CLOSE WINDOW

GT545: dpal rta mchog rol pa'i gsang ba'i don du rnam par dgod zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་གུ་ཀྲ་ལ་བྷ་ཏ་གུ་དྷརྦྦ་དྷ་རོ་བྷཱུ་ཏེ་ནཱ་མ། བོད་སྐད་དུ། དཔལ་རྟ་མཆོག་རོལ་པའི་གསང་བའི་དོན་དུ་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཐུགས་རྗེས ་ཆ་མཉམ་ལ་རྒྱུད་གཟིགས།། སོ་སོའི་དོན་བཞིན་རྣམ་དྲུག་ཚོགས།། དབུགས་སྦྱིན་ཕྲིན་ལས་ཀུན་གྱི་བདག། རྟ་མཆོག་དཀྱིལ་འཁོར་ལ་ཕྱག་འཚལ།། ལྷ་ཆེན་དྲེགས་བྱེད་འདུལ་བྱེད་པའི།། རྟ་ཡི་རྒྱལ་པོ་བསྒྲུབ་པའི་ཐབས།། ་རྒྱུད་ལས་ཇི་སྐད་འབྱུང་བ་བཞིན།། རྣལ་འབྱོར་འཇུག་པའི་དོན་ཕྱིར་བཤད།། རང་བཞིན་དང་ཚུལ་བཟང་ལས་བྱུང་།། གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ།། སྐྱབས་འགྲོ་བྱང་སེམས་སྡོམ་པ་ཅན།། དབང་ཐོབ་དམ་ཚིག་འཇིག་མེད་པ།། ་ཐིག་ཆེན་གསང་སྔགས་བློ་གྲོས་མཆོག། རྟ་མཆོག་དཀྱིལ་འཁོར་ལ་དགའ་བས།། ཕྱི་ནང་གཡེང་བ་རབ་བསལ་ཏེ།། རང་གི་འདོད་དོན་འབྲས་བུར་གཉེར།། མཁར་ནི་རྣམ་པ་སྣ་ཚོགས་དང་།། དེ་བཞིན་ཆུ་བོའི་འགྲམ་དག་གམ། ་རྒྱལ་ཁམས་གཞན་ལས་གྲུབ་པ་རུ།། རྡོ་རྗེ་རྟ་ནི་བསྒྲུབ་པར་བྱ།། འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས།། བདག་གཞན་བསྒྲུབ་པར་དམ་བཅས་ནས།། སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པས།། བདག་དང་འགྲོ་བ་སྦྱང་བ་དང་།། དབང་པོའི ་དཀྱིལ་འཁོར་མདུན་དམིགས་ཏེ།། དང་པོ་བྱ་བའི་རྫོགས་རིམ་སྤྱད།། སྒྲིབ་ཚོགས་ལས་གྲོལ་དག་བྱེད་པའི།། སེམས་ཅན་ཚད་མེད་བློ་ཡིས་བཟུང་།། བར་ཆད་བགེགས་པས་བསྲུང་བྱེད་པའི།། འཁོར་ལོ་མེ་འོདོར་བ་ཀུན།། ཕྱོགས་བཅུ ་ཁྲོ་བོའི་ཚོགས་བསྐྱེད་པའི།། ཆོ་ག་རང་གི་ལས་བཞིན་སྒོམ།། ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད།། གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས།། འགྲོ་བ་ཁྱབ་པའི་ཐུགས་རྗེ་རྒྱུན།། སྟོང་གསལ་ན་མཁའི ་ཤུགས་ལྟར་འབྱུང་།། རྡོ་རྗེ་སེམས་དཔའི་སྐལ་བཟང་དཔལ།། རྣམ་འཕྲུལ་ཏིང་འཛིན་གནས་ལ་བཞུགས།། ཨེ་ཡཾ་པཾ་ལཾ་མཾ་སུཾ་རཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་རག་ཡ་མི་མཎྜ་ལ་ཧཱུཾ། ཆོས་འབྱུང་ན་མཁའི་རང་བཞིན་ལས།། ་འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩེགས།། རི་རབ་མེ་འོང་རྒྱུན་བསལ་ཞིང་།། ཁ་དོག་དབྱིབས་རྒྱན་མཚན་མར་བཅས།། བདེ་གཤེགས་ཡོན་ཏན་སྣང་བའི་གནས།། སྣ་ཚོགས་པདྨ་རིན་པོ་ཆེ།། འཁོར་ལོ་སྣ་ཚོགས་རྡོ་རྗེ་དབུས ་གྲུ་བཞི་སྒོ་དང་སྒོ་ཁྱུད་དང་།། རྟ་བབས་བཞི་ཡིས་མཛེས་བྱས་པ།། ས་གཞི་ན་མཁར་ལོགས་ཀྱི་ཕྱོགས།། རིགས་ཀྱི་རིན་ཆེན་འཆར་བ་ལ།། རང་བྱུང་ཉི་ཤུ་རྩ་ལྔའི་འོད།། དྲ་ཕྱེད་རིན་ཆེན་ཕ་གུས་མཚན།། སྣ་ཚོགས་རྡོ་རྗེ་ཀ་བ ་བརྒྱད།། རིན་ཆེན་མུ་ཏིག་རིན་ཆེན་ཕྲེང་།། རྒྱལ་མཚན་བླ་རེ་རྔ་ཡབ་གདུགས།། འདོད་ཡོན་ལྔ་ཡི་ལྷ་མོ་འཁྱུད་།། ཟླ་ཕྱེད་རྡོ་རྗེ་རིན་ཆེན་དང་།། བ་དན་དྲིལ་བུའི་སྒྲ་སྙན་སྒྲོགས།། དཀྱིལ་འཁོར་གང་ཡང་རུང་བ་ལ།། སྣ་ཚོགས ་རྡོ་རྗེས་རྣམ་པར་མཚན།། མཚམསུ་བུམ་པ་གང་བ་བཞི།། རིགས་ཀྱི་མཚན་མས་མཛེས་པར་བྱས།། དབུས་ཀྱི་སྟོ་བ་ནས་བཟུང་སྟེ།། སྒོ་ནས་བར་དུ་པདྨའི་གདན།། དབུས་སུ་ལྷ་ཆེན་ཡབ་ཡུམ་བརྒྱད།། ཕྱོགས་བཞིར་བསྣོལ ་ཏེ་རྣམ་པར་བསམ།། ཕྱི་རོལ་ར་བ་རིམ་གསུམ་བརྒྱན།། ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད་།། དེ་མཐའ་འདོད་པའི་ལོངས་སྤྱོད་དང་།། རྡོ་རྗེ་ར་བས་བསྐོར་བའོ།། ཐམས་ཅད་དག་པར་མོས་པ་ཡི།། སྡིག་མེད་སྟོབས་ཀྱིས ་མངོན་དུ།། དྲག་ཤུ་ལོ་སྦྱོར་བས་མཉམ་སྦྱོར་བས།། འཇིག་རྟེན་ཐམས་ཅད་གཞོམ་པར་བྱ།། རྣམ་ཐར་བཞི་ཡི་སྙོམས་འཇུག་གི། འགོག་གནས་གདུལ་བྱའི་དོན་བྲལ་བ།། ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དོ།། མངོན་བྱང ་ལྔ་ཡི་རྫོགས་སྐུར་གྱུར།། སེམས་དང་སེམས་དཔའི་ཏིང་འཛིན་དང་།། བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད།། དེ་བཞིན་བདུད་དང་བདུད་ལས་རྒྱལ།། དེ་ནི་བྱང་ཆུབ་སངས་རྒྱས་ཡིན།། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛ་ཧཱུཾ་བཾ་ཧོཿརྡོ་རྗེ་སེམས ་དཔའ་བདེ་ཆེན་སྐུ།། དཀར་ཞིང་དམར་བའི་མདངས་གསལ་འོང་།། ཞལ་བཞི་རྣམ་བཞི་ཕྱག་བཞི་པ།། དང་པོ་རྡོ་རྗེ་རྩེ་ལྔ་འབར།། རྡོ་རྗེ་ཁ་ཊྭཱཾ་དྲིལ་བཅས་འཁོར།། འོག་མ་གཉིས་ཀྱི་མདའ་དང་ཀཱའུ།། མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེ ་སྟོད་གཡོགས་དར་དཀར་དང་རིས་ཅན།། སྐུ་སྨང་ཚིག་གུའི་ན་བཟའ་གསོལ།། རིན་ཆེན་འཕྲེང་བའི་རྐེང་ཆིངས་ཅན།། མགུལ་དུ་དོ་ཤལ་དཔུང་རྒྱན་དང་། ཕྱག་ཞབས་གདུ་བུ་སེ་མོ་དེ།། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི།། གནས་ལྔ་དག ་ཏུ་གཏུག་བྱ་སྟེ།། སྔགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་སོགས་རྣམ་པར་བསམ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཱ་ཀྲྀཏྟ་གུ་ཎ་ཀརྨྨ་བཛྲ་སྭ་བྷཱ་ཨཏྨ་ཀོ&ཧཾ།། ལུས་ཀྱི་བ་སྤུའི་གནས་རྣམས།། དཀྱིལ ་འཁོར་དྲུག་གི་རྡུལ་ཕྲན་གནས།། མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱུ་ཡིས།། གནས་ཀུན་བྱིན་གྱིས་བརླབ་པར་བྱ།། ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ།། སངས་རྒྱས་རིན་ཆེན་པདྨོ་དང་།། དེ་བཞིན་རྡོ་རྗེ་རིན ་དང་། ཡིད་བཞིན་ནོར་བུ་རིན་ཆེན་མཆོག། རྟ་མཆོག་རབ་ཏུ་འགྲུབ་པར་འགྱུར།། ཧཾ་ཨོཾ་བྷི་ཥིཉྩ་མཾ། རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། པནྡྷ་ལཾ་བ་ཨ་བྷི་ཥིཉྩ་ཨཻ། བཛྲཱི་ཏུ་བྱེ་ཧོ།། བྱིན་བརླབས་རིགས་ཀྱི་དབུ་རྒྱན་གྱིས།། རྒྱུ་ཡི་མགོན་པོ་རྡོ ་རྗེ་འཆང་།། དཔལ་ལྡན་རྟ་མཆོག་རོལ་པའི་སྐུ། ཆ་ལུགས་མཚན་མ་རྒྱན་གསལ་གྱུར།། ཞལ་བཞི་པ་ལ་ཕྱག་བརྒྱད་པ།། དེ་བཞིན་ཞབས་ཀྱང་རྣམ་པ་བཞི།། གཡས་པ་བ་ངན་གསུམ་པ་བསྒྲེང་།། སྣ་ཚོགས་རྡོ་རྗེ་རལ་གྲི་མངའ།། ་གཡོན་པ་ཁ་ཚུར་སྣ་ཚོགས་པར་།། མདུང་དང་དབྱུག་པ་གཞུ་འཛིན་པའོ།། གཡས་པ་གྲུ་གསུམ་དཔལ་མོ་མནན།། གཉིས་པས་གྲོལ་མ་དགའ་བའོ།། གཡོན་པས་མིག་གསུམ་ཁྱབ་འཇུག་དང་།། གཉིས་པས་ཚངས་པ་དགའ་རབ ་གནོན།། ཞལ་རྣམས་དམར་དང་ནག་པོ་དང་།། དཀར་ཞིང་རྟ་མགོ་ལྗང་གུ་སྟོན།། སྒྱུ་ཡི་ཁ་དོག་ལྗང་གུ་ལ།། ཕྱག་རྣམས་དམར་ཞིང་ཞབས་གནག་པའོ།། ཁྲོ་རྟགས་དྲུག་ཅུ་རྩ་གཅིག་དང་།། འབར་བ་ཆེན་པོའི་བརྒྱན་གྱིས་མཛེས།། ་རང་འོང་ངོ་བོ་ལས་བྱུང་བའི།། དམ་ཚིག་སྒྲོལ་མ་མདོག་ལྗང་སྐྱ།། སྣ་ཚོགས་རྡོ་རྗེ་ཐོད་པ་ཐོགས།། རིན་ཆེན་རྒྱན་མཛེས་འཇོ་སྒེག་སྟབས།། ཕྱུང་ནས་བྱིན་གྱིས་བརླབས་མཛད་དེ།། ཐབས་དང་ཤེས་རབ་ལྡན་པར་འགྱུར།། གནས ་བཞི་ཡི་གེ་མཚན་མ་སྔགས།། དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས།། སྤྲོས་དང་བསྡུ་བའི་སྦྱོར་བ་ཡིས།། ཕྱག་རྒྱ་བཞི་ཡི་རྣམ་པར་གསལ།། ལྷ་མོའི་བུམ་པས་ཁྲུས་བྱས་ཏེ།། དབང་བསྐུར་རིགས་ཀྱི་བདག་པོར ་བསམ།། ཧཾ་ལས་བསྐྱེད་པའི་ལིང་ག་ནི།། རྒྱ་གྲམ་གསང་ལམ་པད་ཀྱིས་མཚན།། ཨ་ཡོས་དག་བྱས་བྷ་གའི་དབྱིབས།། པདྨའི་འདབ་བརྒྱད་ཨེ་གནས་པ།། སྣ་ཚོགས་བརྡ་ཡིས་བསྐུལ་བྱས་ནས།། ཐབས་ཤེས་གཉིས་མེད་རོལ ་པར་མཛད།། ཨོཾ་པྲ་བཽ་ཤ་ཕཊ། ཨུ་ལ་ལ་ལ་ལ་ཧོ།། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས།། ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད།། ལྷ་རྣམས་རང་ལ་གཞུག་བྱ་སྟེ།། གཉིས་ཀའི་དགའ་བ་རབ་ཏུ་སྤེལ།། ཁམས་གསུཾ ་འགྲོ་གནས་དག་པ་དང་།། རྣལ་འབྱོར་མཚན་མ་རྣམ་པོར་སྦྱང་།། གསང་བའི་གནསུ་གཞལ་ཡས་ཁང་།། རྒྱན་སོགས་གདན་རྣམས་སྔོན་བཞིན་འབྱུང་།། ཐིག་ལེས་གནསུ་མཚན་བྱས་ནས།། སྤྲོས་པས་ཡི་གེའི་དཀྱིལ་འཁོར ་གསལ།། ཧཾ་ལཱས་བསྐྱེད་པའི་རྟ་མཆོག་ནི།། གསང་གནས་དབུས་ཀྱི་པདྨ་ལའོ།། ཛཾ་ལས་སྣ་ཚོགས་པདྨའི་རྒྱ།། ཏ་ལས་སྣ་ཚོགས་རྡོ་རྗེ་མའོ།། དཀྱིལ་འཁོར་གང་ཡང་རུང་བ་ཡི།། ལྷ་མོ་ཉི་ཤུའི་ཚོགས་རྣམས་ལ།། ཁྱད་པར ་ལྷ་མོ་གཉིས་ཀྱིས་ལྷགས།། ཆོས་ཀྱི་སྙིང་པོའི་ཕྱོགསུ་བསྐྱེད།། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། ཕྱོགས་བཅུའི་འགྲོ་བ་སྦྱང་བྱས་ནས།། ཡབ་ཡུམ་སྐུ་ལ་གཞུག་པར་བྱ།། ཨོཾ་བི་ཤཱུ་བཛྲ་དྷརྨཱ་ཧོག། སྣ་ཚོགས་པདྨ་དམར་སྐྱ་མོ།། ཕྱག ་གཉིས་པདྨ་གར་སྟབས་སྦྱར།། ཨོཾ་བི་ཤྭ་བཛྲ་སཏྭ་ཨཱཿ། སྣ་ཚོགས་རྡོ་རྗེ་ཐོད་པ་འཛིན།། ལྷ་མོ་འདི་དག་ཐམས་ཅད་ཀྱང་།། རིན་ཆེན་རྒྱན་དང་ན་བཟའ་ཀླུབས།། འཛུམ་བཏེག་རྒོད་པའི་སོ་ཟུར་སྟོན།། ་རང་གི་ཆ་ལྕགས་ཀུན་གྱི་གནས།། མགོན་པོ་རོ་མཉམ་ལ་བཞུགསྟ་ནསྟེ།། ཆོས་དབྱིངས་ཡེ་ཤེསྣ་སྙོམས་འཇུག་པས།། ལྷ་མོ་བདག་པོ་བསྐུལ་མཛད་དེ།། སིམསྣ་ཅན་ཀུན་དོན་རྣམ་འཕྲུལ་མཛད།། རྟེན་གྱི་དཀྱིལ་འཁོར ་ལྷ་རྣམས་ཀྱི།། སྐྱེ་མཆེད་དྲུག་ལས་སངས་རྒྱས་དྲུག། ཕྱག་རྒྱ་བཞི་ཡི་མཚན་མ་དང་།། རིགས་ཀྱི་བདག་པོས་ཉེ་བར་མཚན།། ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས།། ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་དེ།། ཛཿ ་བཾ་ཧོཿའི་སྦྱོར་ཚོགས་དང་།། རྡོ་རྗེ་བསྡུ་བའི་ཕྱག་རྒྱུ་བཅིང་།། སྟོང་པ་ཤིན་ཏུ་འོད་མེད་རྣལ་འབྱོར་མཐུ།། ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས།། བདེ་གཤེགས་བདེ་བར་གཤེགས་པ་བཞེངསུ་གསོལ།། རྟ་མཆོག་རོལ་པ ་སྐལ་བཟོང་དཔལ་ཁྱོད་བདག། ཛཱཿཧཱུ~ཾ་བཾ་ཧཽ།། ཨོཾ་དྷྱེ་ཧི་བྷ་ག་བྷཱན། མཱཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧཽ།། ས་མཱ་ཡཱ་སྟྭཾ། བདེར་གཤེགས་པོ་བྲང་དཀྱིལ་འཁོར་འདིར།། འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར།། དོན་གྱི་དབང་གིས་དགོངས་ནས ་ཀྱང་།། འཁོར་བཅས་གཤེགས་ཤིང་བཞུགསུ་གསོལ།། ཀ་ཡཾ་བ་ཀྵིཏྟ་ཧཱུཾ།། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་པའི་ཚོགས།། གཞན་ལ་སྣང་བའི་དཀྱིལ་འཁོར་ར་མཛེས།། ཨ་ལ་ལོ་ཧོ།། ཚངས་པའི་ཚོགས་རྣམས ་ཟིལ་གྱིས་གནོན་མཛད་ཅིང་།། རྟོག་པ་དུ་མཱའི་སྒྲོ་འདོགས་གཅོད་པདྨ་མཛད།། ཨ་ལ་ལ་ཧོ།། གཉིས་མ་ཡེ་ཤེས་གཉིས་ཅན་ནམ་མཐའ་ཡས།། སྣང་སྟོང་བདེ་རྐྱེན་མཉམ་ཉིད་དབྱིངས་ལ་རོལ།། ཨ་ལ་ལ་ཧོ།། སུན་འབྱུ། ་ཡོན་ཏན་རྩོལ་མེད་ལྷུན་གྲུབ་སྣང་།། རྒྱན་གྱི་དཀྱིལ་འཁོར་རྣམ་བཀོད་རང་ལས་བྱུང་།། ཨ་ལཱ་ལའོ།། མཛད་པ་རྒྱ་ཆེན་འགོག་མེད་ཀུན་གྲུབ་པས།། ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་པ།། ཨ་ལ་ལ་ཧོ།། སྐུ་གསུང ་ཐུགས་མཆོག་ཡོན་ཏན་ཕྲིན་ལས་རྒྱན།། དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ།། ཨ་ལཱ་ལ་ཧོ། དཔལ་རྡོ་རྗེ་འགྱིང་བའི་ཐབས།། འཛུམ་པའི་མིག་གིས་ཕྱག་བྱའོ།། ཧཱུཾ་ཨ་ཏི་བྷུའོ།། བནྡྷ་ནཾ་ཀཱ་རོ་ཡ་མི། གུ་རུ་པ ་ཏཱི་ཨ་ལཱ་ལ་ཧོ།། ཨོཾ་འབྱུང་བ་ཆེན་ལས་ཐམས་ཅད་འབྱུང་།། སྟོང་གསུམ་རྡུལ་སྙེད་མ་ལུས་པའི།། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས།། ལྷ་ཡི་ཚོགས་རྣམས་མ་ལུས་སྔོ།། མེ་ཏོག་བདུག་པ་མར་མེ་དང་།། དྲི་ཚོགས་ཀུན ་གྱི་མཆོད་པར་བྱའོ།། ཨི་པྲཱ་ན་པེ་ན་པི་ནུ་སུ་ར་ཏི་པུ་པ་ར་མུ་སརྦ་ཏ་ཐཱ་ག་ཏཱ། ས་མ་ཡཾ་ག་སིདྡྷི་ཨ་པ་ཧཱུཾ། ཨོཾ་བཛྲ་པུཥྤེ། བཛྲོ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ་པྲ་ཏོཙྪ་ཧོ། ཤྲཱི་བྷ་ག་བཱན་ཁ་ཁ་ཁཱ་ཧི། གྱེན་དུ་འཐོར་ཞིང ་ཐུར་དུ་འབེབ་སོ།། བསྐོར་ཞིང་དེ་བཞིན་ཉུག་པ་དག། མེ་ཏོག་བདུག་པ་མའི་མེ་མཆོག། དྲི་ཡི་མཆོད་པ་བྱུང་བའོ།། གང་ངམ་འོན་ཏེ་སྟོང་ངམ་རུང་།། ཡང་ན་ཙོ་འབྱོར་པ་ཡིས་ཀྱང་།། དམ་ཚིག་མཉམ་པར་བསྒྲུབ་པ ་ཡཾ་སྟྲ། མཆོད་པ་ཐམས་ཅད་འགྲུབ་པར་འགྱུར།། ཀཱ་ཀ་ལ་ཡ་དང་ཙོའུརྱའི་དབྱངས།། དེ་བཞིན་དུ་རབ་ཏུ་གདངས་སྙན་དང་།། ཀ་ཏ་ལ་ཡི་གླུ་ཡི་རྒྱ།། འཇོམས་པ་ཐམས་ཅད་འགྲུབ་པའོ།། ་ཛཿཧཱུཾ་བཾ་ཧོཿརྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དྲག་ཤུལ་སྦྱོར་བས་རྣམ་སྦྱོང་དཔལ།། རྟ་ཡི་ཕྱག་རྒྱར་རབ་ཏུ་གནས།། ཐམས་ཅད་པདྨོ་མོས་པ་ཡིས།། སྡིག་མེད ་སྟོབས་ཀྱི་ངོ་འཐོན་ཏུ།། རབ་ཏུ་རྣོན་པའི་རྩེལ་དག་གིས།། འཇིག་རྟེན་ཐམས་ཅད་རབ་ཏུ་འཇོམས།། འདོད་ཆགས་ཅན་ལ་གཡེམ་པར་སྟོན།། གདུག་པ་རྣམས་ལ་གདུག་པར་འགྱུར།། དྲག་ཤུལ་ཅན་ལ་དྲག་ཤུལ ་སྦྱོར།། ཞལ་བཞི་པ་ལ་ཕྱག་བཞི་པ།། ཞབས་བཞི་པ་ལ་རྨིག་པ་བཞི།། རྟ་མགྲིན་རྒྱལ་པོ་རྡོ་རྗེ་སྟེ།། དབང་ཕྱུག་དམ་པ་བསྒྲུབ་པར་བྱ།། གཡོན་པའི་ཁུ་ཚུར་འཛུབ་མོ་ཡིས།། དཔལ་ལྡན་པདྨ་སྣ་ཚོགས་འཛིན།། ་རྡོ་རྗེར་བཅས་ཤིང་སློབ་མོ་འགྲུབ།། གཡས་པ་བྱ་དན་གསུམ་པ་བྱ།། གཡས་དང་གཡོན་པའི་སྦྱོར་བ་ཡིས།། བརྐྱང་དང་བསྐུམ་པའི་ཚུལ་བྱས་ནས།། ཁྲོ་བོའི་སྐྱིལ་མོ་ཀྲུང་བྱས་ཏེ།། འཇིག་རྟེན་ཐམས་ཅད་རབ་ཏུ ་འཇིག། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། ལྷ་མོ་ཉི་ཤུའི་ཚོགས་རྣམས་ཀྱིས།། ཕྱག་རྒྱའི་སོ་སོའི་དཀྱིལ་འཁོར་བཞིན།། རང་བྱུང་ལྷ་མོ་དང་བཅས་པའོ།། ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་འགྱུར།། མྱོས་བྱེད་སྟོང་པས་ལྷག་པར ་བདེ་བའི་འདོད་པའི་གཟུགས་སྟོན་པ།། འདུལ་བའི་དབང་གིས་གཤིན་རྗེ་སྟོང་པས་ལྷག་པར་རབ་ཏུ་འཇིགས།། ཞི་བའི་སྐུར་ཡང་ཚངས་པ་སྟོང་པས་ལྷག་པར་རབ་ཏུ་སྟོན། དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེ ་ཀུན་གྲུབ་པར་མཛོད།། ཐམས་ཅད་དག་པས་མོས་པས་ངོ་འཐོན་སྟོབས་ཀྱིས་ནོན་པར་མཛོད།། ཧི་ཧེ་ཧེ་ཧེ་ཧེ། དབང་ཕྱུག་ཐམས་ཅད་རབ་ཤིག་རབ་ཏུ་ཤིག། རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་འཐོན་དབང་ཕྱུག ་དབང་ཕྱུག་ནོན།། སྦྱོར་ཆེན་ཧུ་ལུ་ཧུ་ལུ་མིག་གསུམ་པོ་ལ་གསུམ་གྲུབ་དྲོངས།། རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་མཐོན་མཐུ་ཆེན་ནོན།། མཉམ་སྦྱོར་རུ་ཏཱ་མ་ཏཱའི་སྙིང་ལས་དཔལ་མོ་དྲོངས་ཤིག་རབ་དྲོངས་ཤིག། ་རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་དྨོ་འབྱོན་ཚངས་པ་ནོན།། སྟོར་ཆེན་ཚངས་ལས་སྒྲོལ་མ་དྲོངས་ཤིག་སླ་ར་ཏེ།། རཔྟིཾ་རྩལ་གྱིས་ནོན་པའི་སྟོབས་ཀྱིས་དེ་འཐོན་དགའ་དབང་ནོན།། མཉམ་སྦྱོར་ཀུན་གྱིས་བདག ་དགའ་དབང་དྲོངས།། ཨ་ལ་ལ་ཧོ།། གདུག་ཅིང་ཁྲོ་ལ་རབ་ཏུ་གཏུམ་པའི་སེམས་ཅན་བསྒྲལ་བའི་ཕྱིར།། སྒྲུབ་ཞུགས་ཨཱ་ལ་ལྀ་ལ་ལ་།། ཨ་སུཾ་བྷཱ་ནི་སྱེ་དྷཱ་ཧཱུཾ་ཕཊ།། མཛའ་བོ་མི་ལ་བྱ་འམ་མི་བྱ་ཡོངསུ་རྟོག་པ་དེ་དག་མེད ་ཀྱང་བླ།། དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་པས་དེ་ལ་མཛའ་ཞེས་སུ་ཞིག་ཟེར།། རྒོལ་བ་གང་ལ་བྱ་བོ་འམ་མི་བྱ་ཡོངསུ་རྟོག་པ་དེ་དག་མེད་ཀྱང་བླ།། དེ་འདྲའི་རྒོལ་བ་སྒྲ་མ་ཡིན་པས་དེ་ལ་དཔལ་ཞེསུ་ཞིག་ཟེར།། སོ་སོའི་ལྗགས ་ཀྱི་པདྨ་ལ།། མཚན་མ་ཆོས་ཀྱི་སྙིང་པོར་བཅས།། ཤྲི་པདྨ་ཊ་བ་མུ་ཁཱ་ཡོ་གཱི་ཤྭ་རི། ཧི་ཧི་ཧི་ཧི་ཧི། རྡོ་རྗེ་ཐུལ་མོ་མཉམ་སྦྱར་ནས།། མཐེའུ་ཆུང་སྲིན་ལག་མཉམ་པར་བརྐྱང་།། མཛུབ་མོ་རྩེ་མཉམ་བཀུག་པ་ནི། ་དཔལ་མཆོག་ཏེ་ཞེས་གྲགས་པ་ཡིན།། སྔགས་བཅས་གནས་སུ་བཞག་བྱ་སྟེ།། རིམ་བཞིན་མཐའ་ནས་དགྲོལ་བར་བྱའོ།། ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པའི་དམ་པ་གྲུབ་པར ་མཛོད།། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ།། མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད།། མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ།། ལ་ལར་མཁས་པའི་གཟུགས་ཀྱང་འཛིན།། ལ་ལར་དུས་མཐའི་དུས་ལྟར་དྲག། ་ལཱ་ལར་རྒྱལ་བའི་དབང་པོ་བཞིན་དུ་ཞི།། ལ་ལར་རྟ་མཆོག་སྦྱོར་བས་འདོད་པ་འགྲུབ།། སྣ་ཚོགས་བནྡྷ་བརྟགས་པ་ལས།། སྣ་ཚོགས་བདུད་རྩིས་རྣམ་པར་དགང་།། ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས།། མཚན་མ་རྣམ་པ་ལྔ་དང་ལྡན།། ་འོད་དང་དུ་བ་དྲི་དང་སྒྲ།། ལྷ་མོའི་ཚོགས་སྟོན་བདུད་རྩི་འགྲུབ།། རང་འབྱུང་གདོད་ནས་རྣམ་པར་དག། མཉམ་པའི་དོན་ལྡན་རོལ་པར་མཛོད།། བྱིན་བརླབས་རྒྱན་དང་མཚན་ལྡན་པའི།། མི་མོ་རྣམས་ཀྱི་རེག་བྱའི་མཆོག། བྱིན ་གྱིས་རླབས་ཤིག་རྣལ་འབྱོར་པ།། གསང་བ་ཆེན་པོ་རྣམ་པར་རོལ།། གྲུབ་པའི་རྫས་འདི་ཐམས་ཅད་ལ།། ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད།། མཉམ་ཉིད་མི་གཡོ་ལ་སོ་ཌ་བའི།། སྟོད་ཙགྲུ་རྣམས་བླང་བྱས་ནས།། སིལ་སྙན ་ཀུན་གྱི་སྒྲ་རྣམས་དང་།། གར་གྱི་ལྷ་རྣམས་མཉེས་པར་བྱ།། ཊཀྐི་ཧཱུཾ་ཛཿཊཀྐི་ཧཱུཾ་ཛཿཏྲ་ཏྲ་ཏྲ་ཏཱ་ཏྲ་ཏྲ་ཏྲ། ཊ་ཏ་པཱ་ཊ་ཏཱ་བ་ཧཱཾ། ཊ་ཏ་བྷེ་ཊ་ཏ་བེ། ཧི་ངོཿ། ཏ་ཊ་བ། ཏ་ཊ་བ། ཏཱ་ཌྷ་བ། ཏ་ཊ་བ། ཏ་ཊ་པ་ཏྲ་ཐཱ། བདག་ཅག་དམ་ཚིག་འདི་ལ ་མངོན་ཞུགས་པས།། བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང་།། གྲིབ་མོས་ཕོག་པའི་སྡུག་བསྔལ་མི་བཟོད་པ།། སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་།། གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག ་གིས།། འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་སུ་རབ་སྣང་བ།། ལུས་ངག་སེམས་དང་ཚེ་ནི་རྡོ་རྗེརི་རབ་གནས་ཏེ།། རེ་སྨོན་ཐམས་ཙོང་དུས་འདིར་ཐོབ་པར་མཛད་དུ་གསོལ།། དེ་ནས་བཟླས་བརྗོད་རྣམ་གཉིས་སམ།། ཐིག་ལེ། ་གཉིས་སམ་ཕྲ་མོ་གཉིས།། རྣམ་དག་མཚན་མ་གསལ་བ་དང་།། མཚན་མ་མེད་པའི་དོན་བསམ་བྱ།། མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག། དོན་དམ་བདེ་བ་ཆེན་པོའི་སྐུ།། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཀྱི།། ལྷ་ཉིད ་བརྩོན་པས་བསྒོམ་པར་བྱ།། ཐུན་བཞིའི་སྐབསུ་གཏོར་མ་གཏང་།། རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང་།། རང་ལས་ཕྱུང་སྟེ་མདུན་བཞག་ནས།། གསོལ་བཏབ་ལས་ལ་བསྐུལ་བར་བྱ།། ཨོཾ་ཁྱེད་ཀྱི་སེམས་ཅན་དོན ་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་འགྲོ་བའི་དོན་ལ་དགོངས།། ཨོཾ་བཛྲ་གཙྪ་མུཿདེ་ནས་ཕྱག་རྒྱ་རྣམས་བཀོད་པ།། རིམ་བཞིན་བདག་ལ་བསྡུ་བྱ་ན། ་རྣམ་གསུམ་སེམས་དཔའ་ཧཱུཾལ་ཐིམ།། རང་བཞིན་ཐིག་ལེ་མཉམ་པའི་དབྱིངས།། རྗེས་འབྱུང་མཚན་མའི་སྐུར་གནས་ཏེ།། མཚན་དཔེ་རྒྱན་དང་ཆ་ལུགས་གསལ།། གོ་ཆ་གོ་བཅིངས་བསྲུང་བྱ་ཞིང་།། དབང ་བསྐུར་དབུ་རྒྱན་ཅོད་པན་ལྡན།། ཀཾ་ཧཾ། ཨོཾ་ཊུཾ་ཧཾ། རཏྣ་མཱ་ཡེ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པཊྚ་ལཾ་བ་ཨ་བི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་ཏུ་མ་ཉམས་པར།། ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ།། དབང་པོའི་སྣང་བ་ཡུལ་དུས་རྣམས།། དཀྱིལ་འཁོར ་རེལ་པའི་ཚུལ་དུ་བརྟག། བཟའ་བཏུང་བྱིན་རླབས་མ་ཉམས་བཟླས།། སྒྱུ་མ་གཉིས་མེད་ཡེ་ཤེས་རོལ།། བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག། ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱད།། གང་ཞིག་དང་པོའི་ལས་ཅན་རྣམས།། རབ ་དུ་བཟུང་ཞིང་ཅུང་ཞིག་ཙམ།། བསྒྲ་ལས་བྱུང་བའི་དགེ་བ་དེས།། རྟ་མཆོག་དཀྱིལ་འཁོར་འགྲུབ་པར་ཤོག། དཔལ་རྟ་མཆོག་རོལ་པའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།། སློབ་དཔོན་ཀུ་ཀུ་མཛས་མཛད་པ་རྫོགས ་རྒྱུ་གར་གྱི་མཁན་པོ་བི་དྲཱ་ཀ་ར་སིདྡྷ། ཞུ་ཆེན་གྱི་ལོ་ཙ་བ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ~ཾ་སྭཱཧཱ། སརྦམ ་