| Wylie | e-texts produced with BDRC’s OCR application |
རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚའོ།། སངས་རྒྱས་ཀུན་གྱི་རང་བཞིན་ཆེ།། མི་རྟོག་གཞན་དོན་མཐར་ཕྱིན་མ།། གདུལ་བྱའི་དབང་གིས་གྷ་མཽ་ཡོཾ།། ཚུལ་འཆང་དེ་ལ་ཕྱག་འཚལ་ནས།། ཉི་ཤུ་རྩ་གཅིག་སྒྲུབ་ཐབས་ཀྱི།། སྤྱི་དང་སུ་ས ་ཆ་ལ་བརྟེན།། ལས་ཀྱི་ཡན་ལག་དངོས་གྲུབ་རིམ།། མདོར་བསྡུས་བདག་གིས་བསྟན་པར་བྱ།། རྩོད་ལྡན་དུས་ཀྱི་རྣལ་འབྱོར་པས།། གཞན་གྱིས་བྱས་པ་གཽ་ཤིག་པའི་ཕྱིར།། བསྒྲུབ་བྱའི་ཡུལ་གྱི་ལྷ་རྟོན་ནམ།། གདུག་ཅིང་གནག་པའི་རང་བཞིན་ལ།། དཀྱིལ་འཁོར ་ནག་མོ་མདའ་གང་ཚད།། དེ་དབུས་དྲག་པོའི་ཧོམ་ཁུང་དུ།། དུག་དང་ཁྲག་དང་ནག་པོས་བྱུགཽ། དེ་ལ་བསྐྱེད་ཤིང་ར་བས་བསྐོར།། དེ་ཡི་དབུས་སུ་བསྒྲུབ་པའི་གཟུགས།། དེ་ཉིད་ལས་བྱུང་རྫས་རྣམས་དང་།། གཞན་ཡང་དག་པོའི་རྫས་རྣམས་ལས།། ཉིང་ལག་བརྒྱད་པ ་སྐྱེ་མཆེད་རྫོགས།། དེ་ཡི་སྙིང་ཁར་ཞིང་ཆེན་ནམ།། དུར་ཁྲོད་རས་ལ་དྲག་པོ་ཡི།། རྫས་དང་བསྟུག་གུས་འཁོར་ལོ་བྲི།། རྩིབས་བརྒྱད་གསང་སྔགས་སྒྲོལ་ཚིག་ཅན།། ཁ་སྦྱར་ལེགས་དྲིལ་གཞུག་པར་བྱ།། རྒྱུས་ཆེན་དག་གམ་དྲག་པོ་ཡི།། གཟུགས་ཀྱི་ཐག་པོས་སྙིང ་ཁར་དྲང་།། ལྕགས་སམ་རྣལ་འབྱོར་གླིང་བུ་ཡིས།། སྦུ་གུས་སྙིང་ཁར་གཏད་བྱས་ནས།། བདག་ཉིད་ལྷ་ཡི་སྦྱོར་ལྡན་པས།། སྤོང་དང་སྒོང་བྱེད་རྟེན་ཕལ་ནས།། སྔར་གྱི་གཟུགས་ལ་ལེགས་པར་གཞུག། དོ་ཡི་སྟེང་དུ་ལ་གསུམ་དང་།། ལུང་གསུམ་དང་ཆུས་སྤྲུལ་པའི། ་མཆོད་རྟེན་ནག་པོ་ཁྲུ་གང་ཚད།། ཁྲི་འཕང་བཞི་པ་བུམ་རྟེན་བཅས།། བུམ་པ་དྲག་པོའི་དབྱིབས་ཙན་དེ།། རྒོད་དང་སྲུང་དང་རྣ་བ་ཡི།། མགུལ་དང་ཐོས་དང་སྒོམ་པ་ཡི།། སྦྲུལ་བྱེད་རྣམས་ནི་གོ་རོམ་བཞིན།། ངོས་གསུམ་པོ་ལ་བྱུག་བྱས་པའི།། བུམ་པ་ཕྱོགས་སྐྱོང་སྙིང ་པོར་བཅས།། གདུགས་ལ་ཡི་གེ་བཅུ་པ་ནི།། སྤེལ་ཚིག་དང་བཅས་ཀྱི་བརྒྱན་པ།། ཇི་སྲིད་མཐོང་བར་དུ་མནན།། སྤྱི་དང་ཁྱད་པར་ལྷ་རྣམས་ལ།། མཆོད་དང་བསྟན་པ་སྐྱོང་བ་ལྔ།། གཏོར་མས་མཉེས་བྱས་བདེན་ཚིག་ཅན།། ལྷ་ཡི ་སྦྱོར་བ་རྒྱུན་མི་གཅད།། དགུག་དང་གཞུག་དང་བསྟིམ་རྩོགས་ཀྱིས།། སྦྱོར་བ་རབ་ཏུ་བརྩམས་བྱས་ན།། མེ་ཏོག་ལ་ནི་རྡོ་ཆར་བཞིན།། ཅིག་ཤོས་མྱུར་དུ་འཕམ་འགྱུར་ཏེ།། ཕ་རོལ་ནུས་པ་ཆེན་པོ་རྡུང་།། ནང་གི་མཚན་མ་རྙེད་གྱུར་ནོས།། སྔ་མའི་གཟུགས་དེ། ་བསྲེག་བྱས་ལ།། བདག་བཅས་སར་གཞུག་དེ་ཡི་སྟེང་།། ཙེ་དྭེ་ནག་པོས་མནན་པར་བྱ།། ཨོཾ་ཏཱ་རེ་ཏུད་ཏ་རེ་ཏུ་རེ་ཆེ་གེ་མོ་ཨ་མུ་ཀ་མ་ར་ཡ་ཕཊ། ཨོཾ་ཏཱ་རེ་ཏུཏྲ་ཏཱ་ར་ཏུ་རེ་ཨང་མ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཆེ་གེ་མོ་གྷ་རྣ་གྷི་རྣ། བྷན་དྷ་བྷན་དྷ། ཧཱ་ན་ཧ་ན། ་དཱ་ཧ་ད་ཏ། དྷ་རཱ་དྷ་ར། བི་དྷན་སྭ་ཡ་བི་དྷ་ན་ས་ཡ། ཨཱ་མ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕོཊ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་མ་ཧཱ་པན་ཙི་ཡཀྵ། སྟམ་བ་སྟམ་པཾ་ཐཾ། ཧཱི་བི་རི་ལ་མཱ་རཱ་ཡ་ཕཊ་ཀུ་རུ་ཀུ་ཝཾ་བྷྱོ།། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དགའ་མོ་ཞེས་བྱ་བའི་ལས ་ཀྱི་ཡན་ལག་ཕྱིར་བཟློག་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་དང་པོ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། ཡམས་སོགས་འཇིག་རྟེན་མ་རུངས་རྣམས།། རབ་ཏུ་ཞི་བར་བྱ་བའི་ཕྱིར།། དཀར་པོའི་ཕྱོགས་ཀྱི་ཟླ་བ་ལྔ།། ཁྲུ་དོ ་ཁོར་ཡུག་མཎ་ཌ་ལ་སྟེང་།། པདྨ་མང་བ་བརྒྱད་དབུས་སུ་ནི།། འོད་དཔག་མེད་དང་འཕགས་མ་སྟེ།། ཕྱོགས་བཞིར་རིགས་བཞི་མཚམས་བཞི་ལ།། ཡུམ་བཞིའི་མཚན་མ་དགོད་པར་བྱ།། དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་དགོད།། གྲཝ་བཞིར་མདའ་བཞི་མེ་ལོང་བཞི།། རལ་གྲི ་དང་རྨ་བྱ་བཞི།། ཚོན་སྐུད་ལྔ་ཡིས་བྲི་བར་བྱ།། བཀྲ་ཤིས་ཤིང་ངམ་ཟངས་མ་ལས།། བྱས་པའི་ཕུར་པ་ཕྱོགས་བཞིར་གཟུགས།། གདུགས་དང་རྒྱལ་མཚན་ལ་སོགས་དང་།། མེ་ཏོག་ཕྲེང་བ་ལ་སོགས་པའི།། མཆོད་པའི་ཁྱད་པར་རྒྱ་ཆེན་བཤམ།། དར་རམ ་རས་སམ་གྲོ་བ་ལ།། བཀྲ་ཤིས་དར་སྦྱངས་བྲིས་བྱས་ནས།། དབུས་ཡི་གེ་བཅུ་པ་སྟེ།། གཡས་དང་གཡོན་དུ་རིགས་ལྔ་ཡི།། ཡབ་དང་ཡུམ་དུ་བཅས་པ་ཡི།། བཤམ་དུ་ཕྱོགས་སྐྱོང་ཕོང་པོ་རྣམས།། གུར་ཀུམ་གྱིས་ནི་བྲི་བར་བྱ།། འཕགས་མ་ལ ་སོགས་རྟེན་བཞུགས་ལ།། ཙཱ་འབྱོར་པཽ་ཡི་མཆོད་བྱ་སྟེ།། བསྟན་སྒྱིད་རྣམས་ལ་གཏོར་མ་སྦྱིན།། དེ་ནས་དགེ་སློང་དགེ་འདུན་ནམ།། གསོ་སྦྱོང་ལྡན་པས་བསྙེན་པ་བྱ།། ཁྲི་ཕྲག་རཾ་ལ་མཆོད་པ་དང་།། གཏོར་མ་རཱི་སྟེ་གསོལ་བ་གདབ།། ཆུ་ལང་ལ ་སོགས་སྔགས་བཀོད་ལ།། ཤིན་ཏུ་བསྒྲིམས་པས་བསྒྲག་པར་བྱ།། དེ་ལྟར་འབུམ་ཕྱག་གཅིག་ཏུ་བྱ།། དེ་ཡིང་ལྷ་ཡི་སྦྱོར་ལྡན་པས།། ཞི་བར་བྱ་བར་འདོད་པ་དང་།། ཀུན་ཏུ་གཙང་སྦྲར་གནས་པ་ཡིས།། ལུས་ནི་འགྲུབ་པར་འགྱུར་བ་སྟེ།། ཡམས ་བདག་མོ་ལ་བསྐད་པ་ཡང་།། འདི་ལ་ཤིན་དུ་བསྔགས་པ་ཡིན།། དེ་ནས་དཀྱིལ་འཁོར་མཚོན་ཆ་སོགས།། ཕྱོགས་མཚམས་རྣམས་སུ་དགྲམ་བྱས་ཏེ།། མཆོད་རྟེན་སྔགས་བཅས་ནང་དུ་གཞུག། དེས་ནི་དེ་ཉིད་འགྲུབ་འགྱུར་བར།། རྗེ་བཙུན་ཉིད་ཀྱིས ་གསུངས་པ་ཡིན།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ། སརྦ་བྷུ་དྷི་པྲ་ཤ་མ་ནི་ཤིན་ཏིང་ཀུ་རུ་སྭཱ་ཧཱ།། འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་ལས་ཀྱི་ཡམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། ཚེ་ཡི་སྙིངས་མར་གྱུར་པ་ཡི།། མི་རྣམས་ཚེ་ནི་བསྲིང་བའི་ཕྱིར།། ཤིན་ཏུ་ཉམས་དགའི་གནས་དག་ཏུ།། ཕྱི་ནང་ཁྲུས་ནི་སྔོན་འགྲོ་བས།། རྣལ་འབྱོར་པས་ནི་འཕགས་མ་ཡི།། ་བསྐྱེད་པའི་རིམ་པ་རྫོགས་བྱས་ནས།། ས་བོན་ལས་བྱུང་འོད་ཟེར་གྱིས།། འཕགས་མ་ཚ་དཔག་མེད་གསོལ་མ།། ཕྱག་ན་ཚེ་ཡི་བུམ་པ་བསྣམས།། དེ་བཀུག་མདུན་དུ་པད་སྡོང་ལ།། བཞུགས་བྱས་ཡན་ལག་བདུན་པ་དང་།། གསོལ་བ་བཏབ་ནས་བསྙེན ་པ་བྱ།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་དྷཱ་རྀ་ཨ་ཡུ་ཛྙཱ་ན། དྷ་ར་དྷ་ར། བྷི་དྷ་ར་བྷི་དྷ་ར། མ་མཱ་པྲ་གྷ་དྷཱ་ཡ་དྷེ་ཧི་དྷེ་ཧི་སྭཱ་ཧཱ།། དེ་ནས་མཽར་ལ་མར་བླུགས་བཞི་ནི།། དེ་དྲང་བདག་ཉིད་ཐ་དད་མེད།། སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི།། བདག་ཉིད་ཚེ་ཡི་དབང་ཕྱུག་མཆོག། བདྲག་ལ ་སྣ་ནས་རྒྱ་མཚོ་ལྟར་ཚེ་ཡིས་རྒྱས་པར་གྱུར་བསམས་ནས།། ལྡན་གྲངས་བདུན་ལ་སོགས་པར་བསྟོད།། དེ་ནས་རྣམ་ཤེས་བསྐྱོད་པའི་རྟ།། འདོད་པའི་ཕྱོགསུ་གྱུར་པ་ན།། ཐ་མ་ལ་གསུམ་གཅིག་སྦྱོར་བ་ཡིས།། རིང་པོར་དྲངས་ལ་མཐར་གྱིས་བསྐྱིལ།། ་འགྱེད་པ་ཤིན་ཏུ་ཞི་བར་བྱ།། དེ་ལ་ཡང་མེ་འཕྱོས་པར་དུའོ།། དེ་ལྟར་ན་ནི་བླ་རེ་ལ།། ཞག་རེས་ཚེ་ནི་འཕེལ་འགྱུར་ན།། དུས་མིན་འཆི་སོགས་སྨོས་ཅི་དགོས།། ཧཱུཾ་བཙུན་འཕགས་མ་སྒྲོལ་མ་གསོར་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེ་འཕེལ་བའི་མཆོག ་རྒྱས་པར་ཕྱེ་མ་ཞེས་བྱ་བའི་ལེའུ་སྐྱེ་གསུམ་པ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། གང་གི་སྟོབས་ཀྱིས་སྲོག་གཡོ་བ།། འབར་བའི་མ་ལ་ཆུ་རྒྱུན་བཞིན།། དེ་དག་གསང་ཕྱིར་ཀ་དཀའ་དང་།། རྒྱལ་བའི ་སྤྱན་དང་ཨཱ་ཀྵོ་བྷྱ།། རན་ཆེན་སྙིང་པོ་རྩ་བ་མཆོག། གཅིག་པུར་སྐྱེས་དང་སྦྲུལ་གྱི་དུག། ཚེས་མ་ཐོག་གིས་རྣམ་སྣང་ལ།། བསྐྱེད་དང་བརྒྱ་སྡོང་བཟླས་རིམ་གྱིས།། དེ་ཡི་ཁོང་དུ་གཏང་བར་བྱ།། གནས་ལྔ་རྣམས་སུའང་གདབ་བྱ་སྟེ།། དམིགས་པ་རྩེ་གཅིག ་སྦྱོར་བ་ཡིས།། ཧ་ལ་ཡིས་འཚོ་སྒོ་ཡིས་བྱ་བ།། རང་བཞིན་དང་ནི་བཅོས་པ་དང་།། གྱུར་པའི་སྟོབས་དང་དྲི་བཟོད་དཀའ།། གང་ཡང་འདིའི་ཡིས་ཐེ་ཚོམ་མེད།། ཨོཾ་ཏཱ་རེ་ཏུད་རེ་ཏུ་རེ་ན་མ། ཤ་ར་རེ། བི་ཤ་རེ་བི་ཤ་རེ། སརྦ་བི་ཤ་གྷ་ཊ་ནཱི་སཧཱ།། འཕགས་མ ་སྦྲེལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དུག་གསང་པའི་ཆོ་གའི་ལེའུ་སྟེ་བཞི་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མེ་ལ་ཕྱག་འཚའོ།། ་གླང་ལ་གང་ཞིག་རག་ལས་པ།། དེ་ཉིད་དབང་དུ་བྱ་བའི་ཕྱིར།། གྲོ་ག་འམ་ནི་གོས་གཞན་ལ།། བཅུ་དྲུག་རྩིབས་ཅན་འཁོར་ལོ་བསྐོར།། ཕོ་དང་མོ་ཡི་སྣག་ཚ་ལ།། དཀར་པོ་གཅིག་རྒྱུག་སོགས་བསླང་པས།། དབུས་སུ་གཟུགས་དང་མིང་ཡིག་བཅས།། ་རྩིབས་ལ་ཡི་གེ་བཞིས་བརྟེན་པའི།། བསྒྲུབ་བྱའོ་མིང་ནི་བྲི་བར་བྱ།། ཕྱི་རོལ་ཨོཾ་ཡིག་གསུམ་གྱི་དབུས།། སྐད་བུ་དམར་བཅིངས་སྤྲ་ཚོལ་གྱི།། གཟུགས་བརྙན་སྙིང་ཁར་བཅུག་བྱས་ལ།། སེང་ལྡེང་མེ་ལ་དུས་གསུམ་བསྲོ།། ཕོ་དང་མོ་ཡི་བྱེ་བྲག ་གིས།། རྐང་པ་འམ་ནི་འཇུག་སྒོ་རུ།། ཟངས་མའི་བུབ་བར་བྱ།། ས་བོན་འོད་ཀྱིས་དྲང་བ་ནི།། སྒྲུབ་བྱ་རླུང་གི་དཀྱིལ་འཁོར་དབུས།། སྐྲ་གཡེངས་གཅེར་བུའི་སྙིང་ཁར་རམ།། མགྲིན་དང་མཚན་མར་ལྕགས་ཀྱུ་འམ།། ཞགས་པ་ལྟ་བུས་རབ་དྲངས ་ནས། རླུང་གི་ཤུགས་ལྡན་སྔགས་ཀྱི་མཐུས།། རྐང་པའི་དྲུང་དུ་ལྕགས་བྱས་ནས།། ཅི་དང་ཅི་བགྱི་ཞེས་བརྗོད་བསམ།། ཆུ་དང་རྡུལ་ཁྲོད་ལས་བྱུང་སྦྱར།། དུས་གསུམ་དག་དུ་བརྟེན་བྱ་ཞིང་།། དེ་ཉིད་རྡོ་རྗེའི་ཆུས་སྤངས་ལ།། དེ་ལ་སྦྱིན་པར་བྱ་བ་ཡིན།། ་དེ་ཉིད་དང་ནི་སྐྱེ་ཚེ་ད་རྫ། མིང་དང་བཅས་པར་སྦྱིན་བསྲེག་བྱ།། ཡང་ན་རྡུལ་ཁྲོད་ཉིད་ཀྱིའོ།། རྡོ་རྗེ་བསྐྱོད་དང་བདེ་བཅས་དང་།། མཐར་ཕྱིན་པ་དང་བྱང་ཆུབ་སེམས།། རྒྱུ་བཞིན་རྔུ་བའི་སྦྱོར་བ་ཡིས།། ལས་འདི་རབ་ཏུ་འགྲུབ་འགྱུར་ཏེ།། ཉི་མ་བདུན་གྱིས་ཕོ་དང་མོ།། བདུན་ཕྲག ་གསུམ་གིས་སྐྱེས་བུ་ཆེ།། བདུན་ཕྲག་བདུན་གྱིས་ལྷ་མོ་སོགས།། ས་བླ་རྣམས་ཀྱང་འདོད་པ་ཡི།། མདའ་ཡིས་མྱོས་ནས་དེའི་མདུན་དུ།། རང་དབང་མེད་པར་ལྟུང་བར་འགྱུར།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ལཱ་བ་ན་ཨཱ་བ་སོ་ཨ་ཏི་ཀྐོ་སི་ཨུ་དུ་ཀྲོ་སི་པ་ཤཾ་ཀ་ར་ཨ་མུ་ཀ་སྱ་ར་ཧ་ག་ཊ་ནི། ་རཏ་ཏྲ་ཙ་མ་དུ་བྷྱོ་སི། ད་དྭཱ་ཨ་སྠི་ནི། ཨ་སྠི་བྷྱཱཾ། མ་ཛྙཱ་ཀཱ་ད་ཧཱ་ལུ་བྷཱུ་ཎཱ། བིནྡ་དྭེ་ཏི་བ་ལ་ནི་པ་ཙ་ཏི་བ་ལ་ན་པ་ཙ་ཏི་ཤཽ་ནི་ཏཾ། བ་ལ་ནེ་ང་རྒྱ་མ་ནཱི་ཧཱི། ཀྲ་ཏྲོ་ནཱི་ཏྲ། ཀུ་ཏྲྀ་རི་ཏྲི་ཡ་ཏཱི་བ་ས་ཏི་ཡོ་དེ་ནུ་ཤ་ད་ན་དྲི་ནཾ། ཙ་ཤ་ཏན་ཏ་རེ། ན་ག་རེ་ལོ་ཧ་པྲ་ཀ་རེ། གྲིཀྵཱ་སརྦ་ཀྲི་ཏཾ་གྷ་ཏེ་དུང་དྲེ ་པ་པ་ས་མཱ་ནཱཾ་ཧཱི། པཱ་ལི་ན་བྷན་དྷ། པུ་རས་ཀྲྀ་ཏཿ། ཨོཾ་ཙ་ཏོ་ཙི་ཏི་བོ་གློ་ལི་བཻ་གློ་ལི་སྭཱ་ཧཱ། ཨ་མུ་ཀཾ་ས་དྷ་ནཾ་ས་རི་བ་རཾ། མེ་བ་ས་མ་ན་སྭཱ་ཧཱ། ཨོཾ་ཀུ་རུ་ཀཱལླེ་སྭཱ་ཧཱ། འབུམ་ཕྲག་དྲུག་གི་སྦྱོར་ལྡན་པས།། མེ་ཏོག་བདུག་པ་ལ་སོགས་པ།། གང་ལ་བྱིན་པ་དེ་དབང་འགྱུར། ་བཟར་འཐུང་གིས་ཀྱང་དེ་བཞིན་ཏེ།། མེ་དོག་དམར་པོའི་སྦྱིན་སྲེག་གིས།། གང་དག་འདོད་པ་དབང་དུ་བྱེད།། སྐྱེས་བུ་མཆོག་ལ་ཡུངས་ཀར་སྔགས།། འཁར་བའི་སྣོད་དུ་སྦྲང་རྩི་མར།། སྔགས་དང་བཅས་བཅུག་དུས་གསུམ་དུ།། མཆོད་དང་བཟླས་པས་དོན་རྣམས་འགྲུབ ་དུ་བར་བས་པས།། 5ང་ལངྱ་ས་མྤུས་བྱུག་བ་། ཙུན་ན་རྒྱུད།། དུ་ཅན་དུ།། པདྨ་པ་ང་ལྡན་པ་སྟོ།། དང་བཅུ་བའི་སྒྱུ་བྱས་པའོ།། ནྟུ། ་སྦྱིནྀ་ག་ན་འགྱུ།། མས་མེ་ཛྫརྨཱབྷཱུ་གས་པ་ས་བྱུ་ས་ལ་ང་དུ་ས་རློན། ཙུན་མ་འཕྱགས་མ་སྒོས་མོ་ལ་ཕྱག་འམ ་xxx། xxx ་ཕྱོགས་།། 2་དྨ་བྱུ་བྱ་སྣུན་སྟོང་ལ།། གཧཱུ~ཾ་ཏོར་མས་མཆོད།། ན་ས་རྗེ་བ་བཅུགས་རྒྱས་ནས། ཨ་ནྟམྦྷ་དང་རྒྱུན་སྙམས།། ཐུགས་ཅན་གྱིས་བདུགས་ནི། མི་ག་ས་རྣམས་སྨྲ ་མཔ་སྤྱོ་ངམ་པ་གས་། ས་སུས་ཀྱིས་ཁྱབར། ། འ་ཇུག་ནལ་འབྱོར་པས། གྱིས་སུ་ལྡོག་པ་ས་སུས་པང་བྱེད་། བརྒྱ་དང་བརྒྱང་བཟླས ་ཡངག་ཁམས་སསུས་པག་ཏུ་སྡིག་པའི་ག་ས། མསས་ཐསམས་ལ་བྱ་།། །། དག་པའི་འི་མྦུ་བས་བྱ་།། ཇི་མ་ཉེས་པ་བགྲུབ་བྱ།། དེ་སལ་ལ་འཁོར་བྱ།། དེ་ཀྱྀར་སནི་མྱུང་བ་ཉྀད་དུ།། ་གྱི་མཚོ་དང་ངན་སྐྱུགས་ཟགས།། མཁའ་ལ་རྒྱུ་ཞིང་མུ་སྐྱེས་སྡུད་།། རྩོད་ལས་རྒྱལ་བ་ལ་མགུས་པའོ།། མཚན་མས་དེ་ཡང་དགའ་བྱས་ནས།། དཔལ་ལྡན་གནས་སུ་འགྲོ་བར་འགྱུར།། ནཱ་མཽ་རང་ནུ་དྲཱ་པཱ་ཡ།། ན་མ་ཨ་རྒྷ ་ཀི་ཏྭེ་ཤྭ་རཱ་ཡ། བོ་དྷི་ས་དྷ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡཱ། ཏདྱ་ཐཱ། ཨོཾ་ཏཱི་རེ་ཏུད་ཏཱ་ར་ཏུ་རེ་མ་མཱ་སརྦྦ་བ་པཱཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། སརྦ་བྷོ་བ་ས་མུ་དྷོཙྪེ་ཤ་ནེ་ཀ་ར་ཡ་སྭཱ་ཧཱ། སརྦ་པ་པཾ་ཤན་ཏིང་ཀུན་དུ་ཡེ་སྭཱ་ཧཱ། འཕགས་མ་སྒྲོལ་མ ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཆོ་གའི་ལེའུ་སྟེ་དྲུག་པ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལྔ་ཕྱག་འཚལོ།། རྣལ་འབྱོར་སྲོག་ནི་གཡོ་བ་ཡི།། མཚན་མ ་བྱུང་བར་འགྱུར་བ་ན།། འཆི་བདག་བདུད་ནི་གཞོམ་པའི་ཕྱིར།། འགྲོ་བ་རྣམས་ལ་སྲོག་སྦྱིན་ཞིང་།། ཕྱི་རོལ་དངོས་པོས་བསོད་ནམས་བསག། བདེ་གཤེགས་མཆོད་རྟེན་མཛེས་པས་བརྒྱན།། ཕྱི་ནང་ཆོས་རྣམས་ན་མཁའ་ལྟར།། དམིགས་པ་མེད་པར་རབ་དུ ་བསྒོ།། དེས་ནི་རྐྱེན་སྐྱེས་ཞི་བར་གསུངས།། འཕེན་པའི་ནུས་པ་ཟད་པའི་ཕྱིར།། དོས་ཀྱང་རབ་ཏུ་མི་སྤོངས་ན།། བདག་གི་ལུས་དང་ལོངས་སྤྱོད་དང་།། བཤེས་རྣམས་ན་མཁའི་གློག་བཞིན་དུ།། འགྱུར་བའི་རང་བཞིན་ཤེས་བྱ་ནས།། ཐ་མཱའི་དུསུ་གྱུར་པ་ན།། ་འདོད་པའི་ལྷ་ཡི་ཏིང་འཛིན་གྱིས།། དཀར་བསིལ་ལུས་ལ་ཕན་བྱེད་པ།། རླུང་ལ་དམིགས་བྱ་གཉིསུ་དྲང་།། སྒོམ་རྣམས་བསྡམས་ལ་རབ་ཏུ་མནན།། ལྡོག་པའི་ཚེ་ན་བསྲིང་བར་བྱ།། སྤྱི་བོ་ཚངས་པའི་བུ་ག་དབྱེ།། གནས་གསུམ་དག་ཏུ་ཡི་གེ་གསུམ།། རྟེན ་དང་རྟེན་པ་བྱང་ཆུབ་སེམས།། ནུ་རཱ་ཆུ་བནན་ཐ་དད་མེད།། ཐག་ལ་ལ་ན་ཐག་ལ་བཞིམ།། གྱེན་དུ་གཅིག་ལ་གཅིག་བསྡུས་ཏེ།། ཧ~ཾ་གཞེས་པའི་འབྲུ་གཉིས་པོ།། ཤུ་རྩ་གཅག་སང་པར་བྱ།། རྒྱུན་དུ་ཕྱིན་པས་འོག་མན་ཏེ།། ཐུང་དུ་ཕྱིན་པས་དུ་དུ་། ་ཡིག་གི་དང་པོས་འཕོ་བྱ་བ།། ཤིང་ལ་ཞོན་བཞིན་ཁྱབ་པ་དག། སྙིང་ཁུར་འདོད་ལྷའི་གཟུགས་གྱུར་ཏེ།། མནན་དང་བསྡམས་དང་སྦྱར་བཟློག་ཅིང་།། ན་མཁའི་མཐོངས་ཏེ་རབ་གསལ་ལ།། ཡིག་གེ་གཉིས་ཀྱིས་རབ་དྲངས་ནས།། ལོངས་སྤྱོད་རྫོགས ་སྐུའི་དཀྱིལ་འཁོར་དུ།། རྫུ་འཕྲུལ་ཤུགས་ཀྱིས་ཕྱིན་པར་བྱ།། འདི་ནི་ཐུན་མོང་མ་ཡིན་པ།། བསྐུལ་ལྡན་རྣམས་ཀྱི་ལམ་ཡིན་ཏོ།། བླ་མེད་གསང་སྔགས་ཁྱད་པར་ཐབས།། རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས།། དེས་ན་སྒྲའི་ལྡན་རྣ ་འབྱོར་པས།། འདི་ལ་མ་ཡངས་འབད་པ་ཆེ།། གོམས་པའི་ཡན་ལག་སྔོན་འགྲོ་བས།། བྱས་ན་རྫོགས་པའི་སངས་རྒྱས་འགྱུར།། འཕགས་མ་སྒྲོལ་མ་གཞན་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་གོང་དུ་འཕྲོ་བ་ཞེས་བྱ་བའི་ཆོ་ག ་ལོའུ་སྟེ་བདུན་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། ཇི་ལྟར་དུག་ལ་དུག་སྦྱར་བཞིན།། འཁོར་བའི་རྩ་བ་ཉོན་མོངས་ཏེ།། དེ་ལ་དེ་ཉིད་ཀྱིས་དབྱུང་བའི།། ཐབས་ཀྱི་ཆོ་ག་གང་གསུང ་པ།། བསྐྱེད་པའི་རིམ་པ་བརྟན་པ་ཡིས།། པདྨ་ཅན་ན་དུང་ཅན་སོགས།། རིགས་གསུམ་ལས་སྐྱེས་ཤེས་རབ་མ།། བཅུ་གཉིས་པ་དང་བཅུ་དྲུག་པ།། ཉི་ཤུ་བཞི་ཡི་ལོ་ལོན་པ།། མིག་དཀྱུས་རིང་ཞིང་དཀར་མདངས་ལྡན།། འཇམ་མཉན་འཁྲིལ་ལྡེམ ་གཞོན་ནུའི་ཚུལ།། ལུས་ལ་ག་པུར་དང་ལྡན་ཞིང་།། ངག་འཇམ་མཛེས་འགྲོ་ཡོན་ཏན་ཕྲུག། སྐྱབས་འགྲོ་ནས་ནི་སྨིན་པའི་བར།། ཅི་རིགས་པ་ལ་དེ་བཀོད་ནས།། ལུས་སོགས་གསུམ་པོ་དག་བྱས་ནས།། བྱད་ཀྱི་ཕྱོགསུ་དེ་བསྲུངས་ནས།། ་གྲུབ་བཞི་ལྷམ་པ་ཁྲུ་གདྲ་ཚད།། བྱི་དོར་ལེགས་བྱས་མེ་ཏོག་དགྲམ།། བདུད་རྩི་ལྔ་དང་མཆོད་གཞན་བཅས།། རྡོ་རྗེའི་ཁྲི་ད་ངས་དེ་བཞག་ནས།། བཀྲུ་དང་བཀྲུ་བའི་ཆོ་ག་བྱ།། རིགས་ཀྱི་བདག་པོའི་རྣམ་པ་ཡིས།། ས་བོན་ལྕགས་ཀྱུའི་སྤྲོ་བསྡུ་ལས།། ཐབས་དང་ཤེས་རབ ་བཀུག་བྱས་ནས།། གཉིས་ཀའི་ཚོངས་པའི་བུ་གཽ་གཤེགས།། རབ་སྨིན་རྡོ་རྗེ་པདྨ་སྟེ།། དེ་བརྟག་པདྨར་སྙིང་པོ་བཙལ།། དེ་ནས་བདེ་བ་མཉམ་སྦྱོར་ཕྱིར།། པདྨའི་ཟེ་འབྲུ་རྒྱས་པ་དང་།། ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ།། ལེག་སྦྱར་གཉིསུ་མེད་པར་བྱ།། བསྡམས་དང་གློད་པའི་སྦྱོར་བ ་ཡས།། རྣམ་ལྔ་རྣམ་ལྔས་ཁྱབ་པར་བྱ།། སྦུ་གུས་སྙིང་པོ་བཟུང་བྱས་ནུས།། ཉམས་ཀྱི་སྟོབས་ཀྱིས་དྲང་བར་བྱ།། དགའ་བ་བཞི་ཡི་བདག་ཉིད་ཀྱིས།། གསོལ་ལོ་མི་རྟོག་བདེ་བའི་མཆོག། གཟུང་དང་འཛིན་དང་དམིགས་བྲལ་བ།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི།། གོ་རིམ་བཞིན་དུ ་ཉམས་སུ་བླང་།། མི་འབྲལ་ཅུང་ཞིག་བསྟེན་པོར་བྱ།། གསལ་བའི་ཡེ་ཤེས་མ་ཟིན་ན།། རོལ་པའི་སྒྲ་ལ་སེམས་གཏད་ནས།། ཅུང་ཞིག་བསྒོམ་པར་བྱ་བ་ཡིན།། ཡང་དང་ཡང་དུ་ཉམ་སུ་བླང་།། དྲི་ལས་མི་རྟོག་ཡེ་ཤེས་སྐྱེས།། རླུང་ལ་གོམས་པའི་སྦྱོར་བ་ཡིས།། རྡོ་རྗེའི་ཆུ་ནི་འཐུང ་པ་འམ།། ཡང་ན་ཀུན་ད་བྱང་ཆུབ་སེམས།། རང་གིས་རབ་ཏུ་བཞིབས་བྱས་ཏེ།། གསལ་བར་བྱ་བའི་ཡན་ལག་དང་།། གོམས་པར་བརྟན་པའི་རང་བཞིན་གྱིས།། བྱང་ཆུབ་སེམས་ནི་དབབ་བྱ་ཡི།། དེ་ལས་གཞན་པས་བདེ་བ་ནི།། རབ་ཏུ་གཟུང་ཕྱིར་བསྲུང་བྱ་སྟེ།། ཇི་སྲིད་ཀུན ་ར་བ།། ཇི་སྲིད་སྙོམས་འཇུག་དེ་ནས་ནི།། མདུན་བཞག་པ་ལ་དམིགས་པ་འམ།། ཡང་ན་ཡང་ཀྱིས་སྤྱད་པར་བྱ།། ཤེས་རབ་མའང་ལྷག་པ་ཡི།། ལྷ་བཞིན་རབ་ཏུ་མཉེས་པར་བྱ།། འད་ནི་གསང་བ་བླ་མེད་ལམ།། ཐ་མལ་རྣམ་རྟོག་ལས་གྲོལ་བའོ།། རྣལ་འབྱོར་བ། ་ཡིས་འདི་སྤྱད་པས།། གཉིས་མེད་ཡེ་ཤེས་ཕྱག་རྒྱ་ཆེ།། སངས་རྒྱས་ཀུན་མཆོག་བདེ་བའི་སྐུ།། རིང་པོར་མི་ཐོགས་ཐོབ་པར་འགྱུར།། འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཞིང་དབང་མཆོག་སྟེར་བ་ཞེས་བྱ་བའི་ལས་ཀྱིས་ཡན་ལག་རྫོགས་པའི་རམ ་པའི་ལེའུ་སྔོ་བརྒྱད་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། སྐུ་གསུམ་རང་བཞིན་གཟུགས་བརྙན་གང་།། ཐམས་ཅད་སྤོས་དང་བྲལ་ཡིན་པས།། གང་གིས་གང་ལ་རབ་གནས་བྱས།། ཅི་ཞིག་འདིནྟི་མཆོད་པར་བྱ།། ་སྦྱིན་བདག་བསོད་ནམས་སྤེལ་བ་དང་།། སྔགས་པས་དགེ་བ་རྙེད་པའི་ཕྱིར།། རབ་གནས་བསྟན་བཅོས་ལས་བཤད་པ།། ཐ་སྙད་ཙམ་དུ་བྱས་པ་ཡིན།། ཇི་ལྟར་སྐུ་གཟུགས་ཡོངས་རྫོགས་ནས།། བྱིན་མ་རླབས་པར་རིང་གནས་ན།། དེ་ལ་བཀྲ་མི་ཤིས་འབྱུང ་ཞིང་།། དེ་ལ་བགེགས་ཀྱང་འཇུག་པར་འགྱུར།། དེ་སྲིད་མཆོད་པར་དོ་མ་འོས།། དེ་བས་བྱིན་རླབས་བཤད་པར་བྱ།། སྐུ་གསུམ་གཟུགས་བརྙན་གང་ཡིན་པ།། བཟོ་བྲོས་བྱས་པ་ཡོངས་རྫོགས་ཏེ།། གཟུགས་ཀྱི་གསུམ་པའི་ཆ་མཉམ་པའི།། སྟེགས་བུའི་སྟེང་དུ་བཅུ ་སུ་གསོལ།། གཟའ་དང་ཉི་མ་ཟླ་སོགས་ལ།། མཆོད་དང་གཏོར་སོགས་ལེགས་བྱས་ནས།། བདག་གི་རྣལ་འབྱོར་ཡོངས་རྫོགས་པས།། བུམ་པ་ལ་ནི་བཟླས་པ་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་པཽ་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ།། བུམ་པ་ལ་བཟླས་པའི་སྔགས་སོ།། དྲི་མ་བཀྲུས ་རྗེས་སྟོང་པར་བསམ།། ཟླ་ཨོཾ། ཁཾ། ཛེ། ཧཱུཾ་རྣམས་ལས།། སྐུ་གཟུགས་རིགས་ལྔའི་རྣམ་པར་བསྐྱོད།། སྐུ་གསུང་ཡེ་ཤེས་དབང་ཡང་བསྐུར།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀ་ཡ་བི་ཤོ་དྷ་ནི་ཛཱི་སྭཱཧཱ།། སྭ་ཕྱི་བའི་སྔགས་སོ།། ཨོཾ་ཨ་ནྡྲ་དྷ་ནཱུ་བ་ཧོ། སྐུ་གསུང ་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་པ་སྤྱན་དྲངས་པའི་སྔགས་སོ།། དེ་ནས་རབ་ཏུ་མཆོད་ནས་ནི།། གསང་སྔགས་ཟློས་ཤིང་སྦྱིན་ཕྱེ་ནས།། སླར་ཡང་རབ་ཏུ་རྒྱས་པ་ཡིས།། མཆོད་ཅིང་རབ་ཏུ་གནས་པར་བྱ།། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ། ཨོཾ་བཛྲ་དུཥྤེ་ཧཱུཾ། ཨོཾ་བཛྲ་ཨོཾ་ལོ་ཀ་ཨཱ ་ཧཱུཾ། ཨོཾ་བཛྲ་གན་དྷེ་ཨཱ་ཧཱུཾ། ཨོཾ་བཛྲ་ནེ་ཝེ་དྱེ་ཨཱ་ཧཱུཾ། མཆོད་པའི་སྔགས་སོ།། ཨོཾ་ཙཀྵུ་ཙཀྵུ་ས་མན་ཏ་ཙཀྵ་བི་ཤོ་དྷ་ཡ་སྭཱ་ཧཱ། ཐུར་མར་སྤྱན་དབྱེ་བའི་སྔགསོ།། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲི་པྲཾ་ཁཾ་བཛྲ་བྷ་བ་ཤྲཱི་དུ་དྷི་སྟཾ་ནུ་ཁཾ། རབ་ཏུ་གནས་པ་སྟི་མེ་ཏོག་ལ་བཟླས་ལ ་གཏོར་ཞིང་མཎྜལ་དབུལ་བའི་སྔགས་སོ།། འབྱུང་པོ་ཆེ་ལ་གཏོར་མ་སྦྱིན།། ཞི་བའི་སྦྱིན་སྲེག་བྱས་ནས་ཀྱང་།། བསོད་ནམས་འཕེལ་བར་བྱ་བའི་ཕྱིར།། ཡོན་གྱི་བླ་མ་མཉེས་པར་བྱ།། དེ་ལྟར་རབ་ཏུ་གནས་བྱ་ན།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། སེམས་ལ་གང་ཅི ་འདོད་པ་ཡི།། ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང་།། འཕགས་མ་སྒྲོལ་མ་མཆོག་གསོལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པའི་ཆོ་གའི་ལེའུ་སྟེ་དགུ་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚ་ལོ།། བྱང་ཆུབ ་ཆེ་དང་དངོས་གྲུབ་གཞན།། མ་སྨིན་པ་ལས་མི་འབྱུང་བས།། དེའི་ཆོ་ག་མདོར་བསྡུས་པ།། སྣོད་དང་ལྡན་པའི་སློབ་མ་ཡིས།། མཎྜལ་དང་སྦྱོར་གཞན་དག་གིས།། མཚན་ཉིད་ལྡན་པའི་བླ་མ་ལ།། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ།། བདག་ནི་དུས་འདི་ནས་བཟུང་ནས།། ་སྙིང་པོ་བྱང་ཆུབ་མ་ཐོབ་པར།། བླ་མ་དམ་པར་གསོལ་བ་འདེབས་ཀྱིས།། བདག་གི་བླ་མ་མཛད་དུ་གསོལ།། མ་བསྒྲལ་བ་རྣམས་བསྒྲལ་བ་དང་།། མ་གྲོལ་བ་རྣམས་དགྲོལ་བ་དང་།། དབུགས་མ་ཕྱིན་པ་དབུགས་དབྱུང་དང་།། མྱ་ངན་མ་འདས་བཟླ་བའི་ཕྱིར། ་བླ་མར་ཞུགས་པར་ཁྱོད་སྤྲོ་འམ།། དེ་ནས་མཎ་ཌལ་སྟོན་འགྲོ་བས།། བླ་མ་སངས་རྒྱས་བྱང་ཆུབ་སེམས།། འདོད་པའི་ལྷ་ལ་བདུན་རྣམ་དག། ལམ་ལ་གནས་པ་བྱས་ནས་སུ།། བགེགས་མཐར་བྱེད་ཀྱི་ཡང་སྙིང་ནི།། དེ་ཡིས་དེ་ལ་དབོག་པར་བྱ།། ་བླ་མ་ལྷ་ཡས་སྦྱོར་ལྡན་པས།། མཆོད་པ་དང་ནི་གཏོར་མ་ཡིས།། ས་ཡི་བདག་པོ་མཉོས་བྱས་ནས།། སྣང་དང་མི་སྣང་ས་བདག་ལ།། གསོལ་བ་གང་བ་སོགས་རྒྱས་པར་བྱ།། མེ་ལོང་དབྱིབས་ཅན་དཀྱིལ་འཁོར་ནི།། འདབ་མ་བཞི་ལྡན་པདྨ་སྟེ།། ཁ་དོག། ་གཞན་དང་འདྲ་བའོ།། ས་འམ་རིན་ཆེན་ལས་བྱས་པའི།། བུམ་པ་ཉེས་པས་མ་གོས་པས།། བསྲུང་བའི་ཆོ་ག་སྔོན་འགྲོ་བས།། དེ་དག་སྟེང་དུ་བཀོད་བྱས་ནས།། འབྲུ་དང་། སྤོས་དོང་། སྙིང་སྨན། རིན་ཆེན་ལྔ་དང་།། ཨརྒ་དང་། མགུལ་ཆིངས་ཁ་རྒྱན་རྫོགས་པར་བྱ།། ་དེ་དག་མི་དམིགས་སྟོང་པ་ལས།། གཞལ་ཡས་ཁང་དབུས་རི་རབ་སྟེང་།། དེ་དབུས་པདྨའི་གདན་ཁྲི་ལ།། དམ་ཚིག་འཁོར་ལོ་བསྐྱེད་པ་ནས།། དབང་གི་བར་དུ་རྫོགས་བྱས་ནས།། མཆོད་ཡོན་སྔོན་དུ་འགྲོ་བ་ཡིས།། མཆོད་པས་མཆོད་ནསྣ་རྩ་བའི་སྔགས།། འབུམ ་ཕྲག་གཅིག་གི་བསྙེན་པ་བྱས།། གསང་སྔགས་ཡེ་ཤེས་ཆུ་རྒྱུན་གྱིས།། བུམ་པ་ཆོས་ཉིད་གང་བྱས་ནས།། མཆོར་དང་གཏོར་མ་ཅི་རིགས་བྱ།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས། མིག་ཏུ་མ་དང་ཊ་ལས་ནི།། ཉི་མ་ཟླ་བ་གསལ་བྱས་ཏེ།། བསྙེན་པའི་འཁོར་ལོ་མཁའ ་འདེགས།། སྔགས་འདི་བཟླས་ཤིང་གསལ་བར་བསྒོམ།། ཨོཾ་བཛྲ་ཨུ་ཙི་ཌ་ཧཱུཾ་ཕཊ།། དེ་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ།། བདག་བསྐྱེད་ནས་ནི་བགེགས་བསྐྲད་དེ།། ཧཱུཾ་ལུས་ངག་སེམས་ལ་གནས་པའི་བགེགས།། འདིར་ཉོན་ང་ན ་དཔལ་དང་ལྡན།། བཀའ་ཡི་འཁོར་ལོ་རབ་སྦྱོར་བས།། ཛ་ཡི་བཀའ་ཡི་དམ་ཚིག་ལས།། སུ་འདས་བརླགས་གྱུར་ཐེ་ཙོམ་མེད།། མི་དང་མི་མིན་འབྱུང་པོའི་ཚོགས།། གདོན་གྱི་རིགསུ་གཏོགས་པ་རྣམས།། འདི་རུ་མ་གནས་གཞན་དུ་དེང་།། བདུད་རྩི་འཁྱིལ་པའཾ ་སྔགས་བརྗོད་ཅིང་།། ཁྲོ་བོའི་གོམ་སྟབས་བརྒྱད་པའི་གཙེ།། རྐང་ལག་སྨིན་བསྐྱོད་འདེགས་པ་དང་།། ཟུར་མིག་ཉི་མའི་དབུས་གནས་དང་།། འཛུབ་བཅས་མཆེ་གཙེགས་ཕྲེང་བའི་གང་།། བསྐོར་ནས་ར་བ་གུར་སོགས་བྱ།། སྐྱོབ་པ་སངས་རྒྱས་ཐམས་ཅད ་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་ལས།། ས་དང་ཕ་རོལ་བྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྡར།། དེ་བཞིན་དུ་ནི་བདུད་ཀྱི་སྡེ།། ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི།། ལྷ་ཡི་ང་རྒྱལ་ལྡན་པ་ཡིས།། ་ཐིག་ལེ་བྱས་ནས་རྫས་དགྲམ་དང་།། བྱིན་བརླབས་བྱས་ནས་རབ་བསྐོར་ཏེ།། སྤོས་དྲིལ་ཐོགས་ནས་འདི་སྐད་དུ།། མ་ལུས་ཕྱོགས་ན་བཞུགས་པ་ཡི།། དཔའ་བོ་རྣལ་འབྱོར་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡིས།། བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲི།། ་དེང་འདིར་ཐམས་ཅད་ཀུན་གཤེགས་ཏེ།། དངོས་གྲུབ་འདི་ནི་སྩལ་དུ་གསོལ།། སྟེགས་བུའི་སྟེངས་ན་གནས་པ་ཡིས།། ཕྱོགས་བཞི་ནས་ནི་གསོལ་བ་གདབ།། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་བདག་མེད་པ་ཡི་དངོས།། ། ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། མཚན་རྣམས་ཐམས་ཅད་ཡོངསུ་རྫོགས།། མཚན་མིན་ཐམས་ཅད་རྣམ་པར་སྤངས།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞི་བའི་ཆོས་ནི་མཆོག་ལས་བྱུང་།། ཡེ ་ཤེས་སྤྱོད་པ་རྣམ་སྦྱོང་བ།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པས་གོས་པ་མེད།། ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར།། དཀྱིལ་འཁོར་དམ་པ་བཤད ་དུ་གསོལ།། ཐིག་ལོ་བྱས་ནས་དཀྱིལ་འཁོར་སྦྲེངས།། ཡེ་ཤེས་འཁོར་ལོ་གཞུགས་བྱས་ནས།། དབང་བསྐུར་བར་གྱི་ཆོ་ག་ཡང་།། བྱས་ལ་མཆོད་པ་དབུལ་བྱས་ནས།། བྱིན་གྱིས་བརླབ་པ་ལ་སོགས་པའི།། བུམ་པའི་ཆོ་ག་རྫོགས་པར་བྱ།། ཐིག་ལེ་རེ་ལ་རེ་རེ ་སྟེ།། རྫས་ལ་བས་ང་ཞིང་གསོལ་བ་གདབ།། ཡོལ་བས་དེ་བཅད་བདག་ཉིད་ནང་།། ཁྲུསོ་བྱས་སྤྱོད་ལམ་མཛེས་པ་ཡིས།། དགའ་ཚོན་ཁྱོད་ལ་བདག་དགའོ།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ་ཆེན་པོའི་ཚུ་ལེ་བསྟན་པས།། མགོན་པོ་ཆེན་པོ ་ག་ལ་གསོལ།། དམ་ཚིག་དེ་ནི་བདག་ལ་གསོལ།། བྱང་ཆུབ་སེམས་ནི་བདག་ལ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་དང་།། སྐྱབས་གསུམ་དག་ནི་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་འཚལ།། བུ ་ཚུར་ཐེག་པ་ཆེན་པོ་ཡི།། གསང་སྔགས་ཚུལ་བཞིན་སྤྱོད་པ་དག། ཁྱོད་ལ་ཡང་དག་བསྟན་པར་བྱ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། དུས་གསུམ་འབྱུང་བའི་སངྱས་རྣས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། རྡོ་རྗེ་གསང་སྔགས་འདི་བསྒོམས་པས།། དཔའ་བོ ་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པའི་མཚན་མ་བརྙེས།། གསང་སྔགས་སྤྱོད་པ་མཉམ་མེད་དེ།། ཤཱཀྱ་སེང་གེ་སྐྱོབ་པ་ཡིས།། བདུད་སྡེ་ཤིན་ཏུ་མི་བཟད་པ།། དཔུང་དང་བཅས་པ་རབ་བཅོམ་སྟེ།། འཇིག་རྟེན་རྗེས་འཇུག་རྟོགས་པ ་ཡི།། འཁོར་ལོ་བསྐོར་ནས་མྱ་ངོན་འདས།། དེ་བྲས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། དེ་ཡི་མདུན་དུ་མཎྜལ་བྱ།། སློབ་མ་མི་དམིགས་སྟོང་པ་ལས།། འདོད་ལྷའི་གནས་གསུམ་ཐིག་ལེ་བྱ།། རང་གི་གསུམ་སྤྲོས་ཕྱག་མཚན་ནོ།། སློབ ་མའི་མདུན་དུ་མཎྜལ་བསྟེན།། གསང་གཏོར་བྱ་ཞིང་མཆོད་པོ་དབུལ།། དང་ནས་བཟུང་ནས་བུ་ཁྱོད་ཀྱིས།། འཁོར་བའི་ཉེས་པ་མ་ཕོག་པར།། མཆོད་པ་ཀུན་དང་ལྡན་པར་ནི།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། དེ་ལ་མཎྜལ་དབུལ་བར་བྱ།། དེ་ཡིས་སོ་ཤིང་སོར་བརྒྱད ་པ།། ཡི་གེ་བཅུ་བཟླས་དེ་ལ་སྦྱིན།། བཅད་ནས་དེ་དོར་རྟགས་ཞེས་བྱ།། འཇིག་རྟེནྡྲ་ནི་ཀུན་མཁྱེན་རྣམས།། ཨུ་དུམ་འབར་བའི་མེ་ཏོག་བཞིན།། བརྒྱ་ལམ་ནས་ནི་རེ་འགའ་ཞིག། འབྱུང་འགྱུར་ཡང་ན་མི་འབྱུང་སྲིད།། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། ་དྲེ་བས་ཀྱང་ནི་དགོན་པ་སྟེ།། གོང་གིས་མཉམ་མེད་སེམས་ཅན་དོནོ།། མྱ་ངན་མི་འདའ་བྱེད་པོར་ནུས།། སྐལ་པ་བྱེ་བ་དུ་མ་རུ།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། འགྲོ་དོན་མཉམ་མེད་བྱེད་པར་འགྱུར།། གཞན་ཡང་ཐེག་པ་ཆེན་པོ་ཡི།། ལམ་མཆོག་འདྲི ་ནི་དཔལ་དང་ལྡན།། ཁྱེད་རྣམས་དེར་ནི་འདོད་པར་ནུས།། ཐམས་ཅད་མཁྱེན་པའི་འབྲས་བུ་འཐོབ།། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར།། དེས་ན་བུ་ཡིས་བརྩོན་པར་གྱིས།། སྔགས་སམ་བསྲུང་སྲུང་འཁོར་ལོ་ཡིས།། ཀུ་ཤའི་སྟན་ལ་བྱང་ཤར་དུ།། མིག་རྐེ ་དྲུག་བགྲས་ཉལ་བར་བྱ།། སྒྲ་ཅིག་མ་ཡ་ཏང་འཛིན་གྱིས།། ཆོ་ག་སྔར་བཞིན་འཁོར་ལོ་ག་ག། བཟང་བ་དྲོས་སྦྱངས་ཅིག་སྐུད་ལ།། འོད་ཀྱིས་ཡེ་ཤེས་དེར་བསྟིམས་ནས།། ལྷ་མོ་མཛེས་ལྡན་སློབ་མས་དྲང་།། ཛ་དུ་གསུམ་བརྗོད་ཐིག་སྐུད་བསྐུར།། དེས་ཀྱང་ལན་གསུམ ་བརྗོད་ལ་བླང་།། སྙིང་པོ་ལྔ་ཡིས་གདབ་པར་བྱ།། ཆོས་ཉིད་རྒྱས་བཏབ་ཚོན་རྩི་ལ།། ཡི་གེ་ལྔ་པའོ་ས་བོན་ལས།། འོད་འཕྲོས་ཡེ་ཤེས་གཞུག་པར་བྱ།། གཞལ་ཡས་ལྟེ་བར་སེར་པོ་ལ།། གཙོ་བོའི་ཕྱག་མཚན་དགོད་པར་བྱ།། ཟེ་འབྲུ་དམར་པོ་ལས ་སྐྱེས་པའི།། སྣ་ཚོགས་པདྨ་ཕྱོགས་བཞི་དང་།། མཚམས་བཞིར་རིགས་ཀྱི་ཡབ་ཡུ་མོ།། མུ་ཁྱུད་དམར་ལ་རལ་གྲིའི་ཕྲེང་།། ལྷ་རྣམ་གྲུ་ཆད་སྒོ་རྣམས་ནི།། ཕྱོགས་ཚོན་དག་ཏུ་ཤེས་པར་བྱ།། སྒོ་བཞིར་སྒོ་མ་དགོད་པར་བྱ།། རྒྱན་ལས་རྩོགས་པ་གཞན ་དོདང་འདྲ།། ཕྱོགས་སྐྱོང་རྣཾས་དང་བཀྲ་ཤས་ཀྱི།། རྟགས་ཀྱང་རབ་ཏུ་དགོད་པར་བྱ།། དེ་ནས་རྡོ་རྗེ་མི་རི་སྟེ།། ཀུན་གྱི་ཕྱིར་རྒྱ་མཚོའོ།། ལྷ་ཡི་སྦྱོར་ལྡན་བླ་མ་ཡིས།། ཡི་གེ་གཉིས་དང་བསྣོལ་མ་ལས།། གཡོ་སྡུང་སྣ་ཚོགས་རྡོ་རྗེ་སྟེ།། ལྟེ་བར་གཞལ་ཡས ་རྒྱ་གྱིས་མངས། དབུས་སུ་སྣ་ཚོགས་པདྨ་བསྐྱེད།། རང་ཉིད་འདོད་སྒྱུ་ཐོག་ལེ་ནྱན།། ལན་གུསུམ་དུ་བསྒོ་བཅུ་པ་བརྗོད། འཛིན་གྱི་སྐུ་དབྱེ་སྟེ།། གས་སྔགས་འདི་སང་རྙིང་བར་བྱ།། ཨོཾ་བཛྲ་དྷི་ར~ཾ་བཛྙཱ་ས་མ་ཡ་སྭཱ་ཧཱ།། སྟེང་དང་ཕྱོགས་བཞི ་ལེགས་བརྒྱན་ནས།། མཆོད་པོ་ལ་སོགས་དགོད་པོར་བྱ།། འདོད་ཡོན་བདུད་རྩིར་སྐད་ཅོག་མས།། ཡེ་ཤེས་བྱིན་གྱིས་བརླབ་པར་བྱ།། དེ་ནས་སྒྲུབ་ཐབ་སོ་ལས་གསུང་སྟེར།། བསྐྱེད་པའི་རིམ་པ་རྫོགས་བྱས་ནས།། མཆོད་པ་རྣམས་ཀྱིས་མཆོད་པོར་བྱ།། ་བསྟན་སྐྱོང་རྣམས་ལ་གཏོར་མ་སྟེ།། ཕྱི་རོལ་འབྱུང་པོ་རྣམས་ལ་སྦྱིན།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་ཡང་།། རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། དེ་བཞིན་ཉིད་ལས་ངེས ་པཔར་སྐྱེས།། བདེན་པ་དེ་ཡིས་དཀྱིལ་འཁོར་དུ།། གཟུགས་བརྙན་གསལ་བའི་སློབ་མ་ནི།། ཀུན་གྱིས་དྲི་མོ་མེད་མཐོང་ཤོག། དེ་ནས་སྤྱོད་མཛེས་ཁྲུས་བྱས་ལ།། དེ་ལ་དེ་ཡིས་འདི་སྐད་དུ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི།། ་མ་མཐོང་སྣོད་དང་མི་ལྡན་ལ།། སུ་ལའང་སྟོང་པར་མ་བྱེད་ཅིག། བདུད་རྩི་ལྔ་ལ་བྱིན་བརླབས་པ།། ཡི་གེ་གསུམ་བརྗོད་དེ་ལ་སྦྱིན།། འདི་ནི་རྡོ་རྗེ་དམ་ཚིག་ཆུ།། སྲུང་ཤིག་མ་བསྲངས་སྲེག་པར་བྱེད།། བསྲུངས་ན་དངོས་གྲུབ་སྟེར་བར་བྱེད།། བདུད་རྩི་འདི་ནི་མང་བར་གྱིས།། ་ཨོཾ་པན་ཙ་ཨ་མྲྀ་ཏ་ཨུ་ཏ་ཀ་ཐ་ཐ།། དེས་ནི་དེ་ལྟར་བྱིན་གྱིས་བརླབ།། གདོང་གཡོག་རྡོ་རྗེ་དྲིལ་བུ་གཏད།། རྡོ་རྗེ་ནས་བཟུང་ཧ་ཧ་ཧཱིའི།། སྔགས་བརྗོད་བསྐོར་ནས་ཡོལ་བའི་ནང་།། ཕྱག་འཚལ་ལྷོ་ལ་མེ་ཏོག་གཏོར།། གང་ལ་ཕོག་པོ་ལྟ་བར་བྱ།། དུད་གཏང་ཐུགས་ཁའི་ཡིག ་སྙིང་ཁར་གཞུག་བྱ་བདེ་བ་བསྒོམ།། རྟགས་ལྡན་བརྟན་པའི་ཡན་ལག་བྱ།། དེ་ནས་ཡུམ་ཉིད་དེའི་སྤྱི་བོར།། སྤྱན་དྲངས་ས་བོན་ཡིག་གེ་སྟེ།། དེ་ལས་ཕྱག་མཚན་བུ་གར་བཞུགས།། སྙིང་ཁའི་དབུས་རྗེ་བཙུ་ནོ།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རོ་ཙི་ཏ་མི་ཌ་ལ་བཛྲེ་ས་མ་ཡ་སྟེ།། ་སངས་རྒྱས་ཀུན་དངོས་རྗེ་བཙུན་མ།། ཁྱོད་ཀྱི་སྙིང་དུ་ཡང་དག་ཞུགས།། རྟག་ཏུ་ཡི་དམ་ལྷ་གྱིས་ཤིག། ཚུལ་འདི་སྨྲ་བར་མ་བྱེད་ཅིག། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ང་ནི་འཕགས་མ་སྒྲོལ་མ་སྟེ།། ང་ཡིས་སྒོ་བའི་ལས་ཉོན་ཅིག། མ ་མོས་བརྙས་པར་མ་བྱེད་ཅིག། གལ་ཏེ་ཁྱོད་ཀྱིས་སྨྲས་ན་ནི།། དམ་ཚིག་འདི་ཡིས་སྲེག་པར་བྱེད།། ཚ་བ་ཆེན་པོའི་གནས་སུ་སྲེག། རང་བཞིན་རྣམ་དག་བདག་ཉིད་ལུས།། དཔའ་བོ་དང་ནི་དཔའ་མོའོ་གནས།། དྲི་མེད་རང་བཞིན་དཀྱིལ་འཁོར་ནི།། བུ་ཁྱོད་ཀྱིས་ནི་ལྟ་བར་གྱིས།། ་གདོང་གཡོགས་བཀྲོལ་ནས་དེ་བསྟན་པ།། བསམ་གྱིས་མི་ཁྱབ་དམ་ཆོས་སྣོད།། དབང་བསྐུར་དམ་པ་མཛད་དུ་གསོལ།། རྣམ་རྒྱལ་དུ་ནི་བསྡུས་པའི་ཆུ།། དམ་ཚིག་ཡེ་ཤེས་ལས་བྱུང་བའི།། རིགས་བདག་ཆོ་ག་རྫོགས་པ་ལས།། སྔ་མའི་རང་བཞིན་བསྒྱུར་བྱས་ནས།། ་སློབ་མ་ལ་ནི་དབང་བསྐུར་རོ།། ཨོཾ་བཛྲ་ཨོཾ་དང་ཤ་ཛྙཱ་ན་ཨཱ་བྷི་ཥཉྩ་མཱཾ།། དེ་ནི་མི་བསྐྱོད་པར་བྱས་ནས།། མཆོད་པ་རྣམ་པ་ལྔ་དབུལ་བར་བྱ།། འདི་ནི་ཆུ་ཡི་དབང་ཡིན་པར།། རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས།། ཅོད་པན་རྡོ་རྗེ་དྲིལ་བུ་དང་།། མིང་གི་དབང་སྟེ་བཞི ་པོ་དང་།། གོང་མ་གསུམ་དང་སློབ་མ་ཉིད།། མི་དམིགས་པ་ལས་དེ་དག་ནི།། ཨོཾ་དང་ཛཾ་དང་ཁཾ་དང་ཨཱ།། དེ་ལས་ཕྱག་མཚན་ཡི་གཽར་བཅས།། དེ་ལས་སངས་རྒྱས་བཞི་བདག་ཉིད།། ཆོ་གའི་ཡན་ལག་རྫོགས་པར་བྱ།། མཆོད་ནས་སྔ་མར་གྱུར་པ་ཡིས།། སློབ་མ་ལ ་ནི་དབང་བསྐུར་ནས།། སངས་རྒྱས་ཚུལ་གྱིས་དེ་མཆོད་བྱ།། ཨོཾ་བཛྲ་ས་མན་ཏ་ཛྙཱ་ན་རད་ན་ཧཱུཾ་ཨཱ་བྷི་ཤིན་ཙ་མཱཾ། ཨོཾ་བཛྲ་པྲ་ཏྱ་བི་ཀྵ་ན་ཛྙཱ་ཨཱ་བི་ཤིན་ཙ་མཾ།། ཨོཾ་ཀྲྀ་ཏྱ་ཨ་ནུ་ཤྭཱ་ན་ཛྙཱ་ན་པ་ཏེ་བཛྲ་ཨཱ་བ་ཤིན་ཙ་མཾ། ཨོཾ་ཙ་ཏྲ་ཨ་མོ་གྷ་ཛྙཱ་ན་བཛྲི་སྭཱ་ཧཱ། པ་ཨཱ་དྷི་ཤིན་ཙ ་མཾ། བླ་མས་སྦས་དྲབ་སྦྱོར་བ་ཡིས།། མཆོད་བྱ་ཡིག་གི་བཅུ་པ་བཟླས།། བཅོམ་ལྡན་འདས་ཀྱིས་བིན་བརླབས་པས།། འདི་ལ་བསྒོ་བར་མཛད་དུ་གསོལ།། སྔགས་ཀྱི་དངོས་གྲུ་བ་སྩལ་དུ་གསོལ།། མེ་ཏོག་གཏད་ལ་སྔགས་ཟློར་གཞུག། དེ་ནས་དེ་ཡིས་དེ ་ངག་ལ།། མེ་ཏོག་ཕུལ་ལ་འདི་སྐད་ཅེས།། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས།། བདག་ལ་བསྒོ་བར་མཛད་དུ་གསོལ།། དེ་ཡིས་དེ་ལ་རྡོ་རྗེ་སྦྱིན། ཨོཾ་བཛྲ་ས་མ་ཡ་སྥོ་ཨཱ་བ་ཤིན་ཙ་མཾ།། རྒྱན་དང་ཆ་ལུགས་ཀྱིས་བསྐོན་ཏོ།། ་ལྷ་ཡི་ང་རྒྱལ་ལྡན་པར་བྱ།། ཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་ཧེ་ཧེ།། སློབ་དཔོན་ཉིད་ཀྱི་ཆ་ལུགས་ཀྱང་།། དེ་ལ་བསྐོན་ལ་བསྲུང་བར་བྱ།། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཨ་བི་ཤིན་ཙ་མཾ།། བུ་ཁྱོད་འཁོར་ལོའི་དབང་བསྐུར་ཀྱིས།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། སྲིད ་གསུམ་མ་ལུས་སྒྲོལ་མཛོད་མ།། བདེ་བར་གཤེཌ་པ་ལུང་བསྟན་ནོ།། ཁམས་གསུམ་བདག་པོར་རྒྱལ་སྲིད་ཆེ།། དཔལ་ལྡན་ཡོན་ཏན་འབྱུང་བའི་གནས།། བདུད་ཀྱི་སྡེ་རྣམས་བཅོམ་ཟིན་གྱིས།། ཁྱེད་ནི་གྲོང་ཁྱེར་མཆོག་ཏུ་ཞུགས།། ཨོཾ་ཏ་རེ་ཏུདྱ་ཏཱ་ར ་ཏུ་རེ་སིད་དྷ་ས་མ་ཡ་སྟཽ་སྭ་བྷ་བ་ཨཱ་བི་ཤིན་ཙ་མཾ།། མཚན་མ་མེད་པར་འགྲོ་བའི་དོན།། གང་དག་བདག་གིས་བྱེད་ནུས་པས།། ཕྱིར་མི་ལྡོག་པའི་དབང་བསྐུར་ཚྭ།། དཔའ་བོ་ཆེན་པོས་བདག་ལ་གསོལ།། དཀྱིལ་འཁོར་མཆོག་ནས་ཁྲི་ཡི ་ཁར།། སློབ་མ་བཞག་ལ་དབང་བསྐུར་བྱ།། ཨོཾ་བཛྲ་ཨཱ་བྷི་ཥི་ཀ་ཨཱ་བི་ཥིཉྩ་མ།། སྒྲར་བཅས་གླེགས་བམ་ལག་གཽཏད་དོ།། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བྱ།། དེ་ཡིས་དེ་ཡི་སྙིང་ཁ་རུ།། འཁོར་ལོ་བཅུག་ལ་ཡེ་ཤེས་བསྟིམ།། དབང་གི་བར་དུ་རྫོཌ ་པར་བྱ།། རྣལ་འབྱོར་འདི་ནི་ཤེས་པ་ཡོ།། མི་བྱ་བ་ནི་གང་ཡང་མེད།། དཔའ་བོ་ཆེན་པོ་ང་ཡི་བཀའ།། འདོད་ཡོན་ལྔ་ལ་སྤྱོད་པར་བྱ།། ཨོཾ་སུ་པྲ་ཏི་ཏིཥྛ་སྭཱ་ཧཱ།། རྗེ་སུཾ་གནང་བའི་དབང་བསྐུར་ཕྱིར།། འདི་ནས་བཟུང་ནས་པུ་ཁྱོད་ཀྱིས།། ལུས་དང་སྲོག་ལ་མི ་འཕགས་པར།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། འགྲོ་བའི་དོན་ནི་དཔག་མེད་བྱོས།། སེམས་ཅན་གཟུགས་བརྙན་ལྟ་བུ་སྟེ།། རྟེན་ཅིང་འབྲེལ་པའི་ཆོས་དང་ལྡན།། ཁམས་གསུམ་དེ་ལྟར་ཤེས་ནས་ནི།། སེམས་ཅན་དོན་ནི་མཚངས་མེད་བྱོས།། དེ་དག་སློང་མའི་དབང་བཅུ། ་སྟེ།། ཕལ་ཆེར་བུམ་པ་ལ་བརྟེན་པས།། བུམ་པའི་དབང་ཞེས་བརྗོད་པ་ཡིན།། ཕྱིར་མི་ལྡོག་དང་རྗེ་སུ་གནང་།། རྡོ་རྗེ་སློབ་དཔོན་དབང་ཡི་ནོ།། ཉོན་མོངས་དྲི་མ་འཁྲུ་བ་དང་།། ས་ནཱི་དང་པོ་ཐོབ་པར་བྱེད།། དེ་ནས་གསང་བའི་དབང་བསྐུར་ཕྱིར།། ཚོགས ་དང་དཔའ་བོའི་སྦྱོར་བྱས་ནས།། མཚན་ཉིད་ལྡན་པའི་ཤེས་རབ་མ།། སྟ་གོན་གནས་བྱས་བླ་མའི་མདུན།། དཀྱིལ་འཁོར་མཆོད་པས་མཉེས་བྱས་ནུས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། གསང་སྤྱོད་ཐབས་དང་ལྡན་པ་ཡཽ།། ཤེས་རབ ་ཆེན་པོའི་སྣོད་འགྱུར་ཕྱིར།། དབང་བསྐུར་ཆེན་པོ་མཛད་དུ་གསོལ།། གསང་སྐྱོང་ཐུབསྒོ་དང་ལྡན་པ་ཡི།། ཡེ་ཤེས་བདུད་རྩི་དྲི་མ་མེད།། བདུད་རྩི་ཆེན་པོ་མྱང་བར་གྱིས།། དབང་བསྐུར་འདི་ལ་ཁྱོད་སྒྲོ་འམ།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། ་ལྷ་མོ་འདི་ནི་ཁྱད་པར་ཙན།། ཡོན་ཏན་མཐའ་ཡས་ལྡན་པ་སྟེ།། གསང་སྤྱོད་ཐབས་ཀྱི་སྦྱོར་བ་ལས།། གསང་བའི་དབང་བསྐུར་མཛད་དུ་གསོལ།། གཞལ་ཡས་ནང་དུ་དེ་བཞག་ནས།། འོད་ཀྱིས་འཕགས་རྣམས་སྤྱི་བོར་དྲངས།། བུ་གར་ཞུགས་ནས་པདྨར་ཞུ་ཌ། ་སློབ་དཔོན་ཉིད་ལའང་དེ་བཞིན་ནོ།། མཁའ་གསང་བྱིན་གྱིས་བརླབས་ནས་སུ།། གཉིསུ་མེད་པའི་སྦྱོར་བ་བྱ།། ཡའ་ཡམ་འཁྲིལ་པའི་རང་བཞིན་ལས།། ཡེ་ཤེས་གསལ་བ་བྱང་ཆུབ་སེམས།། ཕབ་ནས་མཚན་ལྡན་བླུགས་པར་བྱ།། དཔའ་བོ་རྣལ་འབྱོར་མ་ཀུན ་གྱི།། དམ་ཚིག་འདི་ནི་ངོ་མཚར་ཆེ།། ཁམས་ལཱ་ཡི་ནི་རེ་ཡིས་གང་།། བདེ་བ་ཆེན་པོ་མྱང་བར་གྱིས།། སློབ་མའི་ལྕེ་ལ་དེ་གཞག་ནས།། ཨ་ཧོ་སྭཱ་ཀ་སྐལ་ཆེན་པོ།། དངོས་གྲུབ་དམ་པ་གསལ་བར་གསོལ།། འདས ་བུའི་རྡོ་རྗེ་འཆང་སོགས་ཀྱིས།། ཇི་ལྟར་སངས་རྒྱས་སྲས་དབང་བསྐུར།། བྱང་ཆུབ་སེམས་ནི་ཡིད་འོང་བས།། དེ་བཞིན་བུ་ཁྱོད་དབང་སྐུར་རོ།། འདི་ནི་གསང་བའི་དབང་ཡིན་ཏེ།། ས་བཅུའི་ཡེ་ཤེས་ཐོབ་པར་བྱེད།། དེ་ནས་ཤེས་རབ ་ཡེ་ཤེས་དབ་ག་ཤེས་རབ་མ་ཡི་ལུས་བརྒྱན་ནས།། ལྷ་མོ་འདི་ནི་ཁྱད་པར་ཚ།། བདེ་བ་མཐའ་ཡས་སྟེར་བྱེད་མ།། བླངས་ནས་རྣམ་པ་ཐམས་ཅད་དུ།། བུ་ཡིས་བླ་མེད་མཆོད་པར་གྱིས།། བྱང་ཆུབ་སེམས་ནི་བླ་ན་མེད།། བུ་ཡིས་དི་རིང་ཟ་ནུས་སམ། ་ཕྱག་རྒྱ་ལྔ་ལས་བྱུང་བ་ཡི།། རིག་མ་དང་པས་མཆོད་ནུས་སམ།། བཤང་བ་ཅི་ཁུ་བ་རག་ཏ་སོགས།། འདི་ཉིད་དུ་ནི་ཟ་ནུས་སམ།། དཱ་ཡི་གསང་བའི་པདྨ་ཡིས།། བདེ་བའི་མྱུ་གུ་སྐྱེད་པར་བྱེད།། ཁྱོད་ཀྱིས་རྟག་ཏུ་མཆོད་རུས་སམ།། ཇི་སྐད་བཤད་པའི་དམ་ཚིག ་རྣམས།། ལྷ་མོ་ཅི་ཕྱིར་བདག་མི་ནུས།། ལྷ་མོའི་པདྨའི་མཆོད་པར་བགྱི།། ཐབས་དང་ཤེས་རབ་གཡས་དང་ཡོན།། དེ་ཡིས་དར་གྱི་མདུད་པ་བྱ།། དཀྱིལ་འཁོར་ཕྱི་ར་རེ་ཁྲི་ལས་བསྐྱོད།། གཡོན་པས་གཡོན་པའི་མཁལ་མ་ནས།། གཡས་པས་གསང ་བའི་པདྨ་རུ།། སྙིང་པོ་བས་བཙལ་ལ་རྡོ་རྗེ་གཞུག། ཤེས་རབ་བུམ་པའི་མགུལ་ཆིངས་ཀྱིས།། སློབ་མ་བུམ་པའི་མགུལ་བ་བཅིངས།། བདེ་བ་ཁ་སྦྱོར་བསྒོམ་པོར་བྱ།། བདེ་གསལ་མི་རྟོག་ཡེ་ཤེས་སྐྱེས།། རིམ་གྱི་ཉམ་སུ་དེ་བླངས་ནས།། དལ་བར་ལྡང ་བྱ་བྱང་ཆུབ་སེམས།། རྡོ་རྗེ་སེམས་དཔའི་རང་བཞིན་ཕྱིར།། ལྕེ་ཡིས་བཞིཔ་ཅིང་སེམས་ལ་བསྟིམ།། གཉིས་མེད་ཡེ་ཤེས་གསལ་བར་འགྱུར།། ཤེས་རབ་མ་ཡི་རྐང་པ་གཡོན།། སློབ་མའི་སྤྱི་བོར་བཞག་ནས་ནི།། ང་དང་རྡོ་རྗེ་སློབ་དཔོན་དང་།། མཆོད ་དང་ལྡུམ་གྲལ་ཐམས་ཅད་དང་།། ཁམས་གསུམ་སེམས་ཅན་མ་ལུས་ལ།། མ་མོས་བརྙས་པར་མ་བྱེད་ཅིག། གཞན་ཡང་དམ་ཚིག་བཤད་པ་རྣམས།། རྟག་ཏུ་ཁྱོད་ཀྱིས་བསྲུང་བར་གྱིས།། དེང་ནས་བཟུང་ནས་བྱ་ཁྱོད་ཀྱིས།། ཇི་སྲིད་བྱང་ཆུབ ་མ་ཐོབ་པར།། སེམས་ཅན་ཀུན་གྱི་དོན་རྣམས་ནི།། རྟག་ཏུ་རྨི་ལམ་བཞིན་དུ་བྱོས།། འདི་ནི་ཤེས་རབ་ཡེ་ཤེས་ཀྱི།། དབང་ཡིན་མི་ཤེས་ཀུན་སེལ་ཅིང་།། བདེ་གཤེགསཽ་སྐུ་གསུམ་ཐོབ་པར་བྱེད།། རྡོ་རྗེ་འཆང་གིས་ཡོངསུ་གསུངས།། ། ་བཞི་པ་དེ་ཉིད་ཚིག་གི་དབབ།། བླ་མའི་ཞལ་ལས་ཤེས་པར་བྱ།། རྗེས་ལ་བྱ་བའི་ཆོ་ག་ནི།། མཆོད་སོགས་བྱས་ནས་དཀྱིལ་འཁོར་བསྡུ།། ཡི་གཽ་བརྒྱ་པས་བསྐང་བར་བྱ།། ཚོགས་དང་དཔའ་བོའི་སྟོན་མོ་ཡིས།། མཁའ་འགྲོ་མ་སོགས་མཉེས་པར་བྱ།། དེ ་ནས་གཞན་དུ་གསུངས་པ་ཡི།། དམ་ཚིག་རྣམས་ལ་བསླབ་པོར་བྱ།། འཕགས་མ་སྒྲོལ་མ་མྱ་ངན་ཐམས་ཅད་སེལ་བར་བྱེད་མ་ཞེས་བྱ་བའི་ལྔས་ཀྱི་ཡན་ལག་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའི་ལེའུ་སྟེ་དགུ་པ་རྫོགས་སོ།། ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། རླན་དང་མི་ལྡན་པདྨ་བཞིན།། གང་གི་དབང་གིས་རྒྱུད་པ་ཡི།། ཉེས་པ་བསལ་ཕྱིར་པདྨ་འམ།། བིལ་བའི་འབྲས་བུ་དེ་བཞིན་དུ།། ཀ་ར་བི་རིའི་མེ་ཏོག་ལ།། མེ་ཡ་ལས་ན་རྒྱས་པར་བྱ།། ཡང་ན་བ་ལ་ཤ་ཡིསོ།། ། ་གཞོང་བུ་གཉིས་སམ་བཞི་ཡིས་ནི།། བུམ་པ་བཟང་པོ་ལྟ་བུ་ཡི།། སྣོད་ཆེན་ནང་དུ་ལྔ་མཚན་ལྔ།། རིན་ཆེན་གྱིས་བྲིས་སྙིང་པོ་བཞུག། ལོངས་སྤྱོད་ཕྱིར་ནི་གཏེར་གཟུང་སྟེ།། འབྲུ་དང་རིན་ཆེན་ཕྱུག་ལོངས་སྤྱོད ་ཞིང་དང་མཛོད་དང་ཕྱུགས་ལྷས་སྭཱ།། གོ་རམ་བཞིན་དུ་ཤེས་པར་བྱ།། དེས་ནི་རྣམ་ཐོས་བུ་བཞིན་འགྱུར།། ཨོཾ་ཏྟཱ་རི་ཏུ་ཏཱ་ར་དྷ་ར་དྷ་མ་དྷེ་མོ་ཧེ་སྭཱཧཱ།། འཕགས་མ་སྒྲོལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕྲོངས་པ་ཐམས་ཅིད་སེལ་བ ་བྱ་བའི་ལས་ཀྱི་ཡན་ལག་ལོངས་སྤྱོད་སྤེལ་བའི་ཆོ་གའི་ལེའུ་སྟེ་བཅུ་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚ་ལོ།། དངོས་གྲུབ་ཀུན་གྱི་རྩ་བ་ནི།། མཉེས་ལས་ཡིན་ཕྱིར་དེ་ཡི་ཐབས།། དུས་དང་ས་ཕྱོགས ་ཤིས་རྣམས་སུ།། ས་ཡི་ཆོ་ག་ལེགས་བྱས་པར།། ཁྲུ་གང་ཕྱེད་དང་བཞི་དཔངས་བརྩིགས། དཱི་ཞིམ་དཀར་པོ་བྱུག་བྱས་ཏེ།། ཁྭ་ཁྱེར་ཨུད་པལ་ཕྲེང་བས་བསྐོར།། དབུས་ས་བོན་ཡིག་གིའོ།། གཡས་རང་གཡོན་དུ་བསྲེག་རྫས་དང་།། མཆོད་པའི ་རྫུས་རྣམས་རིམ་གྱིས་དགོད།། བ་གླང་གི་འམ་འོ་མ་ཅན།། སྒྲོག་ཆགས་མེད་པའི་བུད་ཤིང་ནི།། མར་དང་སྒྲ་ཆི་སོགས་པའི།། ཡེམ་ཤི་རྣམས་ནི་སྟ་གོན་བྱ།། རིན་ཆེན་ལས་བྱས་ཁྲུ་གང་བ།། བཞི་དྲང་གཉིས་དང་རེ་རེ་དང་།། གཎྜཱིག་དང་ཕྱེད་དང ་རྡོ་རྗེས་མཚན།། དགང་བཟར་བླུགས་བཟར་རྡོ་རྗེ་དྲིལ།། རྣལ་འབྱར་མདུན་དུ་གཞག་པར་བྱ།། རྫས་རྣམས་བྱིན་གྱིས་བརླབ་བྱས་ལ།། ཐབ་བརྩིག་བསྲུང་ཕྱི་རི་ཀུ་ཤ་དགྲམ།། རྒྱུན་ཞགོས་པ་འམ་བྲམ་ཟེའི་མེ།། བསགས་ལ་རླུང་ཡབ་གྱིས་སྔར་བྱ། ་འབར་བའི་ཆེད་དུ་གསུམ་གསུམ།། ཐབ་ཁུང་བདག་མེད་ཆུས་སྐྱེས་སྟེ།། བྱིན་ཟླ་ཞལ་གཅིག་ཕྱག་བཞི་དཀར།། དབྱུག་པ་སྐྱབས་སྦྱིན་ཕྲེང་གུན་དྷེ།། ཚངས་སྐུད་ར་སྐྱེད་གདན་ཅན་ནོ།། མེའི་མཚམས་ནས་རང་བཞིན་དགུག། བསང་གཏོར་དང་ནི་ཞལ་བསིལ ་དང་། མཆོད་པ་རྣམས་ཀྱིས་མཆོད་ནས་བསྣམ།། བསང་གཏོར་བྱས་ནས་པདྨ་ཡི།། འདུག་སྟངས་ནང་དུ་ལག་གཉིས་སོ།། བདུན་དང་བདུན་གསུམ་ལ་བདུན།། མར་མོ་དགང་བླུགས་བྱིན་པར་བྱ།། ཨོཾ་ཨག་ནཱི་ཡེ་ཨ་དྷི་བྷཱུ། ཨ་དྷི་བྷྱ། ཨ་བྷི་ས་མ་ཡ། ་མ་ཧཱ་ཤྲཱི་ཡེ་ཧྱ་བྷ་ཀ་བྷཱ་བ་ཧ་ནཱ་ཡ་སྭཱཧཱ།། མེ་ཡི་མཚན་མ་ལེགས་བརྟགས་ཏེ།། ངན་ན་བགེགས་སྐད་བཟློག་པར་བྱ།། ཨོཾ་ཨཱ་བི་ག་ནན་ཏཾ་ཀྲྀཏ་ཧཱུ~ཾ་ཕཊ།། ཞལ་དང་ཕྱག་དང་མེ་འོང་ལོ།། ཡམ་ཤིང་མར་དང་འོ་མ་ཞོ།། ཏི་ལི་ལ་སོགས་པ་རིམ་པ་བཞིན། ་བདུན་ནམ་ཉི་ཤུ་རྩ་གཅིག་དབུལ།། ཨོཾ་ཨ་བྷཱ་བ་ག་ཨག་ནེ་ཡེ་མ་མ་ཤན་ཏིང་ཀུ་རུ་སྭཱ་ཧཱ།། དེ་རྗེས་དགང་བླུགས་བྱས་ནས་ན།། ཞལ་བསིལ་བྱིན་ལ་བསྟོད་པ་དང་།། འདོད་པའི་དོན་ནི་བསླབ་པར་བྱ།། འབར་བའི་རྣམ་པར་གྱུར་པ་འམ།། དེ་ཡི ་སྙིང་ཁར་ས་བོན་ལས།། འདོད་པའི་ལྷ་ནི་བསྐྱེད་པར་བྱ།། ཡེ་ཤེས་བཀུག་ལ་བསང་གཏོར་བྱ།། ཞལ་བསྲེལ་བཾ་དང་མཆོད་བྱས་ནས།། གཉི་སུ་མེད་པར་བསྟིམས་པ་ཡི།། ངག་གི་ལམ་ལ་ཧཱུཾ་ཡི་གོ་སྟོང་།། མེ་ཡི་ས་བོན་གྱིས་མཚན་པ།། དེ་ལ ་དགང་ཐུགས་དབུལ་བར་བྱ།། དེ་ནས་རྫས་རྣམས་རིམ་གྱིས་དཔལ།། ན་པོ་རང་ན་ཏྲ་ཡ་ཡ། ར་མ་ཨརྠ་པ་ལོ་ཀི་ཏི་ཤྭ་ར་ཡ། ཊ་དྷ་སིད་ཏྲཱ་ཡ། མ་ཧཱཀརཱ་ནི་ཀྵཱ་ཡ། ཏང་ཡ་ཐཱ། ཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་མཾ་མ་ཤན་ཏིང་ཀུ་རུ་སྭཏྨ།། དགང་ཐུགས་ཕུལ་ལ་བསྟོད་པ ་དང་། བཟོད་པར་གསོལ་ལ་འདང་པ་བསླང་།། ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ།། ཐབས་ཀྱིས་ལ་མ་ལྷ་བསྐྱེད།། དགང་བླུགས་སྔོན་དུ་འགྲོ་བ་ཡིས།། བསྲེག་རྫས་ལྷག་མ་དབུལ་བར་བྱ།། དགང་བླུགས། ་བྱིན་ནས་བསྟོད་པ་བྱས།། བཟོད་པར་གསོལ་ཞིང་འདོད་པ་བསྲུང་།། ཡེ་ཤེས་མེ་ལྔ་གཤེགས་བྱས་ལ།། དམ་ཚིག་ཐབ་ཏུ་མི་དམིགས་སོ།། ཡིག་གེ་བརྒྱ་བས་བཏང་བྱས་ནས།། ཐའི་ཁུང་བསྡུས་ཏེ་དབེན་པར་དོང་།། འདི་མིའི་བའི་ཆོ་ག་སྟེ།། རྒྱས་ད ་དགུག་དང་མངོན་སྤྱོད་ཀྱང་།། ཤུགས་ཀྱིས་གནས་པར་ཤེས་པར་བྱ།། འདྲིས་ནི་མཉེས་པར་བྱེད་པ་སྟེ།། སྡིག་དང་སྲོག་འདྲེན་ཞི་བ་དང་།། དངོས་གྲུབ་མ་ལུས་ཀུན་འབྱུང་བའི།། འཛིན་ལས་ཐམས་ཅད་མཛུད་པར་འགྱུར།། འཕགས ་སྐྱེས་ཁྲིམས་ཅད་སྦྱིན་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྦྱིན་སྐྱེག་གི་ཚིག་རི་འི་)། བཅུ་གཅིག་པ་རྫོགས་སོ།། རྗེ་བདུན་འཕགས་པ་སྒོས་མ་ས་ཕྱག་འཚའོ། མེ་ལ་སྣརུང་མ་། ་གང་གི་སྟོབས་ཀྱིས་གང་ལྡོག་པ།། གསེར་མདོག་ནོར་བུ་ཨིན་དྲ་དང་།། སྔ་ལོང་འཕགས་པ་རྣམས་ཀྱི་གདུང་།། ས་དང་འཁྲིས་པ་ཆུ་མུ་ཟི།། འབྲས་བུ་གསུམ་དང་བྷཱི་ཏྟཱ་རཱ།། སྦྲང་རྩི་མར་དང་བདུད་རྩི་ལྟ།། དྲི་ལྔ་གུ་གུ་ལ་སོགས་སྦྱར་སྤྲོས།། ཤ ་སུན་མི་སྒྱུར་ད་མང་། མངས་པས་རི་ལེགས་བྱ་ལ།། བྱེ་མི་ཏིང་འཛིན་གྱིས།། སྨིསེཾ་ས་རབ་ཏུ་ག་བྱས་ནི།། ན་གྱིས་སོམ་སྤོང་པོ་སོ།། དག་པར་དུ་བྱས་རྣམས་ཀྱང་།། མ་པར་འཇིག་ཅིང་སྐྱེང་འདུ་། ་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་པོ།། གླང་པ་རྣམས་ནི་རབ་འགས་ཤིང་།། ལུས་ཀྱང་དུམ་བུ་དུམ་བུ་སྟེ།། མིག་ལྡོང་ཡན་ལག་ཉམས་པ་དང་།། རླུང་གིས་ནགས་བཞིན་གཡོ་བར་འགྱུར།། སྡིག་པ་ལ་སྔོགས་སྲོག་ཆགས་དང་།། རིམས་ནད་ལ་སོགས ་གནོད་གཞན་ཡང་།། གང་དུ་དྲི་འདི་ཡོད་གྱུར་དེར།། ནམ་ཡང་གནས་པ་མ་ཡི་ནོ།། འདི་ནི་ཞོ་བསྲུང་སྐྱོང་པ་སྟེ།། གལ་ཏེ་གསང་བར་འདོད་གྱུར་ན།། དྲག་པོའི་རྫས་ལས་བྱས་པ་ནི།། གཟུགས་བརྙན་ལ་ནི་བདུག་པ་དང་།། རྩུབ་མོའི་ཤིང་ལས་བྱུང་བའི ་མེས།། ཤེས་པ་བརྟེན་དང་བྲལ་ནས་ནི།། ལིང་ག་གཏུགས་ནས་བསྲེག་བྱ་སྟེ།། གང་ཡིན་མིང་སྨོས་དེ་འོག་ཏུ།། དེ་ལ་བྱེད་ཅེས་བྱ་བ་ཡི།། ཡིག་གི་བྲིས་ནས་རབ་ཏུ་བརྩམ།། བསྙེན་པ་གསང་སྔགས་བརྒྱད་སྟོང་སྟེ།། ལས་ལ་བརྒྱ་དང་བརྒྱད་དུ་གསུངས།། ཨོཾ ་ཏ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་དྷརྨ་དྷརྨཱ་དྷ་ཧཱུཾ། སྔོ་ཏ་ཡ་བ་སྨི་ཀུ་རུ་ཧཱུཾ་ཕཊ།། ། འཕགས་མ་སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའོ་ལས་ཀྱི་ཡན་ལག་འབྱུང་པོ་བཟློག་པའི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། ་རྗེ་བཙུན་འཕགས་མ་སྒྲོལ་མེ་ལ་ཕྱག་འཚལོ།། རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ།། འཁོར་ལོས་བསྲུང་བའི་ཐབས་གསུངས་པ།། ཤིན་ཏུ་དཀར་ཞིང་འཇམ་པ་ཡི།། དར་ལ་དྲི་ཞིམ་བྱུག་པར་བྱ།། དབུས་སུ་པདྨའི་ཟེ་འབྲུ་ལ།། ཨོཾ་དང་སྭཱ་ཧཱ་ས་མཐའ་བརྟེན་པ།། འདུག ་བརྒྱད་ལ་ནི་ལྷག་མའོ།། དེ་ཡི་མཐའ་ཡིག་རྟེན་འབྲེལ་ཅན།། དེ་ནས་སྣ་ཚོགས་རྡོ་རྗེ་ནི།། རིགས་ལྔའི་སྙིང་པོས་བརྒྱན་པའོ།། ཨ་ལི་ཀ་ལི་རིམ་པ་བཞིན།། མུ་ཁྱུད་གཉིས་ལ་དགོད་པར་བྱ།། མཐར་བྱེད་སྔགས་དང་རལ་གྲི་ཡི།། རབ་ཕྱི་རོལ་གཉིས ་རྣམ་། དྷཱ་རྣས་པ་ན་ས།། མ་ཟུན་བྱམས་ཀུ་། མས་པ་ཀྱུསས་སྦྱི་གྱུ།། མིང་གས ་ཆགས་སྨྲས་འདིས་བརྒྱན་པ།། རྡོ་རྗེ་རིན་ཆེན་ས་དུ་བྷེ། དེ་ལ་བར་ཆ་གང་གིས་ཀྱང་།། ནུམ་ཡང་ཚུགས་པ་མ་ཡིན་ནོ།། འཕྱགས་མ་སྒྲོལ་མ་འགུགས་པའི་དྲི་མ་ཞེས་བྱ་བའི་ལས་ཀྱུ་ཡན་ལག་བསྒྲུང་བའི་འཁོར་ལོ་ཞེས་པའི་ཚེ་། ་བཅུགསུམ་བརྫོགས་སོ།། རྗེ་བཙུན་པགས་མ་སྒྲོལ་མ་ལ་ཕྱག་འཚའོ།། བགེགས་དང་ཡམས་ནང་ནི་བ་དང་།། ཚེ་དང་སོད་ནམས་འཕེལ་བའི་ཕྱིར།། རྩཝ་མ་ཤི་དྷཱུ་བའི་མདོའམ།། ཥང་ཌྷི་ལྔ་སོགས་དབེན་པར་བསྡུད་། ་ཁོར་མྱོ་ན་སྨྲས་པར་བྱ།། སྣ་ཚོགས་པདྨམྦྷ་འི་དངུས་ཞེས་པཔ་མགོས་རྩུ་པ་པང་།། ཆོག་ལྡན་པས་བརྡ་བདྡྷཱན་\ུ0f7fས།། དྷཱི་རིས་རྡོ་རྗེ་དངས་མཛེས།། ཕྱོགས་སྤྱོང་འཇོག་རྟེན་དང་བྱེད་དང་།། ཤྲཱི་སྨྲས་ཀྱིས་མཛེས་པ་མྦྷ། ་ཙྪུ་ཨ་མ་ང་།། མ་ད་མང་ལ་གྲྀ་ད་། མ་ཚན་སྦྱང་ག་ཤཱ་སྷོ།། དགྲས་པ་བླང་བ་ངན་པ.ོཾ་ཕྲེང་བ་སེམས་པ་ས་བྱ།། ཚོང་དང་གཏོངས་རྒྱ་ཆེར་བཤཱ། ཙུན་མྱ་པ་རྣལ་འབྱོར་གྱིས།། དེ་མས་ནིན་ཆོམ ་བཙུགས་ཀྱི།། ནང་དུ་བརྒྱ་རྩིའི་དྷཱི་ཆའི་སྟེང་།། ས་བོན་ལས་མོ་བཅོམ་ལྡན་པ།། ཆོ་ག་གསུམ་གྱིས་བསྐྱེད་པར་བྱ།། དེ་ལ་ཡེ་ཤེས་སེམས་དཔའ་གཞུག། མཆོད་དང་བརྗོད་པ་བྱས་མས་ནི།། འ་ཟེའི་ཛིན་ཡང་གསོལ་བ་གང་ས།། དེ་ནས་ལན ་དྲངས་བརྒྱ་སྟོང་སྙེད་དེ།། བསྙེན་པ་རྫོགས་བྱས་གཡས་བསྐོར་བྱ།། དེ་ཉིད་དེ་ལ་ཐིམ་གྱུར་ཏེ།། དེ་ཡི་ཡིད་དུ་མི་འོང་བ།། བ་སྤུ་ཁོང་སོགས་ལས་འཐོན་པར།། དམིགས་པའི་ཚུལ་གྱིས་ཁྲུས་བྱས་ཏེ།། རྨ་བྱས་བྱབ་ཅིང་བཀྲ་ཤིས་གདོན།། ནད་པ་ལ་ནི་ལོག་སུ་སྟེ།། ་གོས་བཅས་བཀྲུས་ནས་དོར་བར་བྱ།། ལྷག་མ་ལ་ནི་ལྷར་བསྐྱོད་དེ།། མཆོད་དང་བསྟོད་དང་འདོད་པའི་དོན།། གསོལ་བ་བཏབ་ལ་བཟོད་པར་གསོལ།། དེ་ནས་གཤེགས་སུ་གསོལ་བར་བྱ།། འཇིག་རྟེན་སྐྱོང་སོགས་དེ་བཞིནོ།། དེ་ནས་དཀྱིལ ་འཁོར་ལེགས་པར་བསྡུ།། དབེན་པར་དོར་ལ་བསྐོར་བར་བྱ།། འདིས་ནི་བཀྲ་ཤིས་ཐམས་ཅད་སྦྱིན།། ཡིད་དུ་མི་འོང་སེལ་བར་བྱེད།། གང་ཡང་མི་འབྱུང་མེད་པའི་ཕྱིར།། རྣལ་འབྱོར་པ་ཡིས་རྟག་ཏུ་བྱ།། ན་མོ་རང་ན་ཏྲ་ཡཱ་ཡ།། ན་མ་ཨརྱཱ་བ་ལོ། ་ཀཱི་ཏི་ཤྭ་རཱ་ཡཱ། བོ་ཏི་སཱ་ཏྲ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨཱཾ་ཏཱ་རེ་ཏུད་དཱ་རེ་ཏུ་རེ། སརྦ་གྲ་ཧ~ཾ། སརྦ་བྷཱུ་དྷི། སརྦ་ཙཽ་ར། སརྦ་བི་དྲཱ།། སརྦ་དུར་ས་མ་ནི་བྷཱ་ཐ། སརྦ་པཱ་བཱཾ་པྲ་ཤ་མ་ན་ཡ་སྭཱ་ཧཱ།། འཕགས་མ་སྒྲོལ་མ ་ཞི་བ་ཆེན་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཁྲུས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་བཞི་པ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། འཁོར་བའི་རྩ་བ་རྨོངས་པས་ཏེ།། དེ་བསལ་བྱ་ཕྱིར་ཤེས་རབ་བསྐྱེད ་ཐུགས་རྗེ་ཆེན་པོའི་རང་བཞིན་སྐུ།། གཅིག་ཏུ་ཕན་མཛད་དངོས་གྲུབ་སྟེར།། ངག་གི་དབང་ཕྱུག་ཞི་ཕྲ་མ།། བདག་བསམ་གཡས་གཡོན་མདུན་རྒྱབ་ཏུ།། ཡིད་གཞུངས་དྲན་པ་ཤེས་རབ་དང་།། བློ་ཡི་རང་བཞིན་ལྷ་མོ་བཞི།། སྔ་མ་ལྟ་བུར་བསྒོམ་པར་བྱ།། ་སྐྱིད་པའི་འཁོར་བོ་ཟླ་བའི་དབུས།། རྣམ་སྣང་ལས་བྱུང་ངག་རང་བཞིན།། རྒྱུན་མི་འཆད་འབྱུང་དེ་དབུས་གནས།། མི་སྒྲའི་སྦྱོར་བས་གསང་སྔགས་བཟླ།། འོ་མ་གསེར་མདོག་ཚ་བ་གསུམ།། པད་ཤུ་དག་རྒྱམ་ཚལ།། ལན་བདུན ་བཟླས་པས་བཅོམ་ལྡན་འགྲུབ།། འོ་མ་བྲེ་བཞི་སྲང་གཅིག་སྨན།། མར་བྲེ་གང་སྦྱར་མེ་ལ་བསྡུ།། ཟླ་བ་གཅིག་གིས་ལན་མེད་ཅིང་།། དྲུག་གིས་མངོན་སུམ་མཐོང་བར་འགྱུར།། ཤུ་དག་ཤིང་མངར་སེན་དྷ་བ།། གསེར་མདོག་དང་བཀྲ་ལ་ལ་པུང་།། ཟ་རི་རུ ་དྷ་པི་པི་ལིང་།། ལན་བདུན་བཟླས་ནས་ཟོས་གྱུར་ན།། ཟླ་བ་དྲུག་དང་གསུམ་དང་གཅིག། གོ་རིམ་བཞིན་དུ་ཐོས་འཛིན་དང་།། ས་བདག་ཉིད་དང་བློ་ལྡན་ཞིང་། ཚངས་པའི་ང་རོ་ཐོབ་པར་འགྱུར།། གྲངས་ལས་སྐྱེས་པའི་གསེར་མདོག་དང་།། ཤུ་དག་ཐོ་རང ་ལན་བདུན་བཟླས།། ཟླ་བ་གཅིག་བརྟེན་དེ་ཉིད་དུ།། ཚིག་བདག་ཡིད་གཞུངས་དབྱངས་སྙན་ཅིང་།། ཤེས་རབ་ལྡན་དེ་ཟླ་དྲུག་གིས།། ངག་གིས་དབང་ཕྱུག་རང་བཞིན་ཐོབ།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ། ཧྲི་མ་ཧཱ་མཾ་ཡཾ་གེ་མ་ཧཱ་སྭ་ར་སྭད་ཏྱཻ་ནཱ་མ་པྲ་ཀྲྀ་ཏ་པ་རི ་ཤུད་དྷ་སརྦ་དྷརྨ་པྲི་ཀྲི་ཏ་པ་རི་ཤུད་དྷོ་ཧཾ། ས་པ་སྦྱར་ཨ་པ་ཡན་ཏ་ར་སྭཱ་ཧཱ།། འཕགས་མ་སྒྲོལ་མ་ཆགས་པ་ཐམས་ཅད་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་བློ་འཕེལ་བར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་བར་ཆད་བསྲུང་བའི་ཕྱིར།། དབེན་པའི་ཕྱོགས་ཆགས་ཆགས་དང་།། མཎྜལ་གཉིས་དོང་མཆོད་སོགས་གཉིས།། བཤམ་བྱ་རྗེ་བཙུན་རྟེན་ཡང་བཤམ།། སྟན་བདེ་བ་ལ་གནས ་སེམས་ཅན་ལ།། སྙིང་རྗེ་ཆེ་བསྐྱེད་འདི་རྣམས་ནི།། རྗེ་བཙུན་གནས་དགོད་དམ་བཅས་ནས།། དེ་ཡིས་གཏོར་མ་གཏང་བར་བྱ།། དེ་ནས་སྙིང་ཁའི་འོད་ཟེར་གྱིས།། ཐུན་མོང་ཁྱད་པར་སྤྱན་དྲངས་ཏེ།། མཆོད་པ་ཆ་རེས་མཆོད་པར་བྱ།། དེ་ནས་བདག་གི་སྤྱི་བོར་ཨ།། ་དེ་ལས་ཟླ་བ་དེ་སྟེངས་ཏེ།། གསུམ་པོ་ཡོངསུ་གྱུར་པ་ལས།། རྗེ་བཙུན་ཞལ་གཅིག་ཕྱག་གཉིས་མ།། མི་འཇིགས་ཨུད་པལ་གཡས་དང་གཡོན།། སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན།། མགུལ་ཆུངས་གདུབ་བུ་དོ་ཤལ་ཅན།། སྐུ་གསུང་ཐུགས་མཚན ་ཡེ་ཤེས་སེམས།། སྐྱེ་མཆེད་རྣམས་དག་དབུ་རྒྱན་མཛེས།། ཕྱག་གི་བདུད་རྩི་བདག་རྒྱས་པར།། བསམ་ཞིང་གསང་སྔགས་གདོན་པར་བྱ།། ཕྱི་ཡི་ཕྱག་རྒྱ་རྫས་ཀྱིས་བསྡུ།། ནང་གི་ནང་དུ་བསྡུ་བྱའི་ཚེ།། བསྒྲུབ་བྱ་བསྡུས་ཤིང་བཅིང་པར་བསམ།། དེ ་ནས་གཏོར་མ་གཅིག་ཤོས་བཏང་།། འགྲོ་བ་ཡི་མཆོག་བཅོམ་ལྡན་མ།། ཞལ་བཟངས་བདག་ལ་གཟིགས་པར་བསམ།། དེ་ནས་བསྟོད་དང་བཟླས་པ་བྱ།། དེས་ནི་འཇིགས་པ་ཀུན་སྐྱོབ་འགྱུར།། ཨོཾ་ན་མ་ཨརྱཱ་པི་ལོ་ཀོ་ཏཻ་ཤྭ་རཱ་ཡ། བོ་དྷི་སྭ་ཏཱ་ཡ། ་མ་ཧཱ་སྭ་ཏཱ་ཡ། མ་ཧཱ་ཀཱ་རུ་ནི་ཀཱ་ཡ།། ཏད་ཡ་ཐཱ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སརྦ་དུཥྚཱན། པྲ་དུཥྚཱ་ནཱ་མ་མ་ཀཱི་ཏེ། དྷྭཾ་བྷ། སྟཾ་བྷ་ཡ། མོ་ཧཱ་ཡ། བན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཛཿ། སརྦེ་དུཥྚ་ར་སྟཾ་བྷ་ནི་ཏཱ་རཾ་སྭཱ་ཧཱ། ་འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་སྒྲུབ་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཆོམ་རྐུན་བཙང་བའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། བག་མེད་ལ་སོགས་པ་རྣམས་ལ ་གདུག་པའི་ཡིད་ལྡན་དུད་འགྲོའི་རིགས།། ཡིད་དང་བལྟས་དང་མཆེ་བ་རང་།། རེག་པའི་སྒོ་ནས་འཚེ་བར་བྱེད།། གྲོག་པོ་རི་ཕུག་དོག་མོའི་སྒོར།། ལྷ་ཁང་འཇམ་རྫབ་མི་སྡུག་གཟུགས།། རི་བཟར་འཛེག་དང་དུད་འགྲོས ་འཚེ།། མཚོ་འགྲམ་འདུག་སོགས་གནོད་པའི་རྟགས།། གླུ་ལ་དགའ་དང་ནུབ་མོ་ན།། ཡན་ལག་མི་བདེ་ལུས་ལྕི་ཞིང་།། ཤུ་བ་གཡོན་པ་བས་ལྗགས་དང་།། འབྲུམ་བུ་ལ་སོགས་ཐེབས་ལས་འབྱུང་།། མི་དགའ་བ་དང་ཟ་འཕྲུག་དང་། ་ཤ་མདོག་ཉམས་དང་མེ་རས་དང་།། རེས་འགའ་ཆུ་གྲང་བླུགས་བཞིན་དང་།། བས་ལྗགས་ཤ་བཀྲ་འབྱུང་བ་ཡིན།། ཤ་འཕྲིག་སྤྲིང་དང་བེམས་པོར་འདུག། མིག་ནི་ཚ་ཞིང་ཟླུམ་པ་དང་།། སྨིན་མ་ལ་སོགས་ཀྱི་འགྱུར་ཏེ།། ལག་སོར ་སྐམས་པར་གྱུར་པའོ།། ལུས་ལ་དྲི་བ་འབྱུང་འགྱུར་ཞིང་།། ཆུ་བུར་དང་ནི་ཉ་ལྒངས་ཅན།། རྣག་དང་ཆུ་སེར་རུལ་དྲི་མནམ།། རོ་སྟོང་དག་ཀྱང་ཟུག་པར་འགྱུར།། ཕྱི་ཡི་ཤ་སྐམ་མདོག་འཚོར་ཞིང་།། ཤ་ཡི་མདངས་མེད་ཟུག་དང་བཅས།། གོས་ཀྱང ་མདངས་དང་བྲལ་འགྱུར་ཏེ།། གློག་པ་ཆར་ཡག་མ་བཞི་ནོ།། དེ་དག་བསྲུང་བར་བྱ་བའི་ཕྱིར།། ལྷ་ཡི་སྦྱོར་བར་གནས་པ་ཡིས།། གུ་གུལ་བླ་རྩི་ཤུ་དག་དང་།། རུ་རྟ་བཙན་དུག་ཤིང་ཀུན་དང་།། ད་ལིས་རྣམས་ལ་གསང་སྔགས་ཆེ།། འབུམ་ཕྲག་གསུམ ་བསྙེན་བྱས་པ་ཡི།། དེ་བསྲུང་བླ་རྩི་མི་བསྐྱོད་སྦྱར།། གནས་ལྔར་བྱུག་ཅིང་བཀྲུ་བར་བྱ།། འདི་ནི་སྦྱོར་བ་ཟབ་མོ་སྟེ། ཨི་ལ་རི་དགས་ཇི་བཞིན་དུ།། གང་ལ་བསྲུང་བ་འདིས་བརྒྱན་པ།། དེ་ལ་སྡང་ལྡན་འབྲོས་པར་འགྱུར།། གཉིས་པ་ལ་ནི་ཤུ་དག་དང་།། བླ་རྩི ་རྱནྱ་གུ་གུལ་དང་།། མུ་ཟེ་རོ་རས་རྒྱུ་ཚིལ་དང་།། ཤི་བའི་དྲི་ཆེན་ཕག་པའི་བརྒྱད།། སྒྲོག་སྒྲ་དང་ནི་མ་དུ་དང་།། མ་ཡི་བཅུད་དང་རུས་པ་ཕྱེ།། མི་བཅུད་ཀྱིས་བསྡུས་རི་ལུ་སྟེ།། སྔ་མ་གཉིས་འགྱུར་བསྙེན་པ་ཡིས།། དབང་པོའི་སྒོ་རྣམས་བདུག་བྱ་སྟེ། ཉི་མ་མ ་འོད་ལ་མུན་པ་བཞིན།། དུག་ཅན་རྣམས་ནི་ནམ་དུའང་།། ང་བནྡྷ་ནུས་པ་མ་ཡིནོ།། གསུམ་པ་ལ་ནི་གསུམ་འགྱུར་ཏོ།། གོང་མའི་རྫས་ཀྱིས་སྦྱོར་བ་དང་།། ཀྵིཾ་ཡི་དུག་དང་བདུད་རྩི་བསྟེན།། འབར་བའི་མེ་ཡིས་ནགས་ཚལ་བཞིན།། དེས་གཞན་ནང ་རྣམས་ཚིག་པ་འགྱུར།། བཞི་པ་ལ་ནི་བྱེ་བ་སྟེ།། གོང་མའི་རྫས་ཀྱིས་སྦྱོར་བ་དང་།། ཀླུའི་དུག་དྲང་རྣམ་རྒྱལ་བརྟེན།། རྩ་མིག་དག་ཀྱང་བསལ་བར་བྱ།། ཉི་མས་གངས་བཞིན་དེ་འཇོམ་སོ།། ལྔ་པ་ལ་ཡང་དེ་བཞིན་ཏེ།། ཁྱད་པར་དུ་ན་ཨ་རུ་ར།། དྲི་ཆུ་བ་རྩི ་བརྟན་པར་བྱ།། རྡོ་རྗེ་ཡིས་ནི་རིན་ཆེན་བཞིན།། ཐོགས་པ་མེད་པར་འཇིགས་པར་འགྱུར།། ཨཱ~ཾ་ཏྟཱ་རེ་ཏེད་ཏྭོ་རཱ་ཏུ་རེ་ཀུ་ལེ་ཀུལླེ། སརྦ་ཤཏྶཱདྱ་དཀྵ་ཡ་བཀྵ་ཡ~ཾ། ཧཱུཾ་ཧཱུཾ་ནཱ་ག་སྟམ་པ་ཡ།། མོ་ཧ་ཡ། བན་དྷ་ཡ། ཡ་ར་སུཾ་ནེ་རྱཱ་བ་ནཱ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སཱིདྡྷ། ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་རྣཾ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཀླུ་ནང་བྱོས་པའི་ཆོ་གའི་ལེའུ་སྐྱེ་བཅུ་འདུན་པ་རྟོགས་སོ།། རྗེ་བཙུན་འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ།། མི་ཡ~ཾ་དབང་པོ་ལ་སོགས་པས།། ཤིན ་ཏུ་དམ་པར་བསྡམས་པ་རྣམས།། རབ་ཏུ་ཐར་བར་བྱ་བའི་ཕྱིར། ཁ་ལང་ལྕི་བས་དཀྱིལ་འཁོར་བྱ།། དབུས་སུ་ཕྱག་མཚན་ས་བོན་བཅས།། དེ་ལ་དེ་ཉིད་སྤྱན་དྲངས་ལ།། མཆོད་པ་མངོན་དུ་འགྲོ་བ་ཡིས།། དང་པོ་བསྙེན་པ་རྫོགས་པར་བྱ།། དེ་ནས་སྦྱོར ་གཞན་རབ་སྤངས་དེ།། བཅོམ་ལྡན་མཆོད་ནས་བརྒྱ་ཕྲག་བརྒྱད།། གསོལ་བའི་མཆོད་པ་དང་བཅས་པས།། ལེགས་པར་བཟླས་ན་གྲོལ་བར་འགྱུར།། ན་མོ་རང་ན་ཏྲ་ཡཱ་ཡ། ན་མ་ཨརྱཱ་བ་ལོ་ཀོ་ཏི་ཤྭ་ར་ཡ། བོ་དྷ ་སྭ་ཏཱ་ཡ། མ་ཧཱ་སྭ་ཏཱ་ཡ། མ་ཧཱ་ཀ་རུ་ཎཱ་ཀཱ་ཡ། ཏྲང་ཡཱ་ཐཱ་རོ་ཛུ་ཀ་དྷརྨྨི། ནིར་ཡ་ཏེ། ཏཱ་རེ་ཏཱ་ར་ཡཱ་བྷ་ག་བ་ཏི་ཏུད་ཏཱ་རེ། བྷྲ་མ་བྷ་ཡ། མོ་ཙི་ནེ་ཏུ་རེ་སྭཱ་ཧཱ།། འཕགས་མ་སྒྲོལ་མ་སྡུག་བསྔལ་ཐམས་ཅད་བསྲེག་པའི་ལས་ཀྱི་ཡན ་ལག་ཁྲི་མོན་ལས་ཐར་པར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། གང་གིས་གང་ལ་རབ་བསྔགས་པ།། དངོས་གྲུབ་དེ་ཉིད་བསྒྲུབ་པའི་ཕྱིར།། མིག་དང་ལྷོ་དང ་དད་མཁྲིས་པ་རྣམས།། རིན་ཚོན་གའུའི་ནང་དུ་གཞུག། བདུད་རྩི་འཁྱིལ་པས་བསྲུང་བྱས་ནས།། འགྲུབ་པར་བྱེད་པའི་བསྙེན་པ་བརྩམ།། ཆོག་པར་ཤེས་ནས་པད་རྩར་སྦ།། དག་པའི་མིག་ལས་དབེན་པར་འགྱུར།། ན་མོ་རང་ན་ཏྲ་ཡཱ་ཡ། ནེ་མ་ཨརྱཱ་བ་ལོ ་ཀཱི་ཏེ་ཤྭ་རཱ་ཡ། བྷྱོ་དྷི་སྭཏྭཱ་སྭཱ། མཱ་ཧཱ་སཏྭཱ་ཡ་ཨདྷཀ་རུ་ཎཱིཀྵཱི་ཡ། ཏ་ཡ་ཐཱ། ཨོཾ་ཏཱི་དྷཱ་རེ་དྷཱ་ར་ཛ་ཡ། ཛ་ཡ~ཾ་ཛ་སྭེ། ཏུད་དྷ་རེ་ཛ་ཡ་དྷཱདྷཱིདྷཱ་རེ་སྱཱཿ། འཕགས་མ་སྒྲོབ་མ་ལ་དངོས་གྲུབ་ཁྲིམས་ཅད་སྟེ་བངར་བྱེད་མ་ཞེས་བྱ་བའི ་ཀྱིལ་ཡན་ལག་མི་སྣང་བའི་ཆོ་གའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོས་མ་ལ་ཕྱག་འཚལོ།། མཐོང་བའི་ཆོས་ལ་འོག་མིན་དུ།། འཕགས་རྣམས་སྤྱོད་ཡུལ་དང་གཅིག་ཅིང་།། ཡིད་ཀྱི་ཤུགས་ཀྱིས་བསྐྱོད ་བྱེད་པ།། ཟངས་དང་ལྕགས་དང་གསེར་དག་ལས།། འབར་བའི་རལ་གྲི་བྱས་ནས་སུ།། ཡུ་བ་གཞུང་དང་སོ་རིམ་བཞིན།། གཉིས་དང་བཅུ་གཅིག་སོར་དུ་ལྡན།། ཨ་ལི་ཀ་ལྀ་གཡས་གཡོན་ཏེ།། ཡིག་གེ་བཅུ་པ་དབུས་སུའོ།། གནས་སྐབས་གསུམ་དུ་སྐུ་སོགས ་གསུམ།། སྒྲ་དང་མེ་སྟག་འོད་འཕྲོ་བ།། རབ་འབྲིང་སྟེགས་དང་ལྡན་པ་ལས།། ཆགས་མེད་ཡིད་ཀྱིས་བསྐྱོད་བྱས་ཏེ།། འདབ་གཤོག་རྒྱས་པའི་བྱ་བཞིན་དུ།། གང་དང་གང་དུ་བསམས་པ་ཡི།། ཞིང་ཁམས་ངག་ཏུ་འདོད་པའི་དོན།། ཐམས་ཅད་དེ་ཡི་དབང་དུ་འགྱུར།། ་ཨཱི་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཨ་མོ་གྷ་སིད་དྷི། ཁང་གྷེ་པྲི་སིད་དྷི། ལོ་ཀ་ཨ་ལོ་ཀ། ཏིཥྛ་རང་ན་ཙ་ལ་ཙ་ལྀ། ཧཱུཾ་ཧཱུཾ་བཾ་བཾ་ཨ་ཏཱིསྟཱ་སྭཱ་ཧཱ།། འཕགས་མ་སྒྲོལ་མ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མཆོག་སྒྲུབ ་འི་ལེའུ་ཉི་ཤུ་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མྱུ་ལ་ཕྱག་འཚལོ།། གསེར་སོགས་རབ་མཛེས་སྣོད་དག་ཏུ།། འོ་མ་མར་དང་སྲན་ཆན་དང་།། ལ་ཕུག་མངར་དང་མཻ་ཏོག་སྤོས།། དག་པའི་ཆུ་དང་ཆང་ལ ་སོགས།། སྐུ་གསུང་ཐུགས་ཀྱི་ཡི་གེ་ཡིས།། སྤངས་ནས་འབྱུང་པོ་རྣམས་ལ་སྦྱིན།། ཨོཾ་ཨ་ཀོ་རོ་མུ་ཁཾ་སརྦ་དྷརྨ་ནཾ། ཨཱརྱ་ནུད་པན་ནད་ཏྲིང་།། ཨཱ~ཾ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ།། ། གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ ་རྫོགས་སོ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། མཚོ་འམ་ཁྲོན་པ་འབབ་ཆུ་གཙང་།། བཅོམ་ལྡན་མཆོག་སྦྱིན་བདུད་རྩི་ཡིས།། གདུང་བྲལ་འཕགས་པའི་རང་བཞིན་དུ།། བསྒྱུར་ནས་གསང་སྔགས་རྒྱལ་པོ་ནི།། ་བདུན་ཕྲག་གསུམ་གྱིས་ཡིད་དགས་རྣམས།། རབ་ཏུ་ཚིམ་པའི་ཆོ་ག་བྱ།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སརྦ་པྲེ་ཏི་བྷྱཿསྭཱཧཱ།། ཆུ་སྦྱིན་པའི་ཆོ་གའི་ལེའུ་སྟེ་ཉ་ཤུ་རྩ་གཉིས་པ་རྫོགས་སྷོ།། ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚོལ་ལོ།། དྲི་ཞིམ་དཀར་བའི་ས་རྣམས་ལ།། རིགས་ལྔར་སྦྱངས་ནས་དེའི་རང་བཞིན།། དེ་ལ་མཆོག་རྟེན་གདབ་བྱས་ལ།། དེ་དག་གནས་སུ་དམ་ཚིག་སྟེ།། དེ་ལ་ཡེ་ཤེས་དེ་དབང་བསྐུར།། དེ་ལ་བྱིན་བརླབ་དེ་ནས ་མཆོད།། རབ་ཏུ་གནས་བྱས་དེ་ནས་ནི།། དག་པའི་གནས་སུ་བཞུགས་པར་བྱ།། ཨོཾ་ཏཱ་རཱི་ཏུད་ཏཱ་རེ་ཏུ་རཾ་སརྦ་ཏཱ་ཐཱ་ག་ཏ་ཧཱི་ད་ཡ་ཨ་དྷིཥྛི་ཏེ་སྭཱ་ཧཱ།། ཚ་ཚ་གདབ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། ། ་རྗེ་བཙུན་འཕགས་མ་སྒྲོལ་མ་ལྔ་ཕྱག་འཚལོ།། གསོ་སྦྱོང་དག་ལ་གནས་པ་ཡི་སྷོ།། ཀ་ཏི་ཀ་ཡཾ་ཐལ་བ་ལ།། སྟོཏྟ་ཕྲག་བཱནྡྷ་ཡི་བསྙེན་པ་བྱ།། ཆུ་ཤེས་སྤྱོད་ཡུལ་ཡང་ངོ་ལ།། དྷི་དབང་ཕྱེད་གཡས་སེང་གེའི་ཚུལ།། རྩེ་གཅིག་འདོད་པའི་དོན་བརྣགས་ཏེ། ་འདོད་པའི་ལྷ་དང་དུས་གསུམ་གྱི།། སྐྱེ་བའི་གནས་རྣམས་སྟོན་པར་མཛད།། ཨོཾ་ཏཱ་རེ་ཏུད་ཏཱ་ར་ཏུ་རེ་ཏདྱ་ཐཱ། ཨོཾ་མུག་ཤི་རྀ་པྲ་མཱ་དན་དེ་ཁ་རྒོ་ཡ་ཤ། ཤཽ་མ་དྷ་རཱ་རྩ་ར་ཕྱེ། མོ་ཧཱ་རི་སྥོ་ཧཱ།། དན་ཏི་ལ་སྭཱ་ཧཱ།། ། དུས་གསུམ་བརྟག་པའི ་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། སྦྲུམ་མ་དང་ནི་མགོ་འཇུག་ལོག། མོ་སྐམ་བུ་ནི་སྐྱེད་བྱེད་དང་།། སྲི་བུ་བསྲུང་དང་འབྱུང་པོ་བཟློག། ལས་གང་བྱེད་པའི་ལྷར་གྱུར་བྱ།། དང་པོ་གོ། ་རོཙཱ་ན་དང་།། ཡུང་བ་བ་བླའི་རིལ་བུ་ལ།། རྣག་ཚྭ་བྱས་ལ་སྔགས་བྲིས་ལ།། བདུད་རྩི་ལྔ་དང་འབྲུ་སྣ་ལྔ།། རིན་ཆེན་ལྔ་དང་འབྲུ་སྣ་ལྔ།། བུམ་པར་བཅུག་ལ་གསང་སྔགས་འདི།། ཉི་ཤུ་རྩ་གཅིག་བཟླས་བྱིན་བརླབ།། སྔགས་ཆུས་ནམ་ཕྱེད་ཡོལ་བའི་དུས། ་མཆོད་པ་བྱས་ལ་སྦྲུམ་མ་དེ།། ཁྲུས་བྱས་བདེ་བར་བཙའ་ཞིང་འབྱུང་།། གཉིས་པ་མར་དག་ལག་འཐིལ་དུ།། གཞན་ལ་གསང་སྔགས་ཉི་ཤུ་གཅིག། བཟླས་ལ་མགོ་ལུས་པ་ག་བྱུག། དེ་ལྟར་བྱས་ན་བདེ་བར་སྐྱེ།། གསུམ་པའོ་དེ་ཙེ་ཡི་འབྲུམ།། ་ཕྱེ་མ་དག་དོང་བ་དམ་རཱི་སེར།། འོ་མ་བསྲོས་ལ་བུམ་པར་བླུགས།། གསང་སྔགས་ཉི་ཤུ་རྩ་གཅིག་བཟླས།། ཟླ་མཚན་བྱུང་དུས་ཐ་མའི་ཚེ།། བླུང་ན་མྱུར་དུ་བུ་དག་སྐྱེ།། བཞི་པ་འཕྲུལ་སྐྱེས་བྱིས་པོ་དེ།། ཁྲུས་བྱས་བདེ་བར་འཚོ་བར་འགྱུར། ་པཱ་གསང་སྔགས་དེ་ཉིད་ཀྱིས།། ཡུངས་དཀར་ཉི་ཤུ་གཅིག་བསྔགས་ནས།། གདོང་བུ་བྲབས་ནས་འབྱུང་པོ་ལྡོག། ཨོཾ་ཏཱ་ར་ནི་ཏཱ་ར་ཡ།། ཨོཾ་མཻ་ཙ་ནི་མོ་ཙ་ནི་ཡ། ཨོཾ་མོ་ཀ་ཤ་ནི་མཽ་ཀ་ཤ་ཡ~ཾ། ཛ་བ་བར་དྷི་སྭཱ་ཧཱ།། ། བསྐྱེད་ཅིང ་བསྲིང་བ་ལ་སོགས་པའི་ཚིགའི་ལིའུ་སྐྱེ་ཉི་ཤུ་ལྔ་པ་རྫོགས་སོ།། ། འདྲེ་གཤེགས་སྐྱེད་མཛད་རྗེ་བཙུན་གྱི།། རྣལ་འབྱོར་བྱང་ཆུབ་ཡན་ལག་བཟང་།། ཐབས་ཀྱི་ཁྱད་པར་མདོར་བསྡུས་པ།། ཞི་བ་ལ་སོགས་ལས་བཞིའི ་ཚུལ།། བདག་གཞན་དོན་ཀུན་བསྒྲུབ་བྱེད་པ།། ཐུགས་རྗེ་ཆུ་སྐྱེས་ལས་བྱུང་བའི།། སྦྲང་རྩི་འདི་ནི་བདག་གིས་བཞིས།། འགྲོ་ལ་ཕན་ཕྱིར་འདིར་བཀོད་དོ།། དེ་ལས་བྱུང་བའི་དགེ་བ་ཡིས།། འགྲོ་བ་མ་ལུས་བྱང་ཆུབ་ཆེ།། སྐུ་གསུམ་རང་བཞིན་མཐ ་བྱིན་པ།། མྱུར་བ་ཉིད་དུ་ཐོབ་པར་ཤོག། རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོར་བསྡུས་པ་ཞེས་བྱ་བ། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པ་ཞེས་བྱ་བས་མཛང ་པརྫོགས་སོ།། ། རྒྱུ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང་། བོད་ཀྱི་ལི་ཙེ་བ་མལ་གྱོ་བློ་གྲོས་གྲགས་བཱས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལོ་ཕབ་པའོ།། ། རྒྱ་གར་སྐད་དུ། བྷ་གཱ་བ་ཏི་ཏ ་མོ་ཆེན་མོ་ནི།། རང་མདོག་ཆ་ལུགས་ཕྱག་རྒྱ་ཡིས།། བསྒོམ་ན་འཆི་བས་མི་ཚུགས་སོ།། རང་གི་འདོད་ལྷའི་རྣལ་འབྱོར་ཉིད།། ང་རྒྱལ་བརྟན་པ་དང་ལྡན་པ།། ཡིད་བཞིན་ནོར་ལྟར་མ ་ལུས་པའི།། འདོད་པའི་དོན་ནི་རབ་སྒྲུབ་བྱེད།། དུང་དང་ཀུན་དཱ་ཟླ་བ་འདྲ།། བསྡུ་བའི་རིམ་གྱིས་ཡང་དག་གནས།། རྒྱུན་མི་འཆད་པར་བཟླས་ན་དེས།། འཆི་བ་བློ་བར་འགྱུར་བ་ཡིན།། འཁོར་ལོ་བདེ་མཆོག་རྒྱུད་ལས་གསུངས ་ཧེ་རུ་ཀའི་རྣམ་པར་བསྒོམ།། བྱས་ནས་དེ་ཡོངས་གྱུར་པ་ལས།། ཀཱ་པཱ་ལ་ཡི་རྣམ་པར་བསྒོམ།། ཀང་ཀ་ལ་ཡི་གཟུགས་བསམས་པ་འམ།། ཁ་ནཱཾ་གྲཝར་ནི་རྣམ་པར་བསྒོམ།། བསད་པར་འོས་པ་མ་ཡིན་ཕྱིར།། འཆི་བ ་འབྱུང་བར་མི་འགྱུར་རོ།། སྤྱི་བོ་རུ་ནི་ཟླ་བའི་གཟུགས།། བདུད་རྩི་ཐིགས་པ་འཛག་པ་ཡིས།། བ་སྤུའི་བུ་ག་ཀུན་ནས་ནི།། ཡན་ལག་ཐམས་ཅད་ཚིམ་པར་བྱེད།། འདུ་འཛི་ཐམས་ཅད་རྣམ་སྤང་པ།། རྣལ་འབྱོར་པ་ཡིས ་ཟླ་དྲུག་བསྒོམ།། ནཱད་ཀུན་ལསཽ་ནི་རྣམ་རྒྱལ་ནས།། འཆི་བདྲག་ལྟ་བུར་འཆི་ལས་རྒྱལ།། མགོ་བོ་པདྨོ་འདབ་མ་སྟོང་།། དཀར་པོའི་ཁ་ནི་ཐུར་དུ་བལྟས།། ལྟོ་བའི་རིམ་བསམས་བསྐལ་སོགས་པར།། འཆི་བ་འཇིགས་པར ་བྱེད་པ་ཡིན།། དེ་ཉིད་ནག་པོའི་གཟུགས་ཉིད་ལ།། ནག་པོའི་གཟུགས་ཀྱི་འོད་རྣམས་ཀྱི།། ཀུན་ཏུ་ཁྱབ་པར་བསམས་ན་ནི།། སྐྲ་དཀར་ལ་སོགས་འཇིགས་པར་བྱེད།། ལྕེ་ནི་རྐན་ལ་གཞར་བྱ་ཞིང་།། སོ་ནི་སོ་ལ་མ ་རེག་པར།། རྒྱུ་ཡི་ནུས་པ་བསམ་མི་ཁྱབ།། དད་པས་བྱས་པ་འདྲི་བརྩམ་བྱ།། ལྐོག་མའི་འུ་གའི་སྟེང་དང་སྦྱར།། ལྕེ་ཆུང་ཐུར་དུ་བལྟས་ནས་ནི།། ལྕེ་ཡི་རྩེ་མོར་ཀུན་རེག་པར།། བདུད་རྩིའི་རོ་ནི་མྱོང་བར་བྱེད།། དེ་ནི ་འཕྲུལ་དུ་འཆི་བ་སེལ།། སྐྲ་དཀར་ལ་སོགས་པ་ཡང་འཇིགས།། དེ་བྱས་ནས་ནི་རྒྱུད་པ་དང་།། འཇིགས་པ་ཀུན་ལས་བསྲུང་འགྱུར་བ།། དབུགས་འབྱུང་རྔུབ་པ་དྲན་པ་ཡང་།། རྣམ་པ་གཞན་པོ་བརྩམ་པར་བྱ།། གྲང ་འཕེལ་དེ་ལས་ངེས་པ་ནི།། རྒ་དང་འཆི་བ་མེད་པར་འགྲོ།། སེམས་ཅན་རྣམས་ཀྱི་ཉོན་མཚན་དུ།། དབུགས་ནི་ཉི་ཁྲི་ཅིག་སྟོང་དང་།། དྲུག་བརྒྱ་དག་གིས་ལྷག་པ་རུ།། གྲངས་ནི་ཡོངསུ་བསྒྲགས་པ་ཡིན།། གང་ཕྱིར ་བདུད་རྩི་སྔགས་ཡིན་པས།། རླུང་ནི་འཇུག་པ་སྔགས་ཡིན་ཏེ།། བདུད་རྩི་གསོན་པའི་ཐེབས་ཡིན་ཏེ།། དེ་ཡིས་འཆི་བས་མི་ཚུགས་སོ།། འཇུག་པའི་རླུང་ནི་བགྲང་བྱ་ཞིང་།། རིམས་ཀྱིས་འབུམ་སོགས་གྲངས་ཀྱིས་ནི།། ་རྩེ་གཅིག་སེམས་ཀྱིས་ཆོ་ག་བཞིན།། སྒྲ་མེད་པ་ཡི་བཟླས་པར་བཤད།། སྒྲ་མེང་བཟླས་པ་འབུམ་དུ་ནི།། ཆོ་ག་བཞིན་དུ་རྫོགས་འགྱུར་ན།། མི་ནི་ཚེ་ཉམས་གྱུར་པ་ཡང་།། ལོ་ལྔའི་བར་དུ་འཚོ་བར་ངེས།། ་ཉིས་འབུམ་ལ་སོགས་ཟློས་པ་ཉིད།། ཚེ་འཕེལ་བར་ནི་བསྒྲེ་བར་བྱ།། ཐབས་ལ་མཁས་པར་གྱུར་པ་དང་།། རླུང་གི་བཟླས་ལ་བརྩོན་པར་བྱ།། ནང་པར་ལངས་ནས་སྟོང་ཕྲག་གཅིག། རྟག་ཏུ་ལེགས་པར ་པའི་བཞི་པའི་གསུམྦྷ་པ་ནི་ཌཱའོ།། གཉིས་པའི་བཞི་པཉྫི་མཐའ་ལྡན་པ་ནི་ནཱ་ཉིད།། གཉིས་པཱའི་བཞི་པཱའི་དང་པོ་ནི་ཏཱ་ཉིད།། ཆགས་པའི་ཡི་གེ་ནཱི་ར་ཉིད།། གཉིས་པའི་དྲུག་པའི་དང་པོ་ནི་ཡའོ།། བྷེ་བྲགྲཉྫིས ་པ་ནི་ཡ་གཉིས་ཏེ། གཉིས་པའི་དྲུག་པའི་དང་པོ་ནི་རླུང་གི་སྭ་བོནྡ་ནོ།། ཚེགྲ་གྲག་ནཱི་ཐ་མཱའི་ཨཱིཿའོ།། གཉིས་པའི་བཞི་པའི་དང་པོ་ནི་ཏའོ།། དང་པོའི་གཉིས་བཱ་ནི་ཨིའོ།། གཉིས་པའི་ལྔ་པཱའི་དང་པོ་ནརྀ་པའོ།། ཆག་སཱ་པཱའི་ཡི་གེ་ནཱི ་འོ།། གཉྩིས་པའི་བཞི་པཥྚི་དང་ནི་དའོ།། དང་པོའི་གཉིས་པཱ་ནཱི་ཨཻའོ།། གཉིས་པའི་བཞི་པ་ནི་ཛྷའོ།། གཉིས་པའི་ལྦུ་པ་ནི་དྲའོ།། བརྒྱད་མཐའི་གསུམ་པ་ནི་སྭའོ།། གཉིས་པའི་ལྔ་པེ་ནཱི་མ་ཉིད་དོ།། ཆགས་པའི་ཡི་གེ་ནི་རའོ།། ་བརྒྱད་མཐུའི་གསུམ་པ་ནི་སྭཱའོ།། དང་པོའི་གཉིས་པ་ནཱི་ཨིའོ།། གཉིས་པའི་བཞི་པའི་གསུམ་པ་ནི་དྲཱ་གཉིསོ།། དང་པོའི་བཞི་པ་ནཱི་ཨའོ།། གཉིས་པའི་བཞི་པའི་གསུམ་པ་ནི་དའོ།། གཉིས་པའི་ལྦུ་བ་ནི་ངའོ།། གཉིས ་གྲུཉིས་པའི་གསུམ་པ་ནཱི་ཌའོ།། དང་པཱའི་གསུམ་པ་ནི་ཨཱའོ།། བརྒྱད་པཱའི་མཐའ་ཅན་གཉིས་པ་ནིཥྚཾའོ།། གཉིས་པའི་གསུམ་པའི་དང་པོ་ནི་ཊའོ།། གཉིས་པའི་གཉིས་པ་ནི་ཁཱ་གཱ་ཉི་སྷོ།། ཚིག་དྲག་ནི་ཨ་དྲཱགྨ་བཱ། ་སྡེ་ཚན་བརྒྱད་བ་རྒྱུད་པའི་མཐའ་ལྡན་པ་ནི་ཧིའི།། དང་པོའི་གཉིས་པ་ནི་ཨིའོ།། གཉིས་པའི་ལྔ་པ་ནི་མ་གཉིསོ།། བར་དུ་ཆགས་པའི་ཡི་གེ་ནི་ར་གཉིས་སོ།། གཉིས་པའི་བཞི་པ་ནི་གྷའོ།། ཆགས་པའི་གེ་ནི་ར ་དང་བྲོའི་གཉིས་པྲ་ནཱི་ཨིའོ།། བརྒྱད་མཐའི་གཉིས་པ་ནི་ཥའོ།། གཉིས་པའི་གསུམ་པའི་ལྔ་པ་ནི་ཎའོ།། ཚེག་དྲག་ཐམས་ཅད་ནཱི་ཨཿདྲག་པོར་ཤེས་པར་བྱའོ།། གཉིས་པའི་ལྔ་པའི་བཞི་པ་ནི་བྷའོ།། གཉིས་པའི ་བཱའི་པའི་ལྔ་པཱ་ནི་ནའོ།། གཉྫིས་པའི་བཞི་པ་ནཱི་དྷཱའོ།། བརྒྱད་པའི་མཐུའུ་ཅན་གཉིས་ནི་ཏྱ་གཉིས།། གཉིས་པའི་གསུམ་པའི་ལྔ་པཱ་ནཱི་ཎཱརོ།། གཉིས་བྱའི་གསུམ་པའི་བཝཱི་བེ་གཉིས་ནཱི་དྷ་གཉིསོ།། བརྒྱད་མཐའ ་ནི་ཧའོ།། གཉིས་པབྷི་ལྱཱ་བཥྚི་དང་པོ་ནཱི་པྟ་གཉྩིས།། གཉིས་པའི་དང་པོ་ནཱི་ཙ་གཉིསོ།། གཉིས་པའི་བཞི་པའི་གསུམ་ནཱི་དེའོ།། དང་པོའི་གཉིས་པའི་ཨིའོ།། གཉིས་པའི་བཞི་པའི་ལྔ་པ་ནཱི་ནའོ།། གཉིས་པའི་ལྔ་པ ་ལྔ་པྲ་ནི་མཱའོ།། དང་པོའི་བཞི་པ་ནཱི་ཨེའོ།། གཉིས་པའི་གསུམ་པ་ནི་གའོ།། དྲང་པོའི་བཞི་པ་ནི་ཨེའོ།། གཉིས་པའི་དང་པོའི་ལྔ་པ་ནཱི་ངའོ།། བརྒྱད་པའི་མཐའ་ཅན་ནི་ཧའོ།། དང་པོའི་གསུམ་པ་ནི་ཨུའོ།། ཟླ ་བ་མིག་ནཱི་ཨ་ཐུ་།། གཉིས་པའི་དང་པོའི་ལྔ་པྱ་ངའོ།། གཉིས་པའི་ལྔ་པའི་གཉིས་པ་ནི་ཕའོ།། གཉིས་པའི་གསུམ་པའི་དང་པོ་ནི་ཊའོ།། བརྒྱད་མཐའི་གསུམ་པ་ནི་སའོ།། གཉིས་པའི་ལྔ་པའི་གསུམ ་པ་ནི་བའོ།། བརྒྱད་མཐར་ལྡན་པ་ནི་ཧའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་སྐུའི་འཁོར་ལོའི་སྔགས་བཏུས་ཏེ་འཁོར་ལ་བཤད་པའོ།། འདི་ནི་སྔགས་ཀྱིས་རྒྱལ་པོ་སྟེ།། འབུམ་ཕྲག ་