CLOSE WINDOW

GT549: dpal he ru ka zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

གཏན་ལ་ཕྱབ་པའོ།། ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་བཞུག་སོ།། །། རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་ནཱ་མ་ནོ་པི་ཀ། བོད་སྐད་དུ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། ་དངོས་དང་དངོས་མེད་རྟོག་བྲལ་ཞིང་།། ཐུགས་རྗེ་མཛད་པ་སྣ་ཆོག་སྣང་།། ཐབས་མཁས་ཁྲོ་སྟོན་རྒྱལ་བའི་སྐུ།། མ་ལུས་འཇིགས་ལ་ཕྱག་འཚལ་ཏེ།། མཁའ་གྲོ་སྒྱུ་མའི་རྗེས་འགྲོ་བ།། དེ་ཉིད་སྒྲུབ་ཐབས་ཆོ་ག་རོ་བཅས ་རྣལ་འབྱོར་འདོད་པའི་བདེ་སྐྱེད་དོ།། ཅུང་ཟད་འཇུག་པའི་དོན་ཕྱིར་བཤད།། ཐེག་ཆེན་བླ་མ་བཟང་ལོས་བྱུང་།། ཡོན་ཏན་སྟོབས་སོགས་ཀུན་ནས་མཛེས།། རབ་ཏུ་སྦྱངས་པའི་རྣལ་འབྱོར་མཆོག། འདོད་པའི་ལྷ་ལ་དང་མོས ་འདུད།། ཚུལ་ཁྲིམས་བརྟུལ་ཞུགས་ལ་སོགས་ཀྱི།། ཐབས་མཁས་ཡན་ལག་རྣམ་སྤྱད་པས།། དེ་གནས་གོམས་བྱེད་ལས་རྫོགས་ཏེ།། ཀུན་ཏུ་འཁོར་ལོ་མཐར་ཕྱིན་འགྱུར།། བྱམས་སོགས་ཆེད་མེད ་གཞི་རྣམས་ཀྱིས།། འགྲོ་རྣམས་ཐམས་ཅད་ཉེ་བར་གཟུང་།། ཤིན་ཏུ་དག་པའི་གནས་ཉིད་དུ།། བདེ་བའི་སྟན་ལ་ལེགས་པར་གནས།། ཡང་དག་དཀྱིལ་འཁོར་བཟང་པོ་དང་།། ཡང་དག་ཁྲུས་ཀྱི་ཆོ་ག་དང་།། ཡང་དག་མཆོད་རྒྱན ་གཏོར་མར་བཅས།། ཡང་དག་ཕྱག་རྒྱ་སྔགས་སོགས་ལྡན།། ཐམས་ཅད་ཡུལ་ཀུན་རྣམ་དག་པའི།། བྱང་ཆུབ་སེམས་ཉིད་བརྟན་པ་ལས།། ཐུགས་རྗེ་ཉི་མའི་མཐའ་ཡས་ཟེར།། ཐམས་ཅད་ཡུལ་ཀུན་ཁྱབ་པར་གསལ།། ཡི་གེ ་ཧཱུཾ་གི་འཕྲོ་འདུ་ལས།། བསྲུང་བའི་འཁོར་ལོ་རྒྱ་ཆེན་པོ།། འཁོར་ལོ་མེ་འོད་མཚོན་ཆའི་ཕྲེང་།། ཁྲོ་ཚོགས་སྦྲུལ་བཅས་ཚམ་རྔམ་ཚོགས།། ཕྱོགས་བཅུར་བསྟན་པར་བྱ་བའི་ཕྱིར།། ཧཱུཾ་བཞིའི་ཕྱག་རྒྱ་སྔོགས་ཀྱིས་བསྲུང་།། རིགས ་ཀྱི་ཡི་གེ་མཚན་མར་བཅས།། ཕྲ་མོའི་སྐུར་གསལ་འཕྲོ་འདུ་ཡིས།། སངས་རྒྱས་ཐམས་ཅད་བསྡུ་བྱས་ཏེ།། གཏུམ་རྔམ་ཁྲོས་པའི་ཆ་ལུགས་ཅན།། ཐམས་ཅད་གཅིག་ཏུ་སྦྱོར་བའི་མཐུ་སྟེ།། དམ་ཚིག་རྒྱལ་པོ་ཧེ་རུ་ཀ3 ་གཅིག་ཕྱག་གཉིས་མཐིང་ཀའི་མདངས།། འོད་འབར་དུར་ཁྲོད་རྒྱན་གྱིས་བརྗིད།། ཁྲོ་རྟགས་མཚན་མ་ཀུན་རྫོགས་ཤིང་།། ཉམས་དགུའི་རྔམ་བརྗིད་ཚུལ་དང་བཅས།། སྤྱན་དམར་མཆེ་གཙིགས་ཁྲོ་གཉེར་ཅན།། གཡས ་རྡོ་རྗེ་རྩེ་ལྔ་གདེངས།། གཡོན་པར་སྣོད་བཅུང་ཁ་ཊྭཱཾ་བཅས།། ཀླུ་རྒྱལ་བརྒྱད་ཀྱིས་ཉེས་མཛེས་ཤིང་།། སྤུ་རྣམས་རྡོ་རྗེ་འོད་འབར་བ།། ཁྲོ་བོའི་དཀྱིལ་འཁོར་ཕྱོགས་བཅུར་སྤྲོ།། རྡོ་རྗེ་ཕྲེང་བ་ཕྱག་རྒྱ་ལྔ།། རྡོ་རྗེ་ཕྲང་བ་ཕྱག་རྒྱ། ་རིགས་ཀྱི་དབུ་རྒྱན་སེམས་དཔར་བཅས།། གནས་གསུམ་འོད་གསལ་དྲུག་བྱེད་པའི།། དཀྱིལ་འཁོར་ལ་གནས་སྐུ་གསུང་ཐུགས།། ཕྱོགས་བཅུར་སྤྲོ་ཞིང་བསྡུས་པའི་མཐུས།། བྱིན་བརླབས་གནས་གསུམ་བརྟན་པར་འགྱུར།། ་སྙིང་གའི་འོད་ཟེར་རྒྱ་ཆེན་པོས།། རིགས་ཀྱི་ཁྲོ་བོ་ཀུན་བསྡུས་ཏེ།། རང་གི་གནས་སུ་བརྟན་བྱས་ནས།། འདོད་པའི་དངོས་གྲུབ་གསོལ་བ་གདབ།། ཕྱི་ནང་མཆོད་པ་སྣ་ཚོགས་ཀུན།། རྒྱ་ཆེར་སྤྲོ་ཞིང་དག་པར་དབུལ།། ཚད་མེད་བཞི ་ཡི་ཕྱག་རྒྱ་ཡིས།། སྐུ་གསུང་ཐུགསུ་སྦྱོར་བར་བྱ།། ཏིང་འཛིན་སེམས་དཔའི་མཚན་མ་ལ།། སྔགས་ཀྱི་འཁོར་ལོ་སྤྲོ་ཞིང་བསྡུ།། ཨོཾ་ཤྲཱི་ཧེ་རུ་ཀཱ་ཧྲིཾ་སྭཱ་ཧཱུ~ཾ།། མར་མེ་ཕྲེང་བ་འཁོར་བའི་ཚུལ།། ཡན་ལག་རྫོགས་པའི་ཏིང་འཛིན་གྱིས།། དངོས ་གྲུབ་མཚན་མ་ཀུན་སྦྱིན་ཅིང་།། ཡང་དག་བྱང་ཆུབ་བསྟན་པར་འགྱུར།། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ན་མཁའ་ལ་ཡང་མཚན་ཉིད་མེད།། ཁམས་གསུམ་དག་ནི་མ་ལུས་པ།། ཐམས་ཅད་སྒྱུ་མ་ལྟ་བུ་སྟེ།། ཇི་ལྟར་སྒྱུ་མ ་ཐམས་ཅད་དུ།། མཐོང་བ་དང་ནི་རེག་པར་འགྱུར།། དམོག་སུ་ཡོད་པ་མ་ཡིན་ཏེ།། དེ་བཞིན་འགྲོ་བ་ཀུན་གྱི་ཚུལ།། བུད་མེད་ལ་སོགས་རིན་ཆེན་མཆོག། མཁའ་ལས་དངོས་གྲུབ་ཐམས་ཅད་སྤྱོད།། དངོས་པོ་མེད་པར་བ་ག་སྦྱོར ་བས་དན་མཁའ་ཀུན་དང་མཉམ་པར་སྤྱོད།། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག། ཤིན་ཏུ་བསྟན་པས་འགྲུབ་པར་འགྱུར།། སྤྱོད་ལམ་ཀུན་ཏུ་མ་ཉམས་པར།། རྣལ་འབྱོར་ཡང་དག་ཏིང་འཛིན་གནས།། རྣམ ་པ་མང་པོ་ཡུལ་བཅས་ཀུན།། ཐབས་དང་ཤེས་རབ་རོལ་མོའི་ཚོགས།། བཟའ་བཏུང་དག་པའི་ཏིང་འཛིན་གྱིས།། དཀྱིལ་འཁོར་ཐམས་ཅད་ཚིམ་འགྱུར་ཅིང་།། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལ།། འགྲོ་རྣམས་དག་པར ་ཉེ་བར་སྦྱོར།། ཀུན་ཏུ་ཆ་ལུབས་ཆུ་ཟླ་བཞིན།། མགོས་ཆགས་པ་མེད་པའི་རྒྱལ།། ཐམས་ཅད་ཆོས་རྣམས་བླང་དེར་མེད།། བྱ་བའི་ལམ་རྫོགས་མཐར་ཕྱིན་འགྱུར།། ཚེ་འདིར་ཡོན་ཏན་ཆོས་ཀུན་དང་།། རིགས་འཛིན་གོ་འཕང ་མངོན་པར་བརྙེས།། ཐམས་ཅད་སྦྱར་བའི་རྒྱུད་ཆེན་པོ།། དེ་ཉིད་ངེས་པར་བསྟན་པའི་དོན།། ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་མཆོག། ཡང་དག་རྫོགས་པའི་ཚུལ་གྱིས་འཇུག། ལེགས་པར་བསྡུས་པའི་བསོད་ནམས་ཀྱིས།། ་ཁམས་གསུམ་ཐམས་ཅད་བཅོམ་ལྡན་འངས།། སྟོབས་མཆོག་དང་ལྡན་ཧེ་རུ་ཀར།། ཡང་དག་ཉིད་དུ་གྲོལ་གྱུར་ཅིང་།། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཐུ་བོ་ར་ཛ་ཧསྟིས་མཛད་པ་རྫོག་སྷོ།། ་ཨོཾ་སུ་པྲ་ཏཱིཥྛ་བཛྲ་ཡེ་སྭཱ་ཧཱ། དཀྲ་ཤིས། ་