| Wylie | e-texts produced with BDRC’s OCR application |
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ། རྒྱ་གར་སྐད་དུ། ཏཱ་རེ་དྲེ་བི་སྟཽ་ཏྲཾ་ཨེ་ཀ་བཱི་ཤ་ཏི་ཀ་སཱ་དྷ་ནེ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན ་འཕགས་མ་སྒྲོལ་མ་ཕྱག་འཚལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་ཕྱེ་བ་ལས་ནི་བྷྲིང་མ། ད་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ན་མཁའི ་དཀྱིལ་ན་པདྨ་སེར་པོའི་སྟེང་ན་བཞུགས་པ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན།། ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ།། ཕྱག་དང་པོ་གཉིས་སྒྲོག་པར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་བརྒྱ་དང་ལྡན ་པའོ།། དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་འཕེན་པ་ནི་ཐུགས་ཁར་བཀང་བ།། གཡས་ཀྱི་གསུམ་པ་འཁོར་ལོ།། བཞི་པ་ན་རོལ་གྲི། གཡོན་གྱི་གསུམ་པ་ན་དུང་། བཞི་པ་ན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། འཕཊ ་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྦུབས་ཐབས་ལེའུ་དང་པོ་རྫོགས་སོ།། ། ཕྱག་འཚལ་སྟོན་ཁའི་ཟླ་བ་ཀུན་ཏུ།། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མཱ།། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།། རབ་ཏུ་ཕྱེ ་བའི་འོད་རབ་འབར་མཱ།། དྲོ་ལ་དང་པོར་རེ་ཤློག་སྟོན་མཁའི་ཟླ་བ་ལྟར་དཀར་བའི་སྒྲོལ་མཱ་དཀར་མོ་ཞལ་གསུམ།། ཕྱག་བཅུ་གཉིས་མ།། ཞལ་གསུམ་ནི་གཡས་སྔོ་ཞིང་གཡོན་སེར་བའོ།། ཕྱག་དང་པོ་གཉིས་མཉམ་པར་གཞག་པ་གཡས་གཉིས་ཁ་ཏཱཾ ་ག། གསུམ་པ་ན་འཁོར་ལོ། བཞི་པ་ན་རིན་པོ་ཆེ། ལྔ་པ་ན་རྡོ་རྗེ་དྲུག་པ་ན་མེ་ཏོག་གི་ཕྲེང་བའོ།། གཡོན་གྱི་གཉིས་པ་ནཱ་རིལ་པོ་སྤྱི་བླུགས་གསུམ་པ་ནཱ་ཨུད་པ་ལ། བཞི་པ་ན་དྲིལ་བུ། ལྔ་པ་ན་བུམ་པ། དྲུག་པ་ན་པོ་ཏི་བསྣམས་པའོ།། འཕགས་མཱ་སྒྲོལ་མ་སྟོན ་མཁའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་གཉིས་པ་རྫོགས་སོ།། ། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།། པདྨའི་ཕྱག་ནི་རྣམ་པར་བརྒྱན་མཱ།། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མཱ།། རྗེ ་བཙུར་མ་འཕགས་མ་སྒྲོལ་མ་གསེར་གྱི་མདོག་ཅན།། ཞལ་གཅིག། ཕྱག་བཅུ་མ། སྣ་ཚོགས་པདྨའི་སྟེང་གི་ཉི་མ་ལ་གྲནས་མྱ། ཕྱག་གཡས་ཀྱི་དང་པོ་ན་ཕྲེང་བ་ཐུགས་ཁར་འཛིན་པ། གཉིས་པ་ནཱ་རལ་གྲི། གསུམ་པ་ན་མངའ་འཕེན་པར་གཟུས་པ། བཞི་པ་ནཱ ་རྡོ་རྗེ། ལྔ་པ་ན་དབྱུགས་གུའོ།། གཡོན་གྱི་དང་པོ་ནུ་དར་སྦྱངས། གཉིས་པ་ན་ཞགས་པ།། གསུམ་པ་ན་པདྨ། བཞི་པ་ན་དྲིལ་བུཾ། ལྔ་པ་ན་གཞུ་བསྣམས་པའོ།། དེ་ཡང་རྡོ་རྗེ་དཀྱིལ་མོ་དཀྲུང་གྲིས་བཞུགས་པའོ།། འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི ་སྒྲུབ་ཐབས་ཞེས་བྱ་བའི་ལེའུ་གསུམ་པ་རྫོགས་སོ།། ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་དུ་བསྟེན་མ།། པདྨ ་སེར་པོ་དང་ཟླ་བའི་དཀྱིལ་ན་སེམས་དཔའི་དཀྱིལ་མོ་དཀྲུང་གིས་བརྟན་པར་བཞུགས་པའི། རྗེ་བཙུན་མ་གསེར་གྱི་མདོག་ཅན།། ཞལ་གཅིག། ཕྱག་བཞི་མ། གཡས་དང་པོ་མཆོག་སྦྱིན་པ།། གཉིས་པ་ན་ཕྲེང་བ། གཡོན་དང་པོ་ན་རིལ་པ་སྤྱི་བླུགས།། གཉིས་པ་ན ་དབྱུག་གུ་བསྣམས་པའོ།། འཕགས་མ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ། ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པ་རྫོགས་སོ།། ། ཕྱག་འཚལ་ཏུ་ཏ་རེ་ཧཱུཾ་ཡིག་གིས།། འདོད་དང་ཕྱོགས་དང ་ནམཁའ་གང་མ།། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མཱ།། རྗེ་བཙུན་མ་སྐུ་མདོག་སེར་མོ།། ཟླ་བའི་གདན་ལ་རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་པ། ཞལ་གཅིག། ཕྱག་གཉིས་མ། གཡས་སྐྱབས་སྦྱིན་པ། ་གཡོན་པདྨ་སེར་པོ་བསྣམས་པའོ།། འཕགས་མ་སྒྲོལ་མུ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་སྦུབས་ཐབས་ཀྱི་ལེའུ་སྟེ་ལྔ་པ་རྫོགས་སོ།། ། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད། ་མཱ་ཎྜ་འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མཱཾ།། རྗེ་བཙུན་མ་དམར་མོ།། པདྨ་དམར་པོ་དང་། ཉི་མའི་གདན་ལ་སེམས་དྲཔའི་དཀྱིལ་མོ་དཀྲུང་གྱིས་བཞུགས་པ། ཞལ་གཅིག། ཕྱག་བཞི་མ། གཡས་ཀྱི་དང་པོ་རྡོ་རྗེ། གཉིས་པ་རལ་གྲི། ་གཡོན་གྱི་དང་པོའི་སྡིགས་མཛུབ།། གཉིས་པ་ཞགས་པ་བསྣམས་པའོ།། འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་དྲུག་པ་རྫོགས་སོ།། ། ཕྱག་འཚལ་དྲད་ཅེས་བྱ་དང་ཕཊ་ཀྱིས།། ཕ་རོལ་འཕྲུལ་འཁོར ་རབ་ཏུ་འཇོམས་མཱ།། གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།། མེ་བབརླ་འཁྲུགས་མ་ཤིན་དུ་འབར་མཱ།། རྗེ་བཙུན་མོ་ནག་མོ།། པདྨ་སེར་མོ། ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བས་བཞུགས་པ། ན་བཟའ་སོར་མོ་མནབས་པ། རིན་པོ་ཆེའི་གཅོད་པན་ཅན།། རྐང་གདུང ་ལ་སོགས་པ་དང་ལྡན་པ། ཞལ་ཅིག། ཕྱག་བཞི་མ། དབུ་སྐྲ་གྱེན་དུ་བརྫེས་ཤིང་སྦྲུལ་གྱིས་བརྒྱན་པ། གཡས་དང་པོ་ན་འཁོར་ལོ། གཉིས་པ་ན་རལ་གྲི། གཡོན་དང་པོ་སྐྱེས་གནས་ཀྱི་སྟེང་ན་ཞགས་པ་བསྣམས་པ། གཉིས་པ་བརྐྱང་སྟེ་སྡིགས་འཛུབ་མཛད་པའོ།། ་འཕགས་མ་སྒྲོལ་མ་གཞན་འཇོམས་མཽ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བདུན་པ་རྫོགས་སོ།། ། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།། ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།། དགྲ་བོ་ཐམས་ཅད་མ ་ལུས་གསོད་མ།། རྗེ་བཙུན་མ་གསེར་གྱི་མདོག་ཅན་ཞལ་གཅིག། ཕྱག་བཞི་མ། པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཆུ་སྲན་ལ་དཀྱིལ་མོ་དཀྲུང་ཕྱེད་པས་བཞུགས་པ། གཡས་དང་པོ་ན་ཤིང་མྱ་ངན་མེད་པའི་ཡལ་ག་བཟུང་བ། གཉིས་པ་ན་རིན་པོ་ཆེ་བསྣམས་ཤིང ་མཆོག་གསེལ་བ། གཡོན་དང་པོ་ན་པདྨ། གཉིས་པཱ་ན་བུམ་པ་བསྣམས་པའོ།། འཕགས་མ་སྒྲོལ་མ་བདུད་ཐིམ་པ་ཅང་འཇོམས་ཤིང་དབོང་མཆོག་སྟེར་བར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བརྒྱང་བ་རྫོགས་སོ།། ་ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཡི།། སེར་མོས་ཐུགས་ཁར་རྣམ་པར་བརྒྱན་མེ།། མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི།། རང་གི་འོད་ཀྱིས་ཚོགས་རྣམས་འཁྲུག་མ།། རྗེ་བཙུན་མ་པདྨ་ནཱ་གའི་མདོག་ཅན་པདྨ་དམར་པོ་དང་ཟླ་བའི ་སྟང་ན་བཞུགས་བྱ། ཞལྔ་གཅིག། ཕྱག་བཞི་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་མ།། ཕྱག་དང་པོ་གཉིས་རབ་ཏུ་དགའ་བར་བྱེད་པའི་ཕྱག་རྒྱ་སྟེ། དང་པོའི་ཕྱག་རྒྱ་ལྟ་བུའོ།། གཡས་གཉིས་པས་གར་བྱེད་པ། གཡོན་གཉིས་པ་ཤིང་མྱ་ངན་མེད་པའི ་ཡལ་ག་འཛིན་པའི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་རིན་པོ་ཆེའི་ཆུར་རྒྱུན་འབེབས་པར་མཛད་པའོ།། འཕགས་མ་སྒྲོལ་མོ་མཆོག་གསོལ་བཾ་ཞེས་བྱ་བའི་སྒྲུངབ་ཐབས་ཀྱོ་ཁྱེའུ་སྟེ་དགུ་པ་རྫོགས་སོ།། ། ཕྱག་འཚལ་རབ་ཏུ་དགའ་བས ་བརྗིད་པའི།། དབུ་རྒྱན་འོད་ཀྱི་ཕྲེང་བས་སྤེལ་མ།། བཞད་པ་རབ་བཞད་ཏུ་ཏ་ར་ཡིས།། བདུད་དང་འཇིག་རྟེན་དབང་དུ་མཛད་ལ།། རྗེ་བཙུན་མ་དམར་མོ།། པདྨ་དམར་པོ་དང་ཟླ་བའི་གདན་རོལ་པས་བཞུགས་པ། ཞལ་གཅིག། ཕྱག་བཞི་མོ། ཕྱག་དང་པོ་གཉིས་སྤྱི ་བོར་རབ་ཏུ་དགའ་བའི་ཕྱག་རྒྱ་བཅིངས་པ། གཡས་གཉིས་པ་ན་རལ་གྲིའི་ཕྱག་རྒྱ་དང་ལྡན་པ། གཡོན་གཉིས་པ་ན་ཤིང་མྱ་དྲན་མེད་པའི་ཡལ་ག་བཟུང་བའོ།། འཕགས་མ་སྒྲོལ་མ་མྱ་ངན་ཐམས་ཅད་སེལ་བར་བྱེད་པ་ཞེས་བྱ ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་པ་རྫོགས་སོ།། ། ཕྱག་འཚལས་བཞི་སྐྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས།། འཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མོ།། རྗེ་བཙུན་མ ་མུན་པའི་མདོག་ཅན་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་པདྨ་ལ་ཞབས་གཡས་བརྐྱང་བའི་རོལ་པས་བཞུགས་པ། ཞལ་གཅིག། ཕྱག་གཉིས་མ། ཕྱོགས་མཚམས་བརྒྱད་ནས་གཟའ་བརྒྱད་གཡས་ན་བསྣམས་པའི་ལྕགས་ཀྱུས་འགུགས་པ། ཕྱག་གཡོན ་པས་རོལ་པའི་ལྕགས་ཀྱུ་བསྣམས་པའོ།། འཕགས་མ་སྦྲེལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། ། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན།། ་བརྒྱན་པ་ཐམས་ཅད་ཤིན་ཏུ་འབྲར་མ།། རལ་པའི་ཁྲོད་ན་བོང་དཔག་མེད་ལས།། རྟག་པར་ཤིན་དུ་འོད་ནི་མཛད་མ།། རྗེ་བཙུན་མ་གླ་སེར་གྱི་མདོག་ཅན།། སྣ་ཚོགས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་པ། ཞལ་གཅིག། ་ཕྱག་བརྒྱད་མ། གཡས་དང་པོ་ན་རྩེ་གསུམ་པ། གཉིས་པ་ན་ལྕགས་ཀྱུ། གསུམ་པ་ན་རྡོ་རྗེ། བཞི་པ་ནཱ་རལ་གྲི། གཡོན་དང་པོ་ན་རིན་པོ་ཆེ་ཐུགས་ཁར་བསྣམས་པ། གཉིས་པས་ལྕགས་ཀྱུ། གསུམ་པས་དབྱུག་གུ། བཞི་པས་བུམ་པ་བསྣམས་པའོ།། འཕགས ་མ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། ། ཕྱག་འཚལ་སྐལ་པའོ་ཐ་མའི་མེ་ལྟར།། འབར་བའི་འཕྲེང་བའི་དབུས་ན་གནས་མ།། གཡས་བརྐྱང་གཡོན་བསྐུམ་པས ་ཀུན་བསྐོར་དགའ།། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མི། རྗེ་བཙུན་མ་དམར་མོ། པདྨ་དམར་པོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་ལ་གཡས་བརྐྱང་བས་གནས་པ། ཞལ་གཅིག། ཕྱག་བཞི་མ། སྨིན་མ་དང་མ་ཏུ་གྱེན་དུ་རྩོལ་བས ་བལྟ་བ། གཡས་དང་པོ་ན་རལ་གྲི། གཉིས་པ་ན་མངའ། གཡོན་དང་པོ་ན་འཁོར་ལོ། གཉིས་པ་ན་གཞུ་བསྣམས་པའོ།། འཕགས་མ་སྒྲོལ་མ་ཡོངསུ་སྨིན་པར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། ་ཕྱག་འཚལ་ས་གཞིའི་ངོས་ལྔ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།། ཁྲོ་གཉེར་ཅན་མཇིད་ཡི་གེ་ཧཱུཾ་གིས།། རིམ་པ་བདུན་པོ་རྣམས་ནི་འགེམས་མ།། རྗེ་བཙུན་མ་སྐུ་མདོག་ནག་མོ།། ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་པདྨ་དམར་སེར་ལ ་གཡས་བརྐྱང་པའི་གར་གྱིས་ཡི་དག་མནན་ཅིང་བཞུགས་པ། ཞལ་གསུམ་ལ་སྤྱན་གསུམ་མངའ་བའི་རྩ་བའི་ཞལ་ནག་མོ། གཡས་དཀར་བ་གཡོན་དམར་བ། ཕྱག་དྲུག་པ་ཁྲི་གཉེར་དང་ལྡན་ཞིང་ཞལ་དང་སྨན་མ་བསྡུས་པ་ཅན།། མེའི་རྒྱུ་མ ་ཞལ་དུ་གསོལ་ཞིང་མགོ་བོའི་གཅོད་པན་ཅན། ཐོད་པའི་དོ་ཤལ་དང་ལྡན་པ། སྡུག་གི་ལྤགས་པའི་ཤམ་ཐབས་མནབས་པ། སྦྲུལ་གྱིས་བརྒྱན་པ། ཕྱོགས་དང་མཚམས་བཞིར་མྱུ་གུ་འཛིན་པ། ཕྱག་གཡས་དང་པོ་རལ་གྲི། གཉིས་པ་ལྕགས་ཀྱི། གསུམ ་པ་དབྱུག་གུ། གཡོན་དང་པོ་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ཞགས་པ། གསུམ་པ་ན་མགོ་བོ་བསྣམས་པའོ།། འཕགས་མ་སྒྲོལ་མ་འགུགས་པའི་ཁྲོ་མོ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་བཞི ་པ་རྫོགས་སོ།། ། ཕྱག་འཚལ་བདེ་མ་དགེ་མ་ཞིམ།། མྱ་ངན་འདས་ཞིང་སྤྱོད་ཡུལ་ཉིད་མ།། སྭཱ་ཧཱ། ཨོཾ་དང་ཡང་དག་ལྡན་མ།། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།། རྗེ་བཙུན་མཱཾ་དཀར་མོ།། ཞལ་གཅིག། ཕྱག་དྲུག་མ། པདྨ་དཀར་པོའི་སྟེང་ན ་ཟླ་བ་ལ་རྡོ་རྗེ་དཀྱིལ་དེ་ཀྲུང་གིས་བཞུགས་པ། གཡས་དང་པོས་ཕྲེང་བ་ཐུགས་ཁར་བསྣམས་པ། གཉིས་པ་མཆོག་སྦྱིན། གསུམ་པ་དབྱུག་གུ། གཡོན་དང་པོ་ནི་པདྨ། གཉིས་པ་ན་རིལ་བ་སྤྱི་བླུགས། གསུམ་པ་པོ་ཏི་བསྣམས་པའོ།། འཕགས་མ་སྒྲོལ་མ ་ཞི་བ་ཆེན་མོ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། ། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའོ།། དགྲའི་ལུས་ནི་རབ་ཏུ་འགེམས་མ།། ཡི་གེ་བཅུ་པའི་ངག་ནི་བསྐོད་པའི།། རིག་པའི་ཧཱུཾ་ལས་སྒྲོལ་མ་ཉིད་མ།། རྗེ་བཙུན ་མ་དམར་མོ།། ཞལ་གཅིག་སྤྱན་གསུམ་མ། ཕྱག་གཉིས་མ། པདྨ་དམར་སེར་གྱི་སྟེང་ན། ཉི་མའི་དཀྱིལ་འཁོར་ལ་སེམས་དཔའི་དཀྱིལ་མོ་དཀྲུང་གྱིས་བཞུགས་པ། གཡས་ཐུགས་ཁར་རྩེ་གསུམ་པ་བསྣམས་པ་གཡོན་སྙིང་པོ་དང་བཅས་པའི་ཕྱག ་རྒྱ་དང་ལྡན་པའོ།། འཕགསོ་མ་སྒྲོལ་མ་ཆགས་པ་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་དྲུག་པ་རྫོགས་སོ།། ། ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས།། ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ།། རི་རབ་མན་དྷ་ར་དང ་འབིགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། རྗེ་བཙུན་མ་སྐུ་མདོག་དམར་སེར། ཞལ་གཅིག། ཕྱག་གཉིས་མ། པདྨ་དཀར་པོའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་ཐུགས ་ཁར་ཟླ་བའི་དཀྱིལ་འཁོར་བསྣམས་པའོ།། འཕགས་མ་སྒྲོལ་མ་བདྲེ་བ་ཐམས་ཅད་སྒྲུབ་པ་ཞེས་བྱ་བའི་སྒྲུབ་ཐོབས་ལེའུ་བཅུ་བདུན་པ་རྫོགས་སོ།། ། ཕྱག་འཚལ་ལྷ་ཡི་འོཚོ་ཡི་རྣམ་པའི།། རི ་དྭགས་རྟགས་ཅན་ཕྲག་ན་གནས་མ།། ཏ་ར་གཉིས་བརྗོད་ཕཊ་ཀྱིས་ཡི་གེས།། དུག་རྣམས་མ་ལུས་བྷ་ནི་སེལ་མ།། རྗེ་བཙུན་མ་དཀར་མོ།། ཞལ་གཅིག། ཕྱག་བཞི་མ། པདྨ་དཀར་པོ་དང་ཟླ་བའི་གདན་ལ་ངང་བའི་སྟེང་ན་སེམས་དཔའི་དཀྱིལ་མོ་དཀྲུང ་གྲིས་བཞུགས་པ། ཕྱག་དང་པོ་གཉིས་དགའ་བའི་ཕྱག་རྒྱ་དང་ལྡན་པ། གཡས་གཉིས་པས་མཆོག་སྦྱིན་པ། གཡོན་གཉིས་པ་སྙིང་པོ་དང་བཅས་པའི་ཕྱག་རྒྱ་དང་ལྡན་པའོ།། འཕགས་མ་སྒྲོལ་མ་རྣམ་པར་རྒྱལ་མ་ཞེས་བྱ་བའི་སྒྲུབ་ཐབས ་ལེའུ་བཅོ་བརྒྱད་པ་རྫོགས་སོ།། ། ཕྱག་འཚལ་ལྷ་ཡི་ཚོགས་རྒྱལ་པོ་དང་།། ལྷ་དང་མི་འམ་ཅི་ཡིས་བསྟེན་མ།། ཀུན་ནསཽ་གོ་ཆ་དགའ་བའི་བརྗིད་ཀྱིས།། རྩོད་དང་རྨི་ལམ་དྲན་པ་སེལ་མ།། རྗེ་བཙུན་མ་དཀར ་མོ། ཞལ་གཅིག། ཕྱག་གཉིས་མ། པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་གྱི་སྣང་ན། སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པ། འོད་ཟེར་གྱི་ཕྲེང་བས་བརྒྱན་པ།། ཕྱག་གཉིས་ཀྱིས་ཐུགས་ཁར་མེའི་སྣོད་བསྣམས་པའོ།། འཕགས ་མ་སྒྲོལ་མ་སྡུག་བསྔལ་ཐམས་ཅད་སྲེག་པ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་དགུ་པ་རྫོགས་སོ།། ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།། སྤྱན་གཉིས་པོ་ལས་འོད་རབ་གསལ་མ།། ཧ་རཱ་གཉིས་བཛྲོད་ཏུ་ཏཱ ་ར་ཡིས།། ཤིན་ཏུ་དྲག་པོའི་རིམས་ནི་སེལ་མོ།། རྗེ་བཙུན་མ་དམར་སེར། ཞལ་གཅིག། ཕྱག་གཉིས་མ། པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་གསེར་གྱི་མདོག་ཅན་གྱི ་བུམ་པ་བསྣམས་པའོ།། འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་ཉི་ཤུ་པ་རྫོགས།། ། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།། ཞི་བའི་མཐུ་དང་ཡང་དག་ལྡན་མ།། གདོན་དང་རོ་ལངས་གནོད ་སྦྱིན་ཆོ་གས་རྣམས།། འཇོམས་པ་ཏུ་རོ་རབ་མཆོག་ཉིད་མ།། རྗེ་བཙུན་མ་དཀར་མོ།། ཞོལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་པ། ཁྱུ་མཆོག་གི་སྟེང་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ། དཀྱིལ་དཀྲུང་ཕྱེད་པས་བཞུགས་པ།། སྟག་གི་ཤམ་ཐབས་བསྣམས ་པ་གཡས་ཕྲེང་བ། གཡོན་མདུང་རྩེ་གསུམ་པ་བསྣམས་པའོ།། འཕགས་མ་ཡོངསུ་རྫོགས་པར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་ཉི་ཤུ་རྩ་གཅིག་པ་རྫོགསོ།། ། འཕགས་མ་སྒྲོལ་མོའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། ་ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་མ་རྫོགསོ།། ། པཎྜི་མཉྫུ་ཤྲཱི་དང་། བོད་ཀྱི་ལོ་ཙ་བ་མོལ་གྱོ་བློ་གྲོས་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བའོ།། ་