| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རཱི་གྷུ་རལླི་སཱ་དྷ་ནཾ། བོད་སྐད་དུ། རི་གི་ཨཱ་ར་ལིའི་སྦུབས་ཐབས། དཔལ་ཧེ་རུ་ཀ་རྡོ་རྗེ་ལ་ཕྱག་འཚལོ།། དང་པོ་རེ་ཞིག་སྔགས་པས་ཡིད་དུ་འོང་བའི་གནས་འགའ་ཞིག་ཏུ་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར ་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ན་མཁའི་ཕྱོགསུ་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་བལྟས་ནས་ཡང་དག་པར་མཆོད་ནས་ཀྱང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ཚངས་པའི ་གནས་བཞི་བསྒོམས་ནས་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ།། ཡཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱལ་མཚན་གྱི་མཚན་པ། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་རྡོ་རྗེས་མཚན ་པཱ་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ། དེའི་སྟེང་དུ་རེ་བ་ཡོངསུ་གྱུར་པའི་ཆོས་འབྱུང་། དེའི་དབུསུ་གནས་པའི་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པ་རྡོ་རྗེ་རྡོ་རྗེའི་རེ་བ་དང་རྡོ ་རྗེའི་གུར་གྱི་རང་བཞིན་ཅན་གྱི་ས་གཞི་རྣམ་པར་བསྒོམ་པར་བྱའོ།། ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཟེ་འབྲུར་དབུསུ། རི་རབ་ཀྱི་རྩེ་མོར་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་སྣ་ཚོགས་པདྨའི་ཟེ་འབྲུ་ལ་དབྱངས་བཅུ་དྲུག་ཉིས་འགྱུར་དུ་གྱུར་པ ་ཡོངསུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ཀ་ལ་སོགས་པ་ཡོངསུ་གྱུར་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་གི་དང་ཧཱུཾ་ཡིག་ལས་སྐྱེས་པའི་ལྕགས་ཀྱུ་དང་རྡོ་རྗེ་དེ་ཡོངསུ་གྱུར་པའི་རི་གི་ཨཱ་ར་ལིར་བསམ་པར་བྱའོ།། ནག་པོ་སྤྱན་གསུམ་པ ་ཕྱག་གཉིས་ཞགས་པ་དང་ལྕགས་ཀྱུས་ལྷ་མོ་རི་གི་ལ་འཁྱུད་པ་ཕྱག་དྲུག་པ། གཡས་ཀྱིས་ཕྱག་གཉིས་ཀྱིས་འཁོར་ལོ་དང་ཅང་ཏེའུ་བསྣམས་པ། གཡོན་གྱི་ཕྱག་གཉིས་ཀྱིས་ཐོད་པ་དང་ཚངས་པའི་མགོ་བོ་བསྣམས་པ། ་ཕྱག་གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ། གཡོན་བརྐྱང་བའི་ཞབས་ཀྱིས་འཇིགས་མནན་པ། རི་གིརི་ཞབས་ཀྱི་ཤིང་ལ་འཛེག་པ་བཞིན་བཀྲིས་པ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། ཐལ་བའི་རྡུལ་གྱིས་བྱུགས་པའོ།། སཾ་སེངྒེ་མ་ལྗང ་གུཀཱ་འདོད་པའི་འཁྲིལ་ཤིང་མ་སེར་མོ།། ཨཾ་ཨེ་མ་བདེ་བ་མ་ཁ་དོག་དམར་མོ།། ཤཾ་འཚེ་བྱེད་མ་ནག་མོ། ཐུགས་ཀྱི་འཁོར་ལོ་སྔོན་པོ་ལའོ།། དེའི་གྲཝ་བཞིར་དུར་ཁྲོད་རྣམ་པར་དག་པའི་ཐོད་པ་བཞིའོ།། གྷ་དྲག་མོ་ལྗང་ཁུ། ཏཱཾ་རྣོན་པོ་མ་སེར་མོ། ་མཱཾམྲྀ་སྒྱུ་མ་ཆེན་མོ་དམར་མོ།། ཨུ་ཨུཾ་བྷུང་ག་ནག་མོ།། གསུང་གི་འཁོར་ལོ་དམར་པོ་ལའོ།། གྲཝ་བཞིར་ཉེ་བའི་དུར་ཁྲོད་རྣམ་པར་དག་པའི་ཐོད་པ་བཞིའོ།། ཛཾ་ཅེ་སྤྱང་མ་ལྗང་ཀུ། ཧཱི་མ་ཧེ་མ་སེར་མོ། རྟ་མགྲིན་མ་དམར་མོ།། བཱ་གླང་ཆེན་རྒྱལ་མཚན་མ ་ནག་མོ། སྐུའི་འཁོར་ལོ་ལ་སྟེ་ཤར་ལ་སོགས་པའི་ཕྱོགསུ་ལུགས་དང་མཐུན་པས་དགོད་དོ།། འདི་དག་ཐམས་ཅད་གཅེར་མོ་སྐྲ་གྱེན་དུ་གྲོལ་བ། ཞལ་གཅིག་པ། ཕྱག་གཉིས་ཀྱི་གཡས་ན་གྲི་གུག། གཡོན་ན་ཐོད་པ་བསྣམས་པའི་ཕྱག ་གིས་གར་བྱེད་པའོ།། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དང་རྡོ་རྗེ་ལས་སྐྱེས་པའི་ཡེ་ཤེས་སེམས་དཔའོ།། དེའི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་འོད་ཟེར་ལྕགས་ཀྱུའི་རྣམ་པས་དང་། ལྕགས་ཀྱུའི་ཕྱག་རྒྱས་ཛྙཱན་ཙཀྲ་ཌི་ཌྷོ་མ ་བྷ་ག་སུ་ཏོ་ཥྱོ་མེ་བྷཱ་བ་སུ་པོ་ཥྱོ་མེ་བྷ་བ། སརྦ་སི་དྷི་མེ་པྲ་ཡཙྪ་ཨེ་ཧྱེ་ཧི། བྷ་ག་བ་ཏི་རི་གཱི་སྭཱ་ཧཱ། ཛཿཞེས་པ་འདིས་བཀུག་ནས་ཧྲཱིཿཡིག་གིས་རབ་ཏུ་བཅུག་སྟེ་ཧཾ་ཡིག་གིས་བཅིངས་ལ། གི་ཡིག་གིས་མཉེས་པར་བྱའོ།། མཉེས་པར་བྱས་ནས། ཨོཾ་ཨཱཿ ་ཧཱུཾ་སྭཱ་ཧཱ། ཞེས་པ་འདིས་སྤྱི་བོ་དང་མགྲིན་པ་དང་། སྙིང་ག་དང་ལྟེ་བ་དང་། གསང་གནསུ་བྱིན་གྱིས་བརླབ་པར་བྱའོ།། སྤྱི་བོ་དང་མཚན་ཁུང་དག་དང་། ལྟེ་བ་དང་ཁ་དང་མིག་དང་། རྐང་པའི་མཐིལ་དང་། གསང་གནས་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཱི་འདིས་ཞགས་པའི ་ཕྱག་རྒྱས་ཡན་ལག་ལ་དགོད་པར་བྱའོ།། ལྕགས་ཀྱུའི་ཕྱག་རྒྱ་ཞེས་པ་ནི་མཐེ་ཆུང་དག་ཕན་ཚུན་ལྕགས་ཀྱུའི་རྣམ་པས་གུང་མོ་གཉིས་དང་མཐེ་བོང་གཤིབས་ནས་མཐེ་བོང་གིས་བཙིར་བར་བྱའོ།། ཞགས་པའི་ཕྱག་རྒྱ་ཞེས་པའི་སྡིག་འཛུབ་མཐེ ་བོང་གིས་བཙིར་བར་བྱའོ།། ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་བཞིར་ཧཱུཾ་ཡིག་ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་ནས། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཌཱ་ཀི་ནི་ཨ་ནུ་ག་ཏཱ་མ་ཧཱུཾ། ཨ་བྷི་ཥེ་ཤཾད ་དནྟུ་ཞེས་པ་འདིས་གསོལ་བ་གདབ་པར་བྱའོ།། སངས་རྒྱས་ལྔའི་ངོ་བོ་བདུད་རྩི་ལྔའི་བུམ་པ་ལྔ་རྣམས་ཀྱིས་གཏོར་བར་བྱའོ།། འདིས་ལྷ་རྣམས་ལ་དབང་བསྐུ་རོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཊཱ་ཀྵཱི་ནཱི། ཨ་བྷི་ཥེ་ཀ་བདྡྷ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་ང་རྒྱལ་བྱའོ།། ་སྙིང་པོའི་སྔགས་བཟླས་པར་བྱའོ།། ཨོཾ་ཨཱ་ར་ལླི་བྷྱོ་བྱོཿཤྱེཿཧ་ཧ་ཧ་ས་ས་ས། ཨུ་དཱནྟ་དུ་གདོན་པར་ཉེ་བའི་སྙིང་པོ་གཉིས་ནི་ཧ་ཧ་ཧ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། རྩ་བའི་སྔགས་ནི། ཨོཾ་ཨཱ་རལླི་རི་གི་པཽ་པོ་པོ་བྷྱོ་སྭཱ་ཧཱ། ཨོཾ་ཥཌྒ་ཏི་ཛ་སཏྭ་རྣ་ཨ་ཀཱ་རོ་མུ་ཁཾས་རྦ ་དྷརྨྨ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཧཱུ~ཾ་སྭཱ་ཧཱ། འདི་ནི་གཏོར་མའི་སྔག་སོ།། །། རི་གི་ཨཱུ་རལླིའི་སྦུབས་ཐབས་རྫོག་སོ།། ། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་མྱང་པེ་ཇི་ལྟ་བ་བཞིན་དུ་བསྒྱུར་བའོ།། ་