CLOSE WINDOW

GT553: dpal sangs rgyas thams cad dang mnyam par sbyor ba'i dkyil 'khor sgrub pa'i rim pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གི་མཎྜ་ལ་སཱ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཞེས་བྱ་བ།། དཔལ་རྡོ་རྗེ་སེམས ་དཔའ་ལ་ཕྱག་འཚལོ།། མ་འགགས་རྣམ་འཕྲུལ་ཡེ་ཤེས་ཆེན་པོའི་འོད།། ཟབ་ཅིང་རྒྱ་ཆེ་གསུངས་དབྱངས་སྣ་ཚོགས་སྒྲོགས།། ཡོན་ཏན་རྒྱན་གྱིས་ཆོ་འཕྲུལ་བཤད་མཐར་ཕྱིན།། རིགས་དྲུག་ལྷ་མོའི་ཚོགས་བཅས་རྒྱལ ་གྱུར་ཅིག། ཐེག་ཆེན་གསང་བའི་ལམ་མཆོག་གསལ་མཛད་པའི།། སངས་རྒྱས་གཉིས་པས་ངེས་པའི་དགོངས་མཛད་འགྲོལ།། འཁོར་འདས་མ་སྤངས་ལས་སྒྲོལ་རྒྱལ་ཆེན་པོ།། རིམ་བཞིན་རྒྱུད་པའི་དམ་པ་རྣམས ་ལ་འདུད།། རྒྱུད་མཆོག་སངས་རྒྱས་ཀུན་གྱི་གསང་མཛོད་ལས།། དཀྱིལ་འཁོར་ཆེན་པོའི་ལས་ལ་རིམ་པ་དག། ལེགས་བསྡུས་རྣམ་འགྲེལ་སོགས་ཀྱིས་གནས་བྱས་ཀྱང་།། ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་གསལ་མ་བསྟན།། ་དམ་པས་མ་འོངས་རྣམས་ལ་བརྩེར་དགོངས་ཕྱིར།། སྒྲུབ་པ་ཆེན་པོའི་ཡན་ལག་དོན་སྡུས་ཏེ།། རྒྱ་མཚོ་རྒྱ་ཆེན་བདུད་རྩི་ཐིགས་པའི་ཚུལ།། ཡང་དག་སྒྲུབ་དོན་ཡན་ལག་ཕྱོགས་གཅིག་བཤད།། དམ་པའི་གསུངས་དང ་བརྒྱུད་པ་མི་བརྟེན་ཅིང་།། དགོས་འབྲེལ་ཡན་ལག་འཐད་པའི་སྒྲུབ་མེད་པར།། རང་དགོར་སྨོས་ཚིག་ཁྲ་བཞིན་སྨྲ་བྱེད་པ།། གསང་དོན་སྨོས་ཕྱིར་ལོག་འདྲེན་གཙོ་བོར་གྲག། དགོངས་པའི་རིམ་པས་སྒྲུབ་དོན་མ་བཤད་ཀྱང་།། ་ཚོགས་པས་ལས་རྒྱས་མྱུར་བའི་ཆོ་ག་ཡིས།། བརྟེན་པའི་སྟོབས་ཀྱིས་དུས་མཚུངས་གྲོལ་བྱེད་པ།། ཁྱད་པར་ཐབས་ཀྱི་དཀྱིལ་འཁོར་གཱསལ་བསྟན་བཤད།། རྒྱལ་བ་རྣམས་ཀྱི་དགོངས་མཛད་ཇི ་བཞིན་པའི།། ཡང་དག་སྒྲུབ་པའི་བསྙེན་སྒྲུབ་ཆོ་ག་ལས།། དང་པོ་རྟེན་གྱི་མཚན་ཉིད་ལྡན་པ་ཡིས།། སྒྲུབ་པ་ཚོན་པོའི་ལོས་ལ་འཇུག་པར་བྱ།། དེ་དག་ཇི་བཞིན་ལགས་པར་སྤྱོད་པའི་མཐུས།། ཚེ་འདི་ལས་དྲང་དངོས་གྲུབ ་ཕུན་ཚོགས་གནས།། རིག་འཛིན་གནས་ཐིབ་སངས་རྒྱས་སར་འགྲོ་ཞིང་།། ཟག་མེད་ཡོན་ཏན་ཕྲིན་ལས་གོ་བར་སྟོན།། གྲང་ཞིག་རྒྱལ་བ་རྣམས་ཀྱི་རྗེསུ་འཇུག་པ་དག་གིས་ནི་ངེས་པའི་དོན་དུ་བཤད་པའི་ཐེག་པ་ངག ་ཀྱང་ཕྱག་རྒྱ་བཞི་དང་ཚད་མས་བསྒྲུབས་ཏེ་བླ་མ་བརྒྱུད་པ་ལ་བརྟེན་པར་བྱའོ།། དེ་ལ་དང་པོ་རྟེན་གྱིས་མཚན་ཉིད་ནི།། ཞི་ཞིང་དེས་ལ་གསོང་པོར་སྨྲ་བ་དང་།། སྒྱུ་སོགས་མེད་པས་གཞན་དོན་བརྩོན་པ་དང་།། ང་རྒྱུལ་ཁྲོ ་གཏུ་དང་བྲལ་བ།། འགྲོ་བ་ཀུན་གྱི་ཡིད་འོངས་ཞིང་།། དམ་པའི་བཤེས་གཉེན་ལ་བརྟེན་ཏེ།། སྒྲུབསུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་བླང་བ་དྲག་བྱའོ།། དེ་ནས་ཐེག་པ་ཆེན་པོ་ལ་མོས་པའི ་ཤུགས་ཀྱིས་དད་པ་དང་། བརྩོན་འགྲུས་དང་། ཡང་དག་པའི་ལྟ་བས་ཤེས་རབ་གསུམ་བསྐྱེད་ཅིང་སྣོད་ཀྱི་རིམ་པ་དག་གསལ་བར་བྱས་ནས་རྡོ་རྗེ་ཐེག་པ་ལ་མོས་པས་དེ་ཉིད་ཀྱི་བླ་མ་དམ་པ་ལ་བརྟེན་ཏེ།། དཀྱིལ ་འཁོར་དུ་འཇུག་པ་དང་། དབང་བཞི་རིམ་པ་བཞིན་དུ་ཐོབ་པར་བྱ་བ་དང་། དེ་དག་གི་དམ་ཚིག་ཇི་སྐད་བསྟན་པ་བཞིན་དུ་གནས་པས་འགྲོ་བ་ཐམས་ཅད་བསྒྲལ་ཞིང་བྱང་ཆུབ་ཀྱི་ལམ་ལ་དགོས་པར་བྱ་བའི་ཕྱིར་རྡོ་རྗེ ་ཐེག་པ་ལས་བཤད་པའི་དོན་བཉྫི་དུ་བདག་བསྒྲལ་བར་བྱ་སྟེ། དོད་པ་ལ་སྐྱོན་དུབ་མེད་པ་དང་། བརྩོན་འགྲུས་ལ་ཐང་ལྷོད་མེད་པ་དང་། ལྟ་བ་ལ་དབྱེ་གསལ་མེད་པ་དང་། སྤྱོད་པ་ལ་འགྲོ་འཐེབ་མྱེད་པས་དེ་བཞིན ་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ།། སྒྲུབ་པ་རིམ་པའི་གདམས་དོག་མནོས་ཤིང་ལྟ་བས་མཚན་ཉིད་དང་། བྷྱོ་བཱི་མཚན་ཉིད་དང་། སྤྱོད་པའི་མཚན་ཉིད་དང་།། སྒྲུབ་པི་མཚན་ཉིད་དག་ཐེ་ཚོ་མེད་པར་ཉམ་སུ་བླངསོ།། དེས་བདག་དང ་གཞན་དག་རྗེསུ་གཟུང་བའི་ཕྱིར་གཟུགས་བརྙན་ཀྱི་དཀྱིལ་འཁོར་བྱ་བའི་ཆོ་ག་དང་། དཀྱིལ་འཁོར་ཇི་ལྟ་བ་བཞིན་ཤེས་ཤིང་བསྒོམ་པའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་རྣམ་པ་བཞི་ཤེས་པས་རྒྱས་གདབ་པ་དང་། སྔགས ་རྣམ་པ་བཞིས་དཀྱིལ་འཁོར་སྒྲུབ་པ་དང་། ཡེ་ཤེས་ཀྱིས་ལྷ་ལ་སོགས་པ་རྣམས་དགུག་པ་དང་། མཆོད་པ་གསུམ་གྱི་རིམ་པར་ཤེས་པས་ལྷ་དང་སློབ་དཔོན་མཉེས་པར་བྱ་བ་དང་། ལས་སྣ་ཚོགས་ཀྱི་བྱ་བ་ལ་སྦྱོར་བའི ་ཆོ་ག་དང་། བདག་དང་གཞན་ལ་སོགས་པ་མ་ལུས་རྣམས།། གང་འདོད་པ་བསྲུང་བའི་ཆོ་ག་དང་། སླར་སྡུ་བའི་ཆོ་ག་དང་། གཤེགསུ་གསོལ་བའི་ཆོ་ག་རྣམས་ལ་མཁས་ཤིང་བྱང་བར་བྱས་ནས་བདུད་རྩི་ལྔའི་རི་བུས ་བཅང་ཞིང་བསྒྲུབ་པར་བྱའོ།། དེ་ཡང་རྡོ་རྗེ་རྒྱལ་པོ་དང་། རྒྱུལ་འབྱེབ་ཀྱིས་མ་ཟིན་པར་གྱུར་ནས། གནས་དང་བྱང་དུ་གཞོལ་ཞིང་ཕྱོགས་གཞན་མཐོ་བར་གྱུར་པ་ནགས་ཚུལྔ་ཕུར་སུམ་ཚོགས ་པར་འཁོར་བ་དང་།། ཡུལ་དང་། ཡོ་བྱས་དང་། རྒྱན་ཆས་ཕུན་སུམ་ཚོགས་པའི་སྒོ་ནས་ལུས་ལ་སྦྱོར་རོ།། དེ་ལ་གནས་ནི་རྣལ་འབྱོར་པ་ཉིད་དག་ཤིན་ཏུ་ཉམས་དགའ་བར་གྱུར་པའི་ས་གཞི་པདྨ་འདྲེ་བ་ལས ་དབུས་མཐོ་ཞིང་ནམ་མཁའ་འཁོར་ལོ་རྩིབས་བརྒྱད་པ་ལྟར་མངོན་པ། ཤར་དང་བྱང་དུ་གཞོལ་ཞིང་ཕྱོགས་གཞན་མཐོ་བར་གྱུར་པ་ནོགས་ཚལ་བཟང་པོ་མེ་ཏོག་འབྲས་བུའི་ཚོགས་ཀྱིས་བརྒྱན་ཅི་། ཆུ་རྒྱུན་གསལ ་བས་མཐའ་བཞི་རྒྱས་པའི་རི་འམ།། ལྗོངས་སམ། ཐང་ལ་སོགས་པ་རིན་པོ་ཆེ་དང་སྨན་འབྲས་ཀྱིས་བརྒྱན་པ་ནི་ཤིན་ཏུ་བཀྲ་ཤེས་པར་གྱུར་ཏོ།། དེ་ལས་གཞན་པའི་ལས་ཕྲ་མོ་དག་སྒྲུབ་པོ་ལ་ནི་རིགས་སོ་སོའི ་གནས་དང་མཐུན་པར་བྱའོ།། དེར་ཤིས་པ་དང་མི་ཤིས་པའི་ལྷས་བརྟག་པའི་ཕྱིར་སཾ་པུས་ནུབ་ཙམ་དུ་བརྐོས་ལ་སླར་ས་དེས་དགང་བ་འམ་དྲི་ཆུ་བཟང་པོ་དང་སྦྱར་བས་བཀདཱ་སྟེ། མཉམ་པར་བཞུག་པས་རྡོ་རྗེ་དྲིལ ་བུ་བཟུང་ཞིང་རང་གི་སྔགས་བརྗོད་ནས་མི་དྲག་པར་གོམ་པར་བརྒྱའི་གནས་ལོག་སྟེ་བལྟ་བར་བྱའོ།། དེ་ལས་མ་ལེགས་པའི་མཚན་མ་མཐོང་བ་དག་ལ་ནི་གཡས་གཡོན་གྱི་གན་སུ་སྤོ་བར་བྱ་ཞིང་། པྲ་སེན་ལ ་སོགས་བརྟགོ། དེ་ནས་བསོངས་ཀྱི་ཚོ་ཀྱིས་སྣོད་དག་པར་བྱ་བའི་ཕྱིར།། སྐུའི་རྟེན་གཟུགས་པ་དང་གསུང་གི་སྒྲ་བསྒྲགས་པ་དང་།། མཆོད་སྦྱིན་པོ་རྒྱ་ཆེར་བཏང་ཞིང་།། གཏོར་མའི་ཚོགས་ཀྱིས་མགྲོན་རྣམས་ཚིམ་པར་བྱའོ།། དེ་ན ་ཡང་རྣར་ཤྲེ་བཱི་ཕྱག་རྒྱའི། ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་བརྟགས་ནས་ཤིན་ཏུ་དགེ་བར་གྱུར་པ་དེར་བསླབ་པར་བྱའོ།། གལ་ཏེ་མཚན་མ་ངན་པ་ལྟ་བུ་ཞིག་ན་ནི་ཞི་བ་དང་དྲག་པོས་གདུལ་བར་བྱ་ཞིང་དེ་དག་གི་སྦྱིན་སྲེག་ལ་སོགས་པས ་འགྲུབ་པར་འགྱུརརོ།། ཡུལ་གྱི་བདག་པོ་རྒྱལ་པོ་ལ་སོགས་པ་དག་ནི་བསླང་བ་འམ། རིན་གྱིས་ཉོས་པ་འམ། མི་སྣང་ལ་ནི་རང་གི་ལྷའི་སྦྱར་བས་གཏོར་མ་བཏང་སྟེ། མགྲོན་རྣམས་ཚིམ་ནས། ལསོ་ལ་བསྒོ་ཞིང་དེ་ལུས ་ཁྱད་པར་དུ་སོའི་ལྷ་མོ་དང་། ས་བདག་ཏཱ་པ་ལའི་འཁོར་རྣམས་ལ་བསླངས་ནས་དེ་དག་མཉེས་པར་བྱའོ།། དེ་ནས་བཞི་དེ་དག་ཏུ་དྲི་ཆབ་བྱིན་གྱིས་བརླབས་པ་སྔགས་ཀྱིས་གཏོར་ཞིང་། ཏིངེ་འཛིན་གསལ་བའི་འཕྲོ ་འདུས་བདུད་རྩི་དང་།། ཡི་གེ་གསུམ་གྱིས་སྦྱང་བ་བྱས་ནས་དཀྱིལ་འཁོར་ཇི་ཙམ་འདོད་པའི་རྒྱར་སོ་གཞི་བརྐོས་ཏེ། དངོས་གྲུབ་འབྲིང་གི་དོན་དུ། ཁྲུ་དོ་དང་། སོར་བཞིའི་ཚད་དུ་བརྐོས་པའི་ཆད་འཕང་དུ་བརྩིག ་པབཔར་བྱའོ།། དེའི་དུས་སུ་རུས་པ་དང་། གསེག་མ་དང་། གྱོ་མོ་དང་། སོལ་བ་དང་། ས་རོ་རྣམས་བསལ་ཏེ་དྲི་ཞིམ་པོའི་ཆུ་དང་། ས་མཉམ་འཇིམ་པ་སྦྱིན་པོ་དང་བསྲེས་ནས་བརྩིགས་ཏེ།། སྨན་དང་། རིན་པོ་ཆེ་དང་། དྲི ་རྣམས་སྙིང་པོ་རུ་གཞུགོ།། ཡང་ཆོས་ཉིད་རྣམ་པར་དགུ་པའི་དོན་པས་མོ།། ཨོཾ་སྭ་བྷཱ་བཱ་ཤུདྡྷཿསརྦྦ་དྷམས་བྷཱ་བ་ཤུདྡྷོ་ཧོ་ཞེས་བརྗོད་དེ།། དྲིའི་ཆུས་བྱུག་པར་བྱའོ།། དེ་ནས་མཆོད་གཏོར་སྨྲ་ཚོགས་ཉེ་བྱ ་སྦྱང་དང་། རིགས་ཀྱི་ང་རྒྱལ་དང་ལྡན་པ་ལྔས་རང་ཉིད་རྒྱན་གྱིས་བརྒྱན་ཏེ།། ས་གཞི་བྱིན་གྱིས་བརླབ་པའི་དོན་དུ། བྲུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་ན་མཁའ་སྟོང་པའི་རང་བཞིན་ལས་བྱུང་བ་བཞིའི་དཀྱིལ་འཁོར་རི ་རོབ་དང་བཅས་པ་བརྟན་པར་གནས་ཤིང་།། རྡོ་རྗེ་ས་གཞི་དང་། ར་བ་དང་། གུར་ལ་མྱེ་འོད་དང་བཅས་པར་བསམ་མོ།། དེ་ནས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་དབུསུ་གནས་པ་ལ་ཕྱོགས་བཞི།། དེའི་སྔགས་དང་ཕྱག་རྒྱ་ནི།། སྣ ་ཚོགས་རྡོ་རྗེ་བཅིངས་པ་ས་ལ་བཞག་སྟེ།། ཨོཾ་མེ་དེ་ནི་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པའོ།། དེ་ནས་བདག་ཉིད་ཀྱི་མདུན་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་འཛིན་པ་བཀའ་ཉན་པའི་ཚུལ་དུ་གནས་པ་ལས་ཞོལ་བསིལ་དང ་མཆོད་ཡོན་ཕུལ་ཞིང་གསོལ་བ་གདབ་པར་བྱའོ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས།། སྤྱོད་པའི་ཚུལ་དང་ཁྱད་པར་གྱི།། ས་དང་ཕ་རོལ་ཕྱིན་པ་དང་།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར ་བདུད་ཀྱི་སྡེ་བཅོམ་པ།། དེ་བཞིན་བདག་གི་བདུད་ལས་ནི།། རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི།། ཞེས་ལན་གསུམ་གསོལ་བ་བཏབ་ནས།། ཇི་སྲིད་ལས་མ་གྲུབ་པའི་བར་དུ་བཞུགསུ་གསོལ་བ་དང་།། ལྷ་མོ་འགྱེད་ནས ་མདངས་ཕྱུང་སྟེ་སླར་སྨྲས་པ།། ཁྱེད་རྣམས་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་གྱིས་ཤིག་ཅེས་བརྗོད་པར་བས་མོ།། དེ་ནས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་དབུསུ་གནས་པ་ལ་ཕྱོགས་བཞིའི་རྣལ་འབྱོར་པ་རྒྱན་གྱིས་བརྒྱན ་ཞིང་།། ལྷ་མོ་བཞིའི་ང་རྒྱལ་དང་བཅས་པས་གསོལ་བ་གདབ་པར་བྱི་སྟེ། ཨོཾ་བྱམས་ཆེན་ན་མཁའི་རིགས་སྦྱོར་བ།། རྡོ་རྗེ་འཛིན་རྒྱལ་འཇིགས་པའི་སྐྱབས།། རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན།། ཡང་དག་ཡེ ་ཤེས་སྤྱོད་པ་གྲོལ།། ཨ་ལ་ལ་ལ་ལ་ཧོ།། ཨོཾ་སྙིང་རྗེའི་གནས་མཆོག་དག་པའི་དངོས།། མཉམ་ཉིད་ཆོས་ཀུན་འབྱུང་བ་ཡིས།། ཡོན་ཏན་རིན་ཆེན་མཛོད་སྟོན་པའི།། རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ།། ཨ་ལ་ལ་ལ་ལ་ཧོ།། ་ཨོཾ་དགའ་བའི་པདྨོ་མཚན་ལྡན་པ།། ཀུན་རྟོག་དངོས་གསལ་ཆགས་པ་མེད།། རྡོ་རྗེ་གསང་གསུམ་གནས་ངོན་པའོ།། བརྗོད་འབྱུང་ཚིགས་ལས་འདས་པའོ།། ཨ་ལ་ལ་ལ་ལ་ཧོ།། ཨོཾ་བཏང་སྙོམས་གནས་དྲན་དྲ་བ་སེལ།། ་ཕྲིན་ལས་བདག་པོ་སྟོབས་རྫོགས་པ།། བྱ་བའི་ཡེ་ཤེས་མཐར་མཛད་ཅིང་།། སྤྲུལ་པའི་དཀྱིལ་བསྟན་དུ་གསོལ།། ཨོཾ་ཨེ་ལུ་ལ་ལ་ལ་ཧོ།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི།། མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར ་གཙོ།། སྡིག་པ་ཐམས་ཅད་ལས་སྒྲོལ་ཞིང་།། བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི།། རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག། མཐོང་དགའ་ཐོས་པས་གྲོལ་བྱེད་པ།། ལསོ་མཆོག་གསང་བ་ཆེན་པོའི་ཚོགས།། བདག་ཉིད ་ཆེན་པོ་བསྟན་དུ་གསོལ།། ཨ་ལཱ་ལ་ལཱ་ལ་ཧོ།། ཞེས་བརྗོད་པར་བྱའོ།། དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་ཁྲོ་བོ་རྟ་མཆོག་རོལ་པའི་སྐུར་བསྒོམ་ཞིང་ཕྱོགས་བཅུར་བསྒྱིངས་བུའི་ཚུལ ་གྱིས་གནས་ཏེ། མིག་གཡས་པར་མ་ལས་བྱུང་བའི་ཉི་མའི་མེས་ཐམས་ཅད་བསྲེག་པ་དང་། མིག་གཡོན་པར་ཨ་ལཱ་སུ་བྱུང་བའི་ཟླ་བའི་ཆུས་དག་པ་དང་། སྣའི་རྩེ་མོ་ལུས་བྱུང་བའི་རླུང་གིས་ཐམས་ཅད་འཐོར་ཞིང ་ཕྱག་གིས་མཚོན་ཆ་ཁྲེལ་ནས་སྤྲོ་བ་མཛད་དོ།། ཨོཾ་སུམྦྷ་ནི་སུཾ་བྷཱ་ཧཱུཾ། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་།། དྲི་ཟ་སྲིན་པོ་ཤ་ཟའི་ཚོགས།། གཤིན་རྗེ་མེ་མེ་མཁའ་འགྲོ་བདུག། གནོད་བྱེད་དྲག་པོ་མ་ལུས་རྣམས།། རྣམ་དག་སྭ ་གཞི་འདིར་གནས་པ།། སྲུང་བྱེད་པ་ཡི་བདག་པོའི་དཀའ།། ཐོས་པ་ཙམ་གྱིས་མྱུར་དུ་དེངས།། ང་ཡི་བཀའ་ལྔས་འདའ་མ་བྱེད།། གང་ཞིག་གནས་པའི་མཐུ་བོ་ཆེ།། རྡོ་རྗེ་རྡོ་རྗེ་ཁོ་ནཱཾ་གས།། ཐལ་བའི་ཚོགས་བཞིན་བཤིག ་པར་བྱེད།། རབ་འབར་ཁྲོ་བོའི་གནས་འཇོམས་པའོ།། རྡོ་རྗེ་འབར་བའི་གཟུགས་འདི་ཡིས།། འདོད་གསུམ་སྐྱེས་རྣམས་བསོད་བྱ་སྟེ།། འཇིག་པར་གྱུར་ཕྱིར་གཞན་དུ་གདེངས།། ཞེས་ལན་གསུམ་བརྗོད་ཅིང་ས་གཞི་སྐོར ་ཕྱོགས་སྦྱོང་བཅུ་དག་གནས་ལྔར་བསྡུས་ཏེ། ཁྲོ་བོ་སྟོབས་པོ་དང་སྤྲིན་འདྲ་ལ་སོགས་པའི་ཕུར་བུས་གདབ་པོ།། ཨོཾ་བཛྲ་གྷཿགྷཿགྷ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ ་བཛྲ་དྷ་རོ། ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། སུམྦྷ་ནིའི་སྔགས་ཀྱིས་བཀུག་སྟེ།། དབང་ལྡན་གྱི་མཚམས་བཙམས་ནས་བརྩམ་པར་བྱའོ།། དེ་ནས་དཔལ་ཧེ་རུ་ཀར་བསྒོམ་ཞིང་མཁའ་འགྲོ་མུ་བརྒྱད་དང ་བཅས་པའི་སྟེང་སྟབས་ཀྱིས་ཐམས་ཅད་བསྲུང་བར་བྱའོ།། དེ་ནས་ལས་ཀྱི་རྡོ་རྗེས་ཕྱི་རོལ་གྱི་སྟེགས་བུ་ལ་མཆོད་གཏོར་བཤམས་ཏེ། དཀོན་མཆོག་གསུམ་དང་པོར་བཞག་ནས། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པའི ་བསྲུངས་མ་རྣམས་དགུག་ཅིང་མཆོད་པ་དང་། འགྲོ་བ་དྲུག་པ་གནས་པའི་ལྷ་སྲིན་སྡེ་རྒྱུད་ལ་ཆ་གཅིག་དབུལ་བ་དང་། ལྡན་ཆགས་ཀྱི་བགེས་རིགས་རྣམསཱ་ལ་གཏོར་མ་སྔོས་ནས་ཁྱད་པར་གྱི་གཽཏོར་མའི་གཞི་རྒྱལ ་པོ་སྡེ་བཞི་ལ་དབུལ་ཞིང་རྟེན་ལ་བཞག་སྟེ།། མངའི་གསོལ་ནས་ཕྱི་མཚམས་བཅད།། དེ་ནས་སྟེགས་བུ་ཚད་དང་ལྡན་པ་ལེགས་པར་བརྩིག་ཏེ།། ཕྱོགས་བཞིར་སྦྱིན་སྲེགས་གི་ཐབ་ཁུང་བཞི་དང་།། མཚམསུ་རྟ་མཆོག ་ལྷག་མའི་དཀྱིལ་འཁོར་རྩོམ་པར་བྱའོ།། དེ་ནས་ལེགས་པར་རྩིག་ཅིང་བྱུགས་ནས་པའི་རྣམ་པ་ལྔ་དང་། དྲི་ཞིམུ་པཱིའི་སྤོས་དང་། སྨན་རྣམས་བསྲེས་ཏེ་བྱུག་ཅིང་།། དྲིའི་སྟེང་དུ་བདུད་རྩི་ལྔའི་ཆུ་བྱིན་གྱིས་བརླབས་ནས ་བྱུག་གོ།། དེ་ནས་ལྷ་རྣམས་ཀྱི་གན་སུ་རིག་པས་ཐིག་གདབ་ཅིང་བདུད་རྩི་ལྔས་དབུསུ་ཐིག་ལེ་གྲུ་བཞི་པ་ལྷ་མོ་ཉི་ཤུའི་གནསུ་ཟླུམ་པོར་བྱས་ལ།། དེ་ལ་ལྷ་སོ་སོའི་སྔགས་ཀྱིས་མེ་ཏོ།། དགྲམ་པར་བྱའོ།། དེའི ་རྗེས་སུ་མཆོད་པའི་ཚོགས་དགྲམ་སྙིང་།། སྦྱང་བ་དང་། བསྲུང་བ་དང་། བྱིན་གྱིས་བརླབས་པ་དང་། གཞི་རི་ཏིང་ངེ་འཛིན་དང་། རྟེན་གྱི་ཏིང་ངེ་འཛིན་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསལ་བྱར་བྱས་ནས་པྲེ ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པ་དང་། མདུན་གྱི་དཀྱིལ་འཁོར་ལ་དམིགས་པས་མཉེས་པར་བྱས་ནས་བསྟོད་ཅིང་གསོལ་བ་གདབ་པོ།། དེ་ཡང་པུས་མོ་གཉིས་ས་ལ་བཙུགས་ཏེ། གཡས་པས་སྤོས་ཐོག་ལོ།། གཡོན ་པས་དྲིལ་བུ་དཀྲོལ་ཞིང་ཚིག་འདི་བརྗོད་དོ།། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས།། མ་ལུས་སེམས་ཙན་དོན་མཛད་པའི་རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས།། སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད།། སངས་རྒྱས་ཐམས ་ཅད་མཉམ་སྦྱོར་བའི།། མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ནི།། མགོན་གྱུར་ལས་རྣམས་གྲུབ་པའི་ཕྱིར།། རྡོ་རྗེ་བསང་བ་བདག་གིས་བྲི།། བརྩེ་བས་སློབ་མ་རྣམས་ཕྱིར་དང་།། བདག་ཉིད་རྣམ་ལ་མཆོད་པའི་ཕྱིར།། བཅོམ་ལྡན་ཁྱེད ་ལ་བདག་གུས་ཏེ།། དགྱེས་མཛད་འོས་པར་གྱུར་པ་ལགས།། བདག་ཅག་རྣམས་ལ་དགོངསུ་གསོལ།། བྱ་བ་ཆེན་པོ་འཁོར་ལོའི་ཕྱིར།། འབྲས་གནས་བྱང་ཆུབ་སེམས་སྲོགས་དང་།། གས་དུ་སྔགས་གསང་བའི་ལྷ་ཉིད་དང་།། ་འབྱུང་ཚོགས་འཇིག་རྟེན་སྐོང་བ་དང་།། རྫོགས་སངས་རྒྱས་ཀྱིས་རྗེས་དགའ་བ།། བསྟན་པ་དགའ་བའི་འགྲོ་བ་དག། གང་དག་རྡོ་རྗེའི་སྤྱན་ལྡན་པའི།། རིགས་རྣམས་འདུས་པའི་དཀྱིལ་འཁོར་གཙོ།། དོན་གྲུབ་གསང་བ་བདག་གིས ་བརྩམ།། རྗེསུ་བརྩེ་བར་ཉེར་དགོངས་ཏེ།། གནང་བ་རུ་མཛད་པའི་འོད་ལགསོ།། ཞེས་ལན་གསུམ་གསོལ་བ་བཏབ་ནས།། ཡང་མཆོད་པ་ཅུང་ཟད་ཕུལ་ཏེ་བརྟན་པར་བཞུགསུ་གསོལོ།། དེ་ནས་མཆོད་རྫས་དང་། རྣལ་འབྱོར་པའི ་རྒྱན་ཆ་དང་། བུམ་པ་དང་། ཡོ་བྱད་དང་། ལས་ཀྱི་ཕྱག་རྒྱ་དང་། རྣལ་འབྱོར་པའི་ཚོགས་རྣམས་འཚོགས་པར་བྱས་ནས་དེའི་རྗེས་ལ་ཕྲིན་ལས་རྣམ་པ་བཞི་འམ། ཡང་ནཱ་གང་དགོས་པའི་སྦྱིན་བསྲེག་བྱའོ།། དེ་ནས་རྣལ ་འབྱོར་པ་རྣམས་ལ་སྟན་པ་བདེ་བ་ལ་གནས་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང་། བདག་དང་འགྲོ་བ་སྦྱང་བ་དང་། དབང་པོ་དགུག་པ་དང་། འཕྱོགས་པ་ལ་ཚིགས་བསགས ་པཔ་དང་། སེམས་ཅན་ཐམས་ཅད་ལ་ཚོགས་བསགས་པ་རྣམས་བྱའོ།། ཡང་རིགས་ཀྱི་དཀྱིལ་འཁོར་བསྒོམ་ཞིང་ལྷ་ཚོགས་རྣམས་སྤྱན་དྲངས་ལ།། བདུད་རྩི་བྱིན་གྱིས་བརླབ་པ་དང་།། ཚོགས་ཀྱི་མཆོད་པས་ཉམས་པ ་བསྐང་བ་དང་།། གང་དག་དམ་ཚིགས་མ་འདྲེས་པ་དག་ནི་བསྐྱེ་མནན་བྱ་ཞིང་གསར་བུ་དགྲ་འཇུག་པ་ལ་ནི་རིགས་པའི་དབང་ལྔ་དམ་ཚིག་དང་བཅས་པ་བཞིན་ནོ།། དེ་ནས་བསྲུང་བའི་འཁོར་ལོའི་སྦྱོར་བས་མཚམས ་ཀྱི་ལས་བྱ་སྟེ།། ཕུར་པ་དར་གྱི་བཅོད་པན་ཅན་བཅུ་དྲུག་ལ་ཁྲོ་བོ་ཆེན་པོ་བཅུར་བསྐྱེད་ཅིང་ཡེ་ཤེས་ཀྱི་ཁྲོ་བོ་དགུག་གཞུག་གཉིསུ་མེད་པར་བྱས་ནས་མཆོད་ཅིང་བསྟོད་དོ།། བཟླས་བརྗོད་རྫོགས་པར་ཕུལ་བས་མཉེས ་ཤིང་བརྟན་པར་བྱས་ནས་ཕྱོགས་སྐྱོང་གི་གཟུགས་ལ་འདུག་པའི་སེམས་ཕབ་སྟེ་གདུབ་པར་བྱའོ།། དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་བ་རྣམ་པར་བྱ་བའི་ཕྱིར་རྡོ་རྗེ་རྣལ་འབྱོར་གྱི་སྒྲུབ་པ་པོ་དག ་རྒྱུན་ཆས་ཕྱག་རྒྱའི་ཚོགས་དང་། ཚ་སྟེ་གོས་ལྔ་དང་། སྲད་བུ་དང་། ཐལ་བས་མཚན་ཅིང་རྡོ་རྗེ་རྒྱལ་མཐིབ་ཡུ་མོ་དང་བཅས་པས་རང་གི་ལྷ་གསལ་བར་བྱསཱ་ལ། ཐིག་སྲུང་རོས་སོར་པའི་རྒྱུ་ལས་བྱུང་བ་སྔགས་ཀྱིས་བྱིན ་གྱིས་བརླབས་ནས་སྐལ་བར་བྱ་སྟེ།། རིང་ཐུང་ནི་དཀྱིལ་འཁོར་ཉིད་འགྱུར་ལ། སྡོམ་ཕྲ་ནི་སྒོའི་ཉི་ཤུའི་ཚད་དོ།། དེ་ལྟར་ཁ་དོག་ལྔའི་དོག་པ་བྱས་ནས་རིན་པོ་ཆེའི་སྣོད་དུ་བཞག་སྟེ།། རིགས་ཀྱི་ཡེ་གེས་ལྷར་བསྐྱེད་ཅིང་སྔགས ་ཀྱིས་བྱིན་གྱིས་བརླབས་ནས་ལྷ་རྣམས་དགུག་གཞུག་བྱས་ལ། མཆོད་ཅིང་བསྟོད་ནས་བསྒྲིལ་བར་བྱའོ།། ཨོཾ་དཱི་བ་ཏ་དྲྀཥྚི་ཨོཾ་ཀུ་ཤ་ཛཿོཾ་བཛྲ་ས་མ་ཡ་སུ་ཏྲཾ་མཱ་ཏི་ཀྲ་ཧཱུཾ། ཨོཾ་ཨཱ་ཧཱུཾ། དང་པོ་ཤར་ནས་ནུབ་ཏུ་བརྐྱང་སྟེ་གདབ ་པར་བྱའོ།། དེ་ཡང་ཐབས་ཀྱི་བསྲུང་གནས་དང་། ཤེས་རབ་ཀྱིས་གསང་བའི་གནསུ་དྲངས་ཏེ། ཨོཾ་ཨཱཿཧཱུཾ་ཛྙཱ་ཛ་ཞེས་བརྗོད་དོ།། སྟོབས་མཆོག་དཔའ་བོ་དགོངསུ་གསོལ།། རྡོ་རྗེ་ཐིག་གི་སྒྲ་ལྡན་པས།། ན་མཁའི་དཀྱིལ་འཁོར ་ལེགས་གྲུབ་ཅིང་།། འགྲོ་བའི་དོན་ལ་བསྒྲལ་བར་མཛད།། ཨོཾ་མ་ཧཱ་བོ་དྷི་ཙིཏྟ་སརྦ་སཾ་ཧཱུཾ། ཞེས་བརྗོད་ཅིང་། ཐོག་སྐོར་དང་བཅས་པས་ན་མཁའ་ལ་བཏབ་སྟེ། དཀྱིལ་འཁོར་བཀོད་ནས། གཟོད་ས་གཞི་ལ་གདབ་པར་བྱའོ།། དེ་ཡང ་དང་པོར་ཤར་ནས་ནུབ་ཏུ་བརྐྱང་བའི་ཐིག་གོ།། དེའི་ཕྱོགས་མཚམས་ཆད་པའི་ཕྱིར་ཆ་བཞིར་བྱས་ཏེ། བར་མཚམས་གཉིས་ནས་ཕྱེད་ཀྱི་ཚད་ཀྱིས་ནི་ལྷོ་བྱང་དུ་བཅལ་ཏེ།། དེར་ཐིག་གཉིས་པ་བཏབ་པ་ཡང་ཕྱེད་ཀྱི་ཚད་ཀྱིས ་ངོས་བཀྲིའི་ཐིག་རྩེ་ནས་ཚད་པས་མཚམས་ཀྱི་ཟུར་བཞི་དོད་པར་འགྱུར་བའོ།། དེའི་རྗེས་ལཱ་ཤར་དང་ནུབ་དང་བྱང་དང་ལྷོ་ཕྱོགས་བཞི་དགྲ་དང་། མཚམས་བཞིར་གདབ་ཅིང་།། དེ་ལས་ཕྱོགས་བཞིའི་རྩེ་མོའི་ཚད་ཀྱི ་ནི་ཆ་བཞིའི་ཚད་དུ་འགྱུར་ཏེ། དེ་དག་ཀྱང་ལོ་མ་གཏུབ་པའི་ཐིག་གིས་ཆ་ཆེནྡ་སུམ་ཅུ་རྩ་གཉིས་ལ་ཆ་ལ་བྲན་དྲྀ་སོ་སོའི་གཞུང་བཞིན་དབྱེ་ཞིང་། དེའི་འོག་མའི་ཧཾ་རུ་ཀ་དང་། རྡོ་རྗེ་ཉི་མ་ལོ་ཆ་བྲན་གཉིས་མ་ཕྱེ་བའི་སྣམ ་བུའོ།། ར་བ་རིམ་པ་གསུམ་དྲང་། ཁོར་ཡུག་རྣམས་ནི་ཆུ་བྲན་རཱི་རེའི་ཚད་ཀྱིས་འཁོར་ལོའི་དུར་ཁྲོད་དུང་ནི་ཆ་བྲན་བཞིའི་ཆེད་དོ།། དེ་ལྔར་ཐིག་གི་ལས་རྫོགས་ནས། ཡེ་ཤེས་ཀྱི་སྐུད་པ་ལ་མཆོད་ཅིང་བསྟོད་དེ།། སླར ་གཤེགསུ་གསོལ་ནས།། ལྷའི་ང་རྒྱལ་དང་ལྡན་པས་མཱིག་གཉིས་ལ་ཟླ་བ་བསམ་ཞིང་།། ཧཱི་ཞེས་བརྗོད་ནས་ལྟ་བ་བྱས་ནས། རྡོ་རྗེ་སློང་བའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་བེ་ག་ཨ་ཀྵ་མ་ཧཱུཾ། ཞེས་པས་རི་མོ་དྲི ་བདག་པར་བྱའོ།། དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཚིག་འདིས་དག་པར་བྱའོ།། ཨོཾ་ཐམས་ཅད་རང་བཞིན་རྣམ་འཕྲུལ་མཆོག། དངོས་མེད་ཞི་བ་འོད་ལྡན་གསོལ།། རྡོ་རྗེ་འཛིན་པ་གཏར་ཆེན ་འབྱིན།། དཀྱིལ་འཁོར་དག་པར་བྱིན་གྱིས་རློབས།། མཉམ་པཱའི་སྔགས་བློ་རྣམས་གསལ་བས།། ཉེས་པའི་ཟུག་རྔུ་དག་པར་འགྱུར།། ཞེས་བརྗོད་ཅིང་ཐམས་ཅད་ལྷའི་རང་བཞིན་དུ་བརྟག་སྟེ།། དེས ་ནི་ཆོ་ག་ལྷག་མ་དྲང་མ་ཚང་བྱ་ཁ་སྐྱོང་བར་བྱེའོ།། དེ་ནས་ཆ་དབྱེ་བར་བྱ་སྟེ། ཕྱི་རོལ་གྲུ་བཞི་སྒོ་དང་བཅས་པ་ལ།། ར་བ་རིམ་གསུམ་དུར་ཁྲོད་ཀྱིས་བརྒྱན་པ།། དབུས་སུ་ཕོ་བྲང་རིམ་པས་ཕྱེ་བ་སྟེ།། དཀྱིལ་འཁོར ་སོ་སོ་དབྱིབས་བཞིན་དུ།། ཕོ་བྲང་གི་རཱ་བ་དང་། མཚམས་འབྱེད་པ་དང་།། གསང་ལམ་གྱི་ཕྲེང་བའོ།། དེ་ལ་ཚོན་གྱི་ཆོ་ག་ནི།། རིན་པོ་ཆེ་སྣ་འམ།། ཚོན་རྩི་གང་ཡང་རུང་བ་དག་སྣོད་ལྔའི་ནང་དུ་བླུགས་ཏེ།། ཕྱོགས ་ཕྱོགསུ་བཞག་ནས་ཡི་གེ་ལ་སོགས་པའི་ལྷའི་སྐུར་བསྐྱེད་ཅིང་།། ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ་མཆོད་ཅིང་བསྟོད་ནས་རང་གི་གན་སུ་དགྲམ་མོ།། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ།། དང་པོ་ཆེན་གྱི་གོ་རིམས་ནི་ལག་པ ་གཡོན་པས། དཀར་པོ་དང་། མཐིང་ཁ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུའི་རིམ་གྱིས་པཉྩ་རེ་ཁཱ་བྲེས་ཏེ། མཆོད་ཅིང་ཐོད་པས་བཏབ་ནས་མཚན་མའི་ལྟས་བརྟག། འདི་ནི་ཆོས་དབྱིངས་རྣམ་པར་དག། སེམས ་ཅན་ཁམས་ནི་རབ་སྒྲོལ་བྱེད།། དཔལ་ལྡན་རྒྱལ་པོ་ཆེ་གེ་མོའོ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཡང་དག་བདེན་པའི་བྱིན་རླབས་ཀྱིས།། དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད།། ཅེས་བརྗོད་ཅིང་བདག་སྟེ ་བལྟ་བར་བྱའོ།། དེ་ཡང་ཐིག་ནི་ཕྱི་ནས་གདབ་ཅིང་།། ཚོན་ནི་ནང་ནས་དགྱེ་སྟེ། དང་པོ་རྡོ་རྗེ་རྒྱལ་མཐེབ་ཀྱིས་བྲི་ཞིང་།། ཕྱི་ནས་བདེ་བར་བྲི་སྐྱེ་མཐོ་ཞིང་དྲང་པར་བྱའོ།། གང་ཞི་གུ་རེ་ཁཱ་དམའ་བྱ་དང་། ཡོ་བ་དང་། ཆད་པ་དང་། ་འཁྲུལ་པ་དག་གིས་ནི་མི་འགྲུབ་པོ།། དེ་ལྟར་ཚོན་རྩི་ལྔའི་མཆོག་དག་ནི་དབུས་སུ་བཏབ་སྟེ། ཁ་དོག་ཕྱོགས་ཀྱིས་ཕྱེ་ལ། མུ་ཁྱུད་སྔོན་པོ་དག་ལ་ནི་རྡོ་རྗེ་དཀར་པོ་འབྲིའོ།། དཀྱིལ་འཁོར་དེའི་ཕྲེང་བ་དམར་པོ་ལ ་རྩིབས་མཚན་ལྗང་གུ་དང་། གྲུ་ཆང་སེར་པོའོ།། གཞན་དག་ཀྱང་སོ་སོའི་རིགས་ཀྱིས་ཤེས་པར་འགྱུ་རོ།། སྒོ་བཞི་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ།། རྟ་བབས་ནི་ཁ་དོག་ཉི་ཤུ་རྩ་ལྔའོ།། པདྨའི ་ཕྲེང་བ་ནི་ཁ་དོག་སྣ་ཚོགས་པའོ།། རྡོ་རྗེའི་ར་བ་ནི་སྔོ་ལ་དཀར་པོའི་ཕྲེང་བས་མཛེས་པའོ།། མེ་རི་ནི་དམར་སེ་རོ།། དུར་ཁྲོད་ནི་ཕྱོགས་ཀྱི་མདོག་གོ། ཤིང་དང་ཞིང་སྐྱོང་ནི་ནགོ། ཕྱོགས་སྐྱོང་བ་དང་ཀླུ་ལ་སོགས་པ་ནི་རང ་གི་རིགས་བཞིན་ནོ།། འདོད་འབྱུང་གི་གནས་ནི་སེར་པོ་ལ་ཕྱིའི་ར་བ་ནི་སྔོ་ནག་གོ། དེ་དག་གི་གནས་རྣམསུ་ནི་རྟེན་པའི་མཚན་མ་གང་རུང་བཞག། དེས་དཀྱིལ་འཁོར་གྱི་རྒྱན་ལ་སོགས་པ་དག་ཀྱང་བྱིན་གྱིས་བརླབས་ཏེ་དགོད ་པར་བྱའོ།། གཞན་ཡང་མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་དང་། མཆོད་པ་ཐམས་ཅད་ཀྱི་གཏོར་མའི་ཕྱག་རྒྱ་ཤེས་པ་རྫས་དག་ཀྱང་བྱིན་གྱིས་བརླབས་ཏེ་བཞག་པར་བྱའོ།། དེ་ནས་དཀྱིལ་འཁོར་ལ་སོགས་པ ་བསྲུང་བར་བྱ་ཞིང་སྟནྡོ་གྱི་ལྷ་རྣམས་ཀྱི་གན་སུ་དགོད་དོ།། ཡང་རྡོ་རྗེ་རྒྱལ་པོ་བཞིའི་ཏིང་འཛིན་དང་རྟེན་གྱི་ཏིང་འཛིན་དང་། དམིགས་པ་དང་པོ་གཉིས་ཀྱིས་འཁོར་མཉེས་པར་བྱས་ནས་གསོལ་བ་གདང་པོ། ་ནས་རྣལ་འབྱོར་ཕོ་མོ་རྒྱུན་དང་བཅས་པས་རྡོ་རྗེ་དྲིལ་བུ་ཐོག་ཏེ་ཡི་གེ་བརྒྱ་པས་བསྐྱང་ཞིང་། སྟང་སྟབས་དང་བཅས་པས་དཀྱིལ་འཁོར་ལ་ལན་བདུན་དུ་བསྐོར་རོ།། དེ་ནས་རྡོ་རྗེ་རྒྱལ་པོ་དང་། རྒྱལ་མཐེབ་དང་། ལས་ཀྱི ་ཕྱག་རྒྱ་དང་། ལས་ཀྱི་རྡོ་རྗེ་དང་། བརྡའ་སྦྱོར་བ་དང་། རྡུལ་ཕྱག་རྒྱ་ལ་སོགས་པ་སོ་སྔོར་ཕྱེ་སྟེ། སོ་སོར་གདན་བཤམས་ཤིང་དགོངས་པར་བྱའོ།། དེ་དགྲ་སྔ་མའི་གནས་ཇི་ལྟ་བ་ལས། ཕྱིས་མི་འགྱུར་བྱ་རང་རང་གི་རྣལ་འབྱོར ་གྱིས་འཁོད་ཅིང་ཕྱོགས་ཀུན་ནས་ལངས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གིས་བྱིན་ཕབ་ནས།། གནས་དང་དཀྱིལ་འཁོར་ལ་སོགས་པ་མངའ་གསོལ་ལོ།། དེ་ནས་གསང་བའི་ཐེག་པའི་འཇུག་སྒོ་ཤེས་པས། གཞ ་ཡང་ལས་དཔག་པོར་བྱ་བའི་ཕྱིར་བརྡའ་སྒོ་དབྱེ། ཐ་མལ་གྱི་ཚིག་སྤང་ཞིང་། རྡོ་རྗེ་རྒྱལ་མཐེབ་ཀྱི་སྒོ་ནས་ལུས་ཀྱི་བརྡ་ལ་གནས་པར་བྱ་ཞིང་། ཕྱོགས་བཞི་ནས་ཕྱག་འཚལ་ཞིང་གསོལ་བ་གདབ་སྟེ། སྦྱོར་བའི་ག ་ཐབས་ཀྱིས་གནས་པར་བྱའོ།། གཞན་ཡང་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པ་གདུལ་བའི་ཕྱིར་དཔལ་ཧེ་རུ་ཀ་ལ་སོགས་པའི་ང་རྒྱལ་གྱི་གླང་པོ་ཆེའི། སྟོད་གཡོགས་ལ་སོགས་པས་ལུས་མཚན་མར་བྱ་སྟེ། སྔག ་ཀྱིས་སྦྱང་ཞིང་བྱིན་གྱི་བརླབས་ནས། གཏི་མུག་དག་པར་བྱ་བ་དང་། འདོད་ཆགས་དག་པར་བྱ་བ་དང་། ང་རྒྱལ་དྲག་པར་བྱ་བ་དང་། ང་རྒྱལ་དག་པར་བྱ་བའི་ཕྱིར་ནི་མུན་པས་པའི་རྒྱལ།། ཞེ་སྡང་དག་པར་བྱ་བའི་ཕྱིར་དང་། ཕྲག ་དོན་དག་པར་བྱ་བའི་ཕྱིར་ནི་གདགས་པའི་རྒྱན་པ་བགོའོ།། ཐུགས་རྗེ་ཆེན་པོའི་ཆགས་པ་དང་། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སྲིད་པ་གསུམ་གདུལ་བའི་ཕྱིར་ནི་བྱུག་པའི་རྒྱན་པ་བགོའོ།། དེས་ནི་དུརོ་ཁྲོད་དངོས་པོ ་གདུལ་ཞིང་རང་གི་དོན་སྟོན་པའོ།། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག་ལ་བསྡུས་ནས་དམིགསུ་མེད་པའི་དོན་ལ་གནས་པ་ལས།། ཡང་སངས་རྒྱས་དང་བྱེདང་ཆུབ་སེམས་དཔའ་གཞན་དག་གིས་བསླང་བར ་བསམ་ནས་རྡོ་རྗེ་སེམས་དཔའི་སྐུར་བཞེངསོ་ཏེ་འདིར་བརྗོད་དོ།། རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ན།། འབྱུང་བ་ལྔ་ཡི་མཚན་ཉིད་ལས།། ཞི་བའི་ལྷ་ན་ལྷན་ནེ་བཱའི།། ཐུགས་རྗེ་འགྲོ་ཀུན་དེ་ལས་སྐྱེས།། དེ་ཚེ་སེམས་ཅན ་ཐམས་ཅད་ནི།། ཤིན་ཏུ་ཁྲོ་དྲགྲོ་གཏུམ་པར་འགྱུར།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་ཆགས་ཤིན་ཞེན་པར་འགྱུར།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་གཏི་མུག་ཆེ་བར་འགྱུར།། དེ་ལྟར་དུས་གསུམ ་བརྡོ་བ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ཉི་མ་ལས།། རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་ནས། ཐམས་ཅད་གཅིག་ཏུ་འདུས་པ་ལས།། ་རྔམ་པའི་སྒྲ་སྒྲོག་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ་མི་རྟག་པའི་མཚན་ཉིད་བསྟན་པའི་ཕྱིར།། ན་མཁའི་ཁྲོ་བོ་ཟ་བྱེད་ཅིང་།། འཇིགས་པའི་མཚོན་ཆ་འོད་དཔུང་འཁྲིགས།། ཞལ་དུ་སྟོང་ཁམས་མ་ལུས ་ཐིམ། ཟད་པར་བྱེད་ཅིང་སྟོང་པར་བྱེད།། རྒས་རྒུད་བརླག་པར་བྱེད་པའོ།། གློག་གི་འཁོར་ལོ་ཞེས་བྱ་བ།། མྱུར་བའི་ཟ་བྱེད་ཆེན་པོ་ལྔས།། སྐྱེ་རྒ་ན་འཆི་འཇོམས་བྱེད་ཅིང་།། བརླག་ཅིང་ཟད་བྱེད་སྟོང་པར་བྱེད།། རིགས་ཆེན ་ཟ་བྱེད་ཁྲོས་པའི་ཚེ།། སྐུ་ནཱི་སྔོ་སྒྲ་ཐོལ་བའི་དང་།། འོད་ཟེར་མདོ་པོ་རབ་ཏུ་འཁྲིགས།། རུ་ལུ་རུ་ལུས་མང་པོ་ཟི།། འབར་བའི་མཁའ་འགྲོ་ཚོགས་བཅས་པས།། བསྲེག་ཅིང་འཇིགས་པ་འཐོར་ཞིང་འཁྲུད།། གོང་འདིར་བསྐལ ་པ་ཀུནུ་བརླག་ཚེ།། གཞན་ཞིག་འོངས་འཇིགས་མཱ་ཡིན་ཏེ། ཟ་བྱེད་ཁྲོད་པ་ལྔ་པོ་ཡིས།། ཞལ་དུ་སྟོང་ཁམས་མ་ལུས་ཐིམ།། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ། ས་མ་ཡ་ཀྲོ་དྷ། ཨོཾ་ཨོཾ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། དབུ་ལ་དེ་བཞིན་གཤེགས ་པའི་ཁྲོ་བོ་སྨུག་གནག། ཕྱག་ན་འཁོར་ལོ་དང་འཛིན། ཐོས་ཁྲག་འཛིན་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པར་གནས་སོ།། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ། ས་མ་ཡ་ཀྲོ་དྷི། ཧཱུཾ་ཧཱུཾ་རུ་ལུ་ཕཊ། ལག་པ་གཡས་པཱ་ལ ་རྡོ་རྗེ་ཁྲོ་བོ་སྐུ་མདོག་སྔོ་སྐྱོ། ལག་ན་རྡོ་རྗེ་རྩེ་ལྔ་པ་དང་། ཁ་ཊྭཱཾ་གི་ཐོགས་པ་གྲངས་མེད་པའི་ཚོ་གས་སྤྲུལ་པ་དང་བཅས་པའོ།། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ། ས་མ་ཡ་ཀྲོ་དྷ། ཏྲཾ་ཏྲཾ་ཧེ་ཧེ་ཧཱུཾ་ཕཊ། ལག་པོ་གཡོན་པ་ན་རིན་པོ་ཆེ་ཁྲོ་བོ་སར ་གནག། ཏྲི་ཤྲུ་ལ་དང་། རལ་གྲི་ཐོགས་པ་གྲངས་མེད་པ་སྤྲུལ་པའི་ཚོགས་དང་བཅས་པར་རོ།། ཨོཾ་པདྨ་ཤྲཱི་ཧྲཱིཿཧེ་རུ་ཀ། ས་མ་ཡ་གྲོ་དྷ་ཧྲི་ན་ཧྲི་ད་ཧ་ན་ཧཱུཾ་ཕཊ། རྐང་པ་གཡོན་པ་ལ་པདྨའི་ཁྲོ་བོ་དམར་ནག། ཕྱག་ན་རལ་གྲི ་རྩེ་གསུམ་དང་། གཏུམ་ཤིང་ཐོགས་པ་གྲངས་མེད་པ་སྤྲུལ་པར་བཅས་པ་གནསོ།། ཨོཾ་ཀཪྻ་ཤྲཱི་ཧེ་རུ་ཀ། ས་མེ་ཡ་ཀྲོ་དྷ། ཧཾ་ཧཾ་རཀྵ་ཧཱུཾ་ཕཊ། རྐང་པ་གཡས་པ་ལ་ལས་ཀྱི་ཁྲོ་བོ་ལྗང་ནག། ཕྱག་ན་སྣ་ཚོགས་ཛྱོ་རྗེ་དང་། ལྕ་ཌ ་སྒྱུ་ཐོགས་པ་གྲངས་མེད་པ་སྤྲུལ་པ་དང་བཅས་པའོ།། ཨོཾ་ཤྲཱི་བྷཻ་ར་བ་ཧཱུཾ་མ་ཧཱཾ་མ་ཧཱ་དེ་བ་ཧཱུཾ་ཕཊ། མཚན་མ་ལ་ལྷ་ཆེན་པོ་མདོག་དཀར་པོ། ལག་ན་ཏྲི་ཤུ་ལ་དང་། ཐོད་པ་ཐོགས་པ་འཁོར་དང་བཅས་པའོ།། ཨོཾ་བྲྀཥྚ་ཀམྦ་ལ ་ཙིཀྲ་ཧཱུཾ་ཕཊ། སྙིང་གར་ཁྱབ་འཇུག་མཐིང་ནག། ལྕག་ན་འཁོར་ལོ་དང་། ཐོད་པ་ཐོགས་པོ་འཁོར་དང་བཅས་པའོ།། ཨོཾ་རཱཀྵ་ད་ཤ་གྲི་བ་ཧཱུཾ་ཕཊ། མགྲིན་པར་སྲིན་པོའི་རྒྱལ་པོ་ལྗང་སྐྱ། ལག་ན་དགྲ་སྟ་དང་། ཐོ་བ་ཐོགས་པ ་འཁོར་དང་བཅས་པའོ།། ཨོཾ་མ་པ་ཤཱ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་ཧཱུཾ་ཕཊ། བརླ་གཉིས་ལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇིགས་པ་ལྗང་སྐྱེ།། རྡོ་རྗེ་རྩེ་གསུམ་དང་ཐོད་པ་ཐད་པ་ཐོགས་པ་འཁོར་དང་བཅས་པའོ།། དེ་དག་ཀུན ་ཀྱང་རང་རང་གི་ཡུམ་དང་འཁྲིལ་བའི་ཚུལ་དུ་གནསོ།། ལག་པའི་སོར་མོ་བཅུ་ལ་མཆེ་བ་ཅན་ལྔ་དང་། སྡེར་མོ་ཅན་ལྔ་དང་། སྡིགསོ་འདིས་བསལ་བར་བྱའོ།། ཨོཾ་མ་ཧཱ་དྷེ་ཀི་ཤྭ་རཾ་བི་ཀ་མ་རུ་ཤ་ཧ་ཧ་ཧེ་ཧེ་རུ་ལུ་ཧཱུཾ་ཕཊ། ཡེ་ཤེས ་གློག་གི་དཀྱིལ་འཁོར་དང་། འཇིགས་པའི་ཁྲོ་བོ་གཏུམ་པོའི་ཚོགས།། ཅིར་ཡང་གྱུར་པའི་མཚོན་ཆ་ཡིས། སྡུག་བསྔལ་གནས་རྣམས་རབ་ཏུ་བཅོམ།། མ་རུང་དུར་ཁྲོད་གཞིག་པའི་ཕྱིར།། སྟོང་གསུ ་གནས་རྣམས་བསྒྲལ་བར་བྱ།། འཇིག་བྱེད་དྲག་ཤུལ་ཆེན་པོ་ཡིས།། ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང་།། ཟ་བྱེད་ཆེན་པོའི་ཞལ་དུ་ནི།། འགྲོ་ཀུན་ཡུད་ཙམ་ཅིག་ལ་དྲེན།། འགྲོ་དང་མི་འགྲོའི་སྣོད་བཙུད་འདི།། འཇིགས ་བྱེད་ཁྱེད་ལྔས་ཀུན་ཟླ་ན་དངོས་པོར་གྱུར་པའི་བགེགས་འདི་ཀུན།། ངས་བསྟབས་ཁྱེད་ཀྱི་ཡུལ་ལ་གསོལ།། ངན་སོང་གསུམ་གྱི་འཇིགས་བྱེད་དུ།། སེམས་ཅན་ཉོན་མོངས་སྡུང་བྱེད་པས།། དེ་ཕྱིར་ང་ནི་རྡོ་རྗེ་ཆེ།། ཞེ་སྡང ་ཞེས་ནི་གྲགས་པ་ཡིན།། ངན་སྣོད་འཇིགས་པ་ཆེན་པོ་རུ།། སེམས་ཅན་ཐམས་ཅན་རྨོངས་བྱེད་པ།། དེ་ཕྱིར་དཱ་ནི་གཏི་མུག་ཆེ།། རྟག་ཏུ་ཐུབ་པ་མཆོག་ཡིན།། སྲིད་པའི་འདོད་ཚོགས་མྱོས་པོ་རྣམས།། འདོད་ཆགས་ཉིད ་ཀྱི་མཚམས་སྦྱོར་བས།། དེ་ཕྱིར་ཆོས་ཀྱི་རྡོ་རྗེ་ནི།། འདོད་ཆགས་ཆེན་པོའི་མཆོག་ཡིན་ནོ།། བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི།། སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད།། ནམ་མཁའ་བདེ་བས་བསྡུས་པའི་ཕྱིར།། བདེ་ཆེན་འདོད ་པ་ང་ཡི་ནོ།། རོ་ལ་སོགས་པ་མཉམ་སྦྱོར་བས།། ཕྲག་དོག་རྡོ་རྗེ་གདོན་མི་ཟ།། སྣ་ཚོགས་ལས་ཀྱི་ཁྲོ་བའི་སྐུ།། ཕྲག་དོག་ཆེན་པོའི་མཆོག་ཡིནོ།། ང་ནི་དུས་གསུམ་བཞུགས་པ་ཡི།། སངས་རྒྱས་ཀུན་གྱི་ཡེ་ཤེས ་སྐུ།། ཡེ་ཤེས་རྣོ་དཔལ་མཚོན་ཆ་ཡིས།། ལོག་རྟོག་འཁོར་བའི་རྒྱུན་གཅོད་དོ།། ཆོས་ཉིད་མཉམ་ཉིད་ན་མཁའ་ལ།། ཡེ་ཤེས་གློག་གི་འོད་འཕྲོ་བ།། གནས་མེད་དམིགས་པ་ཡོད་མ་ཡིན།། རྩ་བ་མེད་ཅིང་བརྟེན་པ ་མེངྒ། ཨོཾ་དཱ་ཧ་ད་ཧ་སཱུརྠ་ནུ་རཱ་ཀ་ག་ཏེ་ཧེ་ཏུ་ནཱ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙི་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་སརྦ་ཀླེ་ཤཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སརྦ་བིརྱ་ཚིནྡ་ཧཱུཾ་ཕཊ། སུརྦ་བཱིརྱ་ཁ་ཌ ་གཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་ཏྲི་བི་ཤྭ་མུ་ལ་ཙྪིནྡ་ཙྪིནྟིཾ་ཧཱུཾ་ཕཊ། དཔལ་ཆེན་འབར་བ་རྒྱལ་བའི་སྐུ།། རྔམ་བརྗིད་ཁྲོས་པའི་ཆ་ལུགས་འབར།། གར་དགུར་དུར་ཁྲོད་རྒྱན་གྱིས་བཱརྒྱ་ནི།། ཤེས་རབ་སྐུ་དང་འཁྲིལ་སྦྱོར་ཞིང་། ་འཇོ་ཚུལ་གེར་མཛད་ལྟ་བུ་ཡི།། བདུད་དང་སྲིན་བུ་འདུལ་བར་མཛད།། མ་ཏང་ལ་སོགས་བགེགས་བྱེད་རྣམས།། གཟུགས་དང་བཅས་པའི་ཚོགས་བསྡུས་ཏེ།། སྲ་ཀྲི་ཏ་ཡི་ཕྱག་རྒྱ་ཡིས།། ངེས་པར་གཟུགས་ལ་དབྱབ ་བར་བྱ།། གཟུགས་བརྙན་བྲི་ལ་སོགས་པ་ལ། ཕྱག་རྒྱ་བཞི་ཡིས་མཉེས་བྱས་ནས།། སྔགས་དང་འོད་འཕྲོ་ཕྱག་རྒྱ་ཡི།། དེ་ཡི་འཁོར་ཚོགས་བསྡུ་བར་བྱའོ།། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ་གྱེན་དུ་བཏེག་ནས།། ཨོཾ ་མ་ཧཱ་ཀཱཾ་པ་ལ་དྷ་རི་ཤྭ་ཡ་ཧཱུཾ། ཨཱ་ཀཪྵ་ཡ་ཧཱུཾ་ཛཿཞེས་བརྗོད་ཅིང་།། རྡོ་རྗེ་གཤོག་པའི་སྔགས་དང་ཕྱག་རྒྱས་ཟིལ་གྱིས་མན་ཅིང་བསྟིམ།། འཕགས་པ་ཐམས་ཅད་བདག་ལ་གསོན།། འབྱུང་པོ་མང་པོ་ཀུན་ཉོན་ཅིག། སྟོབས ་ཆེན་དཔལ་ལྡན་ཧེ་རུ་ཀའི།། རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི།། ཐུགས་རྗེ་དང་ནི་ཤེས་རབ་དང་།། ཐབས་ལ་མཁས་པའི་བྱིན་བརླབས་ཀྱིས།། བདག་དང་འགྲོ་བ་བསྲུང་བར་མཛོད།། འགྲོ་བ་རྣམས་ཀྱི་ཚེ་དང ་སྲོག་ན་གསོན་པོ་བདེ་བར་གཅོད་བྱེད་པའི།། བདུད་དང་སྲིན་པོའི་འཁོར་བཅས་ཀུན།། བཅོམ་ཞིང་གསང་བུའི་གཉེན་པོ་ནི།། བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་མཆོག། སྲིན་གསུམ་ཐལ་བྱེད་རྔམ་པ་དེས།། ཁ་ཊྭཱཾ་དྲག ་པོས་མི་བཟད་པས།། བདུད་དང་སྲིན་བུ་འཁོར་བཅས་དང་།། གཤིན་རྗེ་བཅོམ་ཞིང་བསད་ནས་ནི།། རོ་ཡང་ལྷོའི་འཛམ་གླིང་དུ།། བོར་ནས་ས་གཞིར་གྱུར་པ་ནི།། དུར་ཁྲོད་ཆེན་པོ་བརྒྱད་ཡིན་ནོ།། མགོ་ནཱི་ལྷོ་ནུབ་མཚམ ་སུ་བསྟན།། རྐང་པ་བྱང་ཤ་ར་མཚམ་སུ་བསྟན།། ལག་པ་གཡས་གཡོན་མཚམ་སུ་བསྟན།། ཉམས་ཤིང་འབོད་འགྲོགས་རྒྱལ་བར་འགྱུར།། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་བི་ཤཱ་མ་ཏ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ ་ར་ཧེ་ཏ་པ་བི་ཤྭ་ཁ་ནཱ~ཾ་ག་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་བཾ་ཀཱ་ར་ཧེ་ཏྲ་པ་བི་ཤྭ་ཨཱ་ཀཱཪྵ་རུ་དྲ་ཧཱུཾ་ཕཊ། གནས་ཀྱི་སྒོ་ནི་སུ་ཡིས་བཅད།། སེམས་ཀྱི་བདག་པོས་བཅད་དམ་ཅི།། གཟུང་འཛིན་རྐང་པ་བསྣོལ་བ་ལཱས།། ཡུལ་ལས ་འདས་པའི་ཞབས་ཀྱིས་དབྱེ།། དེ་ནས་གཡས་སུ་བསྐོར་ཏེ། ལྟེ་བའི་ཕྱོགསུ་ཨེ་གྲུ་གསུམ་གྱི་སྒོ་ཕྱེ་ནས་ལྕགས་ཀྱུའི་ཕྱག་རྒྱས་རྣམ་པར་ཤེས་པ་དྲངས་ཏེ། ཨོཾ་མ་ཧཱ་བོ་ཤ་ཕྱང་ཞེས། གནས་གསུམ་གྱི་ཞིང་ཁམས་གང ་རུང་དུ་རིགས་ཀྱི་ལྷུན་གྱིས་གྲུབ་པའི་སྲསུ་བྱའོ།། དེ་ནས་ཁོག་པ་གཞལ་ས་དུ་བྱས་ཏེ།། རྣལ་འབྱོར་པ་རྣམས་ནང་དུ་བཞུགས་ནས།། ནང་ཁྲོལ་གྱི་ཚོགས་རྣམས་དུག་གསུམ་རྣམ་པར་དག་པ་འདོད་པའི་ལོངས་སྤྱོད་ཀྱི ་མཆོད་པར་དམིགས་ཤིང་།། དགའ་བའི་གླུ་གར་དང་རོལ་མོའི་མཆོད་པར་བྱའོ།། དེ་ནས་ལྷ་ཐམས་ཅད་ལ་བསྟོད་ཅིང་བསྐུལ་བའི་ཕྱིར་རྡོ་རྗེའི་གླུ་བླང་སྟེ།། ཁ་ཊྭཱཾ་ག་ལ་རྒྱབ་རྟེན་བཅས།། ན་མཁའི་ཕྱག་རྒྱ་རྣལ་འབྱོར་པོས། ་ནམཁའ་ཀུན་ལས་གྲོལ་བ་འགྲུབ།། དངོས་པོ་ཐམས་ཅད་མཁའ་བྱིན་པ།། མཁའ་ལས་སྒྱུ་མ་ཀུན་བླངས་ནས།། ལུས་པ་མེད་པར་དེར་ཟའོ།། གྷན་དྷ་ཧོ། གྷན་དྷ་ཧོ། གྷན་དྷའི་སྒྲ་ཡིས་སྒྲོལ་བར་མཛད།། ལ་ལཱྀར་མཁས ་བོའི་གཟུགས་ཀྱང་འཛིན།། ལ་ལར་ཚངས་པ་བཞིན་དུ་ཞི།། ལ་ལར་གཤིན་རྗེ་བཞིན་དུ་རྔམ།། ལ་ལར་དུས་དུས་མཐའི་མེ་ལྟར་འབར།། འཇིག་རྟེན་ཁམས་ནི་སྟོང་དག་ན།། མི་སྡུག་རིགས་ཀྱི་གཟུགས་འཛིན་པའི།། མཁའ ་འགྲོ་འབར་མའི་ཚོགས་བཅས་ཀྱིས།། མ་ལུས་ལུས་པ་མེད་པར་སྒྲོལ། ཞེས་སོ།། གཞན་ཡང་ཤ་ཁྲག་རུས་པའི་ཚོགས་རྣམས་དང་།། ཟ་བྱེད་ཀྱི་ཚོགས་དང་། འཇིགས་བྱེད་ཀྱི་ཞལ་དུ་དབུལ་བ་ནི།། སྟབསུ་གསོལ་ཅིག་ཏེ་རུ་ཀ། ་གང་ལ་བྱ་བའི་དངོས་པོ་འདི།། ཕྲ་མེན་གཤེང་མ་ཁྱེད་རྣམས་ཀྱིས།། དབང་དང་རིག་སྔགས་བྱིན་བརླབས་ཏེ།། རིག་སྔགས་ཀྱིས་ནི་རྨོངས་མཛད་ནས།། དྲག་པོ་ལས་ཀྱིས་སྒྲུབ་བྱེད་ཅིང་།། འདི་ལ་སོགས་པ་རྣམས་ལ་ཡང་། ་དེ་དག་ལོངས་སྤྱོད་རྒྱན་དུ་འབུལ།། ཤྲ་དང་རྐང་ཁྲག་འདོད་པ་རྣམས།། རིག་སྔགས་ཀྱིས་ནི་བྱིན་བརླབས་ནས།། འཚོ་བ་ཕྲོགས་ནས་ཅི་བདེ་བར།། ཁྱེད་ཀྱིས་དེ་ལ་ལོངས་སྤྱོད་ཅིག། ཅན་དང་བཅུད་ཡངས་ཟབ ་བབ་ན།། ཁོར་ཡུག་གཏོས་ཀྱི་དངོས་པོ་འདི།། བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར།། འཇིགས་བྱེད་དཀའ་ཟློག་དགྱེས་ཤིང་རོལ།། རྡོ་རྗེ་གསུམ་དང་སྐུ་གསུང་ཐུགས།། སྲིད་གསུམ་འཇོམས་མཛད་ཏྲི་ཤུ་རོལ།། རྡོ་རྗེ་གསུམ ་འབར་སྐུ་གསུང་ཐུགས།། སྲིད་གསུམ་འཇོམས་མཛོད་ཏཱི་ཤུ་ལ།། དུག་གསུམ་རྩད་ནས་བཙོད་པའི་ཕྱིར།། ཁམས་གསུམ་ཅིག་ཅར་བསྒྲལ་བར་བྱ།། འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས།། ཁམས་གསུམ་ཅིག་ཅར་བསྒྲལ ་ནས་ཀྱང་།། ཟ་བྱེད་ཆེན་པོའི་ཞལ་དུ་ནི།། འགྲོ་ཀུན་ཡུད་ཙམ་ཅིག་ལ་འདྲེན།། འགྲོ་དང་མི་འགྲོའི་སྣོད་བཅུད་འདི།། འཇིག་རྟེན་ཁྱེད་ལྔས་ཀུན་ཟ་ན།། དངོས་པོར་གྱུར་བའི་དགེགས་འདི་ཀུན།། ངས་བསྟབས་ཁྱེད་ཀྱིས་ཡུལ་ལ ་བཞེས།། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧ་ཧ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཁཱ་ཧི་ཁཱ་ཧི།། ཤར་ཕྱོགས་འཇིག་རྟེན་ལམ་སྒོ་ན།། ཡང་དག་ཐར་ལམ་གཅོད་བྱེད་པ།། འབྱུང་པོ་གཏུམ་པོ་ང་རྒྱལ་ཅན།། ཁྱོད་ནི་སྒྲིབ་པ་ཀུན་ལ་སྒྲིབ།། ཡང་དག་ཐར ་པ་ཡེ་ཤེས་ཀྱི།། ཁུངས་བརྟག་རྩད་བཅད་དག་ལས་བྱུང་།། བདག་འཛིན་བདག་གི་རྟོག་པ་རྣམས།། བདག་མེད་སྟོང་པའི་ཐོ་བས་གཞོམ།། ཨཏྨཱ་ན་ཏི་མ་ཧཱ་ཤཱུ་ནྱ་ཏཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ།། ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོང་། ་རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིགས།། སྲིད་པ་ཇི་བཞིན་ཡོང་ཡེ་སྟོང་པ་སྟེ།། ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱིའོ།། འདོད་པའི་ཁམས་སྟོང་པ་ཉིད།། གཟུགས་ཀྱི་ཁམས་སྟོང་པ་ཉིད་དོ།། གཟུགས་མེད་པའི་ཁམས ་སྟོང་པ་ཉིད་དོ།། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སྟོང་པ་ཉིད་དོ།། ངག་སྟོང་པ་ཉིད་དོ།། སེམས་སྟོང་པ་ཉིད་དོ།། གང་དག་སྟོང་པ་ཉིད་མི་ཤེས་པ།། དེ་ཡིས་མྱ་ངན་འདས་མི་ཤེས།། དེ་ཕྱིར་དངོས་པོ་དངོས་མེད ་པསད་འཇིགས་པས་སྟོང་ཉིད་ཤེས་པར་བྱ།། ཆེན་པོ་སྟོང་པ་ཞེས་བྱ་བ།། ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ།། དེ་བས་རྣམ་པ་ཐམས་ཅད་དུ།། སྟོང་ཉིད་རྗེསུ་དྲན་པར་བྱ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པས།། ་མཚན་མའི་རྟོག་ཚོགས་ཀུན་མི་རྟོག་ཡེ་ཤེས་ཀྱིས་གཞོམ་པར་བྱའོ།། དེ་ནས་བནྡྷ་མཚན་དང་ལྡན་པ་དག་བྱིན་གྱིས་བརླབས་ཅིང་།། རང་རང་གི་གན་སུ་མེ་མར་དང་བཅས་པས་དགྲམ་པ་དང་། དུར་ཁྲོད་ཆེན་པོ་བརྒྱད་དག ་ནས་དགོད་དོ།། ཤཱར་དུ་རྐང་པ་གཡས་པའོ།། ལྷོར་ལག་པ་གཡས་པའོ།། ནུབ་ཏུ་ལག་པ་གཡོན་པའོ།། བྱང་དུ་རྐང་པ་གཡོན་པའོ།། ཤར་ལྷོར་དགུ་གཡས་པའོ།། ལྷོ་ནུབ་ཏུ་མགོ་བོའོ།། ནུབ་བྱང་དུ་དགུ་གཡོན་པའོ།། བྱང ་ཤར་དུ་མཚན་མའོ།། དེ་ལྟར་དུག་གསུམ་གྱི་རྐྱེན་བསགས་ནས།། ཞིང་སྐྱོང་ལ་སོགས་པའི་གཟུགས་བྲི་བར་བྱའོ།། གཞན་ཡང་དབང་སྒྱུར་བ་ཆེན་པོའི་ཏིང་འཛིན་ལས་འབྲུམ་གྱི་འཕྲོ་འདུས་གནས་བྱིན་གྱིས་བརླབས་པ་དང་། ་རྣལ་འབྱོར་པ་ཐམས་ཅད་རང་གི་ལྷར་བསྒོམ་པ་དང་། སྒྲུབ་རྫས་ཐམས་ཅད་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དང་།། ལྷ་མོ་ཀྲོ་དྷཱི་ཤྭ་རིས་བྱིན་གྱིས་བརླབས་པའི་དྲི་ཆབ་ཀྱིས་དག་པར་བྱ་བ་དང་། ་བདུད་རྩི་སྦྱང་བ་དང་། ཚོགས་ཀྱི་ཞལ་ཟས་བྱིན་གྱིས་བརླབ་པ་རྣམས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་རྫོགས་པར་བྱས་ནས་སྒྲུབ་པའི་དཀྱིལ་འཁོར་གྱིས་སོ་སོའི་གནསུ་དགྲམ་པར་བྱའོ།། དེ་དག་གི་ནི་སྒྲུབ་པའི ་དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བའི་ཡན་ལགཽ་གི་ཆོ་ག་བསྟན་པ་ཡིན་ནོ།། ད་ནི་བསྙོན་པའི་ཆོ་ག་བསྟན་པའི་ཕྱིར་ཕྱག་རྒྱ་ལྔས་མཚན་ཅིང་ཆོས་གོས་ལྔ་བགོས་ཏེ། འགྲོ་བའི་དོན་དུ་དམ་བཅས་ནས་དཔལ་རྡོ་རྗེ་སེམས ་དཔའི་དཀྱིལ་འཁོར་ལ་དམིགས་ཏེ། གཞིའི་ཏིང་འཛིན་དང་། བརྟེན་གྱི་ཏིང་ངེ་འཛིན་དང་། བརྟེན་པའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། མདུན་གྱི་དཀྱིལ་འཁོར་ལ་དམིགས་པའི་བྱ ་བྱ་དང་། ལས་སྦྱོར་བ་དང་། ཐུན་མོང་གི་བཟླས་བརྗོད་དང་། ཁྱད་པར་གྱི་བཟླས་བརྗོད་དང་། དེ་དག་རྫོགས་ནས་མཚོན་ཅིང་བསྟོད་པ་བྱས་ལ།། ལྷ་རྣམ་ལ་ཐུགས་དམ་བསྐུལ་བར་བྱ།། གལ་ཏེ་རྣལ་འབྱོར་པ་མཚན་མ ་ཐོབ་པ་ཞིག་གིས་འཇུག་ན་ནི་ཐིག་ལེ་འམ། ཕྲ་མོ་འམ། རྣམ་པར་དག་པ་སྤྱད་པར་བྱའོ།། དེ་ནས་ཚོགས་ཀྱི་ཆོ་ག་དང་། སྦྱིན་སྲེག་དང་། ལྷག་པའི་ལས་ངག་གི་བསྒོམ་པ་དང་། ཆོ་ག་རྫོགས་པའི་ལས་ལ་སྦྱརོ།། དེ་ནས ་དབང་བསྐུར་བའི་ཕྱིར་གོང་དུ་དཀྱིལ་འཁོར་དུ་འཇུག་པ་ཙམ་ལ་སཱ་མ་བྱས་པ་དག་ལ་ནི་སྔ་མའི་དུསུ་པར་མཚམས་སུ་བཞག་ནས་རིག་པའི་དབང་ནས་བསྐུར་བ་དང་། དེ་བཞིན་དུ་གང་ཐོབ་པ་ནས་བརྩམས་ཏེ། ་རྫོགས་པའི་བར་དུ་སྤྱད་པར་བྱའོ།། དེ་དག་གི་རིམ་པ་ནི་འདི་ལྟར་ཡིན་ཏེ། དང་པོ་གོང་རོལ་ཏུ་འཇུག་པའི་ཆོ་ག་ལ། རྡོ་རྗེ་རྒྱལ་པོ་དང་། རྒྱལ་མཐེབ་ཆོ་ག་རྫོགས་པས་སློབ་མ་ལོངསུ་སྦྱོངས་པ་བར་ཁང་གི་སྒོ་མཚམ ་སུ་མཎྜལ་བཤམ་སོ་པ་ལ་བཞག་སྡེ། བྱང་གི་སྒོ་དྲུང་ན་གནས་པའི་བུམ་པས་བསངས་ནས་རིགས་ཀྱི་ལྷ་མཆོད་ཅིང་གསོལ་བ་བཏབ་ནས་ཤིས་པར་བྱའོ།། དེ་ནས་དམར་པོ་འམ། དཀ་རོ་པོ་དག་ལ། ཨཱཿཁཾ་བཱི་ར་ཧཱུཾ་ཧཱུཾ། ་ཞེས་བྱ་བས་བྱིན་གྱི་བརླབས་ན་གདོང་གཡོགས་ཏེ། རིན་པོ་ཆེའི་ཕྲེང་བ་ཐོགས་ནས་ཐེག་པ་ཆེན་པོར་མོས་ཤིང་། སེམས་བསྐྱེད་པས་གནས་པ་ལ་སློབ་དཔོན་གྱིས་དྲི་སྟེ། ཀྱེ་ཁྱོད་ཅི་ལ་དགའ་བུས་འདིར་འཇུག་པ་ཡིན་ཞེས ་པ་དང་། སློབ་མས་ཀྱང་བདག་སྐལ་པ་བཟང་པོ་ལ་དགའ་བས་འཇུག་པའོ་ཞེས།། སླར་བརྗོད་པ། དེ་ལ་ཁྱོད་ལ་ཅི་དགོས་ཞེས་བྱའོ།། དེས་སྨྲས་པ། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིརརོ།། ཞེས་སོ།། སླར་བརྗོད་ལ། ་བདེ་གཤེགས་སྲས་བཅས་དམ་ཚིག་པས། ཡོན་དབུལ་ཐུགས་རྗེས་བདག་ལ་དགོངས།། སངས་རྒྱས་སྐུ་གསུང་རང་བཞིན་མཆོག། སློབ་དཔོན་མགོན་ལ་སྐྱབསུ་མཆི།། སྐལ་བཟང་ལྔ་མོའི་ཚོགས་བཅས་པའི།། དཀྱིལ ་འཁོར་ཚོགས་ལ་ཕྱག་འཚ་ལོ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་དགུ་ནི་གཞུག་ཏུ་གསོལ།། ཞེས་པ་དང་། སླར་བརྗོད་པ། རྒྱལ་བ་ཀུན་གྱི་གནས་བཞུགས་པའི།། དཀྱིལ་འཁོར་ཆེན ་པོ་ཉམས་དགའ་བ།། སྙིང་པོའི་གྲོང་ཁྱེར་ཆེན་པོ་འདིར།། བདག་གི་སློབ་མ་གཞུག་པར་བགྱི། ཞེས་བརྗོད་དོ།། དེ་ནས་ལས་ཀྱི་རྡོ་རྗེ་ལྷག་པ་གཡས་པ་ནས་བཟུང་སྟེ། ཨོཾ་སརྦ་ལོ་ག་ཙིཏྟ་ཨུཏྟ་པཱ་ལ་ཡ་མི་ཧཱུཾ། ཞེས་བརྗོད་ཅིང ་ཡོལ་བའི་ནང་དུ་གཞུག་སྟེ། དཀྱིལ་འཁོར་གྱི་ཤར་སྒོར་བཞག་ལ་འདི་བརྗོད་དོ།། ཨོཾ་ཐོག་མ་མེད་དུས་འཁོར་བའི་གནས།། བདག་གིས་བསགས་པའི་ལས་གང་གིས།། བགྱིད་རྩལ་ཡི་རང་དུས་འདིར་བཤགས།། ཕྱིན ་ཆད་མི་བགྱིད་སྡོམ་པ་གཟུང་།། རྒྱལ་བ་སྲས་སོགས་དགེ་རྩ་བཞི།། འགྲོ་གཞན་ལེགས་བྱས་གང་ཡིན་དང་།། དེ་དག་ཀུན་ལ་རྗེས་ཡི་རང་།། བྱང་ཆུབ་ཆེན་པོར་བདག་གིས་བསྔོས།། སངས་རྒྱས་ཆོས་དང་དགེ་འདུན་ལ།། ་བདག་གིས་དུས་འདིར་སྐྱབསུ་གསོལ།། ཉོན་མོངས་སྡུག་བསྔལ་བཅད་པ་དང་།། དགེ་བའི་ཚོགས་མང་སྤེལ་བའི་ཕྱིར།། བྱང་ཆུབ་བདེ་ཆེན་དོན་བསྐྱེད་ནས།། འགྲོ་རྣམས་དི་རིང་དུས་འདིར་གཉེར།། སངས་རྒྱས་གྱུར་ནས ་བདག་གིས་ནི།། འགྲོ་རྣམས་སྲིད་པའི་གནས་ནས་གདོན།། ཞེས་བརྗོད་དོ།། དེ་ནས་མེ་ཏོག་ཕྲེང་བ་དང་བཅས་པ་སློབ་མའི་སྙིང་གར་བཞག་སྟེ། ཨོཾ་བདེ་གཤེགས་ཀུན་གྱི་ཁྱོད་ཉིད་ནི།། དེ་རིང་བྱིན་གྱིས་བརླབས་པ་ན།། དེ་བཞི ་གཤེགས་པའི་གསལ་ཆེན་འདི།། དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་།། དད་པ་མེད་པའི་མི་རྣམས་ལ།། ནམས་ཀྱང་སྨྲ་བར་བྱ་བ་མིན།། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་ཁཾ། ཨོཾ་རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི།། ་སྙིང་ལ་ཡང་དག་ཞུགས་མཛད་དེ།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཨོཾ་མ་ཧཱ་ས་མ་ཡ་ཨུཏྤཱ་ཐཱཿ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིགི་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན ་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུཏྤཱ་ཏ་ཏྲི་ཋ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི།། རྡོ་རྗེ་སེམས་དཔའ་ང་ཡིན་པས།། གང་ཞིག་སྒོ་བའི་ལས་རྣམས་བྱོས།། ང་ལ་བརྙས་པར ་མ་བྱེད་ཅིག། གལ་ཏེ་ཅུང་ཞིག་བརྙས་བྱས་ནས།། དུས་མིན་འཆི་ཞིང་དམྱལ་བ་ལྟུང་།། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས།། སྐུ་དང་གསུང་འཕྲུལ་ལས་མཛད་པ།། ཕྱག་རྒྱའི་ཆོ་ག་གང་དག་གིས།། དེ་རིང་བདག་ལ་དབབ ་ཏུ་གསོལ།། ཞེས་བརྗོད་དེ། སློབ་མོའོ་སྙིང་གར་བདེ་གཤེགས་བཞུགས་པ་དང་།། བདུད་རྩི་བྱིན་གྱིས་བརླབས་པས།། དངོས་གྲུབ་སྦྱིན་ཞིང་དམ་ཚིག་བསྒྲག་པར་བྱ།། དེ་ནས་སྙིང་ག་དང་རྐང་མཐིལ་དང་།། མགྲིན་པ ་དང་། སྤྱིའོ་རྣམསུ་འབྱུང་པོའི་ས་བོན་གྱིས་མཚན་མའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་ཡང་། སུམྦྷ་ནི་སུམྦྷ་ནི་ཧཱུཾ། ཞེས་བསྲུང་ཞིང་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཨོཾ་ཛྙཱ་ན་ཨཱ་བ་ཤ་ཡ། སྟཾ་བྷ་ཡ། ར་ར་ར་ར། ཙ་ལི་ཡ ་ཙཱ་ལ་ཡ་ཧཱུཾ། ཨཱ་ཧཱ་ཛྙེ། ཞེས་བརྒྱ་རྩ་བརྒྱད་བརྗོད་དོ།། ནམ་ཞིག་ཡེ་ཤེས་བབས་པའི་ཚེ་ནི་སྐུ་དང་། གསུང་དང་། ཐུགས་ཀྱི་རྟགས་སྟོན་པར་འགྱུར་རོ།། རྡོ་རྗེ་སློབ་དཔོན་གྱིས་བདེན་པ་བརྗོད་པར་བྱ་སྟེ། མགོ ་མཆོག་གསང་བའི་དཀྱིལ་འཁོར་འདིར།། སློབ་མའི་མཆོག་འདི་གཞུག་པར་བགྱི།། རིགས་ཀྱི་ལྷ་ཡི་བྱེ་བྲག་དང་། བསོད་ནམས་གང་ཡིན་དེ་བཞིན་གཤོག། དེ་བཞིན་དངོས་གྲུབ་མཚན་མ་དག། སྙིང་པོའི་གནས་འདིར་ལེགས ་པར་སྔོན།། ཞེས་བརྗོད་ཅིང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ལ་བརྟགས་ཏེ།། དེས་རང་གི་ལས་དག་གྲུབ་པར་ཤེསོ།། དེ་ནས་ཕྲེང་བ་དཀྱིལ་འཁོར་དུ་དོར་ཏེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ།། ཞེས་པས། ལྷ་གང་ལ་བབས་པ་དེ་ཡི་དམ་དུ ་བླང་བར་བྱའོ།། དེ་ཡང་གཙོ་བོ་ལ་བབ་ན་ནི་མཆོག་གི་དངོས་གྲུབ་འགྲུབ་ཅིང་།། བར་མཚམས་དག་གིས་ནི་འབྲིང་གིས་ལས་འགྲུབ་ལ།། ར་པ་ལས་འདས་པ་དག་གིས་ནི་སླར་བསྒྱུར་ཏེ་ལན་གསུམ་དུ་དོར་ཞིང་། གང་ཞིག ་དཀྱིལ་ལཱ་མ་བབ་པ་དག་ནི་ཆུས་ཤིས་པར་བྱས་ཏེ་པར་གཏང་བར་བྱའོ།། ཡང་ཕྲད་བ་དེ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ནས། ཀྱེ་སེམས་དཔའ་ཆེན་པོ་ཕྱེང་བ་འདི་དང་མི་འབྲལ་བར་གྱིས་ཤིག། ཨོཾ་རཏྣ་མཱ་ལེ་ཨབྷིཥྚཾ་ཏྲཱཾ། ་ཞེས་བརྗོད་དོ།། ཡི་གེ་ཨཾ་གྱིས་བརྗོད་པའི་གསེར་གྱི་ཐུར་མ་པྲས་མཚན་མ་ཡོས་དྲི་མ་བསལ་ནས། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། མིག་འབྱེད་པར་ནི་བརྩོན་མཛད།། སྒྲིབ་གཡོགས་ལིང་ཐོགས་ཀུན་བསལ་ནས།། ཥྚྲྀཿ། ་མིག་ནི་བླ་ན་མེད།། ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། ཅེས་བརྗོད་དོ།། གདོང་གཡོགས་བསལ་ནས་དཀྱིལ་འཁོར་བསྟན་པའི་ཕྱིར་སྒོ་དབྱེ་སྟེ། བུ་ཁྱོད་དཀྱིལ་འཁོར་ལེགས་པར་ལྟོས།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། ཕྲེང ་བ་གང་ལ་བབ་པ་ནི།། དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ།། ཞེས་ཏེ་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཤིང་གཙོ་བོའི་བར་དུ་ལྷ་རྣམས་ཀྱི་མིང་བསྟན་པར་བྱའོ།། དེའི་རྗེས་ལ་བཟའ་བ་དང་བཏུང་བ་ལ་སོགས་པའི་ཚོགས་ཀྱིས་ལྷ ་དང་སློབ་དཔོན་དང་། རྣལ་འབྱོར་བདག་མཉེས་པར་བྱས་ནས། སློབ་དཔོན་ལ་སེམས་དད་པའི་སྒོ་ནས་བདག་གི་སྐལ་པ་ཇི་ལྟར་ལགས་པ་བསྟན་དུ་གསོལ་ཞེས་བརྗོད་པར་བྱའོ།། དེར་སླར་བརྗེད་པ། བུ་ཁྱོད་དང་པ་རབ་ཏུ ་བསྐྱེད།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི།། མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན།། འགྲོ་བ་ཕུན་སུམ་ཚོགས་ཀུན་དང་།། དངོས་རྣམས་ཐམས་ཅད་མངོན་དུ་འགྱུར།། དམ ་ཚིགྲོ་ཏིང་འཛིན་རྗེས་ཆགས་དང་།། གསང་སྔགས་སྙིང་པོ་འཛིན་པར་གྱིས།། ཞེས་པར་བརྗོད་པར་བྱའོ།། དེ་ནས་དབང་བསྐུར་བའི་དོན་དུ།། སློབ་མ་ཡོན་དང་བཅས་བས་གསོལ་བ་གདབ་སྟེ།། རྒྱལ་བ་ཀུན་གྱིས་གསང ་བའི་ལམ།། འགྲོ་བ་སྐྱོབས་ལ་གཟི་བརྗིད་ཅན།། མཁའ་འགྲོ་མ་ཡི་འཁོར་ལོ་མཆོག། ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། དེ་རིང་དབང་བསྐུར་གནང་བ་ཡི།། དུས་ལ་བབ་པར་འོས་པ་ལགས།། དཔའ་བོ་ཆེན ་པོས་མི་ལྡོག་པའི།། དབང་བསྐུར་རིམ་བཞིན་བདག་ལ་སྩོལ།། རིག་པ་ཆེན་པོས་ལས་བསྒྲུབས་ནས།། དངོས་གྲུབ་མཆོག་རྣམས་ཤིས་པ་དང་།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གི་རྡོ་རྗེ་སློབ་དཔོན ་གཟུང་ཞེས་བརྗོད་དོ།། དེ་ནས་ཤར་གྱི་ཕྱོགས་ཀྱི་སྒོ་དྲུང་དུ།། ཁྲུ་དོ་ཙམ་གྱིས་ཆོད་པར་དབང་སྔགས་དཀྱིལ་འཁོར་གྱི་ལྟེ་བ་དྲང་མཉམ་པར་བརྩིགས་ཏེ། པདྨ་འདབ་བརྒྱད་སྒོ་དང་བཅས་པ་བྲིས་ནས།། སེངྒེའི་ཁྲི་ལྡེ་པདྨས ་མཚན་མའི་གདན་ལ་བཤམ་ཞིང་སློབ་མ་བཞག་སྟེ། འཕན་གདུགས་དང་། མེ་ཏོག་ཕྲེང་བ་དང་། རིན་པོ་ཆེའི་རྒྱན་དང་། གོས་སྣ་ཚོགས་ཀྱིས་མཛེས་པར་བྱས་ནས།། སྤྲོས་ཆུས་སྦྱངས་ཏེ། ཡུངས་ཀར་གྱི་སྦྱིན་སྲེག་དང་། ་ཀུ་ཤའི་ཆུས་ཤིས་པའི་ཆོ་ག་བྱའོ།། ཡང་བདུད་རྩི་བྱིན་གྱིས་བརླབས་པའི་ཆུ་འཐོར་ཞིང་།། རྟ་མཆོག་གི་སྔགས་ཀྱིས་བསྲུངས་ནས་ཡི་གེ་གསུམ་གྱིས་སྦྱང་བོར་བྱ་ཞིང་།། ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ལས་རིགས ་ཀྱི་ལྷར་བསྐྱེད་དེ།། མཆོད་དབྱིངསཱ་དང་། རོལ་མོའི་སིལ་སྙན་དུ་བཅས་པས་བུམ་པའི་ནང་ནས་ཆུ་བླངས་ཏེ། དུང་ཆོས་ལ་སོགས་པས་བླུགས་ལ་ཚིག་སུ་བཅད་པ་བརྗོད་པར་བྱའོ།། ཏིལ་གྱི་གང་བུ་བཞིན་གང་བའི།། རྒྱལ ་བའི་བུམ་པོ་བཟུང་ནས་ནི།། འདི་ཉིད་ལས་ནི་བླུགས་བྱས་ལས།། བག་ཆགས་མ་ལུས་དག་གྱུར་ཅིག། ཅེས་ཕྱིར་བུམ་པའི་ཆུས་ཁྲུས་བྱས་ནས།། ཡང་ས་བོན་གྱི་གསང་སྔོགས་ལས་བྱུང་བའི་ལྕགས་ཀྱུས་ཡེ་ཤེས ་ཀྱི་དཀྱིལ་འཁོར་བཀུག་སྟེ། མདུན་རོལ་ཏུ་ཟླ་བའི་དཀྱིལ་འཁོར་དུ་བཞག་ནས་གཉིས་སུ་མེད་པའི་རོལ་པ་མཛད་ཅིང་། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ལྷའི་བུམ་པ་བཀང་སྟེ། གར་དང་དབྱངསུ་བཅས་པས་ཕྱོགས ་བཞི་ནས་ཁྲུས་མཛད་དོ།། ཨོཾ་ལྷ་ཡི་ཆུ་ནི་དྲག་པ་ཡིས།། རྡོ་རྗེ་གསང་གསུམ་གནས་ལས་བྱུང་།། རིག་པའི་ལྷ་མོ་ཚོགས་ལྡན་པའི།། རང་བཞིན་གཅིག་ཏུ་གྱུར་པ་ཡིན།། ཨོཾ་བཛྲ་ཨ་བྷི་ཥིཉྩ་མི།། ཞེས་བརྗོད་དོ།། ་དེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་ཧེ་རུ་ཀའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྟོན་ཏེ། ཆུའི་དབང་བསྐུ་རོ།། དེ་ནས་རིན་པོ་ཆེའི་རྒྱུ་ལས་བྱས་པ་འམ། གཞན་དག་ལས་བྱུང་བ་གང་ཡང་རུང་སྟེ། ་དབུ་རྒྱན་རྩེ་མོ་ལྔ་པ་སངས་རྒྱས་ལྔའི་མཚན་མ་དང་། དར་དབྱངསུ་བཅས་པ་བྱིན་གྱིས་བརླབས་ཏེ། ཚོགསུ་བཅད་པ་འདིས་སྦྱིན་པར་བྱའོ།། ཨོཾ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི།། རིན་ཆེན་ལས་བྱུང་དབུ་རྒྱན ་ཆེ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི།། དར་དཔྱངས་དབང་བསྐུར་སྦྱིན་པར་བྱ།། ཨོཾ་བཛྲ་ད་ར་ཏཱ་བཛྲ་ཨ་ར་ལི་ཧོ།། ཨ་བྷི་ཥིཉྩ་ཏྲཾ། ཞེས་བརྗོད་ནས། དེའི་རྗེསཱ་ལ་ཐོད་པའི་མཚན་མ་དྲུག་དང་བཅས་པའི་དར་དཔྱངས ་ཀྱིས་བཅིངས་ཏེ། ཨོཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་རྟོགས།། ཐོད་པའི་ཕྲེང་བའི་དབུ་རྒྱན་གྱིས།། རྡོ་རྗེ་སེམས་དཔའ་བདག་སྔོན་བསྐྱེད།། རིག་པའི་ཡེ་ཤེས་མཚན་མའི་རྟགས།། ཧཱུཾ་བཛྲ་ཀ་པཱ་ལ་ཨ་བི་ཥིཉྩ་མི། དེས་ནི་སོ་སོར ་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྡོ་རྗེ་ཉི་མ་བྱང་ཆུབ་སེམས་ཀྱི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བའོ།། དེ་ནས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་སྦྱང་ཞིང་བྱིན་གྱིས་བརླབས་པ། ལག་པ་གཡས ་པར་གསོར་ཞིང་།། སློབ་མའི་སྙིང་གུར་གཏུགས་ཏེ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་གསང་བ་ཆེན་པོའི་དོན།། དེ་རིང་ཁྱོད་ལ་དབང་བསྐུརེ་ཏེ།། རབ་ཏུ་གྲུབ་ཕྱིར་གཟུང་བར་བགྱིས།། ཨོཾ་བཛྲ་ས་ཏྭ་ཨ ་བྷིཥཉྩ་མི་ཞེས་བརྗོད་དེ།། སློབ་མའི་ལག་པ་གཡས་པར་བཏད་ནས་ལན་གསུམ་གསོར་ཏེ་ཐུགས་ཀར་བཟུང་ངོ་།། ཨོཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བྱ་ཆེ།། ཀུན་ཏུ་བཟང ་བོ་ཀུན་བདག་ཉིད།། རྡོ་རྗེ་བསྙམས་ཚུལ་བདག་པོའི་བདག། ཅེས་བརྗོད་ཅིང་དོན་བཞིན་དུ་བསམ་པར་བྱའོ།། དེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལ་པདྨ་གར་གྱི་དབང་ཕྱུག་ངོ་བོ་མཚོན་པར་བྱེད་པ ་རྡོ་རྗེའི་དབང་ངོ་།། དེ་ནས་དྲིལ་བུ་སྦྱང་ཞིང་བྱིན་གྱིས་བརླབས་པ་དཀྲོལ་ཞིང་སློབ་མའི་ལུག་པཱ་གཡོན་པར་བཏང་ལྔ།། འདི་ནི་རྣལ་འབྱོར་མ་ཚོགས་ཀྱི།། ཤེས་རབ་དབྱིངས་ཀྱི་རྗེས་འགྱུར་བ་ཤཱང་།། ཁྱོད་ཀྱིས་རྟག ་ཏུ་བཅང་བར་བགྱིས།། བྱང་ཆུབ་མོ་ཆོག་ཏུ་རྒྱལ་བས་བཞེད།། ཨོཾ་ཨ་དྷི་པ་ཏི་ཏཱཾ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ཅིང་དེ་ཉིད་རྣམ་པར་དག་པོ་བསྟན་པའི་ཕྱིར།། སྲིད་པ་ངོ་བོ་ཉིད་ཀྱི་བདག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བས།། ་རང་བཞིན་དག་པའི་སེམས་ཅན་རྣམས།། དམ་པའི་སྲིད་པ་བྱེད་པར་འགྱུར།། ཞེས་བརྗོད་དོ།། དེ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་རོལ་པའི་ངོ་བོ་མཚོན་པར་བྱེད་པ་དྲིལ་བུའི་དབང་ངོ་།། དེ་ནས ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་གཉིས་གཟུང་བའི་ཕྱག་རྒྱ་བསྟན་ཏེ།། ཐབས་དང་ཤེས་རབ་སྦྱོར་བའི་འཕྲོ་འདུ་དང་བཅས་པར་སློབ་མའི་མགོ་བོར་བཞག་ནས། ཚིགསུ་བཅད་པ་འདི་བརྗོད་པར་བྱའོ།། ཨོཾ་གཱང ་ཕྱིར་ཆོས་རྣམ་རྣཾ་དག་པས།། སངས་རྒྱས་ཡེ་ཤེས་རང་བཞིན་ཉིད།། དབང་པོའི་སྤྱོད་ཡུལ་གང་དང་གྱང་།། བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད།། ཨོཾ་དཔལ་ཆེ་ག་མཱཾ་ཨ་བྷི་ཥུཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥིཉྩ་མི་ཀ ་ཏོ་ཡ་ཧོ་ཞེས་སོ།། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལྔ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མཚོན་པར་བྱེད་པ་མིང་གི་དབང་བསྐུར་བའོ།། དེ་ལྟར་དབང་བསྐུར་བའི་ཕན་ཡོན་ནི།། སངས་རྒྱས་ཐམས་ཅད ་མཉལ་སྦྱོར་བའི།། མཁའ་འགྲོ་སྒྱུ་མའི་བདེ་མཆོག་ཀྱང་།། རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ།། དེ་ལ་གནོད་པར་མི་འགྱུརརོ་ཞེསོ།། དེ་དམ་ཚིག་དང་སྡོམ་པ་ལ་སོགས་པའི་ཕྱིར།། དང་པོར་མནའ་བསྒྲག་ཅིང་སྡོམ ་པ་སྦྱིན་པོ་ནི་སངས་རྒྱས་ཐམས་ཅིང་གསུང་དབྱངས་གཅིག་པའི་སྒོ་ནས་གསུངས་ཏེ།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བར།། སྡོམ་པ་ཉམས་པར་ཁྱེད་བྱེད་པ།། ཇི་སྙེད་སངས་རྒྱས་ཐམས་ཅད་དང་།། བྱེད ་ཆུབ་སེམས་དཔའ་རྡོ་རྗེ་འཛིན།། ལྷ་རྣམས་དང་ནི་མཱི་ངག་དང་།། དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ།། དེ་དག་ལ་ནི་སྙིང་རིངས་ནས།། སྙིང་ལ་ཁྲག་ཆེན་འཐུང་བ་ཞིག། སེམས་ཅན་ཁམས་ནི་མ་ལུས ་དོན།། སྲིད་པ་ཤིན་ཏུ་དག་བྱའི་ཕྱིར།། མི་འགོག་ཆོས་ཉིད་སྦྱོར་བ་ཡིས།། རྟག་པ་ཉིད་དུ་བསྒྲུབ་པར་བྱ།། རང་གི་ངོ་བོ་ཡོངས་སྤངས་ཤིང་།། དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ།། དཀའ་ཐུབ་ཀྱིས་ནཱ་གཟར་མ་བྱ།། མི ་བདེ་བར་ནི་བདེ་བར་སྤྱད།། འདི་ནི་ཕྱི་དུས་སངས་རྒྱས་ཡིན།། རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ།། ཅིས་ཀྱང་མི་འཇིགས་དགའ་བར་བགྱིས།། སྡིག་མེད་སྟོབས་ཀྱིས་ཁྱོད་མ་འཇིགས།། དམ་ཚིག་འདའ་བར་དཀའ ་ངའོ།། ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམ་པ་གསུམ་རྒྱུས་པར་བསྟན་པ་བྱའོ།། དེས་ནི་སྐྱོབ་མའི་དབང་བསྐུར་བའི་ཆོ་གའོ།། དེ་ནས་རྡོ་རྗེ་སློབ་དཔོན་དུ་བྱོ་ཞིང་།། བདག་དང་གཞན་གྱི་དོན་གྲུང་བར ་འདོད་པས་བླ་མ་ལ་གསོལ་བ་གླདབ་པར་བྱ་སྟེ།། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། དཀྱིལ་འཁོར་སློབ་དཔོན་དབང་བསྐུར་སོགས།། བདུག་གཞན་དོན་དུ་བྱེ་བ་རྣམས།། འགྲུབ་བྱེད་དབང་བསྐུར་བདག ་སྩོལ།། ཅེས་པ་དང་། སླར་བརྗོད་པ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཚེ།། ཟུང་ཞིག་ཡང་དག་གཟུང་བར་བགྱི།། དེ་རིང་རྡོ་རྗེ་སློབ་དཔོན་ཚེ།། སློབ་མའི་ཚོགས་རྣམས་བསྡུ་བར་མཛོད།། འདི་ནི་སངས་རྒྱས་ཐམས་ཅད་ཉིད། ་རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས།། རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ།། ཕྱག་ན་རྡོ་རྗེའི་བཏུལ་ཞུགས་བརྡྷན།། ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་ཏ་ཐཱ་ག་བཛྲ་སཏྭཱ་སཱ་མཱ་ཡ་ཏཱིཥྛ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས།། ་རབ་དབྱངས་ཀྱིས་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བྱས་བཞེད།། ཨོཾ་བཛྲ་གྷཎྜ་ཨ། ཨེ་ཥ་ཏྲཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧོ།། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར།། དམ་ཚིག་ཕྱག ་རྒྱརྒྱ་ཞེས་བྱར་བརྗོད།། ལུས་ཀུན་བརྟན་བྱེད་གང་ཞིག་ནི།། ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན།། ཨོཾ་མ་ཧཱ་ཀཱ་ཡ་བཱཀྵིཏྟ་བཛྲ་སཱ་མ་ཡ་ཧཱུཾ། ཞེས་བརྟུལ་ཞུགས་རྣམ་པ་གསུམ་བྱིན་ན།། མཆོད་པོའི་ཚོགས་དང་།། ་བསྟོད་པའི་གྲཝར་ཐབས་ཀྱིས་ལྷ་རྣམས་མཉེས་བྱའོ།། དེ་ནས་རྗེསུ་གནང་བ་སྦྱིན་པར་བྱ་སྟེ།། བདག་གཞན་དོན་སྒྲུབ~ཾ་ལས་ཀྱི་ཚོགས།། ཐུན་མོང་འབྲིང་བ་མཆོག་གྱུར་པའི།། ཞི་རྒྱས་དབང་དྲག་དགུག་པ་དང ་སྡང་གནོད་རེངས་པའི་ལས་ཀུན་དང་།། དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམསོ།། ཐོགས་པ་མེད་པར་བསྒྲུབ་པར་གྱིས།། རལ་གྲི་མིག་རྣམས་འོག་དང་།། ཐོགས་མེད་མི་འབྱིང་སྐྱེས་འཇོག་དང་།། གསེར་འགྱུར ་རིལ་བུ་ཉི་ཟླ་གཟུང་།། ཆར་དབབ་ལ་སོགས་ལས་ཀྱི་ཚོགས།། རྣམ་ཤེས་སྒྲུབ་དང་ཡེ་ཤེས་སྒྲུབ།། ཕྱག་རྒྱ་ཤེས་པའི་དོན་གྲུབ་དག། ཐམས་ཅད་དངོས་གྲུབ་འགྲོ་བ་ཡི།། དོན་ཉིད་ཡང་དག་སྦྱོར་བར་གྱིས ་རྒྱལ་བ་ཀུན་གྱི་གནས་འཇུག་ཅིང་།། སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱན།། ཕྲིན་ལས་བདག་གཞན་གནས་སྦྱོར་བྲི།། མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབྱ།། ཅེས་བརྗོད་དོ།། དེ་ནས་ཡང་སྔ ་མ་བཞིན་དུ་མིག་དབྱེ་བྱ་སྟེ།། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། མིག་ནད་ལིང་རྟོག་བསལ་བ་ལྔར།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། ལིང་ཏོག་རྒྱལ་བས་སེལ་བར་མཛད།། ཨོཾ་བཛྲ་ནཻ་ཏཱ་ཨ་པ་ཧ་ར་པ་ཊ་ལཾ་ཧྭེ།། ་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་དྲི་མ་མེད།། གཟུང་འཛིན་རྣམ་བྲལ་བརྗོད་མེད་དུ།། རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། རང་བཞིན་མེད་ཅིང་དག་མེད་པ།། ཆོས་རྣམས་དེ་བཞིན་ཤེས ་བྱས་ནས།། སེམས་ཅན་དོནི་ཡང་དག་བྱོས།། དེས་ན་སངས་རྒྱས་སྲ་སུ་སྐྱེ།། ཞེས་བརྗོད་དྲི་མིག་ཕྱེ་བའི་རྗེས་ལ།། ཆོས་ཐམས་ཅད་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེསུ་སྤྱོད་པར་གནང་བའོ།། ཡང་དོན་དམ་པ་དང ་ཡི་དམ་གྱི་ལྷ་ཇི་ལྟར་གནས་པའི་མཚན་ཉིད་བསྟན་པའི་ཕྱིར།། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དག་དང་མཉམ་སྦྱོར་བས།། ཀུན་མཆོག་མཉམ་པ་ཉིད་དུ ་གསལ།། ཨོཾ་རྡོ་རྗེ་སེམས་དཔའ་མེ་ལོང་བཞིན།། ངག་ཅིང་གསལ་ལ་རྙོག་པ་མེད།། བུ་ཁྱོད་ཀྱི་ནི་རྙིང་ལ་བཞུགས།། རྡོ་རྗེ་སེམས་དཔའ་རང་ཉིད་གཙོ།། ཞེས་བརྗོད་ཅིང་།། དེ་ཉིད་ཀྱི་དོན་བསྟན་པར་བྱའོ།། ཡང ་ལྷ་མོ་བདེ་མཆོག་མས་བྱིན་གྱིས་རླབས་པའི་མདའ་གཞུ་བྱིན་ཏེ།། ཕྱོགས་བཞི་དང་སྟེང་འོག་ཏུ་འགེངས་ཤིང་འཕེན་པའི་ཚུལ་བྱས་ནས།། ཆོས་ཀྱི་འཁོར་ལོ་མས་བྱིན་གྱིས་བརླབས་པའི་གདན་ལ་འདུག་སྡེ།། ལག ་པ་གཡས་པར་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་གླེགས་བམ་སྦྱིན་ཞིང་། གཡོན་པར་དུད་བྱིན་ཏེ་སྒྲ་བསྒྲག་པར་བྱའོ།། ཨོཾ་ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས།། སེམས་ཅན་དོན་ཀུན་མཉམ ་སྦྱོར་ཞིང་ཞིང་།། འཁོར་བའི་རྒྱན་བཅོད་མྱ་ངན་འདས།། ཨོཾ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར།། ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི།། ཆོས་ཀྱི་དུང་གི་སྒྲ་སྒྲོགས་པས།། གསང་སྔགས་གསང་ཆེན་སྙིང་པོའི་དོན།། ་སྡོ་ལྡན་ཀུན་ལ་རབ་ཏུ་བཤོད།། དེས་ནི་རྒྱལ་བ་ཐམས་ཅད་ལ།། ཕན་འདོགས་དྲིན་ལན་མཛད་པ་ཡིན།། མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས།། ཁྱོད་ལ་རྟག་ཏུ་བསྲུང་བར་མཛད།། ཅེས་བརྗོད་པར་བྱའོ།། དེའི ་དེའི་རྗེས་ལ་རིགས་ཀྱི་དཀྱིལ་འཁོར་ལྷ་བསྐོར་བར་གནས་སྦྱིན་པ་ནི།། མདོར་ན་འཇིག་རྟེན་ཁམས་རྣམསུ།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། ཇི་ལྟར་སྣ་འདུལ་བ་སྣ་ཚོ་གསུ།། རྡོ་རྗེའི་འཁོར་ལོ་རབ་ཏུ་གསོལ།། ་ཅེས་རིགས་ལྔའི་གན་སུ་སྦྱར་བར་བྱའོ།། ད་ནི་ལུང་བསྟན་པོ་ལས། དང་པོ་སློབ་དཔོན་གྱིས་བསྒོ་བ་ནི།། འདི་ལྟར་ང་ཡིས་ཁྱོད་ལུང་བསྟན།། རྡོ་རྗེ་དང་ལྡན་གསང་བའི་བདག། དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར།། ་སྲིད་པའི་ངན་འགྲོ་གནས་ལས་གྲོལ།། ཀྱེ་ཆེ་གུ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ།། བྷུར་བྷུ་བ་སྭཿདེའི་རྗེས་ལ་དུས་གསུམ་གྱི་རྒྱལ་བུ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་ནས་གསུང་དབྱངས ་མཐུན་པའི་སྒྲ་སྐད་ཀྱིས་ལུང་བསྟན་པར་མཛད་དེ།། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པོ་ཐ་མར་ནཱི་འདི་ཡིན་ཏེ།། གསང་བ་བླ་ནི་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་ཀྱི་མཐུས།། རིགས་ཀྱི ་དཀྱིལ་འཁོར་དུ་གནས་པར་འགྱུརརོ།། ཁྱོད་ཀྱིས་ཆགས་པ་རྣམ་པ་གཉིས་དང་འབྲལ་བར་མི་བྱ་སྟེ།། དེ་དག་གི་ལས་ལ་སྦྱར་བར་བྱའོ།། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། ཁམས་གསུམ་ན་ནི་གཞན་མེད་དེ།། དེ་བས ་འདོད་ལ་ཆགས་བྲལ་བར།། ཁྱོད་ཀྱིས་ནམས་ཀྱང་བྱ་བ་མིན།། མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། དི་རིང་དཀྱིལ་འཁོར་སློབ་དཔོན་དང་།། སྔགས་སོགས་རྒྱུད་རྣམས་འཛིན་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ་ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས།། སེམས་ཅན་ཀུན་ལ་རྗེས་བརྩེ་བར།། དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས།། རྩེ་གཅིག་ནན་ཏཱན་བསྐྱེད་ནས་ནི།། སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར།། ཞེས་བརྗོད་དེ། དེས་ནི་ལུང ་བསྟན་པའོ།། དེ་ནི་དབུགས་དབྱུང་བའི་ཕྱིར།། དང་པོ་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བརྗོད་པར་བྱའོ།། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར།། ཞུགས་ཤིང་མཐོང་བ་ལ་སོགས་པས།། སྡིག་པ་ཀུན་ལས ་རྣམ་གྲོལ་ཞིང་།། ཁྱེད་རྣམས་རབ་ཏུ་དགེ་བར་གནས་ཞེས་བརྗོད།། དེ་ནས་དོན་བཞིན་དུ་སྤྱད་པའི་ཕན་ཡོན་བསྟན་པའི་ཕྱིར།། བུདེ་ཆེན་ཐེག་པ་འདི་ལ་ནི།། ཕྱི་ནས་འཆི་བ་ཡོང་མེད་ཅིང་།། མཚུངསྣ་མེད་ཐུབ ་པར་མི་འགྱུར་ཏེ།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། སྲིད་པ་ཤིན་ཏུ་དག་ལ་ནས།། སྲིད་པའི་སྡུག་བསྔལ་ལས་འོངས་སོ།། དྲ་ནི་དེ་དག་གི་དམ་ཚིག་བཤད་པར་བྱ་སྟེ།། བྱང་ཆུབ་སེམས་ནི་ཡོང་མི་སྤང་།། ་རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ཆེ།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་འགྱུར་ཟེ་ཚོམ་མེད།། དམ་པའི་ཆོས་དགྲ་མི་སྨད་ཅིང་།། མ་གུས་སྤང་ཞིང་དོར་མི་བྱ།། མྲྀ་ཤེས་སྣོད་མིན་རྨོངས་པ་ལ།། ནམ ་ཡང་བསྟན་པར་མི་བྱའོ།། རྡོ་རྗེ་དྲིལ་བུ་མི་སྲུང་སྟེ།། སློབ་དཔོན་དག་ལ་གུས་པར་བགྱིས།། ཞེས་པའི་དོན་བསྟན་པར་བྱའོ།། དེ་ལྟར་སློབ་དཔོན་གྱི་དབང་ཐོབ་པའི་ཕྲིན་ཡོན་ནི།། ཁམས་གསུམ་གྱིས་ནི་རྒྱལ ་སྲིད་ཆེ།། བདག་པོ་རྒྱལ་ཆེན་དབང་བསྐུར་ཞིང་།། བདུད་རྣམས་ཐམས་ཅད་ལས་རྒྱལ་བར།། གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན།། འདི་ཡིས་ཁྱེད་རྣམས་དུས་འདི་རུ།། སངས་རྒྱས་ཐོབ་པར་ཐེ་ཙོམ་མེདྲོ།། ་དབང་བསྐུར་རྗེས་ཐོབ་དབུགས་ཕྱུང་བས།། སློབ་མ་ཡོན་ངན་བདག་པོར་འགྱུར།། སློབ་དཔོན་བློ་གྲོས་དམ་ཚིག་ལྡན།། བརྟན་གཡོའི་མཐའ་ལོ་རྣམ་པར་གྲོལ།། ལམ་མཆོག་འཇུག་སྟོབས་དབུགས་ཕྱིན་ཏེ།། ་ངན་པའི་གནས་དནྡ་ཀུན་སྤངས་པའོ།། ཞེས་བརྗོད་པར་བྱའོ།། དེ་ནས་གདམས་ངག་བསྟན་པའི་ཕྱིར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ལ་དང་པོ ་དཀྱིལ་འཁོར་གྱི་མཚན་ཉིད་ནི་གྲུ་བཞི་པར་གནས་པས། ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པར་བྱ་ཞིང་སྒོ་རྣམ་པ་བཞི་ཡིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཅན་ནོ།། ། ་རྟ་བབས་ནས་ཆོས་ཀྱི་འཁོར་ལོའི་བར་དུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དུ་གནས་པ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་བགྲོད་ནས་རྣམ་པར་ཐར་པའི་སྒོ་བཞིར་འཇུག་པའི་མཚན་ཉིད་ཅན་ནོ།། ་རིན་པོ་ཆེ་སྣ་ལྔའི་རྩིག་པ་ལྔས་ཁ་དོག་ཉི་ཤུ་རྩ་ལྔ་དང་བཅས་པ་ཕྲོ་བ་ནི།། རང་བཞིན་ཡེ་ཤེས་དྲུག་གི་བྱིན་གྱི་རླབས་ལས་རིགས་ཀྱི་མཚན་མ་སྣ་ཚོག་སུ་སྣང་བའི་རང་བཞི་ནོ།། རྡོ་རྗེས་མཚན་པའི་ཀ་བ་བརྒྱད ་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ལ་རྡོ་རྗེ་ཐེག་པའི་ཚུལ་གྱིས་མཚན་པའོ།། རིན་པོ་ཆེ་དང་། མུ་ཏིག་དང་། མེ་ཏོག་གི་ཕྲེང་བས་བརྒྱན་པ་ནི་མཛད་པ་རྒྱ་ཆེན་པོའི་ཕྲིན་ལས་རྣམས་ཡོན་ཏན?་ལས་བྱུང་བའི ་ཚུལ་ལོ།། འདོད་པའི་ཡོན་ཏན་དྲུག་གི་ལྷ་མོ་ནི།། ཡུལ་དྲུག་རྣམ་པ་དག་པའི་སྣང་བའོ།། གདུགས་སྙིང་རྗེ་ཆེན་པོའི་ཆར་བབ་དང་། རྒྱལ་མཚན་བདུད་རྣམ་བཞི་ལས་རྒྱལ་ཞིང་ཐེག་པའི་མདོག་སྟོན་པའི ་མ་དང་། བླ་རེ་མཉམ་པ་ཉིད་དུ་ཚུལ་གཅིག་པར་སྤྱོད་པའི་ཚུལ།། རྔ་ཡབ་རྣམ་པར་རྟོག་པའི་སྦྲང་མ་སེལ་བར་མཛད་པ་དང་། ཟླ་བ་ཕྱེད་པ་རྡོ་རྗེས་སྨོན་ལམ་རྒྱ་ཆེན་པོ་འགྲོ་བའི་དོན་དུ་ཐེག་པ་ཆེན་པོའི་སྔགས་ཀྱི་སྒོ ་ནས་དོན་མཛད་པ་དང་། རྡོ་རྗེ་རིན་པོ་ཆེ་དབྱུག་པོ་ལ་ཕཱ་དེ་ནཾ་དཔྱངས་པས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པའོ།། དེ་ལ་དྲིལ་བུ་སྒྲ་སྙན་པ་ཕྱོགས་བཅུར་སྒྲོགས་པཱ་ནི་ཐེག་པ་སྣ་ཚོགས ་ཀྱི་དོན་སྟོན་པའོ།། རེའུ་ཆའི་ཆ་བརྒྱད་ཀྱི་མཚན་མཱ་ནི་སྐུ་ཞི་དབང་ཕྱག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱིས་བརྒྱན་པའོ།། ཐིག་བཞིས་ལེགས་པར་ཕྱེ ་བྱབྱཱ་ནཱི་ཕྲིན་ལས་བཞིའི་སྣང་བའོ།། སྣ་ཚོགས་པདྨའི་མཚན་མ་དང་། མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཆགས་པ་མེད་པའི་ཕྲིན་ལས་ཀུན་ཏུ་དོན་སྤོད་ཀྱང་ཉོན་མོངས་པའི་མཚན་མྲ་མྲ་གོས་ཤིང་བདེ་བ་ཚོན ་པོའི་དབྱིངས་ལས་སྐུ་གསུང་ཐུགས་ཀྱི་ཐེག་པ་སྟོན་པར་མཛད་པའོ།། བུམ་པ་རྒྱན་གྱིས་མཛེས་ཤིང་བདུད་རྩིའི་བཅུད་དང་ལྡན་པས་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་དབྱུང་གནས་འཆི་བུ་མེད་པའི་བདུད་རྩི ་ཡེ་ཤེས་རྣམ་པ་ལྔའི་དོན་ལས་ཡོན་ཏན་གྱི་སྣང་བ་མ་འགགས་ཤིང་འདོད་པའི་ལོངས་སྤྱོད་སྣ་ཚོགསུ་འཕྲོ་བའོ།། བར་དུ་རི་མིག་འཁོར་ལོའི་ཚུལ་དུ་གནས་པ་ནི་ཕྲིན་ལས་དང་མཆོད་པའི་གནས་སུ ་འགྱུར་ཅིང་རང་གི་ཕྱག་རྒྱ་མཛེས་པ་གྱུར་པའོ།། ཕྱི་རོལ་པདྨ་ལ་སོགས་པའི་ཕྲེང་བ་དག་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཡོན་ཏན་གྱི་སྣང་བ་སྟོན་པ་དང་། སྐུ་གསུང་ཐུགས་ཀྱི་ཕྲིན་ལས ་དང་བཅས་པའི་རྣམ་པ་དང་། ཡེ་ཤེས་ཀྱི་བྱིན་བརླབས་ཀྱིས་མི་མཐུན་པའི་རྣམ་པར་རྟོག་པ་ཐམས་ཅད་སེལ་བྱར་མཛད་པའོ།། ཕྱི་རོལ་གྱི་དུར་ཁྲོད་ཆེན་པོ་དག་གིས་ནི་ཐམས་ཅད་གསང་སྔགས་ཀྱི་ཐེག་པར ་ངུ་ཞིང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་དུ་ཁམས་གསུམ་གྱི་ཞེན་རྟོག་སྦྱང་བ་དང་། ཕུང་པོ་ལྔ་དང་འབྱུང་བ་ལྔ་དག་རྣམ་པར་དག་པའི་ངོ་བོར་སྟོན་པའོ།། ཞིང་དང་ཞིང་སྐྱོང་དག་གིས་ཡོན་ཏན ་མཱ་འགྲགས་པའི་རྟེན་གནས་ལ་སངས་རྒྱས་བརྒྱད་ཀྱི་སྣང་བ་སྟོན་པའོ།། མཚོ་དང་ཀླུ་བརྒྱད་ནི་སྐྱིད་པའི་གནས་ཀྱི་རྟག་པའི་ཚོགས་དག་གཉིསུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་སྟོན་པའོ།། རྣལ་འབྱོར་ཕོ་མོ་དག ་གིས་ནི་དབྱིངས་དང་ཡེ་ཤེས་བཟུང་དུ་འགྲོལ་བའི་དོན་གྱིས་ཆོས་ཐམས་ཅད་འདུས་པར་བསྟན་པའོ།། སྤྲིན་དང་མཆོད་རྟེན་ལ་སོགས་པའི་རྣམ་པ་དག་གིསྟྲ་ནི་ཐུག་སཱ་རྗེ་ཆེན་པོའི་སྤྲུལ་པའི་འཕྲོ་འདུ་དང ་སྣང་པོ་བརྒྱད་བརྟན་པའོ།། བྱ་ཁྱི་རིང་མཁའ་འགྲོ་ལ་སོགས་སྣ་ཚོགས་པས་ནི་ཐུགས་རྗེ་ཆེན་པོའི་སྤྲུས་པ་དང་། ཡོན་ཏན་གྱི་རྩལ་མ་འགགས་པའི་ཕྲིན་ལས་ཀྱི་ཚིགས་རྣམ་པར་འཕྲོ་བ་བསྟན་པ་ཡིན་ནོ།། ་དེ་ལྟར་རྟེན་གྱི་མཚན་ཉིད་རྒྱ་ཆེར་བརྟན་ནས་བརྟེན་པའི་རང་བཞིན་དག་ཤེས་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་དཀར་དམར་གྱི་མདངས་དང་ལྡན་པ་བྱང་ཆུབ་ཀྱི་སྲོ་ཀྱི་རང་བཞིན་ལ་རྟོག་པའི་མཚན་མས ་མ་གོས་ཤིང་ཐུགས་རྗེ་ཆེན་པོས་ཆགས་པའི་ལས་མཛད་པའོ།། རིན་པོ་ཆེའི་ཁ་དོག་སཱ་ལྔའི་འོད་ཟེར་མཛེས་པས་བརྒྱན་པ་ནི་ཡེ་ཤེས་རྣམ་པ་ལྔའི་སྣང་བ་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སྟོན་པའོ།། ་ཞལ་བཞི་དང་། ཕྱག་བཞིའི་རྣམ་པ་ཅན་དུ་བྱུང་བས་ཕྲིན་ལས་རྣམ་པ་བཞི་དང་། ཚད་མེད་པ་དག་གི་སྒོ་ནས་འགྲོ་བ་དབུགས་འབྱིན་པའོ།། སྒེག་པ་ལ་སོགས་པའི་ཚུལ་གྱིས་ཁམས་གསུམ་ལྔས་རྒྱལ ་ཞིང་།། རང་གི་ཚོ་ལུགས་བཅོམ་པར་མཛད་པའོ།། ཕྱག་བཞིའི་མཚོན་ཆ་དག་གིས་ཡེ་ཤེས་རྣམ་པ་ལྔའི་ཆ་བ་ལས་རིགས་ལྷའི་དཀྱིལ་འཁོར་སྣང་བར་མཛད་པ་དང་། ཐུགས་རྗེ་ཆེན་པོས་རྩེ་གཅིག་ཏུ་སེམས ་ཅན་གྱི་ལསྣ་ལ་དགོངས་པ་དང་། སྐུ་གསུང་ཐུགས་སྣ་ཚོགས་ཀྱི་སྒོ་ནས་ཁམས་གསུམ་ལས་ཏེ། གསེང་བ་བླ་ན་མེད་པའི་ཚུལ་སྟོན་པ་དང་། གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལུས་ཀྱིས་བསྐུལ ་བ་དང་། དེའི་མཚན་ཉིད་གཞན་ལ་སྟོན་པར་མཛད་པའོ།། མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གཞན་ཝ་ཁྱདར་དུ་འཕགས་པའི་ཚུལ་གྱིས་མཛེས་ཤིང་བྱང་ཆུབ་ཀྱི་མཆོག་ཏུ ་གྱུར་པའི་ཐུགས་རྗེ་ཆེན་པོའི་རྣམ་པ་དུང་མ་བྲལ་བའི་སྒོ་ནས་སྟོང་གཡོགས་དང་མཛད་པ་སྣ་ཚོགས་ཀྱི་ལས་མངའ་བས་སླད་གཡོགས་ཀྱིས་བརྒྱན་པའོ།། བསྡུ་བའི་དངོས་པོ་བཞི་དང་། ཚང ་མེད་པ་བཞིའི་ཕྲིན་ལས་དག་ལ་སྤྱོད་པས་དཔུང་པ་རིན་པོ་ཆེའི་མཛེས་པའོ།། གཞན་ཡང་རིན་པོ་ཆེའི་སྐེ་རགས་དང་། མགུར་ཆུ་དང་དོ་ཤལ་གྱི་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སངས་རྒྱས་ཀྱི་ཆོས ་མ་འདྲེས་པ་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དོན་སྟོན་པར་བྱེད་པའོ།། ཕྱག་དང་ཞབས་ལ་གདུ་བུས་མཛེས་ཤིང་བྱང་ཆུབ་ཀྱི་མཆོག་ཏུ་གྱུར། སེན་མོ་དོ་བཅུས་མཚན་པ་མོ་བདེན ་བ་བཞི་དང་རྣམ་པར་ཐར་པ་བརྒྱད་དང་། དགེ་བ་བཅུ་ཡོངསུ་རྫོགས་པའི་རྟག་སོ།། དབུ་ལ་རིན་པོ་ཆེའི་སྨྱོན་པ་དང་། ཕྲེང་བ་དང་། ཐོད་པ་དང་། རིགས་ཀྱི་བདག་པོ་དག་གིས་བརྒྱན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག ་དང་། རིགས་རྣམ་པ་ལྔ་དང་། རིགས་ཀྱི་མཚན་མས་ལྷག་པར་གྱུར་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ནི་ཕྱག་རྒྱ་བཞིའི་སྒོ ་ནས་དེ་ཉིད་ཀྱི་དོན་བསྟན་པར་མཛད་པ་དང་། ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་དུ་བཞུགས་པའོ།། གཞན་ཡང་འབྱུང་བ་རྣམ་པ་བཞི་རྣམ་པར་དག་པའི་སྒོ་ནས་ཁྱད་པར་གྱི་ཕྲིན་ལས་བཞིས་འགྲོ ་བའི་དོན་བྱ་བའི་ཕྱིར་རིགས་ཀྱི་ལྷ་མོ་བཞི་དང་། སྐྱེ་མཆེད་ལ་སོགས་པ་ཟག་པ་དང་བཅས་པ་རྣམ་པར་མཛད་ཅིང་རིགས་དང་ཡེ་ཤེས་ཀྱི་སྣང་བ་ཡོན་ཏན་གྱི་ཚོགས་རྣམ་པར་འཕྲུལ་པ་ལས་ཀྱིས་གཞན ་གྱི་དོན་མཛད་པའི་ཕྱིར་ཕྲིན་ལས་སྣ་ཚོགས་དང་བཅས་པར་བསྟན་པ་ཡིན་ནོ།། དེ་ལྟར་རྣམ་པར་དྲག་པའི་མཚན་ཉིད་བསྟན་ནས་སློབ་དཔོན་གྱི་ལ་སུ་བྱ་བ་ནི་དབང་བསྐུར་བ་དང་། རབ་ཏུ་གནས་པ་དང ་འཕྲིན་ལས་བུ་རྩོ་མོ་དང་། སྒྲུབ་པའི་རིམ་པ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་གཞན་དག་གི་ལམ་གསུམ་བྱ་བ་རྣམས་ཀྱང་རྒྱ་ཆེར་བསྟན་པར་བྱའོ།། དེ་ནས་ལྷ་དང་། སློབ་དཔོན་ལ་ཅི་འབྱོར་བའི ་ཡོན་གྱིས་མཆོད་ཅིང་རྗེ་སུ་ཡི་རང་དབུལ་བ་བྱའོ།། དེས་ནི་སློབ་དཔོན་དུ་དབང་བསྐུར་བའི་ཚོགས་བསྟན་པ་ཡིནོ།། དཽ་ནི་ཉེ་བའི་བསྙེན་པའི་སྐབསུ་དབང་རྫོགས་པར་མ་བྱས་པ་དང་། གང་ཞིག་རྫོགོས་པ་དག ་གིས་གནས་པར་འདོང་ན་དབེན་པའི་གན་སུ་དྲིས་ལེགས་པར་བྱུགས་པའི་མཎྜལ་ལ་མེ་ཏོག་ལ་སོགས་པ་བཀྲམ་ཞིང་བདེ་བའི་སྟོན་པ་རྩེགས་པ་ལ་བླ་མ་བཞག་ནས། ཤེས་རབ་མཚན་དང་ལྡན་པ་དག ་ཕུལ་ཏེ། མཆོད་པ་དང་། སྔོན་མོ་ལ་སོགས་པའི་ལོངས་སྤྱོད་ཀྱིས་དགྱེས་པར་བྱས་ནས། རས་ཀྱི་ཡོལ་བ་ལ་སོགས་པས་བར་ཆད་པའི་རྒྱབ་ནས་གསོལ་བ་གདབ་པར་བྱའོ།། དཔལ་ལྡན་མགོན་པོ ་བདེ་བ་ཆེ།། བདེ་ཆེན་བདེ་བའི་གནས་ལ་བཞུགས།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི།། མཁའ་འགྲོ་སྒྱུ་མའི་བདེ་རྩོལ་མཛོད།། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི།། ཡང་དག་དོན ་ཆོག་རྣམ་དག་ལ།། ཇི་ལྟར་དེ་ཉིད་བདུད་རྩི་ཡི།། མཆོག་གི་དབང་ནི་བསྐུར་བ་བཞིན།། དེ་བཞིན་བདག་སོགས་འགྲོ་ཀུན་གྱིས། སྡུག་བསྔལ་ཐམས་ཅད་སེལ་བར་མཛོད།། རྣལ་འབྱོར་བདུད་རྩི་དྲི་མེད ་མཆོག། མ་རིག་རྟོག་པའི་རབ་རིབ་སེལ།། གང་གིས་བྱང་ཆུབ་བླ་ན་མེད་པ།། དེ་རིང་བདག་གིས་ཐོབ་པར་མཛོད།། ཅེས་གསོལ་བ་དང་། དེ་ལ་སླར་ཡང་སྨྲས་ནུས།། བུ་ཁྱོད་ཇི་ལྟར་འདོད་པ་བཞིན།། རྒྱལ་བ་ཀུན ་གྱིགྱི་བདེ་ཆེན་སྦྱིན།། ཏིང་འཛིན་སྦྱོར་སྔགས་གསལ་བ་ཡིས།། རང་རིག་གནསུ་ལེགས་པར་སྡོད་ཅེས་པའོ།། དེ་ནས་ཕྱི་ནང་གི་སཱ་ཁྲུས་བྱས་ཏེ།། དམ་ཚིག་ལྷ་མོ་སྦྱངས་ནས་སྔགས་དང་བཅས་པའི་ཡུངས་ཀར་གྱི ་བགེགས་བསྐྲད་ཅིང་།། སྦྱོར་བཾ་དང་། རྗེ་སུ་སྦྱོར་བས་ཡུམ་གཉིས་ཀྱི་སྐུ་བསྐྱོད་པར་བྱའོ།། ཡང་དབང་བསྐུར་བ་དོང་། བྱིན་གྱིས་བརླབ་པ་དགྲ་རྫོགས་པར་བྱས་ནས་རོལ་པའི་བྱརྡས་བསྐུར་ཞིང་། སྤྲོ་བསྐྱེད་ཅིང ་རིགས་ཀྱི་ང་རྒྱལ་མ་ཉམས་པའི་སྒོ་ནས་གཉིསུ་མེད་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་ལ་བཞག་པར་བྱའོ།། ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས།། རང་གི་སྲས་ཚོགས་དབང་བསྐུར་བཞིན། བྱང ་ཆུབ་སེམས་དེ་དག་པའི་ཆུས།། རྣམ་རྟོག་དྲི་མ་དག་པར་བྱ།། ཨོཾ་མཏྟ་བོ་དྷི་ཙྪིཏྟཱ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་དང་། སློབ་མས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་མེད་དེ། རིགས་ཀྱི་ཆ་ལུགས་བསལ་བར ་ཆུའི་ཟླ་བ་འམྦུ་སྒྱུ་མའི་རྣམ་པ་བཞིན་དུ་གནས་པའོ།། དྲིས་ནི་གསང་བའི་དབང་བསྒྱུར་བའོ།། ཡིང་རྫོགས་པའི་རིམ་པ་ཐོབ་པར་འདོད་པས་རྡོ་རྗེ་བླ་མ་མཆོག་ཏུ་འགྱུར་བ་ལ་གསོལ་བ་གདབ་པར་བྱ་སྟེ། མཎྜལ ་དང་མཆོད་པའི་ཚོ་གས་ཀྱིས་རྡོ་རྗེ་བླ་མ་དང་། ཕྱག་རྒྱ་མོ་མཚན་དང་ལྡན་པ་མཉེས་པར་བྱས་ནུས། ཚིག་འདི་བརྗོད་པར་བྱའོ།། ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ།། རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་།། ཕྱག་རྒྱ་མི་ཕྱེད་རབ ་སྒྲུབ་པ།། མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར།། བདག་ཉིད་ཆེན་པོས་ཇི་ལྟ་བར།། གཽ་ཙོ་བོས་བདག་ལ་བཀའ་དྲིན་མཛོད།། རྟོག་པའི་དྲི་མས་བསྒྲིབས་པ་རྣམས།། བྱང་སེམས་ཆུ་ཡིས་དགེ་བར་མཛོད།། ་ངོས་ཀྱང་རིགས་དང་མཐུན་པའི་ཡུམ་བྱིན་གྱིས་བརླབས་ལ་སློབ་མའི་ལག་ཏུ་གཏ་དེ། དགའ་བའི་གནས་ཆེན་ལྷ་མོ་འདི།། སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་།། ལེགས་པར་ཟུང་ཞིག་བློ་གྲོས་ཅན།། དགའ་བདེའི ་མཆོད་པ་རབ་ཏུ་གྱིས།། ཐབས་གཞན་གྱིས་ནི་མཚང་མི་རྒྱ།། འགྲོ་བ་ཐམས་ཅད་འདི་ལས་འབྱུང་།། དེ་བས་ཁྱོད་ཀྱིས་འདི་ཉིད་དང་།། ནམ་ཡང་འབྲལ་བར་མི་བྱ་སྟེ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ ་ཞུགས་བླ་ན་མེད།། བླུན་པོ་གང་ཞིག་འདི་སྤོང་བ།། དེ་ལ་མཆོག་གི་དངོས་གྲུབ་མེད།། ཅེས་པའོ།། དེ་ནས་ལྷ་མོས་གྲོགས་ལ་དགའ་བའི་བཞིན་གྱིས་བལྟས་ཏེ། འཛུམ་པ་དང་བཅས་པར་བྷ་ག་ཕྱེ་ཞིང ་བསྟན་ནས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན།། དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་།། རཀྟ་ག་པུར་མང་ས་དང་།། བུད་མེད་རྣམས་ལ་རྟག་གུས་དང་།། བྷ་གར་འོ་བྱེད་མི་རྟོག་གམ།། སྨོས་ཤིག་གྲོགས་པོ་བདེ་བ་ཅན།། ཞེས་པ་དང་། ་དེས་ཀྱང་སླར་སྨྲས་པ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ།། ཁུ་ཁྲིག་ལ་སོགས་ཟ་བ་དང་།། བུད་མེད་རྣམས་ལ་རྟག་གུས་ཤིང་།། བྷ་གའི་པདྨར་འོ་བགྱིད་།། ཞེས་སོ།། ལྷ་མོས་སླར་བརྗོད་དེ། རྨད་བྱུང་གསང་བའི་པདྨ་འདི།། ཐམས ་ཅད་བདེ་བར་ཡང་དག་ལྡནྡ།། རྟག་ཏུ་རིམ་བཞིན་འདི་སྤྱོད་ན།། དེ་ཉིད་བདེ་ཆེན་བྲལ་མི་འགྱུར།། ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཐམས་ཅད་རྣམ་པར་གྲོལ།། བདེ་ཆེན་རྒྱལ་པོ་འདི་ཉིད་ནི།། དངོས་པོ་ཀུན་གྱི ་རང་འབྱུང་གནས།། གང་གི་རྩ་ཡི་འཁོར་ལོ་ལ།། པདྨ་ལོ་བཞུགས་རབ་ཏུ་རྒྱས།། བྷ་གའི་མཁའ་དབྱིངསཽ་ན་མཁའ་བཞིན།། འབྱུང་བ་བཞི་པོ་རྒྱན་བཞིན་བཀོད།། ལྟེ་བའི་ཟེ་འབྲུ་གེ་སར་ཟླུམ།། པདྨ་འདབ་བརྒྱད་རྣམ་པར ་མཛེས།། དེའི་དབུས་སུ་གནས་པ་ནི།། དེ་ཉིད་བདུད་རྩིའི་ཆེན་པོའི་གཟུགས།། བྷཉྫ་མོཀྵ་ཧོཿ། ཞེས་བརྗོད་དོ།། དེ་ནས་གནས་དབེན་པར་རྒྱན་བཟང་པོ་བྲིས་ཤིང་། དྲི་ཞིམ་པོའི་ཆུས་གཏོར་སྟན་བདེ་བ་ལ་གནས་ཏེ། ཁང་པ་འམ ་ཡོལ་བ་ལ་སོགས་པ་གང་ཡང་རུང་བས་བསྒྲིབས་ལ།། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་ཏིང་འཛིན་དང་། རྗེསུ་སྦྱོར་བའི་ཏིང་འཛིན་དང་། སྦྱོར་བ་ཆེན་པོའི་ཏིང་འཛིན་དག་རིམ་པ་བཞིན་དུ་བསྒོམ་པར་བྱའོ།། དེ་ནས ་འདོད་པའི་གཙུག་ལག་དང་མཐུན་པར་བདེ་བ་བསྐྱེད་ཅིང་ཤིས་པ་དང་མི་ཤིས་པའི་མཚན་མ་དག་ཡི་གེ་ལྔ་བཅུའི་གནས་གང་ལ་བབ་པའི་སྒོ་ནས་བརྟག་སྟེ། མ་ནིང་གི་ཡི་གེ་དག་ལ་བབ་ན་ནི་སླར་བསྒྱུར་བར་བྱའོ།། ་དེ་ལྟར་བདེ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་ཕོབ་ནུས་ཚིགསུ་བཅད་པ་འདིས་བཏུང་བར་བྱའོ།། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ།། རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་།། རྡུལ་བྲལ་ཐལ་བ་ཞི་བའི་མཆོག། རང་གི་རང་བཞིན ་དེ་ཉིད་དོ།། ཞེས་སོ།། དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་ལ་ཡོན་ཕུལ་ཏེ། ཐབས་དང་ཤེས་རབ་དང་། དགའ་བ་དང་། བཅས་བསྐོར་བ་བྱས་ཏེ། གཏང་རག་བཏང་ངོ་།། དེ་ནས་དབང་བཞི་པ་དག་བླ་མའི་གང་མ་ངག་ལས ་བྱུང་བཞིན་དུ་ཕྱག་རྒྱ་རྣམ་པ་གསུམ་གང་ཡང་རུང་བ་ལ་བརྟེན་ཏེ། རང་གི་ཉམསུ་མྱོང་བས་མེ་ལོང་གི་དཀྱིལ་འཁོར་བཞིན་དུ་གན་པ་ལ་ཡུན་རིང་དུ་གསལ་བར་བརྟགོ། དེས་ན་ཟག་པ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི ་སྐུ་སྐྱེ་བར་འགྱུར་རོ།། དེའི་ཕྱིར་རྣལ་འབྱོར་བདེ་བ་ཐམས་ཅད་ཀྱི།། དབང་བསྐུར་བདི་ཚོན་ལས་བྱུང་བ།། རིན་ཚོགས་རྣམས་ཐམས་ཅད་ཀྱིས།། རབ་ཏུ་མོས་པར་དབང་བསྐུར་འགྱུར།། དེ་ནས་ཁྱད་པར་གྱི་དམ་ཚིག ་བསྒྲག་པར་བྱ་སྟེ།། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ།། མ་བྱིན་པར་ཡང་བླང་བར་བྱ།། འདོད་ལ་ལོག་པར་གཡེམ་པར་བྱ།། བརྫུན་གྱི་ཚིགས་ཀྱང་སྨྲ་བར་བྱ།། རྡོ་རྗེ་མུ་དང་བྱང་ཆུབ་སེམྦས།། སྲོག ་གི་ཕྱིར་ཡང་གཏུང་མི་བྱ།། དྲན་པ་གསལ་བས་གཟུང་བྱས་ནུས།། ལྷག་པོའི་ལྷ་བཞིན་རིན་ཆེན་ཏོག། ཅེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པ་དང་། ཡོན་གྱི་ཚོགས ་དབུལ་ཞིང་བསྐོར་བ་བྱོས་ཏེ།། གླུ་གར་དང་། བཀྲ་ཤིསཽ་ལ་སོགས་བརྗོད་ནས་མགྲོན་གྱི་ཚོགས་རྣམས་ལ་གཏོར་མ་བྱིན་ཞིང་དཀྱིལ་འཁོར་བསྡུ་བར་བྱའོ།། དེ་དག་གིས་ནི་གནས་སྐབས་ཀྱི་བྱེ་བྲག་མང་བར་འཇུག ་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྟན་པ་ཡིན་པས་གང་ཟག་གི་བྱེ་བྲག་གིས་སོ་སོའི་གནས་སྐབས་ཤེས་པར་བྱ་སྟེ། ཕྱི་མཚམས་དང་། བོར་མཚམས་དང་། རླུང་གི་མཚམསུ་ཆོ་ག་མ་ནོར་བའི་སྒོ་ནས ་དབང་བསྐུར་བ་དང་སྒྲུབ་པ་བསྡེབས་པ་ནི་ལམ་གྱི་མན་ངག་གོ།། དེ་དག་ནི་དཔོལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སྒོ་ནསོ་བསྙེན་པའི་ཆོ་གའོ།། ། ད་ནི་ཉེ་བའི་བསྙེན་པ་རློམ་པ་བྱས། དང་པོ་རྣམ་པར ་སྣང་མཛོད་ཀྱི་སྒོ་ནས་ཞི་བ་ལས་ལ་འཇུག་པའི་ཕྱིར།། དཀྱིལ་འཁོར་དང་ཆས་གོས་ལྔ་དག་སྦྱར་ཞིང་ཞི་བའི་མཆོད་པ་དང་། རྫས་ངག་བསགས་ནས། གཞིའི་ཏིང་འཛིན་དང་། རྟེན་གྱི་ཏིང་འཛིན་དང་། ཡེ་ཤེས་ཀྱི ་དཀྱིལ་འཁོར་ལ་དམིགས་པ་དང་། མདུན་གྱི་དཀྱིལ་འཁོར་ལ་དམིགས་པ་དང་། གཉིསུ་མེད་པའི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་ནས་ལྷ་སོ་སོའི་བཟླས་བརྗོད་ཀྱི་ཞི་བའི་ལས་ལ་སྦྱར་ཞིང་། མཆོད་པ་དང་། ་བསྟོད་པ་དང་བསྐུལ་བ་དང་། ཚོགས་ཀྱི་ཆོ་ག་དང་།། སྦྱིན་སྲེག་དང་། ལྷག་མའི་ལས་དང་། དཀྱིལ་འཁོར་བསྡུ་བ་རྣམས་རིམ་པོ་བཞིན་བྱའོ།། དེ་ལྟར་དབང་དང་།། རྒྱས་པ་དང་། ལས་སྣ་ཚོགས་པ་དག་ལ་ཡང ་སོ་སོའི་རྫས་དང་། ཆས་གོས་ལྔ་དག་སྒྱུར་ཞིང་དཀྱིལ་འཁོར་བསྒོམ་པ་དང་། ཆོ་གའི་གཞུང་བསྲུང་བ་དང་། བཟླས་བརྗོད་ཀྱི་སོ་སོའི་ལས་ལ་སྦྱོར་བ་དང་། མཆོད་སྡོད་དང་། བསྐུལ་བ་ལ་སོགས་པའི་ལས་རྣམས ་རྫོགས་པར་བྱས་ན་དཀྱིལ་འཁོར་བསྡུ་བ་རྣམས་རིམ་པ་བཞིན་དུ་རྫོགས་པར་བྱའོ།། དེ་ལྟར་སོ་སོའི་སྐབསུ་རྫས་ལ་བརྟེན་པའི་ལས་ངག་བསྒྲུབ་ཅིང་། ཅི་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་སྒྲུབ་པ ་པོ་དོན་ལ་སྦྱོར་བའི་ཕྱིར་སྔ་མ་ལས་ཞལ་བསྒྱུར་ཏེ། ཆསཱ་གོས་དང་། དཀྱིལ་འཁོར་དང་། མཆོད་རྫས་དང་། རྒྱན་ཚྭ་དང་། ཆ་ལུགས་ཀྱི་བྱེ་བྲག་དག་ཁྲོ་བོའི་རྣམ་པ་མཐུན་པར་དུར་ཁྲོད་ཆས་བརྒྱད་ཀྱི་མཚོན་ཅིང ་གནས་ཏེ། རྡོ་རྗེ་རྒྱལ་པོ་དང་། རྒྱལ་འཐེབ་དང་། ལས་ཀྱི་རྡོ་རྗེས་རང་གི་ལས་དང་འཇུག་པར་བྱའོ།། དེ་ནས་མེར་མེ་དང་། བནྡྷ་དང་། རྫས་དང་། དངོས་གྲུབ་ཀྱི་ཕྱག་རྒྱ་དག་དགྲམ་ཞིང་བྱིན་བསྐྱེད་པར་བྱའོ།། དེ་ནས ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བསྐྱེད་པ་དང་། ཡོངསུ་རྫོགས་པར་བྱ་བ་དང་། སྤྱན་དྲངས་ལ་སོགས་པའི་ཆོ་གས་མཉེས་པར་བྱ་བ་དང་། བཟླས་བརྗོད་ཀྱི་རྣམ་པ་གསལ་བར་བྱས་ནུས་དབྱངས ་དྲུག་གིས་བསྐུལ་བ་དང་། མཆོད་ཅིང་བསྟོད་པ་དང་། བསྐུལ་བ་དང་། ཚོགས་ཀྱི་ཆོ་གོ་དང་། སྦྱིན་སྲེག་དང་། ལྷག་པའི་ལས་རྣམས་རྫོགས་པར་བྱས་ནས། དེ་ལྟར་དཀྱིལ་འཁོར་དྲུག་གི་བཟླས་བརྗོད་ཀྱི་རིམ་པ ་ནི་ཞག་གཅིག་ལ་ཉིན་མཚན་དུས་དྲུག་ཏུ་བཅང་དེ།། ཐུན་མོང་དང་ཁྱད་པར་གྱིས་བཟླས་པ་དག་རབ་འབྲིང་བསྡུས་རྒྱས་ཀྱིས་བརྩམ་ཞིང་ཐོག་མའི་དུས་སུ་ནི་བསྒོམ་པ་དང་། བཟླས་པའི་ཡན་ལག་རྫོགས་པར་བྱས ་ནས་ཐུན་ཐ་མ་གཉིས་ལ་ནི་ཀུན་ཏུ་བཟང་པོའི་མཆོད་པ་ནས། བརྩམས་ཏེ་མཐར་རྫོགས་པར་བྱའོ།། དེ་ཡང་བསྙེན་པ་དང་བསྒྲུབ་པའི་དུས་སུ་བཟླས་པའི་གྲངས་མཉམ་པར་ཇི་སྲིད་མཚན་མའི་རྟགས་མི་གསོལ ་གྱི་བར་དུ་བརྩམ་ཞིང་། ཉེ་བའི་བསྙེན་པ་དག་ལ་ནི་ཇི་ལྟར་མཚམ་པར་མཐུན་མོང་གི་བསྙེན་པ་ལས་བཞིའི་སྒོ་ནས་བསྐུལ་བ་དང་། ཁྱད་པར་དུ་ལྷ་སོ་སོའི་བསྔགས་བརྗོད་པར་བྱའོ།། སྒྲུབ་པའི་དུསུ་ཡང་བཟླས ་པ་གཉིས་རྫོགས་པར་གྱུར་ནས། ལས་གཞིའི་བསྐུལ་བས་མཐར་དབྱུང་།། དེ་ནས་མཚམས་གཅིག་གིས་ཆོ་གས་སྒྲུབ་པ་པོ་བསམ་པར་བྱ་སྟེ། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དྲན་པར་བྱས་ནས། དེ་ནས ་གཉིསུ་མེད་པའི་ཚུལ་དུ་སྦྱོར་བའི་བྱང་ཆུབ་ཀྱིས་སེམས་བསྡུས་ཏེ། དབང་པོ་ལྔ་ལ་ཐིག་ལ་བྱའོ།། དེ་དག་ནི་ཐམས་ཅད་དག་པའི་སྦྱོར་བས་བདག་ཉིད་ལུས་ལ་དཀྱིལ་འཁོར་རྫོགས་པར་བསྒོམ་པའོ།། དེ་ནས་དཀྱིལ ་འཁོར་དྲུག་གི་སྦྱོར་བས་རིམ་པ་བཞིན་ཡི་གེ་གཅིག་པའི་སྔགས་བརྗོད་ཅིང་། ལས་ཐམས་ཅད་དངོས་གྲུབ་དུ་བྱ་བ་དང་། དངོས་གྲུབ་ཐམས་ཅད་དབང་དུ་བྱ་བའི་ཕྱིར། ཕྱག་རྒྱ་རིམ་པ་བཞིན་དུ་བཅིངས་ཏེ། རྣམ ་ཤེས་ཀྱི་ཕྱག་རྒྱོ་ཤེས་པ་ལ་སོགས་པས་བརྟག་ནས། སོ་སོའི་མཚན་མ་དག་སོ་སོའི་ཕྱག་རྒྱ་དང་སྦྱོར་བས་དབད་ཅིང་དབྱངས་དྲུག་བློ་གར་དང་བཅས་པས་པས་དངོས་གྲུབ་ཀྱི་སྩོལ་བྱང་བྱ་སྟེ། མཆོད་ཅིང་བསྟོད ་ནས་མཚན་ལྟས་བྱུང་བའི་དུས་སུ་དངོས་གྲུབ་གང་ཡིན་པའི་སྒོ་ནས་བླངས་ཏེ། དབང་བསྐོར་བར་བྱའོ།། དེའི་དུས་སུ་ཕན་གནོད་བྱེད་པའི་མཚན་མ་ངོ་ཤེས་པར་བྱས་ནས་རེ་དོགས་མེད་པའི་སེམས་ཀྱིས་དངོས་གྲུབ་བླང ་བ་དང་། བགེགས་བཟློག་པའི་ཆོ་ག་དག་བརྩམ་པར་བྱའོ།། གལ་ཏེ་གྲུབ་བམ་མི་གསལ་ན་ཞི་བ་དདོང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། མནན་པ་དང་། བཟླས་པའི་ཆོ་གས་བསྒྲུབ་པར་བྱ་བ་འམ། སྦྱིན་སྲེག ་གིས་ཤིས་པར་བྱའོ།། སྐབས་སྐབསུ་མཚམས་ཀྱི་ཆོ་ག་དང་། དྲི་ཆབ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། མཁའ་འགྲོ་མ་བསྐྱང་བ་དང་། སྦྱིན་སྲེག་དང་། བསྐང་བཤགས་རྣམས་ནི་ལས་ཀྱི་རྡོ་རྗེས་བྱའོ།། དེ་ནས ་སྒྲུབ་པ་ཆེན་པོ་མཐར་ཕྱིན་ནས་དཀྱིལ་འཁོར་གྱི་མཐའ་མ་སྦྱོར་ཞིང་འདི་དང་། ཕྱི་མར་མི་བྲལ་བའི་སྨོན་ལམ་གདབ་བོ།། ཡང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པས་ལྷག་ཆད་བསྐྲང་ཞིང་བཤགས་བྱང་བྱས ་ནས་བཀྲ་ཤིས་བརྗོད་རྙིང་དངོས་གྲུབ་ཀྱི་ལྐོག་མ་བླངས་ཏེ་རྣལ་འབྱོར་བསྣ་ལོངས་སྤྱོད་དོ།། སླར་ཡང་མཆོད་པའི་ཚོགས་རྣམས་ལྷ་དང་། བྷྲ་མཱ་ལ་ཕུལ་ཏེ་བསྟོད་པ་བྱས་ནུས། བྲོ་གར་དང་རྡོ་རྗེའི་གླུས་དགྱེས་པར་བྱའོ།། ་དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཏོན་ནས་མདུན་དུ་བཞག་སྟེ།། མཆོད་ཅིང་བསྟོད་ནས། བཀྲ་ཤིས་བརྗོད་ཅིང་གཤི་གསུ་གསོལ་ཞིང་། དམ་ཚིག་དཀྱིལ་འཁོར་རི་མོ་བཞིན་བསྡུས་ནས་གཟུགས་བྱིརྙན་གྱིས་རྫསཽ་རྣམས ་དང་། ཚོན་རྩི་དག་བསྡུས་ཏེ་གསང་བའི་གནསུ་བཞག། དེའི་རྗེས་ལ་རྫས་དང་མཎྜལ་ལེགས་པར་དག་པའི་ཚོགས་བྱ་བ་གཞན་གྱིས་མ་མཐོང་བར་བགྱིའོ།། ཡང་ཁྲོ་བོ་བཅུ་ལས་མཆོད་ཅིང་བསྟོད་དེ། ཕུར་པ་བསྡུས ་ལ་ཅོད་པན་བཀྲོལ་ཞིང་ཁྲུས་བྱས་ནས་བརྡ་དང་མཚན་མ་དགྲོལ་བར་བྱའོ།། དེ་ནས་གཏོར་མ་རྒྱ་ཆེན་པོ་བཤམས་ཏེ། འགྲོན་ཚེགས་རྣམས་བསྡུས་ལ་སྔོས་ནུས་མཉེས་པས་ལས་ལ་བཞགོ། ཡང་ཁྱད་པར་གྱི་བསྲུང ་མ་དག་ལ་བསྔོས་ཏེ། རྟེན་ལོ་བཞག་པའི་རྒྱལ་པོ་བཞི་དང་། ཕུར་པས་གཏབ་པའི་ཕྱོགས་སྐྱོང་རྣམས་མཉེས་ནས། རང་གི་གནས་སུ་གཤེགས་སུ་གསོལ་ལོ།། དེ་ནས་རྣལ་འབྱོར་པ་རྣམསོ་ཤིས་པ་བརྗོད ་ཅིང་བཀྲ་ཤིས་འདོན་པ་དང་། ཆོས་སྦྱིན་བརྗོད་པ་དང་། འགྲོ་བའི་དོན་དུ་སྨོན་ལམ་གདབ་པ་དང་། སྤྱོད་ལམ་གྱི་རྣལ་འབྱོར་མ་ཉམས་པར་བྱའོ།། དང་པོའི་རྣལ་འབྱོར་སྔ་མའི་རིམ་བཞིན་བཀྲའ།། ལེགས་བསྟན ་རྗེས་མཐུན་ངམ་པས་གསལ་བྱས་གང་།། དེ་དོན་སྒྲུབ་རིམ་སྔ་མའི་གཞུང་ཉིད་བཞིན།། ཁྱད་པར་ལྷག་པ་ཅུང་ཞིག་བརྗོད་པོ་མེད།། འོན་ཀྱང་གོ་རིམས་མི་གསལ་ལེགསོ་བསྒྲིབས་པས།། དང་པོ་གང་དུ་བདག་པས་དམན ་སོགས་རྣམས།། ཚེགས་མེད་པོ་བས་ལས་ཆེན་བསྒྲུབ་པའི་ཕྱིར།། སྒྲིབ་པའི་རིམ་པ་གུས་པོས་བླང་བར་མཛོད།། ཚེ་འདིས་ཕྱག་རྒྱ་ཆེན་པོའི་ལམ་སྒྲུབ་ཕྱིར།། དེ་ཡི་ཆོ་ག་དྲི་མེད་ལེགས་བཤད་པས།། དགའ་མཛེས་པད ་དཀར་ཡིད་འོང་ཚོགས་རྒྱས་ལ།། དེ་འདོད་བརྟེན་པའི་དོན་ཐོབ་ཚིམ་བཞིན་ཤོག། དཔྲལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ནཱི་བོ་ཧཱུཾ་མཛད་རྡོ་རྗེས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སི་ཧ་དང་། བོད་ཀྱི་ལོ་ཙཱ་བ་ལྷ་རིན་པོ་ཆེས་བསྒྱུར་ཞིང་གཏན་ལོ་ཕབ་པའོ།། ། དཔལ་ག་རྒྱ་མེན་པོའི་ཆུ་ས་ན་།། ་