CLOSE WINDOW

GT548: sangs rgyas thams cad dang mnyam par sbyor ba'i tshogs kyi cho ga ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦ་བུད་དྷ་ས་མ་ཡོ་གྷི་ག་ཌ་བི་དྷི་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག་ཅེས་བྱ་བ། དཔལ་མཁའ་འགྲོའི་ཚོགས་ལ་ཕྱག་འཚ་ལོ།། ་དཔལ་ལྡན་བདེ་ཆེན་སེམས་དཔའི་མཆོག། སངས་རྒྱས་སྲས་མཆོག་འཁོར་ལོའི་གནས།། རྣམ་འཕྲུལ་ཆོ་ག་སྟོན་མཛད་པའི།། སྐུ་གསུང་དབྱིངས་ལ་ཕྱག་འཚལ་ལོ།། རྣམ་པ་སྣ་ཚོགས་མཆོག་གྱུར་པའི།། སངས་རྒྱས་ཐམས ་ཅད་མཉམ་སྦྱོར་བ།། མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས།། ཚོགས་ཀྱི་ཆོ་ག་བཤད་པར་བྱ།། དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སེམས་དཔའ་བདེ་འབྱུང་བ།། གསང་བ་མཆོག་གི་དགྱེས་པ་ན།། ཐམས་ཅད་རང་ཉིད་རྟག ་ཏུ་བཞུགས།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས།། ཀུན་ལྡན་ཚོགས་ཀྱི་འཁོར་ལོ་ཡིན།། རིགས་ཀྱི་བཀོད་པ་སོ་སོའི་གནས།། ཕུན་ཚོགས་པར་བསྟན་པ་འམ།། ཡང་ན་བདེ་བའི་གནས་དག་ཏུ།། སྐྱེད་མོས་ཚུལ་ལ ་སོགས་པརཱ་བསྒྲུབ།། མར་ངོའི་བརྒྱད་དང་བཅུ་བཞི་དང་།། ཡར་ངོའི་བརྒྱད་དང་བཅུ་མཚམས་གཉིས།། དེར་ནི་དང་པོ་གདུན་བཤམས་ཏེ།། འཇམ་ཞིང་རེག་ན་ད་འགྱུར་བའི།། སྣ་ཚོགས་པདྨ་རས་ཀྱིས་གཡོགས།། དེ་ནི་ཐམས ་ཅད་དག་པའི་གདོན།། སངས་རྒྱསོ་ཀུན་གྱི་དམ་ཚིག་དཔལ།། རྡོ་རྗེ་སེམས་དཔའི་སྣང་བ་བདེ།། དེ་བཞིན་གཤེགས་པའི་ཕོ་བྲང་མཆོག། རིན་ཆེན་རྒྱན་ལ་སོགས་པས་སྦས།། དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི།། བླ་རེ་དམ་པ ་ན། རྡོ་རྗེ་ཚིག་དང་མཆོག་ལ་སོགས།། གླུ་དང་སིལ་སྙན་རྣམ་པར་འཕྲུལ།། མེ་ཏོག་བདུག་པའི་སྦྱོར་བ་དང་།། མར་མེ་དྲི་ལ་སོགས་ལྡན་པར།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི།། མཁའ་འགྲོ་སྒྱུ་མ་བདེ ་མཆོག་བསྒྲུབ།། སློབ་དཔོན་མགོན་ལ་ལེགས་ཞུས་ནས།། ཕུན་སུམ་ཚོགས་པའི་རྗེས་འཇུག་ཅིང་།། སངས་རྒྱས་བརྡ་དང་ལྡན་པ་ཡིས།། མེ་ཏོག་ཐོགས་ཏེ་འགྲོ་ལ་བསྐུལ།། རྣལ་འབྱོར་ཕོ་མོ་ཐམས་ཅད་ཀུན།། དགའ་ཞིང ་དང་བའི་སེམས་ཅན་གྱིས།། དོ་ནུབ་བདག་གི་གནས་དག་ཏུ།། ཚོགས་ཀྱི་ཆོ་ག་མཛད་པར་གསོལ།། ཨེ་མ་བུ་ནི་སྙིང་རྗེ་ཆེ།། གལ་ཏེ་ལག་པའི་ཕྲེང་སྟོན་ན།། འདུ་བར་བྱ་ཞེས་སྨྲ་བ་ཡིན།། ཕྲེང་བ་མངོན་པར་བཏང་བྱས་ནས།། དམ ་ཚིག་ལ་གནས་བརྟུལ་ཞུགས་བཟང་།། དཔའ་བོ་གཞན་དོན་སྤྱོད་པའོ།། དེ་ནས་ནུབ་མོ་འདུས་པ་དང་།། ཕྱི་ནས་འདག་ཆལ་དྲི་ཆབ་ཆུ།། ཁྲུས་བྱས་མེ་ཏོག་གིས་བརྒྱན་ཅིང་།། རྣལ་འབྱོར་དག་ཆོས་སྔགས་ཀྱིས་སྦྱང་།། དེ་ནས་ནང་གཱི ་འཁྲུས་བྱས་ཏེ།། སྔགས་ཀྱིས་བསྲུང་ཞིང་བྱིན་བརླབས་ནས།། དམ་ཚིག་ཚོགས་རྣམས་བསྐང་གསོ་ཞིང་།། རིམ་བཞིན་ནང་དུ་འགྲོ་བར་བྱ།། དམ་ཚིག་བརྡ་སོགས་བརྟག་པའི་ཕྱིར།། ཁྲོ་བོའི་རྒྱལ་སྔོན་ལས་མཁན་གཉིས།། རིག་པའི ་སྔགས་བརྗོད་མཐོང་བས་འཛིན།། བསྲུང་བའི་དོན་ཕྱིར་སྒོ་འགྲམ་གཉིས།། ཁྲོ་རྒྱལ་རྒྱན་སྔོན་དག་གིས་མཛེས།། དམ་ཚིག་རྣམ་པར་སྤྱོད་པའོ།། དངོས་གྲུབ་རིན་ཆེན་དབྱུག་ཏོ་འཛིན།། དཔལ་ལྡན་དཔའ་བོ་འདུལ་བར་མཛོད།། མཁའ ་མཛེས་རྣལ་འབྱོར་མ་དཀྱིལ་དུ།། དམ་པའི་མཚན་ལྡན་བདག་ཐོང་ཞིག། ཨོཾ་མ་ཧཱ་ས་མ་ཡ་ཧཱུཾ། སུ་ར་ཏ་སྟྭཾ། རྡོ་རྗེ་སློབ་མ་ཆེན་པོ་དང་།། རང་གི་གྲོགས་མཆོག་ལྷ་རྣམས་ལ།། བསྐོར་ཞིང་ཕྱག་འཚལ་རང་ཉིད་ཀྱི།། སྟན་ལ་གུས ་པའི་སེམས་ཀྱིས་འདུག། ཡོན་བདག་ལས་མཁན་གང་རུང་གིས།། ས་གཞི་ལེགས་བཤམ་དྲི་བཅས་ཆུས།། ཁྲུ་གང་ལ་སོགས་ཚད་མཉམ་པའི།། མཎྜལ་རྒྱནཱ་དང་བཅས་པར་བཤམ།། རྡོ་རྗེ་འཛིན་གནོན་སྔགས་ཀྱིས་ནི།། ་བསང་སྦྱང་བསྲུང་ཞིང་བྱིན་གྱིས་བརློབ།། རིག་པ་ཆད་དག་རྣམ་ཕྱེ་ལ།། དཀྱིལ་འཁོར་སྔགས་ཀྱིས་མེ་ཏོག་བགྲམ།། ཨོཾ་བཛྲ་རེ་ཁེ་ཧཱུཾ། འཇིག་རྟེན་པ་ཡི་མིཎྜ་ལ་ནི།། དེ་ཡི་འོག་ཏུ་བརྩམ་པར་བྱ།། ཕྱོགས་བཞིར་དཀྱིལ་འཁོར ་རྣམ་བཞི་འམ།། ཡང་ན་གཅིག་ཏུ་དགོད་པར་བྱ།། དབུས་སུ་རྟ་མཆོག་ལྷ་མོ་སྟེ།། ཟླ་གམ་ལྷ་མཆོག་ཆེན་པོའི་གནས།། བར་ཁྱམས་དང་པོར་ཕྱོགས་སྐྱོང་ལྷ།། གཉིས་པར་མཁ་འགྲོའི་ཚོགས་རྣམས་ཏེ། གསུམ་པར་ཀླུ་རྒྱལ ་འཁོར་བཅས་ཚོགས།། བཞི་པར་འགྲོ་དྲུག་འགེགས་ཚོགས་སོ།། སོ་སོའི་ལས་དྲང་མཐུན་པ་ཡི།། ཚོགས་པའི་རྒྱན་རྣམས་དགྲམ་པར་བྱ།། མཆོད་ཡོན་མཆོད་སོགས་རིམ་གྲོ་དང་།། ཉ་ཤ་ལ་སོགས་བཟའ་བ་དང་།། ཚོང ་རྩི་མྱོས་བྱེད་ཕྲེང་བ་དང་།། གཡོན་དུ་ཉེ་བར་དགོད་པར་བྱ།། གཡས་པ་དག་ཏུ་ཆུ་ཡི་སྣོང་།། ཀུ་ཤའི་མུན་པོར་ཉུངས་ཀར་བཅས།། མདུན་དུ་མཆོད་ཡོན་བཟེང་ཞལ་དང་།། རྡོ་རྗེ་དྲིལ་བུ་ཕྱག་རྒྱའི་ཚོགས།། མཆོད་པའི་ཕྱག་རྒྱ ་ཤེས་ཚོགས་རྣམས།། མདུན་གྱི་དཀྱིལ་འཁོར་དང་པོ་ལ།། མཆོད་པ་ཀུན་གྱི་གཏོར་མའི་ཚོགས།། ཕྱག་རྒྱ་ཤེས་པའི་རྫས་རྣམས་ནི།། འཇིག་རྟེན་པ་ཡི་དཀྱིལ་འཁོར་ལ།། བཀོད་དེ་བསྲུང་སྦྲང་ཤིས་པར ་བྱ་བསོད་ནམས་ཚོགས་ཀྱིས་དག་བྱས་ནས།། བསྲུང་བའི་འཁོར་ལོ་བསྒོམ་པར་བྱ།། གཞི་རྟེན་སྦྱོར་བའི་ཏིང་བཛིན་གྱིས།། དམ་ཚིག་དཀྱིལ་འཁོར་ལྡན་པས།། བསྒོམ་པའི་ཡན་ལག་མ་ཉམས་པ།། རིགས་ཀྱི་རྣམ་བྷཪྵ ་བསྒོམ་པར་བྱ།། ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཤིང་།། བདུན་གྱི་དཀྱིལ་འཁོར་གཉིས་མེད་པའོ།། དཀྱིལ་འཁོར་དག་གི་ལས་བྱའོ།། ཆང་ལ་སྩོགས་པའི་ཡོ་བྱད་རྣམས།། མདུན་ནས་ཕྱག་ཏུ་ཅི་རིགས་དབུལ།། ལྟོས་ཤིས ་རྣལ་འབྱོར་རྒྱུན་མཛེས་རྣམས།། འདི་ལྔ་རྣམ་རྟོག་ཡོད་མ་ཡིན།། བྲམ་ཟེ་ཁྱི་དང་གདོལ་པ་རྣམས།། རང་བཞིན་གཅིག་པས་ལྷན་ཅིག་བཟའ།། ཨོཾ་མ་ཧཱ་ས་མ་ཡོ། ཀུ་རུ་ཀུ་རུ་དྷཱ་རོ་ཀུ་རུ་ཧཱུ~ཾ་ཕཊ། བདེ་གཤེགས་དེ་ནི་སྡིག ་མེད་ཅིང་།། འདོད་ཆགས་སྩོགས་པའི་སྐྱོན་དང་བྲལ།། གཟུང་འཛིན་དྲི་མ་རྣམ་པརརྱ་སྤངས།། དེ་བཞིན་ཉིད་ལ་བདག་ཕྱག་འཚལ།། གཡས་དང་གཡོན་གྱི་ལག་གཉིས་ཀྱིས།། པདྨའི་བསྐོར་བ་བྱས་ནས་ནི།། རོལ་པའི་བཅས་པས ་བཟླབ་བཟུང་།། རང་གི་ལྷ་ཡི་སྦྱོར་བ་ཡིས།། ཇི་བཞིན་དུ་ནི་འཇུག་པར་བྱའོ།། རྡོ་རྗེ་སློབ་དཔོན་བློ་ལྡན་པས།། ཆང་སོགས་རྫས་རྣམས་བྱིན་གྱིས་རློབ།། གཡོ་ཞིང་འབར་བའི་གཟུགས་ཅན་དང་།། ཁྱད་པར་དུ་ནི་བསྐོར་བ་ཉིད།། ཤེལ ་གྱི་གཟུགས་ཀྱིས་བྱིན་བརླབ་ཅིང་།། ཐམས་ཅད་བདུད་བདུད་རྩིའི་ངོ་བོར་བརྟག། དེ་ཉིད་ཡང་དག་སྤྱོད་པ་འདིས།། རྣལ་འབྱོར་པ་ནི་ཀུན་ནས་བདག། ཇི་ལྟར་བདེ་བར་བརྗོད་པར་བྱ།། སྒྱུ་མ་ལྟ་བུ་མཛེས་པ་ཡི།། འོ་བྱེད་སོགས ་སྦྱོར་ཀུན་འཁྱུད་པ།། སེམས་ཅན་དོན་དུ་ཡང་དག་སྦྱང་།། དེ་ནས་མནའ་ནི་བསྒྲགས་བྱས་ནས།། སངས་རྒྱས་ཐམས་ཅད་མཐུན་པ་ཡི།། མཆོག་ཏུ་རྟག་པའི་བཀའ་སྩལ་པ།། དམ་ཚིག་སྡོམ་པ་སྦྱིན་པར་བྱ།། སངས་རྒྱས་ཐམས ་ཅད་མཉམ་སྦྱོར་བའི།། སྡོམ་པ་ཉམས་པར་ཁྱེད་བྱེད་པ།། ཇི་སྙེད་སངས་རྒྱས་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན།། ལྷ་དག་དང་ནི་མི་དག་དང་།། དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ།། དེ་དག་ལ་ནི་སྙིང་རིངས་ནས།། ་སྙིང་ནས་ཁྲག་ཆེན་འཐུངས་པ་ཡིན།། བདག་གི་ངོ་བོ་ཡོངས་སྤངས་ཤིང་།། དཀའ་ཐུབ་ཀྱིས་ནི་གཟོར་མི་བྱ།། ཅི་བདེ་བར་ནི་བདེ་བར་སྤྱད།། འདི་ནི་ཕྱི་དུས་སངས་རྒྱས་ཡིན།། རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ།། ཅིས ་ཀྱང་མི་འཇིགས་དགའ་བར་གྱིས།། སྡིག་མེད་སྟོབས་ཀྱིས་ཁྱོད་མ་འཇིགས།། དམ་ཚིག་འདའ་བར་དཀའ་བའོ།། ཚོགས་ཀྱི་དཔའ་བོའི་སྟོན་མོ་ལས།། སློབ་དཔོན་ལྟོས་ཀྱི་རིམ་པའོ།། དེ་ནས་ཁྲུས་བྱིས་དྲི་ཡི་ལུས།། ཇི་ལྟར ་འབྱོར་པའི་གོས་དང་རྒྱན།། སྣ་ཚོགས་རྣམ་པར་བགོས་ནས་ནི།། མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ།། སེམས་ཅན་ཁམས་ནི་མ་ལུས་གདོན།། སྲིད་པ་ཤིན་ཏུ་དག་བྱའི་ཕྱིར།། མི་འགོག་ཆོས་ཉིད་སྦྱོར་བ་ཡིས།། མཉམ་པ་ཉིད ་དུ་བསྒྲུབ་པར་བྱ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་མཛེས་པར་བྱ།། རྡོ་རྗེ་རིན་ཆེན་པདྨོ་སོགས།། སྒོ་བསྲུངས་དང་ནི་ལྡན་པར་བྱ།། རང་གི་ལྷ་དང་འདྲ་བ་ཡི།། བུད་མེད་དག་ནི་ལེགས་བསྒྲུབས་པས།། ་སྐལ་བཟང་རང་གི་ཕྱག་རྒྱས་མཚན།། ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ།། སྦྱོར་བའི་དབང་ཕྱུག་རྣམ་འཕྲུལ་པས།། རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ།། དེ་ནི་རྣམ་པར་འཕྲུལ་པར་མཛད།། ་བརྟན་ཞིང་གྲུབ་པའི་སློང་བྱེད་པ།། ཀུན་ནས་སྐྱོང་བའི་བདེ་བ་ནི།། སྟོང་པ་རྣལ་འབྱོར་ཡོད་མེད་མཐུས།། ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས།། བདེ་གཤེགས་བདེ་བར་གཤེགསུ་གསོལ།། རྡོ་རྗེ་སེམས་དཔའ་བསྐལ་བཟང་དཔལ་ཁྱོད ་བདག། ཨོཾ་ཨེ་ཧྱེ་ཏི་བྷཱ་གོ་ཝན་མ་ཧཱ་ཀཱ་རུ་ཎི་ཀ་ཏྲྀ་ཤྱ་ཧོ་ས་མ་ཡ་ས་མྱ་སྟྭཾ་ཛཛྫཧཱུཾ་བཾཿཧོ་སྟྭཾ།། དེ་ནས་ཡང་དག་པར་གསལ་བས།། བུད་མེད་དག་ནི་བཞི་རྣམས་ལ།། བུར་གྱིས་ཕྱག་རྒྱའི་མཆོད་པ་ཡིས།། མཆོད་པ་ཐམས་ཅད་དབུལ ་བར་བྱའོ།། ཨོཾ་ཨཱཿཧཱུ~ཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད།། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ།། མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད།། མཆོད་པ ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད།། ཀླུ་ཡི་ཕྱག་རྒྱ་འདི་ནི་དཔལ།། རྡོ་རྗེ་སེམས་དཔའ་ལ་གནས་ཏེ།། མཆོད་པ་མ་ལུས་བྱེད་པ་ཡི།། རབ་འབྱམ་ལས་ལ་སྦྱོར་དུ་རུང་།། གང་དག་གྲུབ་པར་མ་གྱུར་དང་།། མཆོད་པ་དག་ནི་མི་འབྱོར་པ།། ་ཕྱག་རྒྱ་འདི་ཡིས་མཆོད་བྱས་ན།། མཆོད་པ་ཐམས་ཅད་མྱུར་དུ་འགྲུབ།། དེ་ནས་རོ་མཆོག་བཟའ་བཏུང་ནས།། གླུ་ཚིག་སིལ་སྙན་ལ་སོགས་ལ།། དེ་དག་མགོན་པོ་རྣམས་ལ་དབུལ།། དཀྱིལ་འཁོར་ཚོགས་བཅས་དབྱེར་མེད ་བློས།། རྡོ་རྗེ་བླ་མ་ཆེན་པོ་དང་།། བདག་གཞན་ཚོགས་པ་འདོད་དགུས་མཆོད།། རྣམ་པ་མང་པོའི་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་མེད་པར་དབུལ་མཁས་པ།། དེ་བཞིན་གཤེགས་པ་ཀུན་གྱི་མཁ་འགྲོ་སྒྱུ་མས་ཐམ ་ཅད་རབ་སྦྲུལ་རྣམ་པར་སྤྲུལ།། ཏེ་ནྟེ་ཏེ་ཧཱུཾ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ།། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ ་རྣམ་པར་སྤྲུལ།། ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ།། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མ་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ།། རུ་ལུ་རུ ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ།། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མས་ཐམས་ཅང་རབ་སྦྲུལ་རྣམ་པར་སྤྲུལ།། ཧཱུཾ་ཤི་ཤྭ་བི་ཤྭ་ཧཱུཾ། ཨཱ~ཾ་བཛྲ་སཏྭ་ས་མ ་ཡ~ཾ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པ་ཥྱོ་མེ་བྷ་བ། ཨ་ནུ་རཀྟ་མ་བྷ་བཾ། སུ་པོ་ཥྱོ་མེ་བྷ་བ། སརྦཾ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་ཀུ་རུ་སུ་ཙི་མེ་ཙིཏྟཾ། ཤྲེ་ཡཿ ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བན། སརྦ་ཏ་ཐཱ་ག་ཏ། བཛྲཱི་མ་མེ་མུཉྩ། བཛྲ་བྷ་བ། མ་ཧཱ་ས་མ་ཡཱ། སཏྭ་ཨཱ། དེ་ནས་ཟོས་ཤིང་འཐུངས་པ་ཡི།། ལྷག་པའི་ཚོགས་རྣམས་ཀུན་བསྡུས་ཏེ།། གོང་དུ་བཀོད་བྱའི ་བཀོང་མ་དང་།། སོ་སོར་བྱིན་བརླབས་བསྔོ་བར་བྱ།། ཧ་ཧོ་ཧྲིཿཡོཾ་སྦྱོར་བ་ཡིས།། བདུད་རྩིའི་རང་བཞིན་འདོད་ལྔའི་ཚོགས།། མཛེས་པའི་ཕྱག་རྒྱ་སྨིན་མཚམས་གནས།། སྔགས་བཅས་མགྲོན་ཚོགས་བསྡུ་བར་བྱ།། ཨོཾ་ཧ་ཧི ་རུ་ལུ་རུ་ལུ་ཧཱུཾ་བཱཾ་ཧོ།། བཛྲཱི་ཌཱ་ཀི་ནི་བྷྱོ། ཨེ་ཨ་ར་ལླི་ཧོ་ཛ་ཛ། ཨོཾ་སུ~ཾ་བྷཱ་ནི་སུཾ་བྷཱ་ཛཿཧཱུཾ་བཾ་ཧོ། ཨཱ་ཀཱཌྜྷྱ་ཡ། ཨཱ་ཀཱནྡྷ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཏོ་ཥ་ཡ་ཏོ་ཥུ་ཡ། མོ་ཧ་ཡ་མོ་ཧ་ཡ། ཨེ་ཨ་རལླི་ཧོ། ཧྲིཾ་ཧྲིཾ་ཧྲཾ། ཧཱུཾ་ལ་སྱ་རྣམ ་ཆེན་འབར་བའི་སྐུ་སྟོན་ཅིང་།། འཇིག་རྟེན་ལྷ་ཆེན་ཡབ་ཡུམ་ཞབས་ཀྱིས་གནོན།། དྲག་པོའི་དཀྱིལ་འཁོར་སྟི་ཚོགས་སྟོན་མཛད་ཅིང་།། དབུ་མ་རྟ་སྐད་འཚེར་ཞིང་གར་མཛད་པ།། ཉི་མ་འབུམ་གྱི་འོད་མངའ་སྐུ་ལ་རྫོགས ་ཁྲོ་རྒྱལ་འཁོར་བཙས་མ་ལུས་གཤེགསུ་གསོལ།། འཇིག་རྟེན་དབང་ཕྱུག་ཆེན་པོ་དང་།། དེ་བཞིན་ཚངས་པ་བརྒྱ་བྱིན་སོགས།། ཁྱབ་འཇུག་འདོད་དགྲའི་དབང་ཕྱུག་དང་།། འཇིག་རྟེན་སྐྱོང་བའི་ལྷ་དང་ཀླུ།། གང་དྲག་རྫུ་འཕྲུལ ་མཐུ་མངའ་རྣམས།། བྲན་མངགས་གཡོག་དང་ཆུང་མར་བཅས།། དཔང་པོའི་སྤྱན་སྔར་དམ་བཅས་བཞིན།། རང་གི་དམ་ཚིག་དྲན་བྱོས་པ།། ཚོགས་ཀྱི་དཀྱིལ་འཁོར་བསྲུང་བའི་ཕྱིར།། འཁོར་བཅས་གནས་འདིར་གཤེགསུ ་གསོལ།། འོད་ཟེར་སྔགས་ཀྱིས་སྦྱང་བྱས་ནས།། རིགས་ཀྱི་དཀྱིལ་འཁོར་མངོན་པཪྵ་གསལ།། ཨོཾ་ཀཀྐ་ཌྷ་ན། བབྷཱནྟ་ན་ན། ཁ་ཁྱཱ་ད་ན། སརྦ་དུཥྚ་མ། ཧ་ན་ཧྭ་ནཱ། གྷ་གྷ་གྷཱ་ཏ་ཡ། ཨ་མུ་ཀཱ་སྱཱ། ཤཱནྟིཾ་ཀུ་རུ། ཧཱུཾ་ཧཱུཾ་ཕཊ་ཕཊ། ་ཛ་སྭཱ་ཧཱ།། བདུད་རྩི་བསམ་གཱཏ་ནཽ་དཱམིགས་ནས་ནཱི།། བདུད་རྩིས་ཁ་ནི་དག་པར་བྱ།། ཨོཾ་གུ་རུ་ཏྱོ་ཏ་ཁཱ་ཧི། ས་མ་ཡ་བྲྀ་ཤཾ་ཁཱ་ཧི། བཀྵཱ་སུ་ག་ན། བྷུ་ཏཀྵེ་ཏྲེ་པྤ་ཏིསྟཾ་བྷ་ཡ་ཧི་ཧཻ། ལྷག་མ་ཁ་ཆུའི་ཚོགས་ཀྱིས་བྲན།། དགྱེས་པའི ་ལོངས་སྤྱོད་རྣམ་པར་རོལ།། ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི།། ལྷ་ཆེན་དྲེགས་བྱེད་སྟོབས་ལྡན་པ།། བདེ་གཤེགས་སྲས་སོགས་བྲན་མཛད་པའི།། བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན།། དབང་ཕྱུག་ཆེན་པོ་ཆུང ་མར་བཅོས།། དེ་བཞིན་ཁྱབ་འཇུག་ཚངས་པ་དང་།། བརྒྱ་བྱིན་འདོད་དགའ་ཆུང་མ་བཅས།། ལྷ་ཆེན་འཁོར་བཅས་ཚོགས་རྣམས་དང་།། ཕྱོགས་སྐྱོང་བརྒྱད་པོ་འཁོར་བཅས་དང་།། ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་།། མཁའ ་འགྲོ་ཆེན་མོ་གསུས་བཛྲཱི་ན་མ།། དུར་ཁྲོད་མ་ཚོགས་བཅུས་དང་།། གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང་།། འགྲོ་བ་སྡུག་པོ་འཁོར་བཅས་རྣམས།། སྐུ་གསུང་ཐུགས་སོགས་སྦྱང་བྱས་ནས།། རང་གི་ལྷ་ཡི་གཟུགས་འཛིན་རྣམས།། ་གནས་འདིར་འདུས་པའི་དམ་ཚིག་ཅན།། མཆོད་གཏོར་རྒྱུན་དང་བཅས་པ་བཞེས།། དེ་མ་ཚིག་བསྲུང་ཞིང་དམ་ཆོག་ཅན།། ལས་ལ་སོགས་པ་མཁ་འགྲོའི་ཚོགས།། མཁ་འགྲོ་ཆེན་མོ་འཁོར་བཅས་རྣམས།། རྣལ་འབྱོར ་བསྒྲུབ་པའི་གྲོགས་མཛད་ཅིག། ལུས་མཛད་རྡོ་རྗེ་བྲན་བནྡྷས་པས།། ཧྲཱི་རྒྱུས་དབང་དྲག་ལས་གྲུབ་ཅིང་།། ཐེག་ཅན་གསང་སྔགས་བསྲུང་བ་དང་།། ནད་དང་གནད་སོགས་ཞི་བ་དང་། ་ཤིས་སྦྲེལ་བ་དང་།། བདེ་ལེགས་འབྲས་བུ་གྲུབ་པར་མཛོད།། ཨོཾ་སརྦ་དུཥྚཱན། བྷཱི་ནཱ་གྣི་ན། གཙྪ་ཧཱུཾ་ཕཊ། དེ་ནས་སྣ་ཚོགས་གར་གྱི་རྒྱ།། ངག་མཛེས་སྟོབས་ཀྱིས་བསྒྱུར་བྱ་ཞིང་།། སྣ་ཚོགས་བུ་རྣམས་སྙན་པའི་དབྱངས། ་དཔའ་བའི་ཚོགས་ཀྱིས་ལེགས་པར་བླངས།། རྡོ་རྗེ་ཐལ་མོ་ལེགས་སྦྱར་བ།། རླུང་གི་སྙིང་གར་བཞག་ནས་སུ།། སེམས་ཅན་ཐམས་ཅད་ལ་དམིགས་ཏེ།། སྤྲིན་ལ་མི་རྒྱ་ཆེན་གདབ་པར་བྱ།། སེམས་ཅན་ཐམས་ཅུང་སྐུ ་མེད་ཅིང་།། དུས་ཀུན་དུ་ནི་བདེ་གྱུར་ཅིག། སངས་རྒྱས་ཉིད་དང་འབྲང་འགྱུར་བའི།། ལམ་དེ་ཉིད་ལ་ཞུགས་ནས་ཀྱང་།། མ་སྐལ་བ་རྣམས་བསྒྲལ་བ་དང་།། མ་གྲོལ་བ་རྣམས་དགྲོལ་བརླ་ཤོག། ཀུན་གྱིས་རིགས་འཛིམ་བ ་བྱས་ནས།། སྐུ་གསུང་འབྲས་བུ་སྐྱེ་འགྱུར་ཞིང་།། རྣལ་འབྱོར་གཙུག་ལྕག་དམ་ཚིག་ལ།། ད་ལྟ་ཉིད་དུ་གནས་པར་ཤོག། དཀྱིལ་འཁོར་རིམ་བཞིན་བསྡུ་བྱ་སྟེ།། ཡེ་ཤེས་ལྷ་ཚོགས་གཤེགསུ་གསོལ།། དམ་ཚིག་གསྩལ ་མཉེས་བསྲུང་བར་བྱ།། གཟུགས་བརྙན་དབེན་པའི་གནསུ་བཞག། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེསུ་མཐུན་པའི་དངོས་གྲུབ་སྩོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་སེམས་ཅན་དོན་ལ ་དགོངས།། ཨོཾ་ཨཱ་ཧཱུཾ་མུཿབཛྲ་གཙྪ་མུཿ། གསང་མཆོག་སྙིང་པོ་དྲི་མ་མེད།། ཚོགས་གཉིས་གཅིག་ཏུ་རབ་སྦྱོར་བ།། ཡེ་ཤེས་བླ་མའི་རྩལ་རྫོགས་དོན།། དཔའ་བོ་ལོངས་སྤྱོད་སྤྱད་པའི་ཐབས།། སྒྲུབ་ཐབས་སྔ་མའི་ཡན ་ལག་ཏུ།། ཆོ་གའི་དབྱེ་བ་བཀོད་བྱས་པས།། འགྲོ་རྣམས་ཚོགས་གཉིས་རྣམ་འཕྲུལ་ནས།། རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག་ཞེས་བྱ་བ།། སློབ ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཨཱ་ནནྡ་གརྫྫ་དང་། ཞུ་ཆེན་གྱི་ལོ་ཙ་བ་དྲན་པན་ན་མཁས་བསྒྱུར་བཱ་ལས།། ཕྱིས་ལོ་ཙྪ་བ་ལྷ་རིན་པོ་ཆེས་བཅོས ་གཏན་ལ་ཕྱབ་པའོ།། ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་བཞུག་སོ།། །། རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་ནཱ་མ་ནོ་པི་ཀ། བོད་སྐད་དུ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། ་