CLOSE WINDOW

GT556: rdo rje sems dpa'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་སཏྭ་ནོ་པི་ཀ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གང་ཞིག་ཕན་བཟང་སྐྱོབ་པའི་མགོན།། ཐམས ་ཅད་དོན་ཀུན་སྟོན་མཛད་ཅིང་།། ཡང་དག་དཀྱིལ་འཁོར་རྫོགས་པའི་མཆོག། རིགས་བདག་སེམས་དཔའ་ལ་ཕྱག་འཚལ།། རྣལ་འབྱོར་སྒྲུབ་པའི་ཆོ་ག་དག། རབ་ཏུ་སྦྱངས་པས་གྲོལ་གྱུར་ཅིག། དེ ་གནས་ཡེ་ཤེས་བཟང་པོ་ཉིད།། དོན་མཆོག་གསང་བ་བཤད་པར་བྱ།། དམ་ཚིག་འཁོར་ལོ་རྫོགས་བྱས་ཏེ།། ཕྱག་རྒྱའི་ཡན་ལག་རྣམ་སྦྱངས་པས།། དངོས་གྲུབ་ཀུན་གྱི་ཆ་ཤས་དགེ། ཉེ་བར་སྦྱོར ་བའི་ཡུལ་ཏུ་འགྱུར།། ས་ཕྱོགས་མངོན་པར་དགའ་བ་རུ།། བདེ་བའི་སྟན་ལ་ཉེར་འདུག་སྡེ།། འགྲོ་རྣམས་ཀུན་གྲོལ་བསམ་པ་ཡིས།། ཁྲུས་རྣམས་ཆོ་ག་བཞིན་དུ་སྦྱར།། དུས་གསུཾ་ཕྱོགས་ཆའི་ཕྱི ་བྲག་གིས།། དྲུག་གི་ཆོས་རྣམས་རང་བཞིན་མེད།། དེར་སྣང་རྟོག་པའི་ཆ་བྲལ་ཞིང་།། འབྱུང་ཚོགས་ཁམས་རྣམས་མཱ་སྐྱེས་པའོ།། འགྲོ་བའི་རིགས་རྣམས་ཐ་དད་ཀྱང་།། མཚན་ཉིད་རྟོན་ཅིང་འབྲེལ ་པའི་རྒྱུན།། བྱ་དང་བྱེད་ཚོགས་ཡུལ་ཅན་ཉིད།། ཀུན་རྟགས་ཡེ་ཤེས་ཆེན་པོས་ནོན།། ཐུགས་རྗེ་སྣང་བ་འོད་ལྡན་པའི།། ཀུན་འབྱུང་རིན་ཆེན་ཕུང་པོའི་ཚོགས།། རབ་ཏུ་སྦྱར་བས་ཁྱབ་མཛད་ཅིང་།། ་ཉེ་བར་སྟོན་པའི་བདག་ཉིད་དོ།། ཐུགས་ཀྱི་སྔགས་ཀྱིས་གསལ་བྱས་ཏེ།། ཀུན་ནས་སྲོ་ཞིང་བསྡུས་པའི་མཐུས།། རྡོ་རྗེ་ས་གཞི་ལ་བརྟེན་པའི།། རཱུ་བ་གུར་སོགས་མཚོན་ཆར་བཅས། ་ཤིན་ཏུ་གསལ་བའི་སྣང་བ་ལས།། ཐབས་ཀྱི་ཕྱག་རྒྱ་རྫོགས་པ་ཉིད།། གཉེན་པོའི་ཡེ་ཤེས་སྟོབས་དང་ལྡན།། འགྲོ་གནས་ཉོན་མོངས་རྣམ་པར་དག། རིགས་མཆོག་འཁོར་ལོ་བཟང་པོའི་ཚོགས།། ཀུན ་ནས་བསྡུས་པས་བརྟན་པ་དག། རྡོ་རྗེ་སེམས་དཔའི་བདག་ཉིད་སྐུ།། འོད་འབར་ཟླ་བའི་དཀྱིལ་འཁོར་བཞིནི།། ཞལ་གཅིག་ཕྱག་གཉིས་སྒེག་དང་བཅས།། རིན་ཆེན་རྒྱན་སོགས་ཀུན་གྱིས་སྤྲས།། གཡས ་པ་རྡོ་རྗེ་རྩི་ལྔ་འཛིན།། གཡོན་པ་ཁ་ཊྭཱཾ་དྲིལ་བུ་འཁྲོལ།། དབུ་རྒྱན་རྩི་ཕྲན་ལྔ་ཡིས་བརྒྱན།། བྱང་ཆུབ་སེམས་ཀྱི་ཆ་ལུགས་ཀྱིས།། འོད་འབར་ཁ་དོག་སྣ་ལྔའི་མདངས།། སྟོད་སྨད་ནཱ་བཟས་རྣམ་པར་གྲུབ།། ་པདྨའི་དཀྱིལ་འཁོར་ལ་གནས་པའི།། ཉི་ཟླ་གསྔལ་བའི་གདན་དང་བཅས།། མཚན་དང་དཔོ་བྱེད་ཕུན་སུམ་ཚོགས།། རིགས་ཀྱི་སྤྲུལ་བས་ཀུན་དོན་མཛད།། གནས་གསུམ་ཡི་གེའི་མཚན་མ་ལས། ་སྤྲོ་བསྡུས་རིགས་ཀྱི་སེམས་དཔའ་དང་།། རང་གི་ཆ་ལུགས་ཕྲེང་སྔགས་བཅས།། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཉིད།། ཏིང་འཛིན་འཁོར་ལོ་རྫོགས་པའི་གནས།། ཡང་དག་བསྐུལ་བའི་བྱིན་བརླབས ་ཀྱིས།། སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་།། རིགས་ལྔའི་བརྗོད་པན་རྣམ་པར་མཛེས།། དམ་ཚིག་ཕྱག་རྒྱ་རྫོགས་པ་ལས།། ཡེ་ཤེས་བྱིན་བརླབས་བརྟན་པར་གཞུག། ལྷ་མོ་མཆོད་པས ་མཱམཉེས་བྱས་ཏེ།། ཤིན་ཏུ་གར་བཅས་རོལ་མོའི་གླུས།། རིགས་ཀྱི་འཁོར་ལོ་སྣ་ཚོགས་དག། ཡང་དག་སྟོས་ཅིང་གནས་ཀུན་བརྒྱན།། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས།། སྣ་ལྔའི་ཕྱེང་བཱ་སྤྲོ། ་ཞིང་བསྔོ།། ཨོཾ་བཛྲ་སཱཏྭ་ཧཱུཾ་སྭཱ་ཧཱ། ཇི་སྲིད་བརྟན་པ་ར་མ་གྱུར་པཪྵ།། འོད་འབར་འཕྲེང་བ་ཀུན་ཏུ་རྒྱས།། སྟོང་པ་མ་ཡིན་མི་སྟོང་མིན།། དབུ་མར་ཡང་ནི་དམིགསུ་མེད། ཤེས་རབ་ཕ་རོལ་ཕྱིན ་སྦྱོར་བས།། ཐབས་ཀྱི་སྙིང་རྗེའི་བདག་ཉིད་རྣམས།། དེ་བས་དེ་ཉིད་སྙིང་རྗེ་ཐབས།། ཤེས་རབ་ཕ་རོལ་ཕྱིན་པར་གསལ།། ཀུན་ཏུ་འགྲོ་དང་འདུག་པ་དང་།། ཉལ་དང་ལ་སོགས་ཐམས་ཅད་དུ།། ལྷོ་ཡི ་ཏིང་འཛིན་བརྟན་བྱས་ཏེ།། ཐམས་ཅད་སྦྱང་ཞིང་བྱིན་གྱིས་བརླབས།། བཟའ་བཏུང་ཐམས་ཅད་བདུད་རྩིའི་ཚོགས།། ཡུལ་ཀུན་ལྷ་མཱའི་དཀྱིལ་འཁོར་ཉིད།། བསྐྱེད་ལ་ཕྱག་རྒྱའི་འཁོར་ལོ་ཡིས།། བྱ ་བའི་ཕྲིན་ལས་སྣ་ཚོགས་ཀུན།། འགྲོ་གནས་འཇུག་པའི་དོན་བཞིན་སྤྱད།། དཀྱིལ་འཁོར་མཉེས་པས་མཆོད་བྱ་སྟེ།། དགའ་བའི་སྦྱིན་སྲེག་ཚིམ་པའི་མཆོག། ཚོགས་ཀྱི་འཁོར་ལོ་རྟུལ་ཞུགས་བཟང་།། ་ཡི་གེ་ཕྱག་རྒྱུ་མཚན་མའི་སྐུ།། རྣམ་གསུམ་མཛད་པ་སྒྲ་གསུང་ཐུགས།། རྟག་ཏུ་གསང་སྔགས་སྒྲ་ལྡན་པས།། ཕྱག་རྒྱའི་གནས་ཀུན་མཉམ་སྦྱོར་ཞིང་།། ཐབས་དང་ཤེས་རབ་གཉིས་མེད ་པའི། དངོས་གྲུབ་སྣ་ཚོ་གྲོས་ཉེ་བར་འགྲུབ།། ཕྱག་རྒྱ་གཅིག་པའི་བསམ་གཏན་མཆོག། རིགས་ཀུན་ཡོན་ཏན་འབྱུང་བའི་གནས།། རྡོ་རྗེ་སྙེམས་གསལ་བྱེད་པོའི།། ཐེག་པ་བླ་མེད་དམ་པའི་མཆོག། ཡང ་དག་སྦྱར་བའི་ཚུལ་འདི་ཡིས།། མ་ལུས་མངོན་རྫོགས་སངས་རྒྱས་ཏེ།། དངོས་གྲུབ་འཁྲིགས་པའི་ཕྲེང་བས་བརྒྱན།། རིགས་མཆོག་ཕྲིན་ལས་མཐར་ཕྱིན་ཤོག། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས ་སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་པུ་ཏིས་མཛད་པ་རྫོགས་སོ།། ་