ་ཆུང་སྒྲ་ཡིས་རྗེས་འབྲེལ་རབ་ཏུ་གསལ་བར་རྐང་རྔུབ་ཡིད་འོང་སྒྲ་སྙན་སྒྲོགས་པར་བྱེད།། འདོད་པས་མྱོས་དགའ་གཞོན་ནུ་མ་རྣམས་གུས་དང་བཅས་པར་ཁྱེད་མགོན ་ལྡན་པ་དོན་དུ་གཉེར།། རྫི་དྲ་བུའི་ནང་ལོགས་རིན་པོ་ཆེས་སྤྲས་གསེར་གྱི་པང་ལྡན་ཟེ་འབྲུ་རྡོ་རྗེ་ཕྲེང་བ་ཅན།། ཡོངས་འདུའི་ལྗོན་པ་ལས་འཕྲོ་དྲི་བཟོངས་དང་ལྡན་མེ་ཏོག་རྡུལ་གྱི་བླ་བྱེ་མཐོར་བྲེས་ཏེ།། པི་ཝང་གླིང་བུ་སྒྲོགས་མཁས་ལྷ་ཡི ་གྲོང་གིས་དགའ་མ་རྣམས་ཀྱིས་སྙན་པར་རབ་བསྒྲགས་པའི།། དགའ་བའི་སྐྱེད་ཚལ་བགྲོད་པ་ཁྱོད་ལ་མཆོད་པ་བགྱིད་པས་ཡུན་རིངས་ཉམས་སུ་མྱོང་བར་འགྱུར།། ནང་གི་བྱེད་པ་ཁྱོད་ལ་གཏད་པའི་བསོད་ནམས་མཐུ་ནི་རབ་འབར་ཡོངས ་སུ་སྨིན་པ་ཡིས།། ག་བུར་ཨེ་ལ་ལི་ཤི་ཤུན་པ་ཨ་ཀྲ་རུ་དང་ན་ལ་ད་ཕྱེའི་དྲི་ལྡན་ཆུ།། འདོད་པའི་དྲེགས་པས་རབ་འབུར་བུད་མེད་ནུ་མའི་སྐྱིབསུ་རྦ་རླབས་འཁྱིལ་གནས་དལ་འབབ་པོ།། སྨན་མིན་ཆུ་ཡིས་ཟེར་མ་དང་ལྡན་ཆུ་རྩེ་མཛེས ་མ་དག་དང་ལྷན་ཅིག་རྩེ་བར་འགྱུར།། ཚིག་མཐའི་གཙོ་བོ་དུལ་བའི་ཁུར་གྱིས་ཅོད་པན་དུད་པ་རྣམས་ཀྱིས་བཀའ་ལ་ཕྱག་བྱས་ཤིང་།། མཐོ་རིས་སྟེང་དུ་ལྷ་ཡི་གླང་ཆེན་ཁྲོ་ཁྲོལ་རྒྱན་གྱིས་སྡུད་པའི་ལུས་ཅན་ལ་ཞོན་ཏེ།། སྤུ་ལོང ་རབ་རྒྱས་ལུས་ཅན་བདེ་སོགས་ལག་པའི་ཐག་པ་ཁྱོགས་ཀྱིས་རྒྱུན་ཏུ་བསྐྱིལ་གྱུར་པ།། ཁྱེད་ཀྱི་སྤྱན་རས་ཕོག་པས་དགོ་བྱས་ལག་པ་རྡོ་རྗེ་ལྡན་པས་ལྷ་ཡི་ས་སྐྱོང་བྱེད།། གཙུག་གི་རིན་ཆེན་རྒྱན་གྱིས་མནན་བཞུགས་བདེ་བར ་གཤེགས་པ་ན་མཁའི་དཔལ་འབྱོར་བླ་བྲེ་ཅན།། ཉི་མ་འཆར་ཀ་བྱེ་བ་ལྟ་བུར་རབ་གསལ་འོད་ཟེར་རྒྱས་པས་འཇིག་རྟེན་གསུམ་འགེངས་ཤིང་།། བརྟན་པར་གཡས་བརྐྱང་ཞབས་གཅིག་གིས་མནན་ཁུར་གྱིས་ཚངས་དབང་དྲག་པོ་ཁྱད ་འཇུག་རྣམས་དུད་པའི།། ཁྱེད་སྐྲོད་བསྒོམས་པ་སྐྱེ་བ་ལ་བརྟན་རྣམས་ཀྱིས་སྲིད་པའི་འཇིགས་པ་གཅོད་པའི་སླད་དུ་འགྱུར།། ཁྲོ་བ་དང་བཅས་མཚན་ཆའི་འོད་ཟེར་རབ་འབར་ཕྱག་དབྱུག་ཆ་ཡིས་ན་མཁའི་ཁོངས་དག་ཁྱབ།། གདུ ་བུའི་གདེངས་ཅན་དགྲ་གིས་གདེངས་ཀ་མི་ཟད་མི་འཕྱོགས་སྤྱོད་ལྡན་སྡང་རྣམས་སྐྲག་མཛད་བཞད།། ཅང་ཏེའུ་དྲག་པོ་ཚབས་ཆེར་བརྡུངས་པའི་ཚེ་ན་རོ་ལངས་རྣམས་ནི་དྲག་པོར་པིག་རྡོ་བེ་ཅིང་།། བག་མེད་རྒྱགས་པས་ཙོ་ཅོ་ཆེན་པོ ་སྒྲོགས་པར་བྱེད་པའི་དྲག་མོར་ལ་ལ་དག་གིས་མཐོང་།། ལྀ་ལས་བ་སྤུ་རེ་རེ་ལས་བྱུང་ན་མཁའི་ཁྱོན་གནས་ས་དྲང་ས་འོག་དག་ན་གནས།། མཐོ་རིས་ལ་གནས་ཚངས་དབང་དྲག་པོ་ལ་སོགས་པ་དང་ལྷ་དང་གྲུབ་པ་དྲི་ཟླ་ཀུ།། ཕྱོ། ་ཚོགས་ཁྱབ་པའི་འོད་ཟེར་ལ་བཞུགས་བདེ་གཤེགས་བརྒྱ་ཕྲག་སྤྲུལ་པ་མཐའ་ཡས་དག་གི་སྐུ།། ངོ་མཚར་འཇིག་རྟེན་གསུམ་གྱི་ཕྱག་འོས་བརྟན་གཡོ་བཀོད་པའི་དངོས་པོ་མ་ལུས་དེ་བོར་རོ།། ལ་ལས་རྒྱ་སྐྱེགས་ལི་ཁྲིའི་ཆེན་དང ་ཉི་ཞོན་དམར་བ་ཉིད་ལྟར་ཤིན་ཏུ་དམར་བ་དང་།། དེ་བཞིན་གཞན་གྱིས་སྣུམ་ཞིང་འོད་ལྡན་མཐོན་མཐིང་རྡོ་བཅགས་བཏགས་པའི་ཕྱེ་མ་ལྟར་སྔོ་དང་།། ལ་ལས་འོ་མའི་རྒྱ་མཚོ་བསྲུངས་པའི་འོད་ལྟར་ཆེས་ལྷག་དཀར་དང་གསེར་འོད་ལྟ་བུ ་སྟེ། ཁྱེད་སྐུ་སྣ་ཚོགས་ངོ་བོ་ཉེ་བར་བཞག་པ་དང་འབྲེལ་དབྱེ་བས་ཐ་དད་ཤེལ་བཞིན་ནོ།། ཀུན་མཁྱེན་ཡེ་ཤེས་སྒྲོན་མས་ཤེས་བྱ་མཐའ་དག་གསལ་བྱས་དེ་ཉིད་དག་གི་དབང་གཅིག་པུ།། ཀུན་རིག་ཉིད་དམ་དེ་ཡི ་སྲས་ཀྱིས་ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་གྲངས་ནི་མངོན་སུམ་མཁྱེན།། བདག་འདྲ་གཏོར་མ་སྤྱོད་པ་སྒྲོགས་པར་ལྟ་བུར་ཁ་གདངས་ཀུ་ཙོ་ཆེ་བར་འདོན་པ་གང་།། དེ་ནི་མི་བཟང་སྡུག་བསྔལ་གདུང་བས་ནད་བསྐྱེད་སེམས་ཀྱི་རྒུད་པ་གཞང་གང་དག་གི་རྒྱུ།། ་བདག་གི་ཞུ་བ་གང་ལགས་དེ་ནི་ནངས་ཀྱིས་དང་པོར་ཁྱེད་ཀྱིས་ཁྱད་པར་དུ་མཁྱེན་ཏེ།། འོན་ཀྱང་ལྷག་པར་དེ་བརྗོད་ངལ་བའི་སྒྲུབ་བྱེད་མི་མཁས་པ་དག་རང་སེམས་ཚིམ་པའི་རྒྱུ།། དོན་ཤེས་ཟིན་ཡང་མཉེན་འདུན་བྱམས་པའི་མདུན་སྡུག་བསྔལ ་ལྡན་པས་ཚིག་གིས་སྡུག་བསྔལ་ནི།། དུག་བཞིན་སྐྱུགས་པར་གྱུར་ན་སྙིང་ཡང་སེང་ཞེས་བྱེད་ཅིང་རྣམ་པར་གནས་པར་ཚོར་བ་བཞོན།། དགེ་ལེགས་ཀུན་དགའི་རྒྱ་མཚོར་ཟླ་བའི་ཆ་ཤས་གསལ་པོ་བསིལ་བའི་གཟིགས་པར་སྩལ་དུ་གསོལ།། ་ཡེ་ཤེས་ཉེར་བསྟན་དག་གིས་རྒྱས་པར་མཛོད་ཅིག་ཐུགས་རྗེས་སྡིག་ལྡན་ནང་གི་མུན་པ་སོལ།། གང་ཕྱིར་འགྲོ་བ་དག་ན་ཁྱོད་བསྟོད་ཆུ་ཡིས་ཡིད་ནི་དག་པར་བྱས་པ་ཁོ་བོ་ལ།། སྐྱེ་དགུ་རྣམས་ཀྱི་དགེ་ལེགས་གནས་ནི་དོན་ཡོད་ཁྱོད་ཀྱི ་ཡོན་ཏན་བསྟོད་ཙམ་གཅིག་པུ་མཐོང་།། ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་ཆ་ཙམ་བསྟོད་ནུས་བདག་གིས་འདི་ཙམ་ཞེས་པར་མ་ངེས་པའི།། བསོད་ནམས་བཀྲ་ཤིས་འདོད་པའི་འབྲས་བུ་རོ་མྱང་གྲོལ་བའི་བར་དུ་སྤྱད་བྱ་བ།། གང་ཐོབ་པ་དེ་ཡི ་འཇིག་རྟེན་འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཞབས་མཐིལ་བཀྲ་ཤིས་ཀྱི།། བདེ་ལེགས་རྟགས་ཅན་བདེ་གཤེགས་སྲས་པོའི་ས་གཞི་བདེ་བ་ཅན་ཞེས་བྱ་དེ་མྱུར་བགྲོད་ཤོག། ཕྲེང་བ་འཛིན་པའི་བསྟོད་པ་པཱཎྜི་ཏ་ཆེན་པོ ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། 6།། རྒྱ་གར་སྐད་དུ། སྲྀ་ག~ཾ་དྷ་ར་སྟོ་ཏྲཾ། བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། ་