| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སརྦབྷཱུ་ཏ་བ་བཛྲ་དྡྷ། བད་སྐད་དུ། འབྱུང་བ་ཐམས་ཅད་ཀྱུ་གཏར་མ་ཆགྶས། སང་ས་རྒྱས་མཐོང་བ་ལྔ་ཐག་འམལ་ག། དངོས་ཀུན་ར་བཞིན་འ་བཟག། ཧཱ། ་བདེ་ལ་ཕྱག་འཚལ་ནས།། བླ་མས་བརྟན་པའི་རིམ་བཞིན་དུ།། སེམས་ཅན་དོན་ཕྱིར་གཏོར་མ་བཤད།། རེ་ཞིག་དང་པོ་ཉིད་དུ་ནི།། ཡུལ་གྱི་ཉེས་པ་སྤོང་བྱེད་སྔགས།། བརྗོད་པས་དངོས་ཀུན་སྟོང་པར་བསྒོམ།། དེ་ནས ་གྱུར་ཉི་མོ་ལ།། ཧཱུཾ་བས་མ་ཡོངསུ་གྱུར་པ་ལས།། སྣ་ཚོགས་རྡོ་རྗེ་བསྒོམ་བྱས་ནས།། ར་བ་དྲ་བ་ས་གཞི་བསམ།། དེ་ནང་སྐད་ཅིག་ཙམ་ལས་ནི།། འཁྲོ་བོ་གསུམ་གྱི་ལྷ་རྣམས་དང་།། ཁམས་གསུམ་སེམས་ཅན་མ་ལུས ་པ། ཕྱོགས་སྐྱོང་མཁའ་འགྲོར་བཅས་པ་བསྐྱེད།། བདག་ནི་དེ་རྣམས་མདུན་ན་གནས།། ཧེ་རུ་ཀའི་གཟུགས་བསམ་ལ།། གནས་བདུན་གོ་ཆ་གསལ་བར་དགོད།། དེ་ནས་མདུན་དུ་ཡཾ་ལས་ནི།། རླུང་གི་དཀྱིལ་འཁོར་བསམ་པར ་བྱད་དེ་སྟེང་རྀ་ནི་ཡོངས་གྱུར་པས།། མེའི་དཀྱིལ་འཁོར་བསྒོམ་པའོ།། དེ་སྟེང་ཨ་ལས་ཐོད་པའོ།། ཐོད་པ་དཀར་པོའི་དབུས་སུ་ནི།། བི་མུ་ར་སུ་མ་ལྔ་ལས།། བདུད་རྩི་ལྔ་ན་བསྐྱེད་པའོ།། གོ་ཀུ་ད་ཧ་ན་ལས་ནི།། ལྕགས་ཀྱུ ་ལྔ་ཡང་དེ་བཞིན་བསམ།། དེ་ནས་རླུང་གི་མེ་སྦྱར་ཞིང་།། ཐོད་པ་དྲོས་པའི་རླངས་པ་ནི།། རྡོ་རྗེ་རྣམ་པའི་གཟུགས་བརྙན་བྱུང་།། དེ་ཡང་བསིལ་བར་བྱ་བའི་ཕྱིར།། ཐོད་པའི་སྟེང་གི་མཐོ་གང་དུ།། ཨོཾ་གྱུར་ཟླ་བའི་དཀྱིལ་འཁོར་ནི།། ་བདུད་རྩི་རང་བཞིན་ཨོཾ་གྱིས་ནི།། སྟེང་ནས་བྱིན་གྱིས་བརླབ་པར་བསམ།། དེ་ནས་པ་མོ་ལྟ་བུ་ཡི།། བདུད་རྩི་བབས་པས་བསིལ་བར་གྱུར།། དེ་ཉིད་གསུམ་གྱི་གསང་སྔགས་ནི།། ལན་བདུན་བཟླས་པས་བྱིན་གྱིས་བརླབས།། དེ་རྗེས་སྙིང ་གའི་ས་བོན་གྱིས།། ཡེ་ཤེས་བསྐུལ་ཞིང་གསང་སྔགས་བརྗོད།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཿཁཾ་གྲཾ་དྲུཾ་ཤྭཱ་ཨཿཿཧཱུཾ་ཧཱུཾ་ཧཱུཾ་ཕཊ། བསྒྱིངས་བཅས་སྔགས་ནི་ཟློས་བཞིས་པས།། འཁོར་ལོ་གསུམ་གྱི་ལྷ་རྣམས་དང་།། ཞི་བྱེད་བདེ་བྱེད་འབྱུང་ངོ ་རྣམས།། ཚོགས་བཅས་མྱུར་དུ་བཀུག་ནས་ཀྱང་།། དམ་ཚིག་ཚོགས་ལ་ཐིམ་གྱུར་པ།། ཆུ་དང་འོ་འདྲར་ཐ་དད་མེད།། དེ་ནས་སྤོས་དང་མེ་ཏོག་སོགས།། གཞན་ཡང་ཡིད་ལ་བྱུང་བ་ཡི།། རྡོ་རྗེ་མཆེ་སོགས་རྣམས་ཀྱི་མཆོད།། ལྷ་རྣམས་ལྕེ་ནི ་ནས་འབྲས་ཙམ།། བུ་གུ་ཅན་གྱི་རྡོ་རྗེར་བསམ།། དེ་ཡི་རྩེ་མོར་ཨོཾ་བསམ་སྟེ།། འོད་ཟེར་གྱིས་དྲངས་གསོལ་བར་བསམ།། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་བ་ལི་ཀྲིཧྞ་ཀྲིཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཁ་ཁ་ཧཱུཾ། ་འཁོར་གྱི་ཞིང་སྐྱོང་འབྱུང་པོ་ལ།། ཡོངསུ་བསྔོ་བའི་སྔགས་བརྗོད་དེ།། ཨོཾ་མ་ཧཱ་ཀ་པཱ་ལ་བཛྲེ་ཙི་ཏྲེ་པུ་ཙེ་ཏྲེ། ཨ་ལཾ་བ་ནེ་པྲཱི་ན་ཡ་སརྦ་བྷཱུ་ཏ་ན་སརྦ་མ་ར་ཡ་མཱ་ར་ཡ་ཀཱི་ལ་ཡ། མ་ར་ལ་དུཥྚཱ་ན་ཨུཙྪུ་ཊ་ཡ~ཾ་སརྦ་བིགྷྣཱཾ་བི་ཏྲ་ཡ། བྷོ་དྷ ་ག་བ་ཏི། ཡཀྵ་རཀྵ་ས་པི་ཤྭ་ཙ་ཤོ་ཥ་ཡ་ཏྲ་ཡ་སཔྟ་པ་ཏཱ་ལ་ཛྙཱ་ན་ས་ར་ས་ར་པྲ་ས་ར་པྲ་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། དེ་ནས་ཚིམ་པར་གྱུར་ནས་སུ།། སྨོན་ལམ་མཐར་ནི་དག་པར་བྱ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ་དག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལ་ཀུན་ཏུ་བྱུང་།། ངོ་བོ་ཉིད་མེད་གནས་མེད་པར།། དེ་ལྟར་ཆོས་འདི་ཤེས་པར་གྱིས།། སེམས་ཅན་དོན་ནི་མཉམ་མེད་བྱོས།། ། ་ཞེས་པ་ནས། འོན་ཏེ་སངས་རྒྱས་སྲས་སུ་སྐྱེ།། སེམས་ཅན་ཐམས་ཅད་བདེར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡིག་མེད་པའི།། སངས་རྒྱས་ཉིད་དུ་ཕྲད་གྱུར་ཅིག། ལམ་དེ་ཉིད་དུ་ཞུགས་ནས་ཀྱང་།། མ་གྲོལ་བ་རྣམས ་གྲོལ་བར་ཤོག། མ་བརྒལ་བ་རྣམས་བརྒལ་བར་ཤོག། རྣལ་འབྱོར་གཙུག་ལག་དམ་པ་ལ།། ད་ལྟ་ཉིད་དུ་གནས་པར་ཤོག། ལག་པ་བརྐྱང་སྟེ་ས་ལ་བཞག། སེ་གོལ་ལན་གསུམ་གདབ་བྱ་ཞིང་།། དྲིལ་བུ་དཀྲོལ་བས་དེར ་འབད་པས།། མགྲོན་རྣམས་གཤེགསུ་གསོལ་བར་བྱ།། སངས་རྒྱས་ཐོད་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག། སློབ་དཔོན་ས་ར་ཧ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། ་ག་ཡ་དྷ་ར་དང་གྱི་རྔོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་