CLOSE WINDOW

GT546: dkyil 'khor thams cad kyi rjes su 'jug pa'i cho ga lnga pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦ་མཎྜ་ལཱ་ནུཏྶི་ཏ་ར་ཤ་སྲ་པཉྩ་བི་དྷི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེསུ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། གང ་ཞིག་ཐོག་མཐའ་ཀུན་གཟིགས་ཤིང་།། ཐམས་ཅད་དོན་འབྱུང་གསང་བའི་ཚུལ།། ཕྱག་རྒྱའི་བདག་ཉིད་མ་འདྲེས་སྟོབས།། རིགས་ཀུན་འཁོར་ལོའི་གནས་རྫོགས་ཤོག། རང་བཞིན་དཔའ་བོ་ཀུན་ཏུ་སྣང་།། འཇོམས་བྱེད་ཆོས ་ཀུན་མ་འདྲེས་པ།། ཡོན་ཏན་ཚེགས་བདག་རོལ་པའི་སྐུ།། རིགས་ཀྱི་ལྷ་མོ་ཚོགས་རྒྱལ་ཤོག། དངོས་མེད་གསང་བའི་ཕྱག་རྒྱ་ཆེ།། དེ་དག་མ་ལུས་མཐའ་སེལ་མཛད།། ཀུན་འབྱུང་ཀུན་གྱི་བདག་ཉིད་དོན།། ཐབས་མདོ་ཆོ་ག ་རྫོགས་པར་གསལ།། དེར་འཇུག་དེ་ཡི་གནས་ལྡན་པ།། སྒྲ་ཡི་རྒྱུན་གྱིས་དོན་ཚོགས་བསྐྱེད།། མངོན་འབྱུང་གནས་ཀུན་འགྲུབ་བྱེད་པའི།། དཀྱིལ་འཁོར་ཐབས་རྣམས་འཇུག་པར་བཤད།། དཀྱིལ་འཁོར་ཐམས་ཅད་རྗེས ་བསྟན་པའོ།། འཇུག་ཐབས་ཆོ་ག་ལྔ་པའི་དོན།། སྟེན་པའི་ལུང་ལས་གསལ་བཤད་པ།། གཞུང་འདི་བསྡུ་བར་འོས་པ་ཡིན།། དོན་ཀུན་འདོད་པའི་རྣལ་འབྱོར་བདག། ཐབས་ཀྱི་ཆོ་ག་མང་པོ་ཡིས།། དེར་འཇུག་ལམ་ཀུན་རྫོགས ་བྱེད་པས།། དྲི་མེད་དག་པའི་རྒྱུད་གཟུང་མཛོད།། ཇི་ལྟར་གསང་སྔགས་ལེགས་སྦྱར་བས།། དངོས་གྲུབ་ཚུལ་མང་ཐོབ་འགྱུར་བ།། དོན་དམ་བྱ་བ་མཐར་ཕྱིན་པས།། གཞན་རློན་ཚོགས་རྣམ་པར་དག། མྱུར་བར་ཕྱག་རྒྱ ་སྔགས་ཚོགས་འཇུག། བླ་མེད་དངོས་གྲུབ་དོན་ཀུན་རྟོགས།། བསྟན་པའི་ཚུལ་གྱིས་གདམས་པའི་རྒྱུན།། ཇི་ལྟར་བྱ་བའི་སྒོ་སྟོན་བྱེད།། ཤིན་ཏུ་སྦྱང་དཀའི་ལས་རྣམས་དག། ང་སྔགས་རྟེན་འབྲེལ་མཐུ ་ཡིས་འགྲུབ།། ཚུལ་རྣམས་མཉེས་དུས་མཚུངས་འཇིགས།། གནས་དང་གནས་པའི་ཚོགས་རྣམས་རྒྱས།། རྒྱས་པར་འདྲི་དག་ཀུན་བསྟན་ཕྱིར།། ཐབས་མང་ཚུལ་གྱིས་ཐེག་པ་ཀུན།། ངོ་བོ་བྱང་ཆུབ་སེམས་གནས་སྐྱོང་།། ་རང་བཞིན་བསྐྱེད་དུ་མེད་པའི་ཆོས།། གཞན་དག་ཐེག་ཆེན་མཆོག་ཞུགས་པས།། སྔགས་ཚུལ་འདུས་པའི་ཆོ་ག་ཤེས།། བྱིན་རླབས་བརྡ་དོན་ཡོན་ཏནི་གནས།། དབང་བསྐུར་བྱང་ཆུབ་རྗེ་སུ་སློབ།། རང་སེམས་རྣམ་དག་དྲི་མ ་མེད། གསང་སྔགས་ཆོ་ག་རྫོགས་པར་འགྱུར།། དེས་ནི་དངོས་གྲུབ་ཀུན་ཐོབ་ཅིང་།། ཕྲིན་ལས་བྱ་བ་འགག་པ་མེད།། དང་པོར་བདག་གཞན་སྲུང་འདོད་པས།། བསོད་ནམས་ཡེ་ཤེས་ཚོགས་གནས་བྱ།། དེ་དག་འགྲུབ་བྱེད ་ཡན་ལག་གཞན།། དངོས་ཀུན་གསང་བ་བསྟན་པའི་སྒོ།། ཐོག་མར་སྐྱབས་འགྲོ་བ་ཡིས།། རྟེན་གཉིས་དག་པར་སྦྱང་བྱ་བ།། དེ་དག་ཐུན་མོང་ཁྱད་པར་གྱིས།། མངོན་པར་འགྱུར་བའི་དོན་ཆེན་འགྲུབ།། སངས་རྒྱས་ཆོས ་དགེ་འདུན་ལ།། དུས་ཀུན་སྐྱབསུ་འགྲོ་བྱས་ན།། གཞན་གྱི་ཕྱོགས་རྣམས་འཇིག་བྱེད་ཅིང་།། བག་མེད་འཁྲུགས་པའོ་ནད་ཀུན་ཞི།། རྒྱལ་བའི་འཁོར་དུ་གྱུར་པའི་ཕྱིར།། རང་གི་སྡོམ་པ་དམ་ཚིག་གཟུང་།། དེ་ཡང་རྒྱ་ཆེ་བློ་དམི ་ཏེ། མ་ལུས་ཁམས་རྣམས་ཀུན་ཏུ་སྤྱད།། ཇི་སྲིད་རྟོག་པའི་རྒྱུན་གནས་པ།། དེ་སྲིད་རྟོག་པས་ཉེས་པར་འགྱུར།། འདི་དག་སློབ་དཔོན་ལ་བརྟེན་ཏེ།། དམ་པའི་རྗེསུ་གཞོལ་བར་བྱ།། རྐང་གཉིས་རྣམས་ཀྱི་གཙོ་བོ་མཆོག། སངས ་རྒྱས་མཆོག་ལ་བདག་སྐྱབས་མཆི།། ཞི་ཚོགས་འདོད་ཆགས་སོགས་འཇོམས་པའི།། ཐེག་ཆེན་ཆོས་ལ་སྐྱབསུ་མཆི།། ཐུགས་རྗེས་དོན་མི་གཏོང་བ་ཡི།། སྤྱོད་བཅས་དགེ་འདུན་ལ་སྐྱབས་གསོལ།། དུས་འདི་དག་ནས ་གཟུང་བྱས་ཏེ།། ཇི་སྲིད་སྟོང་པོ་བྱང་ཆུབ་པར།། དངད་བརྩོན་གུས་པས་དེ་དག་ཀུན།། མྱ་ངན་འདས་པའི་དོན་དུ་གཟུང་།། སྲོག་གཅོད་པ་ཡི་སེམས་ཅན་དང་།། གཞན་གྱི་ནོར་ལ་ཕྲོག་པ་དང་།། འདོད་པ་ལོག་པར་གཡེམ་པ་དག། ་སེམས་ཅན་དམྱལ་བར་མྱུར་དུ་འགྲོ། དབྱེན་བྱེད་པ་དང་ཚིག་རྩུབ་དང་།། བརྫུན་དུ་སྨྲ་ཞིང་མི་སྡོམ་དང་།། བྱིས་པ་ཁྱལ་བ་སྨྲ་བ་རྣམས།། སོ་སོ་སྐྱེ་བོ་སླུ་བས་བཅིངས།། གཞན་གྱི་སྤྱོད་ལ་བརྣབ་སེམས་དང་།། གནོད་སེམས་དག ་ནི་མང་བ་དང་།། མི་གང་ལྟེ་བ་ལོག་ཞུགས་ལོ།། ངན་འགྲོ་དག་ཏུ་འགྲོ་བར་འགྱུར།། དེས་ན་ལུས་ཀྱི་སྡིག་གསུམ་དང་།། ངག་གི་སྡིག་པ་རྣམ་པ་བཞི།། ཡིད་ཀྱི་གསུམ་པོ་མ་ལུས་རྣམས།། སྡིག་པའི་ལས་ཀུན་ཟད་བྱེད་པར།། ་དེས་ནི་ངན་འགྲོར་ལྟུང་བས་ན།། བག་མེད་ལས་ཀུན་བཤགས་པར་བགྱི།། གཞན་ལའང་གདམས་པར་མི་བྱེད་དེ།། དུས་ཀུན་མ་འདྲེས་རྒྱ་ཆེན་བློས།། ཉིན་མཚན་དྲག་པར་གཤགས་པར་བྱ།། ཁྱད་པར་སོ་སོར་ཐར་པའི་ཚུལ།། ་རྩ་བ་དང་བཞི་ཡན་ལག་ཚོགས།། རྣམ་བཞི་འཁོར་ཚོགས་བཅས་སྡོམ་གང་།། ཅི་ནུས་བདག་གིས་བླང་བྱ་ཞིང་།། སྟོན་པ་སློབ་དཔོན་ལ་སོགས་མདུན།། བསྒོ་བའི་བཀའ་དོན་སྡོམ་པ་གཟུང་།། ཅི་ནས ་འགྲོ་ཀུན་བསྒྲལ་བའི་ཕྱིར།། དཀོན་མཆོག་གསུམ་ལ་སྐྱབས་འགྲོའི་དོན།། ཡུན་རིང་མང་དུ་སྦྲེལ་བའི་ཡིད།། ཕྱོགས་རྣམས་ཀུན་ཏུ་རྒྱས་པར་གཟུང་།། སྟོང་གསུམ་འཇིག་རྟེན་མ་ལུས་ཀྱི།། འགྲོ་དྲུག་སེམས་ཅན་ཐམས ་ཅད་ལ།། བྱམས་པའི་སེམས་ནི་སྔོན་འགྲོ་བས།། སྡུག་བསྔལ་གསུམ་དང་བརྒྱད་སོགས་ཀྱིས།། གདུངས་པ་རྣམས་ལ་བལྟ་བྱས་ལ།། བདེ་དང་སྡུག་བསྔལ་བརྗེ་བྱས་ཏེ།། ཀུན་གྱི་བདེ་བ་ཐོབ་འགྱུར་ན།། བདག་ཉིད་སྡུག ་བསྔལ་གྱུར་ན་བླ།། འགྲོ་དོན་བསྒྲུབ་པར་བྱ་བའི་ཕྱིར།། ཐབས་མང་རྣམ་པ་སྣ་ཚོགས་ཀྱིས།། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། དེ་ལྷོ་དེ་ལྟར་འགྲོ་བ་རྣམས།། སྡུག་བསྔལ་རྒྱུ་དང་དེ་ཉིད་ལས།། གྲོལ་ཞིང་ཐར་པ་བྱས་ནས་ནི།། བདེ་དང ་ལྡན་པར་བྱ་བ་དང་།། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། དང་པོ་བདག་ཉིད་བསྒྲལ་བྱས་ནས།། མི་ལྡོག་སེམས་ཀྱིས་དམ་བཅས་ཏེ།། སྨོན་པས་རྫུ་འཕྲུལ་དཔག་མེད་དང་།། ཞི་གནས་ལྷག་མཐོང་མངོན་ཤེས་སོགས།། ཐོགས ་པ་མེད་པར་འབྱུང་བ་ཡིས།། མྱུར་དུ་མཐུ་སྟོབས་ལྷས་གྱུར་ནས།། གཡེང་མེད་འགྲོ་དོན་སྩོལ་བྱེད་ཅིང་།། དབུགས་དབྱུང་ཐེག་ཆེན་ལས་དགོད།། དུས་གསུམ་གཞུགས་པའི་བླ་མ་དང་།། དབྱེར་མེད་སློབ་དཔོན་མཉེས་བྱས་ལ།། ཡང ་དང་ཡང་དུ་ཕྱག་འཚལ་ཞིང་།། གསོལ་བཏབ་ལམ་ལ་གནས་པར་བྱ།། ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས་ཀུན།། མ་ལུས་ཕྱོགས་ནས་དགོངསུ་གསོལ།། བདག་གིས་མེ་ཏོག་ཕྲེང་སོགས་ཀུན།། ཁྱེད་ལ་ལེགས་པར་དབུལ ་བར་བགྱི།། མཎྜལ་བཟང་བཅས་མཆོད་པའི་ཚོགས།། གནས་འདིར་རྒྱས་པར་བཀོད་བྱས་པས།། དེ་དག་འཁོར་ཚོགས་མཉེས་གྱུར་ཅིང་།། སྡོམ་པའི་མན་ངག་སྦྱིན་པར་བསམ།། དུས་དེ་ཉིད་ནས་དེ་སྲིད་པར།། ཞག་གཅིག་པར ་པར་ཡང་ལན་གསུམ་སོགས།། འགྲོ་དོན་དམིགས་པ་རྒྱ་ཆེན་གྱིས།། བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ།། བྲིས་སྐུ་ལ་སོགས་རྩེ་གཅིག་ཏུ།། ཐལ་སྦྱར་གུས་པས་འདུག་བྱས་ཏེ།། བླ་མེད་བྱང་ཆུབ་འདོད་པ་ཡིས།། སེམས ་ཉིད་རྒྱ་ཆེར་ངེས་པར་བསྐྱེད།། ཕྱོགས་བཅུ་དག་ན་བཞུགས་པ་ཡི།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། གཞན་དུ་དབྱེ་བ་མེད་པའི་ཐུགས།། དུས་འདིར་བདག་ལ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡི།། སྐྱེ་བ ་འདི་དང་གཞན་དག་ཏུ།། སྦྱིན་པ་ལས་བྱུང་བསོད་ནམས་དང་།། ཚུལ་ཁྲིམས་ལྔས་བྱུང་བསོད་ནམས་དང་།། བསྒོམ་པ་ལས་བྱུང་བསོད་ནམས་ཀྱིས།། དགེ་རྩ་བདག་གིས་བགྱིས་པ་དང་།། བགྱིད་དུ་སྩལ་བ་ཉིད་དང་ནི།། གཞན་ཡང ་རྗེ་སུ་ཡིད་རང་བའི།། དགེ་བོའི་རྩ་བ་དེ་དག་གིས།། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས།། རྒྱལ་བ་སྲས་དང་བཅས་པ་རྣམས།། བླ་ན་མེད་པའི་བྱང་ཆུབ་ཏུ།། ཐུགས་མཆོག་རིན་ཆེན་བསྐྱེད་པ་ལྟར།། བདག་མིང་འདི་ཞེས་བགྱི་བས ་ཀྱང་དདུས་འང་ནས་ནི་གཟུང་བྱས་ཏེ།། བླ་མེད་ཡང་དག་རྫོགས་པ་ཡིས།། བྱང་ཆུབ་ཆེན་པོར་སེམས་བསྟོང་ངོ་དེ།། རྒྱལ་བ་རྣམས་ཀྱིས་རྗེསུ་སྤྱོ་།། སྔོན་ཚེ་འཕགས་པ་འཇམ་དཔལ་གྱིས།། ཛ་ལྟར་བྱང་ཆུ ་རྒྱ་ཆེན།། གྲོང་ཁྱེར་རྒྱལ་བའི་རྒྱལ་པོར་གྱུར།། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་།། འགྲོ་བ་ཐམས་ཅད་དོན་དུ་གཉེར།། དེ་དག་འཁོར་བ་ལས་བསྒྲལ་ལོ།། གནོད་སེམས་དུས་མིར་ཁྲོ་བ་དང་།། སེར་སྣ་པ་ནི་ཕྲག་དོག་ཉི ་དེ་ནས་གཟུང་སྟེ་བྱང་ཆུབ་དག། ཐོབ་འགྱུར་དོན་གཞན་དག་ཀྱང་སྤང་།། དགེ་བ་བཅུ་སོགས་སྤྱང་བྱ་ཞིང་།། སྡིག་དང་འདོད་པ་སྤང་བར་བྱ།། ཚུལ་ཁྲིམས་སྡོམ་པ་ལ་དགའ་བས།། སངས་རྒྱས་རྗེསུ་བསླབ་པར་བྱ།། བདག་ཉིད་མྱུར་བ ་ཚུལ་གྱིས་ནི།། བྱང་ཆུབ་ཐེབ་པར་མཾ་སྡེ་ཞོང་།། སེམས་ཅན་གཅིག་གི་རྒྱུ་ཡིས་ནི།། ཕྱི་མའི་མུ~ཾ་མཐུར་གནས་པར་བགྱི།། ཚད་མེད་བསམ་གྱིས་མི་ཁྱབ་ཞིང་ཁམས་རྣམ་པར་སྦྱང་བར་བྱ།། མིང་ལས་གཟུང་བ་བྱས་པ་དག ་ཕྱོགས་བཅུ་དག་ཏུ་རྣམ་མང་ཐོས།། བདག་གི་ལུས་དང་ངག་གི་ལས།། ཅི་ནུས་སུ་ནི་དོག་པར་བྱ།། ཡིད་ཀྱི་ལས་ཀྱང་དག་བྱ་ཞིང་།། མི་དགེ་བ་རྣམས་མི་བྱ་བརྒལ་བ་རྣམས་བསྒྲོལ་བ་དང་།། མ་གྲོལ་བ་རྣམས་གྲོལ་བྱ་ཞིང་། ་དབུགས་མ་ཕྱིན་པ་དབུགས་ཕྱུང་ནས།། སེམས་ཅན་མྱ་ངན་འདས་ལ་དགོད།། སངས་རྒྱས་ཆོས་དང་ཚོགས་རྣམས་ལ།། བྱང་ཆུབ་བར་དུ་སྐྱབསུ་མཆི།། བདག་གིས་སྦྱིན་སོགས་འདི་དག་གིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤེག ་བྱང་ཆུབ་སྨོན་པའི་སེམས་དང་ནི།། འཇུག་པའི་སེམས་ངག་ཅི་ནུས་པས།། ཡུལ་ངན་གནོད་པ་ཅི་བྱུང་ཡང་།། དེ་ལས་བཟློག་སྟེ་ཡང་དག་བཟུང་།། སྙིང་སྟོབས་ཆེ་ཞིང་དཔའ་བ་ཡིས།། ལས་གཞན་རྣམ་པར་སྤང་བྱ་སྟེ།། བསམ་པ ་རྩེ་གཅིག་གནས་པ་དང་།། དང་བརྩོན་དགེ་བའི་ལས་ཀུན་གྱིས།། མི་མཐུན་ཕྱོགས་རྣམས་ཀུན་སྤངས་ཤིང་།། ཤེས་རབ་རྣམ་གསུམ་བསྐྱེད་བྱས་ནས།། ལོག་སེལ་རི་བོ་ཐམས་ཅད་འཇོམས།། དྲན་དང་ཤེས་བཞིན་བསྐྱེད་བྱས་པས།། ་རྟག་ཏུ་འགྲོ་དོན་བརྩོན་པར་བྱེད།། གྲོགས་འདིས་བདག་གཞན་གྲོལ་བར་བྱེད།། བྱང་སེམས་འཕེལ་བར་བྱེད་པ་ནི།། རྣམ་པ་བཞིར་ནི་ཤེས་བྱ་སྟེ།། སྲོག་གི་ཕྱིར་ཡང་བསམ་བཞིན་དུ།། བརྫུན་ཚིག་སྨྲ་བར་མི་བྱེད་དང་།། ལྷག་པའི ་བསམ་པ་རྣམ་དག་པས།། དུས་ཀུན་ཏུ་ནི་གནས་བྱ་ཞིང་།། སེམས་ཅན་རྣམ་པ་ཐམས་ཅད་ལ།། གཡོ་རྒྱུ་བསླུ་བར་མི་བྱ་དང་།། སེམས་བསྐྱེད་བྱང་ཆུབ་སེམས་དཔའ་ལ།། སྟོན་པའི་འདུ་ཤེས་བསྐྱོད་བྱ་ཞིང་།། ཡང་དག་པར་ནི ་ཡོན་ཏན་དག། ཕྱོགས་བཅུའི་ཞིང་ཁམས་བརྗེད་པར་བྱེད།། སེམས་ཅན་གང་ཞིག་དགེ་བ་དང་།། བཀོད་བྱ་དེ་དང་ཉན་ཐོས་སོགས།། ཐེག་པ་དམན་པར་མི་སྦྱོར་ཞིང་།། ཡང་དག་བྱང་ཆུབ་སེམས་དཔའ་ཆེ།། བྱང་སེམས་འགྲིབ ་པར་བྱེད་པ་ཡང་།། རྣམ་པ་བཞིར་ནི་ཤེས་བྱ་སྟེ།། དམ་པའི་དཀོན་མཆོག་བླ་མ་སོགས།། མཆོད་པར་འོས་པ་བསླུས་པ་དང་།། འགྱོད་པའི་གནས་པ་ཡིན་པ་ལ།། གཞན་དག་ཉེ་བར་སྦྱོར་བ་དང་།། སེམས་བསྐྱེད་བྱང་ཆུབ་སེམས ་དཔའ་ཆེ།། ཞེ་སྡང་ཚིག་གིས་ཚར་གཅོད་ཅིང་།། སེམས་ཅན་རྣམ་པ་ཐམས་ཅད་ལ།། གཡོ་དང་སྒྱུ་ཡིས་སྤྱོང་བྱེད་པའོ།། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ་གལ་ཏེ་གཟུགས་མཆིས་ན།། ནམ ་མས་ནི་ཀུན་བཀང་ནས།། དེ་ནི་དེ་ལས་ལྷག་པར་འགྱུར།། གངྒཱའི་བྱེ་མ་གྲངས་སྙེད་ཀྱིས།། སངས་རྒྱས་ཞིང་ཁམོས་མི་གང་གིས།། རིན་ཚོན་རྗེས་ཀྱིས་ཀུན་བཀང་སྟེ།། སྟོན་པ་མཆོག་ལ་ཕུལ་བྱས་པས།། གང་གིས་བྲལ་ལོ ་ཉེར་སྦྱར་ནས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། མཆོད་པ་མཆོག་འདི་ཁྱད་པར་འཕགས།། དེ་ལ་མཐར་ཐུག་མ་མཆིས་སོ།། འཁོར་ལོ་དཔག་ཚད་བཅུ་གཉིས་པ།། ལྕགས་ལས་བྱས་པ་མགོ་ལ་འཁོར།། བྱང་ཏུ ་སེམས་ནི་བསྐྱེད་པ་ཡིས།། གསལ་བར་གྱུར་ཞེས་རབ་ཏུ་གྲགས།། བྱང་ཆུབ་སེམས་མཆོག་མ་བསྐྱེད་པར།། དགེ་གཞན་གང་གིས་གྲོལ་མི་འགྱུར།། འོ་མས་དུག་ནི་སེལ་ལོ་ཞེས།། འཇིག་རྟེན་པ་ལ་རབ་ཏུ་གྲགས།། དེ་ཉིད ་སྦྲུལ་གྱིས་འོ་ཐུངས་པ་ན།། ཤིན་ཏུ་དུག་ན་འཕེལ་བར་བྱེད།། མར་དང་བུ་རམ་སྨན་གྱི་མཆོག། བྱོས་པས་བཟའ་ཉེས་དུག་ཏུ་འགྱུར།། འབྲུ་མར་སྟོང་བུའི་ཕུང་པོས་ཀྱང་།། མེ་མེད་པར་དུ་གསལ་བར་འགྱུར།། ཤེལ་གང་དག ་པར་གྱུར་པ་ཡང་།། ཚོན་གཞན་དག་གིས་བསྒྱུར་བ་ཡིན།། ལོང་བ་དམིགས་བུ་མེད་པ་དང་།། བརྒྱ་སྟོང་གྲོང་གཞན་རྒྱུ་མི་ཞུ།། རླུང་དང་བྲལ་བའི་མེ་ཉིད་ཀྱིས།། ནགས་ཚལ་བསྲེག་པར་ཀ་ལ་ནུས།། གཤར་བྲལ་རྡུལ་གྱི་ཕུང ་པོའི་ཚོགས།། འདུ་བར་མི་འགྱུར་རླུང་གིས་མཐོར།། ཆུ་རྣམས་བསགས་པའི་ལྟེང་ཀ་དག། གཉེན་པས་མོད་ལ་འཇོམས་པར་བྱེད།། སེམས་ཉིད་རབ་ཏུ་དང་བ་ཡིས།། དགེ་བའི་བཤེས་ལ་བརྟེན་བྱ་སྟེ།། བསྙེན་བཀུར ་ཆོ་ག་བཟང་པོའི་ཚོགས།། བྱ་བའི་ཁྱད་པར་གནས་ཀུན་འཕགས།། མངོན་འདོད་ཐེ་ཚོམ་མེད་པའི་ཡུལ།། དོན་ཀུན་གསང་བ་སྟོན་བྱེད་པ།། རབ་ཏུ་སྨིན་པ་འདི་ནས་འཇུག། བླ་མའི་བྱིན་རླབས་མཐུ་ཡིས་གྲོལ།། ལན་གྲངས ་མང་པོར་གསོལ་གདབ་ཅིང་།། ཕུནོ་སུམ་ཚོགས་པས་མཐུ་བསྐྱེད་ནས།། མོས་པའི་དཀྱིལ་འཁོར་གསང་བའི་སྐོར།། རང་རྒྱུད་དག་པས་སྡོམ་གནས་འདེད།། དབང་བསྐུར་ཆོ་ག་རྫོགས་པ་ཡིས།། ལས་ཀུན་རིམ་བཞིན ་མངོན་གཉེར་ཞིང་།། ཕྱག་བརྒྱའི་བསམ་གཏན་མཐུ་བཅས་པསོ།། ལས་ཀུན་གསང་བའི་སྔགས་རྒྱུན་འཇུག། ཐུན་མོང་ཁྱད་པར་དམ་ཚིག་གིས།། ཉེས་བསྐྱེད་རྟེན་གནས་དག་པར་བྱ།། ཐམས་ཅད་སྡོམ་པས་རྗེསུ་གཟུང ་ཞིང་།། བདག་གཞན་བྱ་བ་མཐར་ཕྱིན་བརྩམ།། བྱང་ཆུབ་ཆེན་པོའི་གནས་སྤྱོད་པ།། དེར་འཇུག་དེ་ཉིད་ལམ་ཆེན་སྒོམ།། དོན་ཀུན་ངོ་བོ་གསལ་བྱེད་པས།། སྒོ་གསུམ་བྱ་རྒྱུ་རྟག་ཏུ་བརྟག། འགྲོ་གནས་སེམས་ཅན་རྒྱ་ཆེན་ཚོག། ་ཐེག་ཆེན་གསང་བས་གཟུང་བྱ་སྟེ།། མཐར་ཐུག་ཅིག་ཙམ་དོན་གྱི་ཕྱིར།། རྒྱལ་བའི་བཀའ་དོན་གུས་པས་བཟུང་།། རྡོ་རྗེ་བླ་མ་སངས་རྒྱས་མཆོག། དུས་གསུམ་ཐུགས་རྗེ་གཙོར་ལྡན་པས།། ཕྱོགས་བཅུའི་སངས་རྒྱས ་ཐམས་ཅད་ཀྱི།། ཕྱག་འཚུལ་མཆོད་པའི་གནས་ཉིད་ཡིན།། མི་མཁས་ཕྲག་དག་ཉམས་པའི་གཞི།། དེ་རྨད་གཏན་དུ་ཉམས་པར་འགྱུར།། ཐོག་མར་དོན་ཀུན་སྒོ་འཇུག་པས།། བཅས་པའི་དམ་ཚིག་སྡོམ ་ལ་གཟུང་།། ཐབས་རྣམས་ཀུན་གྱིས་བསྟོན་པའི་སྒོ།། མཚན་མེད་མཚན་མ་སྣ་ཚོགས་ཀུན།། མ་ནོར་དེ་བཞིན་སྟོན་བྱེད་པ།། རྡོ་རྗེ་ཐེག་པའི་སྔགས་ལམ་རྒྱུད།། ཕྱག་རྒྱ་ཀུན་ལས་མི་འདའ་ཞིང་།། མཆོད་བསྟོད་ཚོགས་ཀྱི་བྱ ་ཤེས།། སེམས་ཅན་དོན་སྤྱོད་འཚེ་བ་སྤང་།། དེར་འཇུག་ཐུགས་རྗེས་རྣམ་པར་གཟུང་།། རྟག་ཏུ་རང་གི་ལྷ་ཉིད་དང་།། རང་གི་སྔགས་དང་ཕྱག་རྒྱའི་ཚོགས།། སྟོབས་ལྡན་རྣམས་ཀྱིས་སྤྱོང་བྱེད་པ།། དེ་དག་ཀུན་གྱི་སྒོར་འཇུག། ་བརྩམ།། རྟག་ཏུ་དཀོན་མཆོག་མཆོད་བྱ་ཞིང་།། རྟག་ཏུ་རང་གི་དམ་ཆོག་བསྲུང་།། མཆོད་རྟེན་གཙུག་ལག་ཁང་བཟང་པོ།། ཡིད་དག་གུས་པའི་སེམས་ཀྱིས་གནས།། ལྷ་གཞན་དག་ལ་ཕྱག་བྱེད་དང་།། ངན་པའི་སྤྱོད་ཡུལ་ཀུན ་སྟོན་པའི།། ཐེག་དམན་རྒྱུན་གཞན་སྙན་པའི་ཕྱིར།། དོན་ཀུན་ཆེ་བའི་གནས་ཉམས་འགྱུར།། དྲན་ཚོགས་ཤེས་བཞིན་བློ་གྲོས་མཐུས།། དད་བརྩོན་ཏིང་འཛིན་བསྐྱེད་བྱས་ཏེ།། སྡོམ་བཅས་སྡོམ་མིན་གནས་ངག་ལས།། མཆོ ་བརྩོན་མཐུ་ཡིས་རྣམ་པར་གྲོལ།། དཀྱིལ་འཁོར་ཀུན་ཏུ་མ་ཞུགས་ཤིང་།། དམ་ཚིག་རྣམས་ནི་སྤངས་པ་དང་།། གསང་བ་ཡང་དག་མོ་ཤེས་པས།། སྒྲུབ་པ་ཅི་ཡང་གྲུབ་མི་འགྱུར།། བདག་ཉིད་ཆོས་ཉིད་དང་ལྡན་པས།། དམ ་ཚིག་ལ་སྡང་སྐལ་བ་ངན།། སྒྲོག་ཆགས་བསད་པར་མི་བྱ་ཞིང་།། དཀོན་མཆོག་གསུམ་ནི་ཡོད་མི་སྤང་།། བྱང་ཆུབ་སེམས་ཀྱང་མི་བཏང་སྟེ།། སྦྲུལ་བཟང་སྐྱོབ་དཔོན་སྤྱད་མི་བྱ།། སྲིད་པ་ཤིན་ཏུ་སྒྲུབ་བྱེད་པའོ།། མགོན་གྱུར ་རྣམས་ལ་བདག་སྐྱབས་མཆི།། ཐོག་མར་བསླབ་པར་བྱ་བོའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་སྟེ་དང་པོའོ།། ཉིན་གྱི་དཀྱིལ་འཁོར་སྒྲུབ་པ་འོས།། མངོན་པར་བསྒྲུབ་ཀྱིའི་གནས་གང་དག། རྒྱུངས ་མངོན་པར་བསྔགས་པའི་གཞི།། ཕུན་སུམ་ཚོགས་པས་དོན་ཀུན་སྤྱད།། གནས་མལོ་ཕྱག་དར་ལེགས་པའི་སར།། རྒྱན་ཚོགས་བཀོད་པ་ལེགས་དགྲམ་ཞིང་།། འཕགས་པའི་གནས་མཆོག་མཐུ་ལྡན་པའོ།། རྟེན་གྱི་བྱ་བས་དོན ་ཀུན་རྫོགས།། ས་ཆུ་ལྕི་བ་སྦྱིན་པའི་རྫས།། ལེགས་སྙོམས་བྱུགས་པ་ཚུལ་ཁྲིམས་མཆོག། གྲོག་སྦུར་སྐྱོན་བསལ་བཟོད་པ་ཉིད།། ཀུན་ཏུ་སྤྲོ་བའི་བརྩོན་འགྲུས་དང་།། མྲི་གཡེང་བརྟན་པའི་བསམ་གཏན་དང་།། ལེགས་པར་རི་མྱོ ་ཤེས་རབ་རྫོགས།། ཕ་རོལ་ཕྱིན་དྲུག་དཀྱིལ་འཁོར་འདི།། རྩེ་གཅིག་སངས་རྒྱས་རྣམས་ལ་དབུལ།། གྷོ་སེར་མདོག་ནད་རྣམས་ཀུན་ཞི་ཞིང་།། ཟླ་བའི་བཞིན་རྒྱས་ལྷ་ཡིས་མཆོད།། ཁྱད་པར་བླ་མ་ལྷག་པའི་ལྷ།། ཐུན་མོང་དཀོན ་མཆོག་ལ་དམིགས་པས།། དུས་བཞིན་མཎྜལ་བཞི་དག་ལ།། མེ་ཏོག་སྔགསུ་བཅས་པས་དགྲམ།། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཨོཾ་བཛྲ་ཙཀྲཱ་མཎྜ་ལ་ཧཱུཾ་བྷྲཱུཾ། དཀྱིལ་འཁོར་བཟང་པོ་གནས་དེ་ཉིད།། དོན་གྱི་བྱིན་རླབས་མཐུ་ལྡན་པས།། སྟ ་བཟང་ལེགས་པར་བཤམས་པ་ལ།། ཁྲུས་ཀྱི་དག་བྱས་བདེ་བར་གནས།། རྒྱུད་དང་པོ་ཡི་དབྱེ་བ་ཉིད།། བརྟན་པས་ཉིན་རེར་གསུམ་ཞི་བ།། བྱ་བ་ཐུན་མོང་བྱེ་བྲག་གིས།། ལས་ཀུན་ཡོངསུ་དག་པར ་བརྩམ།། ཐོ་རངས་མལ་ནས་ལེགས་ལངས་ཏེ།། བགེགས་ཀྱི་སྦྱོར་བ་སེལ་བྱེད་པའི།། སྔགས་ཀྱི་རྒྱལ་པོས་བསྲུངས་བྱས་ནས།། ཕ་རོལ་ཕྱིན་ཆགས་མཐའ་ཡས་སྤྱད།། འགྲོ་བ་རྒྱ་ཆེ་ལ་དམིགས་ཏེ།། ཚད་མེད་པཞི ་ནས་ཀུན་ཏུ་ཁྱབ།། བག་མེད་མཚན་མོའི་ཉེས་དམིགས་ཀུན།། དྲན་པ་བསྐྱེད་ཅིང་བཤགས་པར་བྱ།། དེ་བཞིན་འབད་པས་དགོངས་མོའི་དུས།། རང་རྒྱུད་དམིགས་པས་རྣམ་པར་སྦྱང་།། རྒྱན་རྣམས་ཀུན་གྱིས་ལེགས་མཛེས ་བརྒྱན། ཀུན་ཏུ་གཟེངས་སྟོད་དགའ་བའི་ཡིད།། ལྷག་པའི་ལྷ་ཡི་ང་རྒྱལོ་ལྡན།། ཕྱག་རྒྱ་སྔགས་ཀྱུས་བསྲུང་བྱས་པའོ།། མེ་ཏོག་ལ་སོགས་གཅལ་བཀྲམ་ཞིང་།། མཆོད་ཚོགས་གཏོར་མ་རྒྱས་བྱས་ནས།། རས་རིས་ལ ་སོགས་གླེགས་བམ་ལ།། ཡང་དག་མོས་པ་དད་པ་སྐྱེས།། སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས།། ཕྱོགས་བཅུརརོ་ཁྱབ་པའི་ཟླ་བ་བསམ།། སྦྱོར་བའི་རྒྱལ་པོའི་ཕྱག་རྒྱ་སྔགས།། གནས་ཀུན་དཀྱིལ་འཁོར་ལེགས་པར་བསྐྱེད།། ་རྣམ་པ་ཀུན་མཁྱེན་སངས་རྒྱས་གཙོ།། རིགས་ཀྱི་དཀྱིལ་འཁོར་ཚོགས་རྣམས་ཀུན།། སྐུ་རྒྱན་ཚེ་ལུགས་བྱིན་རློབས་རྫོགས།། རིགས་ཀྱི་འོད་ཟེར་སྤྲུལ་པོར་བཅས།། ཐམས་ཅད་རྒྱུད་ཀུན་རྣམ་དག་པས།། ཕོ་བྲང ་འཁོར་སྒོ་བཞིར་ལྡན།། ཨོཾ་བཛྲ་ཙཀྲ་མཎྜ་ལ་ཧཱུཾ་བྲུཾ། དྲི་ཆབ་སྔགས་ཀྱི་བྱིན་བརླབས་པས།། ཕྱོགས་རྣམས་ཀུན་ཏུ་བྱསང་གཏོར་བྱ།། མེ་ཏོག་མར་མེ་མཐའ་ཡས་པས།། བཱཀྲ་ཤཱིས་གཟི་མདངས་རྒྱ་ཆེར་བསྐྱེད།། གནོད་བྱེད་ཁྲོ་ཟར ་སྔགས་ཀྱི་ཚོགས་བཅུ་ཁྲོ་བོའི་ཕྱག་རྒྱས་གནས།། བགེགས་ཀྱི་དངོས་པོ་བསྲེག་བྱས་ཏེ།། བསྲུང་བའི་འཁོར་ལོ་རྒྱ་ཆེན་ཚོགས།། དགའ་ཆེན་དཔལ་གྱི་རྡོ་རྗེ་ལས།། རྡོ་རྗེ་སེ་གོལ་རྣམ་པ་གཉིས།། རང་གི་སྔགས་བཅོས་མཐུ ་ལྡན་པས།། ལྷག་པའི་ཝཱར་བཅུསྟྭཾ་དཀྲོལ་འཁོར་བསྐུལ།། ཨོཾ་བཛྲཱི་སཱ་མཱ་ཡ་ཛྙཱ་ཧཱུཾ། ཨོཾ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཉིད།། སྣ་ཚོགས་ལྷག་པའི་བསྣམ་པ་ཅན།། མ་ལུས་སེམས་ཅན་དོན་མཛད་པ།། ཡེ་ཤེས་ཆེ་གནས་བྱིན ་གྱིས་བརླབས།། ཛཿཧཱུཾ་བཾ་ཧོ།། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མཱ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོ།། ས་མ་ཡ་ཧོ།། ས་མ་ཡ་སྟྭཾ། ཨོཾ་ཕྱོགས་བཅུའི་ཀུན་ལེགས་བཞུགས་པ་ཡི།། བཅོམ་ལྡན་རྒྱལྔ་སྲས་དང་བཅས།། ཐུགས་རྗེ་ཆེ་དགོངས་འགྲོ་རྒྱུད ་གཟིགས།། ཐབས་མཁས་སྨོན་ལམ་དབང་གིས་སྤྱོན།། ཨོཾ་བཛྲ་མཎྜལ་ས་པ་རི་བཱ་ར་ཧཱུཾ། འགྲོ་བ་རྣམས་ཀྱི་དོན་སླད་དུ།། ཕྱག་དང་ཞབས་ནི་བསིལ་མཛད་ཅིང་།། དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས།། ཨོཾ་བཛྲ་ས་མ ་ཡ། པདྨ་མཎྜ་ལ་ཧཱུཾ། པྲ་ན་རཱ་ག་སྭཱ་ཧཱ།། གང་དག་བཞུགས་པའི་སངས་རྒྱས་སྤྱན།། སྐུ་མཆོག་གསུམ་མངའ་དུས་གསུམ་ཉིད།། རབ་མཆོག་ཐེག་ཆེན་བླ་ན་མེད།། བྱང་ཆུབ་དགེ་ཚོགས་ཐུགས་ལྡན་པ།། རིག་པ་གསང་སྔགས ་ཆོག་སུ་བཅས།། ཕྱག་རྒྱའི་དཀྱིལ་འཁོར་མཐར་ཕྱིན་པ།། བསམ་འདས་བརྗོད་པར་དཀའ་བའི་ཚོགས།། གཉིས་མེད་སྦྱོར་བས་བསྟོད་པའི་གནས།། ཐམས་ཅད་དོན་ཀུན་སྟོན་མཛད་པའི།། དཀྱིལ་འཁོར་ཀུན་ལ་བདག ་ཅག་འཚལ།། ཨོཾ་ན་མཿསརྦ་ཏ་ཐཱ་གཽ་ཏ་ཀཱ་ཡ་བཀྵིཏྟ་བནྡྷ་ནཱ་ཀཱ་རི་མི།། སྡིག་ལས་ལྡོག་པའི་སེམས་ཉིད་ཀྱིས།། ཐལ་སྦྱར་པུས་མོ་གཡས་བཙུགས་ཏེ།། ཉོན་མོངས་རྒྱུ་དང་ཡན་ལག་གིས།། རྨོངས་པའི་ཚོགས་འཕེལ་འཁྲུལ་པ། ་བསྐྱེད།། སྒོ་གསུམ་མི་དགེ་སྡིག་པ་ལས།། དུས་ཀུན་རྒྱན་གྱིས་བཤགས་པ་བྱ།། ཐུན་མོང་ཁྱད་པར་དཀོན་མཆོག་གོ། བསྟན་ལ་མངོན་པར་མ་དད་ཅིང་།། དགེ་བ་ཤེས་དམ་པ་སྟོན་པའི་མཆོག། ཁྱད་པར་ཞིང་དུ་གྱུར་ཀུན་ལ།། ་མི་དགེ་ལས་ཀུན་གང་བགྱིས་ལ།། ཐོག་མེད་འཁོར་བའི་ཁ་བརྒྱུད་ནས།། རང་བཞིན་བཅས་པའི་སྡིག་པ་ཀུན།། བདག་གཞན་རྒྱུད་ལས་གང་བྱུང་ལ།། དུས་འདིར་བཤགས་ཤིང་བསྡམ་པར་བྱ།། གང་དག་ཕྱོགས་བཅུའོ་སངས་རྒྱས ་དང་།། འཕགས་པ་རྣམས་ཀྱིས་བྱང་བར་མཛོད།། ཨོཾ་སརྦ་པཱ་རི་སྥོ་ཊ་ད་ཧ་ན་བཛྲ་པཱ་པཾ་སྭཱ་ཧཱ།། གཉིས་མེད་ཡེ་ཤེས་འདག་པའི་ཕྱིར།། མི་འགྱུར་ཀུན་ཏུ་དག་པའི་ཕྱིར།། མི་འགྱུར་ཀུན་ཏུ་དག་པའི་བདག། བཀོད་པ་ཆེ་སྣང་སྣ་ཚོགས་བཞི།། ་དོན་ཀུན་ཕྱག་རྒྱ་འབྱུང་བའི་ཚུལ།། སྤྲུལ་པ་ཕྱོགས་བཅུར་མ་འགགས་པའི།། དབྱེར་མེད་པས་ནི་ལས་མཛད་པ།། ཐམས་ཅད་དོན་ཀུན་བསྐྱེད་པའི་མཆོག། དུས་འདིར་སྐྱབསུ་གསོལ་བ་འདེབས།། ཨོཾ་བུདྡྷ་བོ་དྷི་སཏྭ། ཤ་ར་ཎ་གཙྪ་མི། ་བཛྲ་དྷརྨཱ་ཧྲིཿ། སྐྱོན་མེད་རྣམ་པར་དག་པའི་སྒོ།། རྡུལ་ཕྲན་གྲངས་མེད་བསམ་འདས་པ།། བཞི་འབྱུང་མ་ལུས་ལྷག་པའི་ཚོགས།། བདེ་གཤེགས་ཀུན་ལ་དབུལ་བར་བགྱི།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛཱ་བརྟ་ན་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏཱ་ཡཱ་མཽ།། ་སརྦ་ཏ་ཐཱ་ག་ཏཱ་ཤཱ་ཨ་དྷི་ཏོཥྛ་ནཾ། སརྦྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་མཱཾ་ཨ་དྷི་ཥིཉྩན་ཏུ་སྭཱ་ཧཱ།། སྐྱེ་རྒ་ན་འཆི་རྦ་ཀློང་གཱི། ཆུ་བོ་ཀུན་ལས་སྒྲོལ་བྱེད་ཤོག། མི་ཤེས་ལོག་རྟོག་དེས་བཅྡོཾམ་དག། ཐུགས་རྗེས་མགོན་ལ་སྐྱབསུ་མཆི།། འགྲོ་རྣམས ་ཀུན་ལ་སྐྱེ་བ་སླད་དུ།། སེམས་མཆོག་རིན་ཆེན་བདག་གིས་སྦྱར།། དུས་ཀུན་སྲོག་ཆགས་རྣམས་ཀྱི་བདག། སྐྱབས་རྣམས་དཔུང་གཉེན་སྐྱོབ་གྱུར་ཅིག། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡ་ནི། སརྦ་པཱ་པཾ་པི་ཀ་ཏ་ཀ་ན་ཏྱ་ཏྲཊ་ཏཱ་ས་མ་ཡ ་བོ་དྷི་ཙིཏྟཾ་ཧཱུཾ་སྭཱ་ཧཱ།། ཕྱོགས་བཅུའི་རྒྱལ་སྲས་བཅས་ཀྱི།། བསོད་ནམས་སྣ་ཚོགས་མཁས་པའི་མཆོག། འཕགས་དང་ལྷ་མི་དགེ་སྦྱོང་པའོ།། བརྟུལ་ཞུགས་བཟང་པོ་བླ་མེད་པ།། བྱ་བ་རྒྱ་ཆེན་གནས་ཀུན་ཚོགས།། དྲིར་གཞོལ ་དེ་ཉིད་སློབ་བྱེད་པའི།། བསོད་ནམས་ཚོགས་འགྱུར་གང་ཡིན་པ།། དེ་དག་ཀུན་ལ་རྗེས་ཡིད་རང་།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པུ་ཛ་ཛྙཱ་ན་ཨ་ནུ་མཽ་དཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ།། ཐེག་ཆེན་གསང་བ་བླ་ན་མེད།། རྡོ་རྗེ་ལྟ ་ཡོན་ཏན་བརྗོད།། རྣལ་འབྱོར་ཐེག་པའི་ལམ་གྱུར་པའི།། རིན་ཆེན་སྒྲོལ་མས་གསལ་བར་མཛོད།། དངོས་རྟོགས་རིགས་ཀུན་སེལ་བྱེད་པའི།། ཡེ་ཤེས་ཉི་མའི་ཐུགས་རྗེ་བདག། དུས་ཀུན་རྣམ་པར་གྲོལ་བ་ཡི།། ཆོས་ཀྱི་འཁོར ་ལོ་བསྐོར་བར་མཛོད།། ཨོཾ་སརྦྦ་ཏཱ་ཐཱ་ག་ཏ་ཨ་དྷིཥྛཱ་ནུ་པཱུ་ཛཾ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ།། དུས་ཀུན་རྫོགས་པར་གྲོལ་བྱེད་པའི།། སྐྱོབ་པ་རྣམས་ཀྱི་གསང་བྱའི་སྔགས།། ཉི་མའི་སྙིང་པོ་དྲི་མེད་པས། ་རྒྱ་ཆེན་ཕྱོགས་རྣམས་ཁྱབ་བྱེད་པའི།། ཉེས་པའི་སྐྱོན་ཚོགས་རབ་ཏུ་ཞི།། དེ་དག་དེ་ལས་དེར་མཚུངས་སྟོན།། སྟོན་པ་འཇིག་རྟེན་སྒྲོན་མའི་ཚོགསོ།། དུས་ཀུན་མི་འགྱུར་བརྟན་པར་མཛོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ནཾ་ཨ་ཏྱེ་ཤཱ ་ཡ་མེ། སརྦ་ཏ་ཐཱ་གཱ་ཏྭོ་ཨཱི་ཏཱ་ར་ཏཱ་ཡ། དྷརྨྨ་ཏཱ་བྷྱོ། སྟི་ཐོར་བྷཱ་བ་ཡེ་སྭཱ་ཧཱ།། འགྲོ་རྣམས་ཀུནྡ་ལྔ་ཕན་པའི་ཕྱིར།། དགེ་བ་རྒྱ་ཆེན་གང་བསགས་པ།། འཁོར་བའི་ཆུ་བོ་འཇོམས་བྱེད་པའི།། མྱ་ངན་འདས་ལས་གྲོལ་བར་ཤོག། ་མཱ་ལུས་འདི་དག་གཅིག་པའི་བློས།། རྣམ་པར་སྦྱོར་བ་གང་དང་གང་།། མཐར་ཐུག་དངོས་པོའི་ཞི་བྱེད་པ།། དོན་ཀུན་གསལ་བ་གཉིས་མེད་མཆོག། ཨོཾ་ནཱ་མཿསརྦ་ཏ་ཐཱ་ག་ཏཱ་པུ་ནི་ནཱིརྱརཱ་ཡཱ་ཏ་ནི་པཱུ་ཛ་མེ་གྷ་སྥུ་ར་ཎ་ས་མ་ཡ ་ཧཱུཾ་སྭཱ་ཧཱ།། ཆུ་རྒྱུན་སྦྱངས་པ་ཀུ་ཤའི་ཚོགས།། གནས་ཀུན་དྲི་སྦྱངས་དག་པར་བྱེད།། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས།། དེ་དག་བྱིན་གྱིས་བརླབ་ཅིང་དབུལ།། དཀོན་མཆོག་གསུམ་ཉིད་གཙེར་གྱུར་པ།། ལྷག་པའི་ཡོན་ཏན་མཐའ ་ཡས་ཚོགས།། སངས་རྒྱས་ལ་སོགས་རྗེ་སུ་གཟུངས།། རྣམ་གྲོལ་མཐའ་ཡས་བརྗོད་ཅིང་བསྟོད།། རྩེ་གཅིག་འདུད་པའི་རྒྱུན་ཀུན་ཏུ།། འཁོར་ལོས་གནས་ཀུན་འཁོར་ལོར་སྦྱོར།། དགའ་དང་གུས་པའི་ཚོགས་ཀུན་གྱིས།། བསོད ་རྣམས་རྒྱ་ཆེན་མཐུཥྚ་ཡས་པའོ།། ཨོཾ་ནཱ་མོ་བྷ་ག་བ་ཏཱི་རཏྣ་ཀཱ་ཏུནཱ་ཛྙཱ་ཡ། སརྦ་ཏ་ཐཱ་ག་ཏ་ཨ་ར་ཧ་ཏེ་སམྱཱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣ་རཏྣཏྱ་བྷ་བ། རཏྣ་བ་ར་ཡེ་སྭཱ་ཧཱ།། ལུས་སྣུམ་ཡང་ན་སེམས་ཀྱང་རཱ་། ་ཅི་ཙམ་ནུས་པར་བསྐོར་བ་བྱ།། རྒྱ་ཆེར་འགྲོ་བ་ལ་གནས་ཏེ།། སྨོན་ལམ་མཐུའ་ཡས་གདེབ་པར་བྱ།། དེ་ནས་རྟེན་གནས་ཚིགས་རྣམས་ཀུན།། ཐམས་ཅད་བདག་ལ་རྣམ་བཏུད་ཅིང་།། འགྲོ་བ་ཐམས་ཅད་འགྲོན་དུ་གཉེར། ་དེ་དག་བྱང་ཆུབ་ལྔ་བཞུགསོ་ཕྱིར།། རྣམ་གྲངས་མཐའ་ཡ་སྡུ་འཇུག་པའི་སྒོ།། ཁྱད་པར་བརྟེན་གནས་སྐྱབས་འོས་གཟུང་།། བླ་མ་དམ་ཆོས་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་།། དུས་ཀུན་བཏུད་དེ། ་སྐབས་གསོལ་ཞིང་།། མཆོ་འོས་རྣམས་ལ་འདུད་པར་བགྱི།། འདི་དག་སྡིག་ལོས་ཟློག་བགྱིད་ཅིང་།། བསོད་ནམས་ཚོགས་ཀུན་ཡོངསུ་གཟུང་།། ལུས་ཅན་རྣམས་ལ་བསོད་ནམས་དག། དེ་དག་ཀུན་ལ་རྗེས་ཡི་རང་། ་ལུས་གཏུང་ཐལ་མོ་སྦྱར་བྱས་ཏེ།། གསང་བའི་ཐེག་ཆེན་བཤད་པ་དང་།། འགྲོ་རྣམས་རབ་ཏུ་གཞུག་སླད་དུ།། རྫོགས་པའི་སངས་རྒྱས་རྣམས་ལ་གསོལ།། འདི་དག་གིས་བགྱིས་བསོད་ནམས་དང་།། བདག་གིས་བགྱིས ་དང་མ་བགྱིས་དང་།། ངོ་གང་སེམས་ཅན་ཐམས་ཅད་ཀྱི།། བླ་མེད་བྱང་ཆུབ་སེམས་བསྐྱེད་ཤོག། ཆོས་ཀུན་རྣམ་དག་དྲི་མེད་དབང་།། ཡོངས་རྫོགས་མི་ཁོམ་ཀུན་སྤངས་ནས།། སྤྱོད་པ་རང་དབང་ཡོད་པ་དང་།། འཚོ་བ ་བཟང་པོ་རྒྱུ་ལྡན་ཤོག། ལུས་ཅན་དག་ནི་ཐམས་ཅད་ཀྱང་།། ལག་ན་རིན་ཆེན་ཉིད་ལྡན་ཞིང་།། ཡོ་བྱད་ཚོགས་རྣམས་མཐའ་ཡས་ལ།། འཁོར་འདས་སྲིད་དུས་གནས་པར་ཤོག། བུད་མེད་ཐམས་ཅད ་དུས་ཀུན་ཏུ།། སྐྱེས་མཆོག་བྱང་ཆུབ་སེམས་ལྡན་ཞིང་།། ལུས་ཅན་ཐམས་ཅད་རིག་པ་དང་།། རྐང་པར་ལྡན་པ་ཉིད་དུ་ཤོག། འགྲོ་རྣམས་ཁ་དོག་ལྡན་པ་རྣམས།། གཟུགས་བཟང་གཟི་བརྗིད་ཆེ་བ་དང་།། བལྟ་ན་སྡུག་ཅིང་ནད ་མེད་པར།། སྟོབས་ཆེན་ཚེ་རིང་བརྟན་པར་ཤོག། ཐམས་ཅད་ཐབས་ལས་མཁས་གྱུར་ཏེ།། སྡུག་བསྔལྟ་ཚོགས་རྣམས་ལས་གྲོལ་ཞིང་།། དཀོན་མཆོག་གསུམ་ལ་གཞོལ་བྱེད་པར།། སངས་རྒྱས་ཐེག་པའི་རྐྱེན་ལྡན ་ཤོག། བྱམས་སོགས་སྙིང་རྗེ་དགའ་བ་དང་།། བཏང་སྙོམས་ཀུན་གྱི་གཞིར་གྱུར་ཅིག། སྦྱིན་རྣམས་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང་།། ཚོགས་རྣམས་ཐམས་ཅད་ཡོངས་རྫོགས ་ཤིང་།། མཚན་དང་དཔེ་བྱད་གསལ་བར་བྱ།། བསམ་གྱིས་མི་ཁྱབ་ས་བཅུ་དང་།། རྒྱུན་མི་འཆད་པར་འགྲོ་བྱེད་ཤོག། བདག་གིས་ཡོན་ཏན་དེ་དག་དང་།། གཞན་ཚོགས་རྣམ་པར་བརྒྱན་པའི་སྟོབས།། ཉེས་པ་ཀུན་ལས་གྲོལ ་བྱེད་ཅིང་།། སེམས་ཅན་ཀུན་མཆོག་བྱམས་པའི་གཙོ།། སེམས་ཅན་ཀུན་ཡིད་རེ་བ་བཞིན།། དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང་།། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི།། སྡུག་བསྔལ་རྟོག་པའི་རྒྱན་སེལ་ཤོག། ཁམས་གསུམ ་ཀུན་གྱི་སྐྱེ་བ་གང་།། གང་དག་སྡུག་བསྔལ་ཉེན་པའི་ཚོགས།། བདག་གིས་མིང་ཙམ་ཐོས་པའི་དུས།། ཤིན་ཏུ་འཇིགས་པ་མེད་གྱུར་ཅིག། བདག་ཉིད་མཐོང་ཞིང་དྲན་པ་དང་།། མིང་ཙམ་གྲགས་པས་གཞན་དག་ཀུན།། རབ་ཏུ་འཁྲུག ་མེད་རྣལ་མའི་ཡིད།། རྫོགས་པའི་བྱང་ཆུབ་ངེས་གཞོལ་ཞིང་།། ཚེ་རབས་ཀུན་ཏུ་རྗེས་འབྲེང་བའི།། མངོན་ཤེས་ལྔ་པོ་ཐོབ་པར་ཤོག། སེམས་ཅན་ཀུན་ལ་རྣམ་ཀུན་ཏུ།། རྟག་ཏུ་ཕན་པར་བགྱིད་གྱུར་ཅིག། འཇིག་རྟེན་ཀུན་ལ་སྐྱེ་བོ ་གང་། སྡིག་པའི་རྒྱུན་ཞུགས་འདོད་གྱུར་དག། དེ་དག་ཐམས་ཅད་གནོད་མེད་པར།། རྟག་ཏུ་ནིག་ཅར་ཟློག་གྱུར་ཅིག། ས་ཆུ་མེ་རླུང་འགྱུར་ཚོགས་དང་།། སྨན་དང་དགོན་པ་ཤིང་བཞིན་དུ།། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི།། རང ་དགར་འགག་མེད་སྤྱོད་པར་ཤོག། སེམས་ཅན་རྣམས་ནི་སྲོག་བཞིན་ཕངས།། དེ་དག་ལ་བདག་ཆེར་ཕངས་ཤིང་།། བདག་ལ་དེ་དག་སྡིག་སྨིན་ཅིང་།། བདག་དགེ་མ་ལུས་དེར་སྨིན་ཅིག། ཇི་སྲིད་སེམས་ཅན་དགའ་ཞིག་ཀྱང་།། གང ་དུ་མ་གྲོལ་དེ་སྲིད་དུ།། དེ་ཕྱིར་བླ་ན་མེད་པ་ཡི།། བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག། གང་དུ་ས་གཞི་ལེགས་པའི་གནས།། དེར་ནམ་རྟེན་གྱི་ལས་བྱས་ཏེ།། བར་ཆད་རྐྱེན་ཀུན་གསལ་ནས་ནི།། རིགས་ཀྱི་ཏི་འཛིན་བསྒོམ་པར ་བྱ། ས་གཞི་འཇམ་ཞིང་སྦྱིན་པ་དག། གཙང་མའི་གནས་ནས་བླང་བྱ་སྟེ།། དྲི་ཞིམ་སྔགས་ཀྱི་ཆུས་བརླན་ནས།། སྐྱོན་མེད་ཕ་རོལ་ཕྱིན་དྲུག་སྦྱརརོ།། ཨོཾ་ན་མཿསརྦ་ན་ཏ་བུདྡྷཱ་ནཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་བཛྲོད་བྷ་བ་ཡེ ་སྭཱཧཱ། ཨོཾ་ཨཱ་ར་ཛོཛ~ཾ་བྷཻ་ར་ཛཱ་སྭཱཧཱ། ཨོཾ་དྷཱརྨདྷཱ་ཏྭཱ་གརྦྷེ་སྭཱཧཱ། ལེགས་པར་སྣུམ་བསྡུ་ཕྱག་རྒྱ་གཞུག། གདབ་པས་སྒྲ་གསུམ་གསལ་གྱུར་པའོ།། མཎྜལ་མཆོད་པ་རྒྱན་དང་བཅས།། རོལ་མཀུན ་མངོན་པར་བསྟོད།། དམ་ཚིག་དཀྱིལ་འཁོར་རིམ་བཞིན་གསོལ།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་གཞུག། མཆོད་པའི་ཚོགས་མང་ལེགས་བསྔོས་ནས།། ལྷ་གནས་དབང་བསྐུར་བྱིན་བརླབ་ཅིང་།། གཏོར་མས་མགྲོན ་ཚོགས་ཚིམ་པར་བྱ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿདྷརྨ་དྷ་རེ་སྭཱ་ཧཱ། ཨོཾ་པདྨ་ས་མ་ཡཾ་ཨ་པྲ་ཏཱི་ཧ་ཏཽ་ཡེ་ཐཱ་བྷ་བཛྲ་ཡཱ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཏྭ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏཽ། སཾ་མྱཀ་སཾ་བུདྡྷཱ་ཡ། ཏདྱཐཱ། ་སུཀྵ་མཾ་སུཀྵ་མེ། ས་མ་ཡེ་ས་མ་ཡཾ། ཤཱནྟེ་ཤཱནྟེ། སཾ་མ་རོ་བྷཱུ། ཨ་ནཱ་ཡ། ཨ་པཾ་པེ། ཨ་པཾ་བཾ་ཡ། ཤོ་བི་ཏི། མ་ཧཱ་ཏེ་ཛ་ནི་ར་ཀུ་ལེ་ར་བཱ་ནིར་བཱ་པུ་ཏྲྀ། ཨ་དྷིཥྛཱ་ན་ཨ་དྷིཥྞཱི་ཏེ་སྭཱ་ཧཱ། ཨོཾ་སརྦྦ་ཏ་ཐཱ་གཱ་ཏ་ནི་ཤ་ཏི་ཏ ་དེ་ཛ་ལ་ཛ་ལ་དྷརྨྨ་དྷ་ཏུ་གརྦྷེ་སྭཱ་ཧཱ། མཐའ་མར་བཟོད་པའི་གསོལ་བྱ་སྟེ།། བྱིན་རླབས་བརྟན་པར་མངའ་གསོལ་ཞིང་།། བཀྲ་ཤིས་རྒྱ་ཆེར་བརྗོད་བྱས་པས།། དེ་དག་བསྡུ་ཞིང་གཤེགསུ་གསོལ།། ཨོཾ་ཨཱ་ཀ་ཤ་གརྦྷེ། ་སཱཧཱ། ཡེ་དྷརྨཱ་ཧ~ཾ་དྲྀ་པྲ་བྷ་ཧྲྀ་ཧི་ཏྱེནྟེ་ཥཱ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེཥཱཉྩ་ཡོ་ནོ་མོ་དྷ་ཨོཾ་བེ་ཐཱ་དཱི་མ་ཧཱ་ཤྲ་མ་ཎཿོཾ་སྭ་བྷཱ་བ་བི་ཤུདྡྷེ། ས་ར་ཧ་ར~ཾ། ཨ་ཀ་ཛྭ་ལོ། ཨ་ཀཱ་ཛྭ་ལ། དྷུརྨྨ་དྷཱ་ཏྲྱ་གརྦྷེ་སྭཱ་ཧཱ།། བྱ་བའི་ལས་ཀུན་བརྟན ་གྱུ་བས།། ཕྲིན་ལས་བཞི་བཅས་དངོས་ཚོགས།། འབྱུང་ཨོཾ་ཁམས་རྣམས་ལ།། རང་གཱ་སྔགས་དང་ཕྱུག་རྒྱས་གང་ག།། སྨྲ་ས། ཁྲུས་ཀྱི་དུས་རྦྦགྶ་དྷཱ།། དྷཱུ་བརྒྱུས་ཆུ་རྒྱུན་བྱིན་བརླབས་པས།། བདག་དང་འཚལ་སས ་པ་ཡཽ།། ཕྱི་ནང་གསུམ་གྱིས་གནས་གསུམ་སྤྱང་།། ཨོཾ་ན་མོ་སཿསརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ས་མ་ཡཱ་ཤྲཱི་བྷྱཱཾ། བྱང་ཆུབ་སེམས་དཔའ་སྣོད་གནས་ལ།། ཆུ་རྒྱུན་བཟང་པོ་ཡི་ནི་གནོད།། སྡིགསོ་བཅས་བརྒྱ་རྩ་བརྒྱད་དུ་འཕྲུལ།། ཁྲུས ་གསོལ་ཟློག་རྔུ་སེལ་བར་བྱེད།། ཨོཾ་ཛ་བྷཱ་ལ་ཛྭ་ལིམྦྷ་ཡེ་སྭཱ་ཧཱ།། སླར་ཡང་ཟས་ཀྱི་དུས་དག་རུ།། ཐོག་མོར་བྱོན་བརླབས་དཀོན་མཆོག་མཆོད།། སྤྱང་མཱ་རྒྱ་ཆེན་མཉེས་བྱས་ནས།། ལྷག་མས་འབྱུང་པོ་ཚིམ་པར་བྱ།། ཨོཾ་ཨ་ཀཱ་རོ་མུ ་ཁཾ་སརྦ་དྷརྨཱ་ཎཱི།། ཨཱདྱ་ནུཏྤནྣ་ཏཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ།། ཐམས་ཅད་ཐུགས་རྗེའི་མེས་བསྲེགས་ནས།། བདུད་རྩིའི་རྒྱུན་གྱིས་དག་པར་བྱེད།། ཨོཾ་ལས་འདོད་ལྔའི་ཡོན་སོགས།། རྒྱ་ཆེན་ན་མཁའི་ཁམ་སུ་སྦྲུལ།། དབྱེར་མེད ་སྐུ་ཡི་ང་རྒྱལ་གྱིས།། གནས་རྣམས་ཀུན་ཏཱི་ལ་ངས་སྤྱོད་།། གཱ་དྷཱ་བསམོ་གཏན་ལ་གནས་པས།། ཟབ་མོ་རྒྱ་མཚོའི་མདོ་གདོན་ཅིང་སེམས་ཅན་ཀུན་གྱི་དོན་གྱུར་པའོ།། ཕྱོགས་རྣམས་མཐུན་པར་འགྲོ་བར་སྐྱེ།། ལུས་དྲུག ་སེམས་ཀྱི་བྱ་བ་ཀུན།། རྣམ་གྲོལ་ཐེག་པ་བསོད་ནམས་ཚོགས།། ཕྱོགས་ཐམས་ཅད་ནས་བསླབ་པར་བྱ་བའི་ཆོ་གྲ་སྟེ་གཉིས་པའོ།། ། དགའ་ཚོན་དཔལ་གྱི་རྡོ་རྗེ་ལས།། རྡོ་རྗེ་སེམས་དཔའ་སྦྱོར ་གཉིས་བཅིང་།། ཏིང་འཛིན་སྔགས་ཀྱིས་བསྐུལ་བའི་མཐུས།། ཕྱོགས་བཅུའི་སངས་རྒྱས་ཀུན་གཤེགས་འགྱུར།། ཕྱི་ནང་ཕྱོགས་ཀུན་སྣང་བ་ཡི།། གདུག་པ་ཐམས་ཅད་ཞི་བྱེད་པ།། རང་བཞིན་སྐུ་གསུང་ཐུག ་ཀྱི་བདག། བྱིན་བརླབས་གསལ་བས་བསྟན་པར་འགྱུར།། སངས་རྒྱས་ཐམས་ཅད་ཚོགས་པ་ཡི།། གདན་འཛོམ་བཀའ་བགྲོས་བགྲོ་མཛད་ཅིང་།། བར་ཆད་བགེགས་ཀུན་བཞོམ་པའི་ཚོགས།། རང་གི་གནས་ནས་རྣམ་པར་སྤྲོ།། ་རྡོ་རྗེ་འཁོར་ལོ་རལ་གྲི་དང་།། བེ་ཅོན་རྩེ་གསུམ་ལ་སོགས་ཀྱི།། ཕྱག་རྒྱ་སྔགས་ལ་རྣམ་འཕྲུལ་བས།། ཐམས་ཅད་འཇིག་ཅིང་འཐོར་བར་བྱེད།། རང་གི་གནས་གཟུང་བརྟན་པའི་ཕྱིར།། རང་ཉིད་རྡོ་རྗེ་ཧེ་རུ་ཀའི།། གནས་ཀུན་མཚན་མ་བཟང ་བྱོས་བརྒྱན། ཤིན་ཏུ་འཕྲོ་བའི་སེམས་ཀུན་གྱིས།། ཕྱོགས་བཅུ་སྤྲུལ་པའི་འཁོར་ལོ་བརྗོད།། འདོད་པའི་རྒྱལ་པོ་ཁྲོ་བོ་ཆེས།། ཕྱོགས་ཀུན་བགེགས་རྣམས་གཟིར་བྱས་ཏེ།། ཕྱག་རྒྱ་བཞིས་བཏབ་གནསུ་དགོད།། ཉི་མ་ལ་གནས། ་ཚོགས་བསྒོམ།། གྲངས་མེད་སྤྲུལ་པའི་ཚོགས་ལྡན་པས།། ཕྱོགས་བཅུའི་མཐའ་རྣམས་གཏམས་བྱས་ཏེ།། མི་རི་འབར་བའི་མཚོན་ཆེར་བཅས།། ཕྱོགས་རྣམས་བྱམས་པའི་ལྟོ་བ་ཡིས།། སྙིང་རྗེ་ཆེན་པོའི་གནས་ཀུན་གུས་ལ། ་འདི་ལས་ལྷག་པའི་བསྲུང་བའི་མི་ཆོག། གཉིས་མིང་སྟོང་པའི་རང་བཞིན་ལས།། ཡེ་ཤེས་ལྔ་ཡི་འོང་འབར་བ།། ཟབ་མོའི་སྔགས་ཀྱིས་མཚམས་བྱས་པའོ།། ཕྱོགས་གཞན་ཁྲོ་ཚོགས་བསྲུང་བའི་ཕྱིར།། རྡོ་རྗེ་ལ་སོགས་མཚོན་ཆད ་ཉུསྟྲ་ཀཱརརྱ་ཐུལ་བཱ་དྷཱི་ཡོཾ་རྒྱུ།། ལོགས་སྦྱངས་བྱིན་བརླབས་རིགས་ཀྱི་ལྷ།། ཁྲོ་བོའི་དཀྱིལ་འཁོར་རབ་འབར་བྱས།། དེ་དག་མཐར་ཕྱིན་སེལ་བར་བྱེད།། དབྱིངས་དང་ཡེ་ཤེས་གཉིས་མེད་པའི།། དོན་ཀུན་མཆོག་ཏུ་གསང་བའི་གནས།། ་རང་ཉིད་ངོ་བོ་མ་བཅོམ་དབྲིངས།། ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་གསལ།། ཕྱོགས་རྣམས་སྦྲུལ་བྱའི་དཀྱིལ་འཁོར་ལ།། དངོས་བྱུང་རྡོ་རྗེ་སེམས་དཔའོ་།། མཚུགས་གཡོ་བོའི་དཀྱིལ་འཁོར་གྱི།། གནས་ཀྱི་མནྡྲ་མ་གུན་ལས་འཕག། ་དཀར་དམར་ཞལ་ཕྱག་བཞི་བཞིས་མཛེས།། གཡས་སྟོ་གཡོན་དམ་རོ་རྒྱུབ་སེར་བའོ།། དང་པོ་བཱ་དན་གསུམ་པ་ཡི།། ཕྱག་རྒྱ་རྡོ་རྗེ་རྩ་ལྔ་འཛིན།། གཉིས་པ་རིན་ཆེན་མངའ་གསོར་ཞིང་།། གཡན་གྱི་དང་པོ་ཁ་ཊྭཱཾ་ཉིད།། རྒྱ་གྲམ་པ་ངན ་དྲིལ་བུའི་སྒྲ།། གཉིས་པ་རིན་ཆེན་སྣ་ལྔའི་གཱཞུ།། མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས།། ལས་བཞིར་གཟིགས་པའི་སྐྱོན་ལྡན་པ།། འོད་གསལ་རིན་ཆེན་སྣ་ལྔའི་མདང་སྭཱ།། རིན་ཆེན་ཕྲེང་བྱས་རྒྱུ་རྣམས་སྤྲས།། སྐུ་སྟོང་དར་དཀར ་གསེར་རེས་ལ།། སྐུ་སྨད་ཚིག་གུའི་ན་བཟའ་ཉིད།། སྤྱི་བོར་བྷ་དཀྱིལ་སྐུར་ལྡན་པར།། སྐུ་ཡི་དཀྱིལ་འཁོར་དེ་ཉིད་སྔགས།། མགྲིན་པའི་པདྨ་གསུང་ལྡན་པར།། གསུང་གི་དཀྱིལ་འཁོར་དེ་ཉིད་སྔགས།། ཐུག་པ་ཀའི་ཉི་མའི་ཐུགས ་ན་པར།། ཡེ་ཤེས་དཀྱིལ་འཁོར་རྟེན་གསལ་བའོ།། སྔགས་ཀྱི་དཀྱིལ་འཁོར་ཕྲེང་བའི་ཚུལ།། འོད་ཀྱི་དཀྱིལ་འཁོར་སངས་རྒྱས་རྣམས།། རང་གི་གནས་ཀུན་གཞུག་པར་བྱ།། བྱིན་བརླབས་ཤེས་པས་ཡེ་ཤེས་ལྷ།། རང་རིག ་ཚུལ་བཞིན་དུ་སྤྱན་དྲངས་ཏེ།། མདུན་གྱི་དཀྱིལ་འཁོར་ལ་བཞག་ནས།། ཕྱག་འཚལ་མཆོད་པས་མཉེས་པར་བྱ།། དེ་རྗེས་ཕྱག་རྒྱ་རྣམ་པར་བཞིས།། རང་གི་གནས་ཀུན་བརྟན་བྱས་ལ།། བྱིན་བརླབས་འདོད་དོན་གསོལ ་གདབ་ཅིང་།། མཆོད་བསྟོད་མཉེས་པའི་རོལ་མོས་མཆོད།། དམ་ཚིག་གསུམ་གྱི་ཕྱག་རྒྱ་ཡིས།། མདུན་ནས་སེམས་དཔའི་དཀྱིལ་འཁོར་ལ།། སྔགས་ཀྱི་ཕྲེང་བ་འཁོར་ལོའི་ཚུལ།། འཕྲོ་འདུ་གསལ་བའི་ངོ་བོར་བརྟག། སྤྱོད་ལམ་ཀུན་ཏུ ་མ་ཉམས་བློས།། དཀྱིལ་འཁོར་གཉིས་མེད་ཚུལ་བསྒོམ་ཞིང་།། བྱས་པའི་ཆོ་གས་གཉིས་རྒྱུར་ཤེས་པས།། རང་གི་བྱིན་རླབས་བརྟན་པར་བྱ།། ཇི་སྲིད་ཁ་ཟས་དུས་ཀུན་དང་།། བྱ་བའི་ཚུལ་གཞན་དེ་བཞིན་ཉིད།། འདྲི་ཀློག་ཁ་དོན ་ལ་སོགས་པའི།། དོན་ཀུན་སྔོ་བ་རྒྱ་ཆེན་ཚོགས།། རང་གི་དབང་པོ་གནས་ལས་བྱུང་།། དེ་དག་རོལ་པའི་ཚུལ་རྒྱུན་བཅས།། མ་ཉམས་དུས་ཀུན་སྣང་བྱེད་པས།། དེ་མཐའི་ཆགས་པ་གྲོལ་བར་འགྱུར།། དེ་ལྟར་དཀྱིལ་འཁོར་རྒྱ་ཆེན་པོའི ་ཚུལ་རྣམས་གང་དག་བཤད་པ་ཡང་།། ལས་སུ་བྱ་བས་འཇུག་པ་སྟེ།། མི་གནས་གསལ་བར་གོམས་པ་ཉིད།། གདུལ་བྱའི་རྒྱུད་རྣམས་སྦྱང་བའི་ཕྱིར།། སྔོན་འབྱུང་སྤྲུལ་པའི་དཀྱིལ་འཁོར་བཞིན།། རིགས་ཀྱི་འཁོར་ལོ་གང་ནས ་འཇུག། དེ་དག་བསྡུས་དང་རྒྱ་ཆེན་ཚོགས།། བྱིན་བརླབས་གསལ་བས་བརྟན་བྱས་པའི།། སྦྱོར་བའི་དོན་ཀུན་རྫོགས་པར་གནས་པར་གནས།། བསྙེན་སྒྲུབ་ཡན་ལཀ་རྗེས་མཐུན་པའི།། ཕྱག་རྒྱའི་རིགས་ཀྱི་དཀྱིལ་འཁོར་དག། དེ་དག ་མཚན་མ་མེད་པའི་གནས།། རོལ་པའི་བྱིན་རླབ་སྣ་ཆེ་ལས་འབྱུང་།། རྔ་སྐད་དེ་ཉིད་སྣང་བ་ཡི།། ཚུལ་གྱིས་དེ་རྒྱུད་གསལ་བར་བྱེད།། དོན་འབྱུང་གསང་བའི་ཀུན་སྟོན་པས།། དཀྱིལ་འཁོར་ཀུན་བྱུང་བོ་ཉིད།། འདི་དག་ནང་གི་མཚན་ཏ། ་ཐམས་ཅད་སྤྱི་ཡིས་ཆོས་ཉིད་དོན།། ནམ་ཞིག་སྟོང་པར་འདོད་པའི་དུས།། དེ་དག་དངོས་ཀུན་ལས་གྲོལ་བ།། དཀྱིལ་འཁོར་གཉིས་མེད་སྦྱོར་བྱེད་ཅིང་།། བྱིན་བརླབས་མཆོག་ཀུན་རྣམ་པར་རོལ།། ནང་གི་ཏིང་འཛིན་གསལ་བ་ལས།། ་ཐིག་ལེ་ཕྲ་མོ་ལ་སོགས་སྦྱོར།། དམ་ཚིག་ཀུན་གྱི་གནས་རྒྱས་པས།། བརྟན་པའི་ཚོགས་ཀུན་མཐར་ཕྱིན་འགྱུར།། རྒྱ་ཆེན་དཀྱིལ་འཁོར་རྣམ་དག་དང་།། ལྷ་ཡི་རྣམ་དག་གསལ་བའི་མཐུས།། བྱང་ཆུབ་སེམས་སྒྱུ་མའི་དངོས། ་ཆོས་རྣམས་ཀྱི་ཀུན་གྱི་མཐའ་བྲལ་བའོ།། སྤྱོད་པ་ཡོངསུ་དག་པ་རྣལ་འབྱོར་པས་བར་ཆང་བསལ་བའི་ཆོ་ག་སྟེ་གསུམ་པའོ།། ། དེ་ནས་བདག་གཞན་བསྲུང་འདོད་པས།། དབེན་པའི་གནས་སུ ་ཚོགས་བསགས་ཅིད་།། རྡོ་རྗེ་སེམས་དཔ་ཏིང་འཛིན་སྒྱུར།། བསྙེན་པའི་ཆོ་གས་བརྟུན་པར་བྱ།། དུར་ཁྱོད་ལྷ་ཡི་གནས་རྣམས་དང་།། མ་མྱོ་གནས་ཀྱི་ཐལ་བ་མཆོག། བོང་པ་མཚན་ལྡན་སྦྱར་མར་བཞག། རིགས་ཀྱི་སྔགས་དང ་ཕྱག་རྒྱས་བསྲུང་།། སྙིང་པོ་ཉེ་བའི་སྙིང་པོ་དང་།། རྩ་སྔགས་ལྷ་རྣམས་ཀུན་གྱིས་སྦྱིན།། ཏིང་འཛིན་འཕྲོ་འདུ་གསལ་རྫོགས་པའི།། བརྒྱ་སྟོང་ཁྲི་ཡི་བཟླས་བརྗོད་བྱ།། གང་དག་བསྲུང་བར་འདོད་པ་ལ།། ཐིག་ལེ་འམ་སོར་རིས་གསུ ་དུ་ཤིས།། ཕྱོགས་མཚམས་ན་མཁའི་ས་བཅིངསྭཱ་ན།། བསྲུང་བ་ཀུན་གྱི་བླ་མེད་ཡིན།། དེ་བཞིན་སྔ་མའི་སྦྱོར་ལྡན་པས།། རྒྱ་མཚོར་འབབ་པའི་ཆུ་བླངས་ཏེ།། རིན་ཆེན་སྣོད་བཟང་བྱིན་བརླབས་ནས།། དཀྱིལ་འཁོར ་པ་ལ་བཞག་ཅིང་།། ཀུ་ཤའི་ཆུ་རྒྱན་སྔགས་ཐིམ་པར།། ལྷ་རྫས་ཞི་བའི་ཆུ་མཆོག་གིས།། གཏོར་བ་དང་ནི་བླུགས་པ་དག། ཁྲུས་བྱས་ཕོག་པས་སྔོན་བཞིན་འགྲུབ།། མི་ཡི་ཐོད་པའི་ནང་དུ་ནི།། ཉུངས་ཀར་རྒྱལ་པོ་སྔགས་ཀྱིས ་བསྐྱེད།། ཚུལ་བཞིན་ཆུང་ནས་ས་གཞི་ལྔ།། ཡུན་རིངས་གོམས་པའི་བརྟུལ་བཞུགས་ལྡན།། ཕྱག་རྒྱའི་རིགས་ཚོགས་སྣ་ཚོགས་པ།། རབ་ཏུ་གྲོལ་བས་གཞིན་དགུག་ཅིང་།། བཟང་པོ་ཁྲུས་ཀྱི་ཆོ་ག་ཉིད།། དུས་གསུམ་བཟླས་བརྗོད ་མཚམས་སྦྱར་ཏེ།། རིགས་ཚོགས་བརྟེན་གནས་གདན་བཅས་པའི།། རབ་ཏུ་སྤྲུལ་པའི་ཁྲོ་བོ་བསྟོད།། ཞི་དང་རྒྱས་སོགས་ལས་རྣམས་ལ།། དུས་བཞི་རྟེན་འབྲེལ་མཐུན་པར་སྤྱད།། དེ་ལས་བྱུང་བའི་རྫས་རྣམས་ཀྱིས།། དེ་ཉང་ལས ་བྱུང་བའི་རྫས་རྣམས་ཀྱིས།། དེ་ཉིད་ལས་ཀུན་བྱེད་པར་འགྱུར།། དཔའ་བོ་གཅིག་པའི་ཕྱག་རྒྱ་ཉིད།། བྱིན་བརླབས་ཚོགས་ཀྱིས་རྣམ་པར་བརྒྱན།། རང་རིག་སྣང་བའི་དཀྱིལ་འཁོར་ཀུན།། ཕྱོགས་བཅུར་སྤྲོ་ཞིང་གསལ་བར་བྱ།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ཡིས།། གནས་གསུམ་མཚན་མོའི་ཚོགས་འཇོམས་ཤིང་།། ཕྱོགས་མཚམས་བླ་འོག་ཐམས་ཅད་ཀུན།། གང་འདོད་དེ་ཉིད་ངོ་བོར་འགྱུར།། གཞུག་དཀའ་བདག་ཉིད་ངན་པའི་རྣམས།། སངས་རྒྱས་ཀུན་གྱིས་བྱིན ་གྱིས་བརླབས།། དཀྱིལ་འཁོར་རྒྱས་པ་ལ་དམིགས་ཏེ།། སྦྱོར་བ་བཞི་ཡིས་རྫོགས་བྱས་པའི།། རིགས་ཀྱི་དཀྱིལ་འཁོར་མཉམ་པར་སྦྱོར།། གནས་ཀུན་ཕྱག་རྒྱ་གསོལ་བར་མཛད།། ཐམས་ཅད་སྤྲུལ་པའི་བྱང་ཆུབ་སེམས།། རིགས ་རྣམས་ཕྱོགས་བཅུར་རྣམ་བཀོད་པས།། བསྒྲུབ་བྱ་གང་དག་དེ་ཉིད་ལ།། གསང་བའི་གནས་སུ་སྦྱོར་བར་བྱེད།། དོན་མཐུན་ཕྱག་བརྒྱ་འདི་ཡོས་ནི།། འགྲོ་གནས་ཐམས་ཅད་བསྲུང་བར་འགྱུར།། ཆོས་དབྱངས་ཡེ་ཤེས་ཕྱག་རྒྱ་ལས།། འོད ་འབར་འཁོར་ལོའི་གཞལ་ཡས་ཁང་།། རྡོ་རྗེ་སེམས་དཔའ་ལས་བྱུང་བའི།། རྣམ་པར་སྣང་མཛོད་སྦྱོར་ལྡན་པས།། ཕྱོགས་བཅུ་ལེགས་པར་འཁོར་ལོའི་ཚུལ།། བླ་འོག་དག་ཏུ་བྱིན་བརླབ་ཅིང་།། དཀྱིལ་འཁོར་བསྡུས་དྲང་རྒྱས་པ་ཡིས།། ་ཐམས་ཅད་བསྲུང་བ་བླ་ན་མེད།། རྡོ་རྗེ་སེམས་དཔའི་སྦྱོར་བ་ལས།། ཞེ་སྲུང་ལ་སོགས་འཇོམས་བྱེད་པའི།། དྲག་པོ་ཆེན་པོའི་སྐུར་སྦྱོར་ཞིང་།། བསྡུས་དང་རྒྱས་པའི་དཀྱིལ་འཁོར་ཆེན།། ཕྱག་བརྒྱ་རྡོ་རྗེའི་ཚོགས་སྤྲོ་ཞིང་།། རང་གི་སྔས ་དང་རྣལ་འབྱོར་པས།། བརྟན་གཡོ་ཐམས་ཅད་བསྲུང་བར་བྱེད།། དེ་བཞིན་ཆེར་གཅོད་རེངས་པ་འགྲུབ།། སངས་རྒྱས་གླར་གྱི་རྣམ་འཕྲུལ་པ།། སྒོར་ལྡན་རྡོ་རྗེ་སེམས་དཔའ་བཞིན།། བསྡུས་དང་རྒྱས་པའི་དཀྱིལ་འཁོར་གྱིས།། ་གསང་སྔགས་ཕྱག་རྒྱ་བསམ་གཏན་ལས།། སྣ་ཚོགས་པདྨ་ལ་བརྟེན་བྱ།། ཕྱག་རྒྱའི་ཚོགས་ཀུན་ཁ་འབྱེད་པསོ།། སྒྲིབ་པའི་ལས་ཀུན་རྣམ་གྲོལ་ཞིང་།། ཐམས་ཅད་དག་པའི་ལས་ལ་སྦྱོར།། སེམས་དཔའ་ཆེན་པོའི་ཆ་ལུགས ་ཀྱིས། སེམས་དང་ངོ་བོ་ལ་གནས་བྱ།། དེ་བཞིན་ཉིད་ལ་སྨྱུང་བ་ཡི།། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལྡན།། ན་ཆེན་ཚོགས་འབར་བརྗིད་པའི་གནས།། འབར་བའི་ལྟ་བའི་ཚུལ་བཞུགས་པ།། རྡོ་རྗེ་རབ་ཏུ་དྲག་པོའི ་མེ། རབ་འཇིགས་འབར་བ་མི་བཟང་འགྲུབ།། གང་དག་རྒྱས་པའི་ཚུལ་སྦྱོར་ཞིང་།། ལས་རྣམས་དངོས་གྲུབ་སྐྱེད་བྱེད་པས།། དཀྱིལ་འཁོར་བསྡུས་དང་རྒྱས་པའི་ཚུལ།། གནས་རྣམས་ཀུན་ཏུ་འགྲོས་པའོ།། ཐམས་ཅད་དག་པའི་ལས ་ལ་སྦྱར།། མི་གཉིས་ཏིང་འཛིན་བརྟན་པའི་མཐུས།། རྡོ་རྗེ་སེམས་དཔའ་ལས་བྱུང་བ།། ལས་ཀྱི་ཕྲིན་ལས་ཀུན་གྱི་བདག། སོ་སོའི་ཕྱག་རྒྱ་སྔགས་ཀྱིས་སྦྱོར།། ཇི་ལྟར་ཕྲིན་ལས་གྲུབ་པ་ཡིས།། ཨོཾ་ཊུཾ་རྡོ་རྗེ་ཁུ་ཚུར་གཉིས།། གོ་ཆ་བགོས་པ ་ཚུལ་དུ་བྱ།། གནས་ལྔར་རང་གི་སྔགས་དང་རྒྱས།། ཉིས་འགྱུར་དག་ཏུ་བཅིངས་ནས་ཀྱང་།། སངས་རྒྱས་བཙུག་གི་ནོར་བུ་བཅིངས་ནས་ཀྱང་།། སངས་རྒྱས་གཙུག་གི་ནོར་བུ་དག། དར་དཔྱངས་འགྱིང་དང་བཅས་པས་དགྲོལ།། ཐལ་མོ་བརྡབ ་བྱས་བརྟན་བྱེད་པ།། བསྲུང་བ་ཀུན་གྱི་བླ་མེད་པའོ།། ཕྱི་ནང་གདུལ་དཀའ་དྲག་པོའི་ཚོགས།། འདི་དག་མཐུ་ཡིས་འཇིགས་པར་འགྱུར།། ཐམས་ཅད་ཀུན་གྱིས་སྲུང་བྱེད་པའི།། བླ་ན་མེད་པའི་གོ་ཆ་མཆོག། བསོད་ནམས་ཡེ་ཤེས་ལས་བརྒྱུར། ་སྟོབས།། མཐུ་ཡིས་ཐམས་ཅད་འཇིགས་འགྱུར་བ།། དོན་ཀུན་གསང་བའི་ཕྱག་རྒྱ་དང་།། གསང་སྔགས་ཏིང་འཛིན་གནས་ལས་སྐྱེས།། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས།། ཆོས་སེམས་རྩེ་གཅིག་གནས་པ་ཡི།། རྡོ་རྗེ་ཁུ་ཚུར་གཉིས ་བཅིངས་ཏེ།། ཞི་བའི་ལྟ་བས་བལྟས་ནས་ནི།། ཕྱོགས་ཀྱི་རིགས་ཀུན་གཡོ་འགྱུར་ཞིང་།། རིགས་དུག་གདོན་རྣམས་སེལ་བྱེད་འགྱུར།། འདི་དག་བསམ་གཏན་གྱིས་འགྲུབ་པ།། བསམ་གཏན་གོམས་པའི་སྟོབས་ཀྱིས་ནི།། དང་པོ་ལས་ཀྱི ་སྦྱོར་བྱེད་ན།། ཕྱག་རྒྱ་སྔགས་ཀྱི་མཐུ་ལྡན་པའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། མཐེ་ཆུང་ལྕགས་ཀྱུ་རྩེ་མོས་མནན།། བསམ་གཏན་སྔགས་ཀྱི་གནས་རྫོགས་འགྱུར།། རྩེ་གཅིག་ལྷ་ཡི་ཏིང་འཛིན་གྱི།། ཕྱག་རྒྱ་བསྒྱུར་ཏེ་དཔྲལ་བར ་བཞག། མི་མཐུན་གནས་ཀུན་ལྟ་བའི་ཚུལ།། རྡོ་རྗེ་བསྡམ་པོ་བསྟན་བྱས་པའི།། མཛུབ་མོ་ཕན་ཚུན་སྐམ་པའི་ཚུལ།། ནད་དང་ཟུག་རྔུ་མ་ལུས་ཀུན།། འདྲེན་བྱེད་ཕྱག་རྒྱའི་གཙོ་བོ་མཆོག། རྟག་ཏུ་རང་གི་ཏིང་འཛིན་གནས།། བྱམས་དང་སྙིང ་རྗེ་ལྟ་བར་ལྡན།། གྲུབ་པ་དཔལ་གྱི་སྤྱན་བཅིངས་ནས།། མིག་གསལ་ཕྱག་རྒྱའི་སྦྱོར་བ་ཡིས།། ཤེས་རབ་ཡེ་ཤེས་མིག་བསྐྱེད་ཅིང་།། ལོང་བ་དག་ཀྱང་མཐོང་བར་འགྱུར།། རིགས་ཀྱི་སྦྱོར་བ་མངོན་ལྡན་པར།། ཕྱག་རྒྱའི་ཡན་ལག་བརྟ ་བྱས་པས།། གླེང་པའི་ནང་རྣམས་ཀུན་བསྡུས་ཏེ།། ཁ་ཕྱོགས་དྲང་ཞིང་བཏོང་བར་བྱ།། རྩེ་གཅིག་བརྟན་པས་ཡང་དང་ཡང་།། རྡོ་རྗེ་ཁུ་ཚུར་དཔལ་སྦྱོར་བས།། ནད་ཀྱི་ཟུག་རྔུན་སོགས་ཀུན།། གོང་ལ་དམིགས་པ་སེལ་བར་འགྱུར།། དེ་དག་ཀུན ་གྱི་གསང་སྔགས་འདི།། དོན་བཞིན་བརྩོན་པས་རྣ་ལ་གྲགས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་སྟ་མ་སིདྡྷྱ་ཧོཿདེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེ། དོན་ཀུན་རྣམ་པར་འཕྲུལ་བྱེད་པས།། ལག་གཡས་སེམས་དཔའི་གཙུག་ཏོར་བཅིང་།། བྱིས ་ནད་མེད་བདེ་བའི་མཆོག། འོད་འབར་པདྨའི་དཀྱིལ་འཁོར་དུ།། བདུད་རྩི་བྱང་ཆུབ་སེམས་དབབ་སྟེ།། ལག་གཡས་ཀླུ་ཡི་གདེངས་ཀ་བྱ།། འབར་བའི་ཚུལ་སྟོན་འབེབས་པར་བཅས།། མི་མཐུན་གནས་རྣམས ་དུག་རྒྱས་བཏབ།། ཐམས་ཅད་སེལ་བའི་ལས་བྱེད་པའོ།། བདེ་གཤེགས་སྐུ་ནི་རིགས་ཆེན་པོས།། འཁོར་ལོའི་ཕྱག་རྒྱ་མངོན་སྦྱར་ཏེ།། བསྲུང་བ་སྔགས་ཀྱི་རྒྱུད་ལྡན་དག། དགའ་བའི་རྒྱུད་ཀྱིས་ཀྲོལ་བར་འགྱུར།། དྲག་པོ་ཆེ་མཆོག ་སྦྱར་བ་ཡིས།། མཛེས་པའི་ཕྱག་རྒྱ་སྨིན་མཚམས་བཞག། རུ་ལུའི་སྔགས་ཀྱི་དོན་སྦྱར་བས།། མཁའ་འགྲོའི་ལས་ཀུན་འགྲུབ་པར་འགྱུར།། འགྲོ་གཞན་དུ་འགྲོ་ཕྲ་མོ་སོགས།། ཐམས་ཅད་རིགས་ཀྱིས་སྦྱངས་བྱས་ཏེ།། རྟེན་དང་སྦྱོར ་བཾ་རྣམ་སྣ་ཚོགས་དང་།། སྔགས་བཅས་བསམ་གཏན་རྩེ་གཅིག་མཐུས།། དེ་དག་ནད་མོད་བདེ་བ་དང་།། གཟི་བྱིན་མཐུ་རྩལ་ཕུན་སུམ་ཚོགས།། མེ་ཏོག་འབྲས་བུ་སྐྱེ་ཤིང་རྣམས།། རྟེན་འབྲེལ་ཆོ་ག་ཇི་ལྟ་བར།། ཕྱག་རྒྱ་སྔགས་ཀྱིས ་སྦྱོར་བྱས་ཤིང་།། རིགས་པའི་ཏིང་ངེ་འཛིན་བསྐྱེད་པ་ཡིས།། དེ་དག་ཐམས་ཅད་བཅུད་རྫོགས་ཏེ།། རྟག་ཏུ་གཟི་མདངས་རྒྱས་པར་འགྱུར།། ཕ་རོལ་གནོན་པའི་རྩལ་དག་གིས།། འཁྲུལ་འཁོར་མཚོན་ཆའི་ཕྱག་རྒྱ་རྣམས།། མ་ཉམས་རང ་གི་མཚོན་ཉིད་རྫོགས།། སྔགས་དང་ཕྱག་རྒྱས་སྦྱངས་བྱ་སྟེ།། ཁྲོ་བོ་བརྗིད་པའི་སྟོབས་ལྡན་པས།། མི་མཐུན་གནས་ཀུན་གཞོམ་པའི་ཕྱིར།། ཇི་སྲིད་བརྟན་པར་མ་གྱུར་པར།། དེ་སྲིད་བསྒོམ་བཟླས་རྩེ་གཅིག་ཏུ།། ཁྲོ་བོའི་ཚོགས་ཀུན་ལེགས ་གཞུག་ཅིང་།། འཕྲོ་འདུ་ཡང་ཡང་དོན་སྤྱོད་པ།། རིགས་ཀྱི་དཀྱིལ་འཁོར་མངོན་སྦྱོར་མཐུས།། སྡེ་དཔུང་འཇོམས་པའི་སྟོབས་རྫོགས་འགྱུར།། དེ་དག་དཀྱིལ་འཁོར་ཇི་ལྟ་བུར།། ཡང་དག་པར་བརྟན་པས་སྔགས་རྣམས་དང་།། ཕྱག ་རྒྱུའི་སྟོབས་བསྐྱེད་སྦྱོར་བྱས་ནས།། མཚོན་ཆ་སོ་སོའི་ཚུལ་བཞིན་དུ།། འདེབས་ཤིང་འཕངས་པ་དྲག་པོའི་ཚོགས།། ཚོར་བཅང་བསྒྲལ་ཞིང་བརླག་པར་འགྱུར།། མི་གཉིས་ཡེ་ཤེས་ཆེ་སྦྱོར་བའི།། ཟབ་ཅིང་རྒྱ་ཆེ་དཀྱིལ་འཁོར་ཉིད།། ་ཐོག་མཐའི་ཡུལ་ལོས་འདས་པའི་དངོས།། དཔལ་མཆོག་དང་པོའི་མཚན་ཉིད་ཅན།། ཉོན་མོངས་དྲག་པོའི་གནས་ཚོགས་བསྐྱེད།། དོན་ཀུན་འཇོམས་བྱེད་ཐམས་ཅད་སྐུ།། ཆ་ལུགས་ཇི་བཞིན་གསལ་ལྡན་པ།། ཐབས་དང་ཤེས ་རབ་སྙོམས་འཇུག་ནས།། རྣམ་པར་སྤྲོས་པའི་ལས་རྣམས་ཀུན།། དེ་ལྟར་སྡེར་བཅས་མནན་པའི་ཚུལ།། རྐང་པ་བརྐྱང་དང་གནོན་པ་དང་།། བསྐུམ་ནས་འདེགས་པའི་སྟབས་དག་གི།། ཕྲིན་ལས་བཞི་ཡི་སྦྱོར་བས་ཏེ།། ཕྱག་རྒྱ ་བསམ་གཏན་སྔགས་བཅས་པས།། གཡས་གཡོན་སྦྱོར་བའི་རྒྱ་གཟུང་ཞིང་།། གཟུགས་རྣམས་གཞོམ་ཞིང་མནན་པར་བྱ།། རིགས་ཀུན་སྦྱོར་བའི་ཏིང་འཛིན་གྱིས།། ལས་ཀུན་དཀྱིལ་འཁོར་རྣམ་པར་འཕྲུལ།། གཟུགས ་སོགས་ཕུང་པོ་ལྔ་རྣམས་དང་།། དེ་རྒྱུ་ཉོན་མོངས་དུག་ལྔའི་ཚོགས།། ཡུལ་བཅས་རྣམ་པར་དག་པའི་མཐུས།། ཐམས་ཅད་གཉིས་མེད་སངས་རྒྱས་སུ།། ཡོན་ཏན་ཕྲིན་ལས་རོལ་པའི་སྟབས།། རིགས་ཀྱི་དཀྱིལ་འཁོར ་ཆེན་པོ་རྣཾས།། ཡོངས་བཀུག་དབང་དུ་བསྡུ་བྱ་སྟེ། བས་གཏན་སླར་དང་ཕྱག་རྒྱ་མནན། བཞིན་གཅིག་པའི་བཙུན་མོ་རྣམས།། དགའ་ཞིང་ལོངས་སྤྱོད་དགྱེས་པས་སྤྱད།། འདི་དག་ཟག་མེད་མཐུ་ལྡན་པས།། གཉིས་མེད་འབྲས་བུ ་ཆེན་པོར་སྦྱོར།། ཇི་སྙེད་རྒྱུ་དང་ལས་ཀྱི་ཆོས།། སོ་སོའི་ཐེག་པ་གཞུང་བཞིན་དུ། བྱང་ཆུབ་ཕ་རོལ་ཕྱིན་པ་དང་། གྲུབ་དང་ནྡ་དང་མདངས་རྣམས་དང་།། རིགས་དང་ཕྱག་རྒྱའི་ཁྱད་པར་ཀུན།། སོ་སོའི་ལས་ཀུན་སྤྱོད་ཅིང་གནོན།། རྒྱུ་འབྲས ་གཉིས་སུ་མེད་པའི་ཚུལ།། སོ་སོའི་མཐུ་ཡིས་སྦྱོར་བྱེད་ཅིང་།། རྣམ་པའི་དོན་ཀུན་ལོས་རྣམས་སྤེལ།། བསོད་ནམས་ཡེ་ཤེས་རྫོགས་པའོ།། ཉེ་བར་སྤྱོད་པ་ལྷ་མོའི་ཚོགས།། དོན་གྲུབ་གསང་བ་ཀུན་ནས་འཇུག། རིགས་མཐུན་ག ་བཟུངས་སྦྱོར་བ་ཡིས།། ཕྱག་རྒྱ་འཕྲུལ་པས་དེ་ནོན་འགྱུར།། ཉོན་མོངས་གནས་ཀུན་རྒྱུ་རྫོགས་པ།། དྲེགས་བྱེད་ལྷ་རྣམས་དབང་མཛད་དེ།། རིགས་ཀུན་དཀྱིལ་འཁོར་ཆ་ལུགས་ཀྱིས།། བྱིན་བརླབས་གསང་བ་ལྷ་མོ་དག། རང་གི ་རང་གི་སྔགས་དང་ཕྱག་རྒྱའི་མཐུས།། འཇིག་རྟེན་གསུམ་ཚོགས་རྣམ་བཀུག་ཅིང་།། མཐུ་རྩལ་རྫུ་འཕྲུལ་འབྲོག་བྱ་སྟེ།། འདའ་བ་མེད་པར་ལས་བཞིན་དགུག། རིགས་ཀུན་ཕྲིན་ལས་རྣམ་པའི་སྟོབས།། དྲེགས་བྱེད་སྡེར་བཅས ་མནན་བྱས་ཏེ།། ཆུང་མ་རྒྱན་ཚོགས་ཡོ་བྱད་རྣམས།། མཐུ་ཡིས་དབྲོག་ཅིང་ལོངས་སྤྱོད་དོ།། དེ་བཞིན་འཇིག་རྟེན་གསུམ་དག་གི། མཐུ་ཆེན་སྡེ་བརྒྱད་དབང་ལྡན་སོགས།། ཕྱོགས་སྐྱོང་བཅུ་པོ་ལ་སོགས་རྣམས།། ཡུད་ཙམ ་ཞིག་གིས་འདིར་བཀུག་སྟེ།། གང་གི་རྟེན་ལ་སྦྱོར་བསྟིམས་ནས།། སྔགས་དང་ཕྱག་རྒྱས་དབང་དུ་བྱེད།། མ་ལུས་འཇིག་རྟེན་ཀུན་གྲགས་པའི།། ཞི་དང་རྒྱུས་སོགས་ལས་རྣམས་ཀུན།། དེ་དག་རྣམས་འབྱོར་མཐུ་སྦྱོར་བས། ་འབད་པ་མེད་པར་འགྲུབ་པར་འགྱུར།། ལས་ཀུན་དངོས་གྲུབ་ཚོགས་ཤེས་པས།། བདག་གཞན་དོན་ཀུན་སྤྱད་པའི་རྣམས།། མི་འཇིགས་གནས་གསུམ་ཐེག་པ་དང་།། རྟེན་འབྲེལ་གསང་བས་ཀུན་བསྟན་པའོ།། དེ་ལྟར་དགུག ་དང་དབྱེ་བ་དང་།། བསོད་དང་སྒོང་དང་རེངས་པ་དང་།། རྨུགས་པ་ལ་སོགས་ལས་རྣམས་ཀུན།། འདི་ཉིད་མཐུ་ཡིས་གྲུབ་པར་འགྱུར།། སོ་སོའི་ཏིང་འཛིན་སྔགས་བཅས་པས།། རྟེན་ཅིང་འབྲེལ་པས་སྦྱང་བྱས་ཏེ།། དོན་ཀུན ་གསང་བས་སྣ་ཚོགས་པའི།། ཚུལ་རྣམས་སྣ་ཚོགས་བརྗོད་པ་བཞིན།། བསོད་ནམས་ཡེ་ཤེས་ཚོགས་ཀུན་གྱི།། ཐུན་མོང་ཆོ་ག་བཞིན་གྱུར་པའོ།། ཡི་གེ་ཕྲེང་བའི་འཁོར་ལོ་དྲག། བྱིན་རླབས་ཚོགས་བསྐྱེད་བརྩམ་པར་བྱ།། ་རང་གི་ལྷ་ཡི་རྣལ་འབྱོར་གྱིས།། བསྙེན་རྫོགས་སྒྲུབ་པ་ཚུལ་བཞིན་དུ།། རྟེན་ཅིང་འཁོར་ལ་སྦྱོར་བསྡུ།། དེ་དག་གསང་སྔགས་བརྗོད་པ་གདོན།། ཐོག་མར་འཁོར་ལོ་ཚུལ་བཞིན་དུ།། རྩིབས་བརྒྱད་བཅུ་དྲུག་མུ་ཁྱུད་གཉིས།། ་ཨཱ་ལི་ཀཱ་ལི་མཉན་བྱོས་ཏེ།། ཤར་གྱི་གནསུ་སྦྱོར་བར་བྱ།། འཁོར་ལོ་མུ་ཁྱུད་བཞི་རྣམས་ལ།། ཡི་གེ་གསང་སྔགས་རྫོགས་པར་དཔོད།། དྲག་ངལ་རིང་ཐུང་ཚུལ་བཞིན་དུ།། གཡས་གཡོན་ཕྲེང་བ་ཐབས་ཤེས་རྒྱ།། ཨོཾ་ཨ ་ཧཱུཾ་ཤྲཱི་དེ་བ་ཏེ་བཛྲ་སཏྭ་སྟྭཾ་ཏཱན་མོ་སྭ་ཏུསྟྭ~ཾ། སཱརྦ་བུདྡྷ་ས་མ་ཡོ་གཱི་ནཱི་ན་ཧཱུཾ་ཧཱུཾ་སྭཱ་ཧཱ།། རིག་སྔགས་ཕྲེང་བས་བསྒྱུར་བྱས་པའི།། འཁོར་ལས་གནས་ཀུན་དག་པར་འགྱུར།། འདི་ནས་དམ་ཚིག་དཀྱིལ་འཁོར། ་རྣམས།། གསལ་བར་བསྐྱེད་ཅིང་བརྟན་བྱས་ནས།། ཡེ་ཤེས་ལྷ་དང་གཉིས་མེད་པར།། ཕྱག་རྒྱ་བཞི་ཡོས་རྒྱས་བཏབ་ཅིང་།། མཆོད་བསྟོད་ལྐོག་གནས་ཆོ་ག་རྫོགས།། དུས་ཀུན་ཚོགས་བསགས་དངོས་གྲུབ་བཞི།། འཇུག་པ་པོ ་རྣམས་ཕྲིན་ལས་སྣ་ཚོགས་འགྲུབ་པའི་ཆོ་ག་སྟེ་བཞི་པའོ།། ། དེ་ནས་དངོས་གྲུབ་བཟང་པོ་ནི།། བདག་གཞན་ཀུན་ལ་ཕན་ཕྱིར་དུ།། མ་ཉམས་ཀུན་ལ་འཇུག་པའི་སྒོ།། དོན་ཀུན ་གསང་དང་སྤྱད་པར་བྱ།། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞིང་།། གཟུགས་དབྱིབས་ཐམས་ཅད་ལྡན་པའི་རྒྱ།། བྱིན་བརླབས་དབང་བསྐུར་གནས་རྫོགས་པས།། སྔོན་དུ་བསྙེན་ཅིང་སྒྲུབ་པ་དང་།། རྟེན་གྱི་མཚན་མ་གོམས་བྱས་ཏེ།། ་ལྔས་ཀུན་བྱི་བའི་སྒོ་རྣམས་དག། ཕྱི་རོལ་པྲ་སེ་ཆོ་ག་དང་།། རྟེན་འབྲེལ་མཐུ་ལས་བརྟག་པར་བྱ།། འབྱུང་བ་ལྔ་ཡི་ཁམས་ཀུན་ལས།། རང་རིག་སྦྱོར་བའི་ཕྱག་རྒྱ་སྔགས། སྦྱང་ཞིང་བྱིན་བརླབས་བསྲུང་བྱས་པས།། དོན་ཀུན་ལྷ ་ཡི་ངོ་བོ་ཉིད།། ཡང་དང་ཡང་དུ་སྔགས་བརྗོད་ཅིང་།། ཡི་གེ་གཅིག་ལས་ཀུན་སྟོན་འགྱུར།། དེ་ལྟར་ཕྱི་ནང་སྣ་ཚོགས་བདག། རིགས་ཀྱི་དཀྱིལ་འཁོར་ཆེ་རོ་རྣམས་ཀྱི།། ཕྱག་རྒྱས་བརྟེན་པའི་ལས་བྱས་པོས།། བདེན་བརྗོད་མཚན ་མ་སྣ་ཚོགས་སྐྱོན།། ནང་གྱི་ཡོ་ཤེས་ཟག་པ་མེད།། དགས་ཀྱི་དཀྲོལ་འཁར་མགན་སྟེ།། དེ་ཉིད་ཐུགས་ཀྱི་གསང་བ་མཆོགས་ས་སྤྱན་ལ་བསྒྱ་བྷ་སྟེ།། སྔགས་བཅས་བདུན་པ་བརྗིརྗོད་རླུ་བཏྟ།། དོན་ཀུན་གསང་བརྒྱན། ་པར་འགྱུར།། དེ་དག་ཏིང་འཛིན་གོམས་པ་ལས།། བདེན་བརྗོད་སྔགས་ཀྱི་མཐུ་བསྐྱེད་ཅིང་།། དུས་གསུམ་ཆོས་རྣམས་མ་ལུས་པའི།། རང་རིག་ཚུལ་གྱིས་གསལ་བར་བྱེད།། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས།། དཀྱིལ་འ ་ཕྱག་རྒྱའི་ཆོ་ག་རྫོགས།། སོ་མོའི་རྟེན་འབྲེལ་རྫས་རྣམས་ལྔ།། ཕྱག་རྒྱ་སྔགས་བཅས་དོན་རྣམས་བསྒྲུབ།། འདི་དག་རྒྱ་སྨིན་ཚོགས་པའི་མཐུས།། རང་གི་ངོ་བོ་བརྟན་པར་འགྱུར།། རཱྀ་ལུ་མིག་སྨན་བཅུད་ཀྱིས་ལེམ།། རལ་གྲི་གས ་འགྱུར་ལ་སོགས་རྒྱས།། དེ་དག་དམིགས་པའི་ཡན་ལག་གིས།། ལས་ཀུན་རྫོགས་པའི་དངོས་གྲུབ་འགྱུར།། འཁོར་ཆེན་པོ་ཉམས་དགྲའི་གནས།། ཆོག་ཚོགས་རྣམས་རྫོགས་པའི་གསོ།། དོན་ནི་རང་གི་རྫས་དས། ་ལས།། དོན་ཀུན་དངོས་གྲུབ་སྐྱེ་བར་འགྱུར།། ས་ས་རླིག་པ་ཕྱག་རྒྱུར་བཅས།། ཡུན་རིངས་མཐའི་ལས་རྫོགས་པ།། ཇི་བཞིན་འཇུག་པའི་བྱིན་རླབས་ཀྱིས།། བདེན་པའི་ཆོས་ཀུན་གསལ་བར་སྟོན།། ཕུན་སུམ ་ཆགས་པ་ར་ལྡན་པས། སྔོན་གྱི་བའི་མམས་ཏོག་སོ།། ཁྱོང་ང་རྒྱུས་ཀྱིས་སརི་མོ་ལ་ལ་ས་རྐྱོ་མྱོལ་འི་པོ་གང་དྲ་བའི།། སྔོན་དུ་བློ་པོ་རྫོག ་ལྔ་པོ་དག། ཤཱ་ལྔའི་གྲོགས་དང་བཅས་པར་བསགས།། བནྡྷ་མཚན་དང་ལྡན་པ་རྣམས།། ཕྱོགས་མཚམས་དབུས་ཀྱི་གནསུ་དགོད།། རིགས་ཀྱི་དཀྱིལ་འཁོར་ཇི་བཞིན་པའི།། ཕོ་བྲང་གདན་ཁང་པ ་ས་ནས།། ཡིག་འབྲུ་ཕྱག་མཚན་སྐུ་ཕྲ་མོ།། སྤྲོ་དང་བསྡུ་བས་ཡོངསུ་རྫོགས།། སངས་རྒྱས་ཀུན་གྱི་ངམ་ཚིག་ཉིད།། གཉིས་མེད་བསྒོམས་པས་གསལ་བར་འགྱུར།། འདི་དག་རང་རང་མཐུ་བསྐྱེད་པའི།། བྱིན་རླབས་རྟེན ་འབྲེལ་སྟོབས་རྫོགས་ནས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམས།། དགུག་གཞུག་གཉིསུ་མེད་པར་གནས།། རང་གི་ལྷ་ཡི་སྦྱོར་ལྡན་པས།། སྲིན་ལག་དང་ནི་མཐེ་བོང་རྩེས།། ཞི་བའི་བཏུང་བོ་བཞིན་མྱངས་ན།། རྟག་པ་ཡི ་ནི་དངོས་གྲུབ་ཐོབ།། ཚུལ་བཞིན་རིགས་ཀྱི་དཀྱིལ་འཁོར་ཆེ།། འཁོར་ལོ་ཆེན་པོ་གནས་རྒྱས་པར།། བདུད་རྩི་གསང་བ་བསྒྲུབ་བྱ་སྟེ།། རང་རིག་རྒྱུར་རྐྱེན་ཚོགས་པས་སོ།། བསྙེན་སྒྲུབ་ཡན་ལག་རྣམ་བཞི་ཡིས།། བྱིན་བརླབས ་དཀྱིལ་འཁོར་རྫོགས་བྱས་ཏེ།། རིགས་དང་རིགས་ཀྱི་དཀྱིལ་འཁོར་ཚུལ།། གཉིས་མེད་ཐབས་དང་ཤེས་རབ་གསལ།། འོད་དང་དུ་བ་དྲི་སྒྲ་རྒྱུན།། ལྷ་མོའི་གཟུགས་དང་མང་དུ་འཕེལ།། ཡི་གེ་དགུ་དང་བཅུ་གཅིག་དང་།། བཅུ ་བདུན་ཉི་ཤུ་རྩ་གཅིག་སོགས།། བར་སྐབས་སྔགས་ཀྱིས་གསལ་བྱས་པས།། ཕྱག་རྒྱའི་གནས་ཀུན་རྫོབས་པར་འགྱུར།། ཉི་ཟླའི་དཀྱིལ་འཁོར་ལ་གནས་པའོ།། དམར་པོ་ཧྲཱིཿཡིད་ཀུན་སྡུད་དེ།། རྟ་མཆོག་ཡོན་ཏན་རོལ་པའི ་མཐུས།། རིགས་ཀྱི་དཀྱིལ་འཁོར་ཀུན་མཉོས་མཛད།། ཚོགས་ཆེན་ཡོངསུ་རྫོགས་པ་ཡི།། དཀྱིལ་འཁོར་གནས་ཀུན་སྤྲོ་བསྡུ་བ།། ཡེ་ཤེས་འཁོར་ལོ་གཞུག་བྱས་ཏེ།། བདུད་རྩི་གསང་བ་ཆེན་པོའི་རྒྱུན།། རྡོ་རྗེ་སེམས ་གཙོ་ལྷ་མོར་བཅས།། བསྡུས་དང་རྒྱས་པའི་འཁོར་ལོ་རྣམས།། དེ་དག་རིམ་གྱིས་ཁྱབ་བྱེད་པའོ།། བདུད་རྩི་ཤེལ་གོང་དག་པའི་གཟུགས།། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི།། ཆོ་གའི་དོན་ཀུནྡ་རབ་ཏུ་རྫོགས།། འདི་དག་སྐྱེད ་དང་སྤྲོ་བ་དང་།། རྒྱ་ཆེན་སྤྲོས་པས་ཀུན་གསལ་ཞིང་།། སངས་རྒྱས་རིགས་སོགས་འགྲོ་བའི་ཚོགས།། ཀུན་གྱིས་དངོས་པོར་འདི་གྱུར་ཅིག། ཐམས་ཅད་བསྒྲུབ་པའི་བདག་ཉིད་ཀྱི།། རས་ཡ་ནའི་བདེ་བའོ།། འདིས་ནི་བསྲུང་བ ་བྱས་ན་དཔལ།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། དེ་ནས་ཚེ་གནས་བསྐྱེད་པའི་ཕྱིར།། མཁས་པ་དེ་ཉིད་དཀྱིལ་འཁོར་བཞིན།། ཆོ་ག་རྫོགས་པས་བརྩམས་བྱིས་ཏེ།། ཕུན་སུམ་ཚོགས་པས་ཀུན་སྤྱང་རྫོགས།། མགོན་པོ་ཆེ ་དཔག་མེད་པའི་སྐུ།། ཆོ་ག་ཤེས་པས་བསྒོམ་པར་བྱ།། བྱིན་བརླབས་རོང་གི་ངངོ་ཚུལ་བསྟན།། ལྷ་མོའི་ཚོགས་རྣམས་རྫོགས་པར་གནས།། རྟག་ཏུ་བསྙེན་སྐྱོབ་ཡན་ལག་བཞི།། སྦྱོར་བ་བཞི་རྒྱུན་ཆོ་ག་རྫོགས།། ཕྱོགས་དུས ་དཀྱིལ་འཁོར་རྟེན་སྡུད་ཅིང་།། བཟླས་བརྗོ་གསལ་པོས་བརྩོན་པས་འགྲུབ།། ཐོད་པ་མཚོན་དང་ལྡན་སྔགས་པ།། རང་གི་དཀྱིལ་འཁོར་གནསུ་བཞག། ཐབས་དང་ཤེས་རབ་འཕྲོ་འདུ་ཡིས།། ཕྱོགས་ཀུན་སངས་རྒྱས ་གསལ་བར་འགྱུར།། ཉི་མའི་འོད་ཟེར་སྣ་ཚོགས་པས།། ཚེ་གནས་བྱིན་བརླབས་བསྐྱེད་པར་བྱ།། ཡེ་ཤེས་འཁོར་ལྷོ་ཀུན་བསྡུས་ཏེ།། རང་རིག་གནས་ཀུན་རྒྱས་པར་མཇེད།། འོད་འབར་གཡོ་བ་ལ་སོགས ་ཀྱིརྟདངོས་གྲུབ་བཟང་པོ་རྟགས་རྣམས་ཀུན།། ཡི་གེ་བདུན་དང་བཅུ་གཅིག་པ།། བཅོ་ལྔས་འཕྲོ་འདུ་རྫོགས་པར་འགྱུར།། རྟག་ཏུ་རང་གི་དམ་ཚིག་ནི།། གནས་ཀུན་རྒྱས་པར་བྱེད་པའི་མཆོག། རིགས་ཀུན་དཀྱིལ་འཁོར་གནས་གས ་བས།། ཕྲིན་ལས་བཞི་ཡི་དངོས་གྲུབ་འགྲུབ།། དེ་དག་དཀྱིལ་འཁོར་རྒྱ་ཆེན་དང་།། སྡུས་ཚོགས་གང་ལ་མོས་པ་བཞིན།། དམིགས་པར་བྱ་བའི་བསྒྲུབ་བྱ་རྣམས།། ཕྱག་རྒྱའི་དཀྱིལ་འཁོར་སོ་སོའི་གནས།། ཕྲིན་ལས་གསང་བ་འང ་རྒྱུད་ཀྱིས།། སོ་སོའི་ཕྲིན་ལས་མཉམ་པར་སྦྱོར།། རང་གི་གསང་སྔགས་ཇི་ལྟ་བ།། རང་གི་ཏིང་འཛིན་རྩེ་གཅིག་ཉིད།། དོན་ཀུན་གསང་བ་ལ་དམིགས་ཏེ།། ཕྱག་རྒྱའི་གནས་ཀུན་རྫོགས་པར་སྤྱད།། དེས་ནི་ནི་རྒྱས་དབང་དྲུག་གི། དངོས ་གྲུབ་ཐུན་མོང་ལས་འཕགས་པའི།། རྣམ་པ་མང་པོ་མཚན་ལྡན་ཞིང་།། དེ་དག་ལས་ཀུན་རྫོགས་པར་བྱེད།། དོན་འདི་གསང་བ་ལ་བརྟེན་ནས།། རྒྱ་ཆེན་སྔགས་དོན་ཚུལ་མང་པོ།། དེ་ཉིད་རྣམ་ཀུན་གསལ་འགྱུར་ཏེ།། ཐོགས་པ་མེད ་པར་འགྲུབ་པའོ།། རྟག་ཏུ་རང་གི་དམ་ཚིག་གནས།། དེས་ནི་དངོས་གྲུབ་ཀུན་སྦྱོར་ཞིང་།། འགྲོ་བ་རྒྱ་ཆེན་ལ་དམིགས་པས།། མཆོག་གི་ཡེ་ཤེས་བསྒྲུབ་པར་བྱ།། བསྙེན་སྒྲུབ་ཀུན་གྱི་སྡོམ་འགྲོ་བའི།། ཆོ་ག་རྒྱ་ཆེན་རྫོགས་གྱུར་ནས།། ་རིགས་ཀྱི་དཀྱིལ་འཁོར་ཚུལ་བཞིན་དུ།། རང་རིགས་དངོས་གྲུབ་རྣམ་པར་སྦྱོར།། རྟེན་གྱི་དབྱེ་བ་རྣམ་བཞི་སྟེ།། དབང་པོ་ཡུལ་དུས་བསྙེན་སྒྲུབ་སོགས།། རང་གི་འཇུག་པ་ཚུལ་བཞིན་དུ།། ཆོ་ག་རྫོགས་པའི་ཡན་ལག་རྣམས།། ཕྱག ་རྒྱའི་གནས་ཀུན་ལ་བརྟེན་ནས།། དོན་དམ་གསང་བ་སྤྱད་པར་བྱ།། གཅིག་བཞིན་དུ་ནི་གཅིག་སྤྱོད་པ།། ལྷན་ཅིག་སྐྱེད་པ་རྗེས་སྤྱད་སྡུག། གོ་རིམ་སོ་སོའི་ཁྱད་པར་དག། མུ་འདྲེས་གསལ་བས་དོན་ཀུན་རྫོགས།། དེ་ཡི་དམ་ཚིག་དེ ་འབྱུང་བ།། སྡུག་པའི་དམ་ཚིག་བདག་རྗེས་འབྲང་།། ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ།། ཐམས་ཅད་བདག་ཉིད་དམ་ཚིག་མཆོག། དེ་དགེ་ཚུལ་གྱིས་ལས་ཀུན་ལ།། རྣམ་པར་སྦྱོར་བས་རྫོགས་པར་འགྱུར།། དངོས་གྲུབ་མཆོག་གི་མཆོག ་སྦྱོར་བ།། ཕྱག་རྒྱ་ལ་གནས་གསང་བས་འགྲུབ།། རྣལ་འབྱོར་ཐམས་ཅད་བདེ་བ་ཡི།། རྗེ་སུ་སྦྱོར་བས་མཆོད་བྱེད་ཅིང་།། ཀུན་ལ་མྱང་བར་བྱེད་པས་ན།། ཤིན་ཏུ་སྦྱོར་བསོ་རབ་འགྲུབ་འགྱུར།། སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི།། ་རོ་ས་ཡ་ནཱའི་བདེ་བ་དེས།། རྡོ་རྗེ་སེམས་དཔའ་ཚེ་འགྲུབ་པའི།། ཡང་ཚོ་ནད་མེད་བདེ་མཆོག་འགྲུབ།། སངས་རྒྱས་ཀུན་གྱི་སྐུ་ཆེན་དང་།། སངས་རྒྱས་ཀུན་གྱི་གསུང་སྙན་པ།། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ།། སངས་རྒྱས་ཀུན་གྱི ་མཆོད་པ་ཆེ།། སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ།། རྡོ་རྗེ་འཛིན་པ་ཀུན་གྱི་བདག། འཇིག་རྟེན་དབང་པོ་ཀུན་གྱི་གཙོ།། རིན་ཆེན་དབང་ཕྱུག་ཀུན་གྱི་བདག། དེ་དག་དང་ནི་དགའ་སྤྱད་ན།། འདོད་པ་བཞིན་དུ་འགྲོ་འོང་ལྡིང་།། ལྷ་མོ་ཀུན་གྱི ་གྲུབ་ཆེན་པོ།། འཁོར་ལོ་གྲུབ་པ་རབ་ཏུ་གྲུབ།། ཐེག་ཆེན་གསང་བ་གཉིས་མེད་པའི།། དོན་མཆོག་འབྲས་བུའི་ལམ་སྟོན་པ།། རྒྱལ་བ་ཀུན་གྱི་དགོངས་མཛད་དེ།། རྗེ་སུ་འཇུག་པས་སྤྱད་པའི་ལམ།། འདི་དག ་དོན་ཚོགས་རྒྱ་ཆེན་ལས།། ཉེ་བར་བསྟན་པའི་ཆོ་ག་རྣམས།། བདག་དོན་སྒྲུབ་པའི་ཐབས་ཙམ་ཞིག། ལེགས་བཤད་གསལ་བར་བྱས་པ་ཡིན།། སངས་རྒྱས་རྣམས་ཀྱིས་གང་བསྟན་པ།། དེ་དག་བྱང་ཆུབ་སེམས་དཔའི་ཡུལ།། མཆོག ་ཏུ་གྱུར་པའི་རྣལ་འབྱོར་པས།། དེ་གསལ་སྒོ་རྣམས་གཟུང་བར་འོས།། ཐུན་མོང་དང་མཆོག་དངོས་གྲུབ་བསྟན་པའི་ཆོ་ག་སྟེ་ལྔ་པའོ།། ། དམ་པའི་བཀའ་དོན་རྒྱ་ཆེན ་པོ་རྣམ་ཀུན་སྡུད་པར་སུ་ཡི་ནུས།། དེ་དག་དོན་ནི་འདོར་བྱེད་པ།། ཚུལ་ལྡན་གསང་བའི་མན་ངག་མཆོག། ལེགས་བཤད་དྲི་མེད་དགེ་བ་བཟང་།། ཆོ་གའི་གནས་ཀུན་རྣམས་གསལ་བས།། འཇིག་རྟེན་འདི་དག་ཀུན་སྒྲོལ་ཞིང་།། ་ཐམས་ཅད་མཁྱེན་ཉིད་རྫོགས་གྱུར་ཅིག། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེསུ་བསྟན་པ་ལ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛེས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་ཧ་ས་དང་། སྒྲ་བསྒྱུར་གྱི་ལོ་ཙ་བ་རྨ་རིན་མཆོག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། སརྦ་མངྒ་ལ། ་