CLOSE WINDOW

GT531: dpal sangs rgyas thod pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་པཱ་ལི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལོ།། ཁྲག་འཐུང་ཡོན་ཏན་ཟབ་མངའ་བ།། དངོས་པོ་ཀུན་གྱི་རང་བཞིན་མཆོག། སེན ་ཀུན་ལ་ཕན་དགྱེས་དང་།། སྣ་ཚོགས་སྡེ་ལ་རྟག་ཏུ་འདུད།། ཇི་ལྟར་བླ་མས་བསྟན་པ་ཡི།། བླ་མ་བརྒྱུད་རིམ་ལས་འོངས་པ།། སེམས་ཅན་གང་གིས་ཤེས་འགྱུར་བ།། དེ་ལྟར་བདག་གི་སྒྲུབ་ཐབས་བཤད།། །། དང་པོ་རེ་ཞིག་རྣལ་འབྱོར་པས ་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་ལྔ་དང་ལྡན་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བསམ་པར་བྱའོ།། དེ་ནས་ཧཱུཾ་དེས་འོད་ཟེར་ལས་བྱུང ་པབཔ་གཤིན་རྗེ་ཆེ་བ་མ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ། ཕྲེང་བཟང་མ་ལ་སོགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིས་བསྐོར་བ་སྣ་ཚོགས་སྡེ་མ་ལ་འཁྱུད་པའི་ཧེ་རུ་ཀ་བདུད་རྩི་ལྔའི་མཆོད་པས་མཆོད་པར་བྱའོ།། མཆོད་པ་ཐམས ་ཅད་ཀྱིས་ཡང་དག་པར་མཆོད་ནས་དེའི་མདུན་དུ་དཀོན་མཆོག་གསུམ་ལ་སོགས་པ་དྲན་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། །། རྣལ་འབྱོར་གྱི་རྒྱུད་དུ་ནི་སྙིང་རྗེ་དང་པོར་བསྒོམ་པ་ཡིན་ལ། རྣལ་འབྱོར་མའི་རྒྱུད་འདིར་ནི ་བྱམས་པ་དང་པོར་བསྒོམ་པར་བྱའོ།། དེ་ནས་སྙིང་རྗེ་དེའི་རྗེས་ལ་དགའ་བ་ཐམས་ཅད་ཀྱི་ཐ་མར་བཏང་སྙོམསོ།། དེ་ནས་རང་གྲི་སྙིང་གར་ཉི་མ་ལ་གནས་པའི་ཧཱུ~ཾ་བསམ་པར་བྱའོ།། དེ་ནས་འོག་གི་རླུང་གི་དཀྱིལ་འཁོར་གྱི་སྦྱར་བས་ཧཱུཾ་ལས ་འོད་ཟེར་འཕྲོས་པས་ལུས་མཐའ་དག་ཡང་དག་པར་བསྲེགས་ཏེ། ཐམས་ཅད་སྟོང་པ་ཉིད་དུ་བསམ་པར་བྱའོ།། དེ་ནས་ཡི་གེར་མ་གྱུར་པ་ལས་ཉི་མ་ཉི་མའི་སྟེང་དུ་ཡི་གེ་ཧཱུཾ་དེ་དག་ཡོངསུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་སྣ་ཚོགས་རྡོ་རྗེའི་དབུསུ ་ཧཱུཾ་ཁོ་ན་བསམ་པར་བྱའོ།། འདི་ལས་རྡོ་རྗེ་ནག་པའི་འོད་ཟེར་འཕྲོས་པས་ར་བ་དུང་འདྲ་བའི་མཚམས་བཅིང་བར་བྱའོ།། རྡོ་རྗེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་བསྒོམ་པར་བྱའོ།། རྡོ་རྗེ་ས་གཞིའི་དབུས་སུ་ཆུད་པར་ཨེ་གྲཝ་གསུམ ་བྱད་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ།། དེ་ནས་དེའི་དབུས་འབྱུང་བ་ཆེན་པོ་བཞི་བསམ་པར་བྱ་སྟེ། ཡཾ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ལྟ་བུ་བ་དན་གཉིས་ཀྱིས་མཚན་པ་བསམ་པར་བྱའོ།། དེ་ཡང་རྩ་རྣམས་བསྐྱོད་པའི་གཟུགས ་ཅན་འཁོར་ལོ་ཐམས་ཅད་ཐིམ་བཞིན་པ་དེའི་དབུསུ་རྣལ་འབྱོར་པ་གནས་པར་བྱའོ།། འདིས་ནི་རླུང་གི་དག་པ་གསུངསོ།། རཾ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་བདུན་གྱི་མཚན་པ་བལྟས་ཏེ། རྩ་བཅོ་བརྒྱད་ཀྱི་གནས་ནས་འཛག ་བཞིན་པར་བྱེད་པ་བསམ་པར་བྱའོ།། བཾ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་བསྡམ་པར་བྱ་སྟེ། རྩའི་འཁོར་ལོ་ཐམས་ཅད་ཆུའི་དཀྱིལ་འཁོར་ལ་ཐིམ་པར་གྱུར་པ་བསམ་པར་བྱའོ།། ལཾ་གྱུར་པ་ལས་སའི་དཀྱིལ་འཁོར ་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པོ་བསམ་པར་བྱའོ།། དེ་ལྟར་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་ལ་ཡི་གེ་བཞིས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ།། དེ་ནས་འབྱུང་བ་ཆེན་པོ་བཞི་གྱུར་པ་ལས་ཁང་པ་བརྩེགས་པ་གྲུ་བཞི་པ་སྒོ་བཞི་རྟ་བབས ་བཞིས་བརྒྱན་པ་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ་གཡེར་ཀའི་དྲ་བས་མཛེས་ཤིང་ཀ་བ་བརྒྱད་ཀྱི་ཉེ་བར་སྤྲས་པ་བསམ་པར་བྱའོ།། འདིའི་དབུསུ་པདྨ་འདབ་མ་བརྒྱད་པས་སྤྲས་པ་བསམ་པར་བྱའོ།། དེའི་དབུས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ་བསམ ་པར་བྱའོ།། དེར་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་ཉིས་སྐོར་དུ་བྱས་པའི་ཡི་གེ་སུམ་ཅུ་རྩ་གཉིས་གྱུར་པ་ལས་དཀྱིལ་འཁོར་རོ།། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའོ།། དེ་ལ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་ལ་ཡ་རཱ་ལ་ཝ་ཌ་དྷ ་དྲུག་བསྟན་པས་བཞི་བཅུར་གྱུར་ཏེ། དེ་ཡང་ཉིས་འགྱུར་དུ་བྱས་པའི་ཡི་གེ་བརྒྱད་ཅུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ།། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ།། འདི་དག་ནི་དབུས་སུ་ཡི་གེ་ཧཱུཾ་ཤེས་རབ་དང་ཐབས་ཀྱིས་བསམ ་པར་བྱའོ།། དེ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཧཱུཾ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་ཡང་ཧཱུཾ་བསམ་པར་བྱའོ།། དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞི་ནོ།། འདི་དག་ཡོངསུ་གྱུར་པ་ལས་སྣ་ཚོགས་སྡེ་མས་འཁྱུད་པའི་སངས ་རྒྱས་ཐོད་པ་ཧེ་རུ་ཀ་བསྒོམ་པར་བྱ་སྟེ། ཀུན་ད་དཀར་པོ་དང་ཟླ་བ་འདྲ་བའི་འོད་མཚུངས་པ་ཟླ་བ་ལྟར་འཚར་ཞིང་ནོར་བུའི་འོད་ལྟར་འཕྲོ་བ་ཞལ་གཅིག་པ་ཕྱག་བཞི་པ། གཡས་ན་གྲི་གུག་དང་ཐོད་པ་གཡོན་ན་ཁ་ཊྭཱཾ་ག་དང་རྡོ་རྗེ་མན་ངག་ལས ་བསྒོམ་པར་ཁོང་དུ་ཆུད་པར་བྱའོ།། འདི་ཡེ་ཤེས་རབ་མ་སྣ་ཚོགས་སྔ་མ་ནི་ཞལ་གཅིག་མ་ཕྱག་གཉིས་མ་སྒྲ་སྒྲོལ་མ་ཧེ་རུ་ཀ་ལ་འཁྱུད་དེ་གནས་པ། གཅེར་བུ་མགོའི་ཕྲེང་བ་དང་བྲལ་བ། མཆོད་ཕྱིར་ཐོགས་པ། བདེ་བ་ཐམས་ཅད་རིག་ཅིང ་གཟུགས་མཛེས་མ། གཡས་ན་ཅང་ཏེའུ་སྟེང་ན་གྲི་གུག། གཡོན་ན་ཁ་ཊྭཱཾ་ག་འཕྱར་ཞིང་ཕྱག་ན་ཐོད་པ་བསྣམས་པ། བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ་བསྒོམ་པར་བྱའོ།། ཤར་གྱི་འདབ་མ་ལ་ཕྲེང་བཟང་མ་མདོག་དཀར་མོའོ།། བྱང་གི ་འདབ་མ་ལ་འདོད་ཅན་མ་མདོག་སེར་མོའོ།། ནུབ་ཀྱི་འདབ་མ་ལ་འཇིགས་མ་མདོག་དམར་མོའོ།། ལྷོའི་འདབ་མ་ལ་ཐུབ་དཀའ་མ་མདོག་ནག་མོ་སྟེ། འདི་དག་ཉི་མ་ལ་གནས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་ཞལ ་ཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་ཕྱག་ན་བསྣམས་པ་བསམ་པར་བྱའོ།། མཚམས་ཀྱི་འདབ་མ་བཞི་ལ་བདུད་རྩིས་གང་བའི་ཐོད་པ་བཞིའོ།། དབུས་ཀྱི་འདབ་མ་ནི་རྡོ་རྗེ་ཕྲེང་བས་བརྒྱན་པའོ།། རིམ་པ་གཉིས་པའི་རྩིབས་བརྒྱད་པ་ལ། པདྨའི ་ཕྲེང་བས་བརྒྱན་པ་སྟེ། དེའི་ཤར་གྱི་རྩིབས་ལ་དགེ་བའི་སྐེ་རགས་མའོ།། བྱང་གི་རྩིབས་ལ་གཟུགས་ཅན་མའོ།། ནུབ་ཀྱི་རྩིབས་ལ་རྣམ་རྒྱལ་མའོ།། ལྷོའི་རྩིབས་ལ་བྱེད་མའོ།། དབང་ལྡན་གྱི་རྩིབས་ལ་ཐོད་ཅན་མའོ།། མེའི་རྩིབས་ལ་མཚོན་ཆེན་མའོ།། ་བདེན་བྲལ་གྱི་རྩིབས་ལ་རྒྱུད་བྱེད་མའོ།། རླུང་གི་རྩིབས་ལ་བདུད་བྱེད་མ་སྟེ། རྣལ་འབྱོར་མ་འདི་དག་ནི་མདོག་དམར་མོ་ཉི་མའི་གདན་ལ་གནས་པ། ཞལ་གཅིག་མོ་ཕྱག་གཉིས་མ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་ཤིང་ཕྱག་ན་གྲི་གུག་དང་ཐོད ་པ་བསྣམས་པའོ།། རིམ་པ་གསུམ་པའི་རྩིབས་བརྒྱད་པ་ལ་རྡོ་རྗེ་ཕྲེང་བས་བརྒྱན་པ་སྟེ། དེའི་ཤར་ཕྱོགས་ཀྱི་རྩིབས་ལ་སྒྲོལ་བྱེད་མའོ།། བྱང་གི་རྩིབས་ལ་འཇིགས་མའོ།། ནུབ་ཀྱི་རྩིབས་ལྀ་ལཱ་མའོ།། ལྷོའི་རྩིབས་ལ་མི་འཕམ་མའོ།། དབང་ལྡན ་གྱི་རྩིབས་ལ་དགེ་མའོ།། མེའི་རྩིབས་ལ་འཇུར་བྱེད་མའོ།། བདེན་བྲལ་གྱི་རྩིབས་ལ་དུས་མཚན་མའོ།། རླུང་གི་རྩིབས་ལ་གྲགས་ཆེན་མའོ།། རྣལ་འབྱོར་མ་འདི་དག་ནི་མདོག་དཀར་མོ་ཉི་མའི་སྟན་ལ་གནས་པ་ཞལ་ཅིག་ཕྱག་གཉིས་མ་གྲི་གུག་དང ་ཐོད་པ་བསྣམས་པའོ།། ཤར་གྱི་སྒོར་མཛེས་མ་མདོག་དཀར་མའོ།། བྱད་ཀྱི་སྒོར་ནོར་འཛིན་མ་མདོག་སེར་མའོ།། ནུབ་ཀྱི་སྒོར་སྦྲུལ་བཟངས་མ་མདོག་དམར་མོའོ།། ལྷོར་སྐོར་གྲགས་མཐོང་མ་མདོག་ནག་མོའོ།། རྣལ་འབྱོར་མ་འདི་དག་ནི་རོ་དང་ཉི་མ ་ལ་གནས་པ་བྱམས་པ་ལ་སོགས་པའི་རང་བཞིན་ཅན་གཡོན་བརྐྱང་བའི་ཞབས་ཀྱི་གནས་པ་གར་མཛྙཱད་བཞིན་མཱ། ཞལ་ཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་པ་ཧེ་རུ་ཀ་ལ་ཀུན་ཏུ་བལྟ་བའོ།། སྒོ་སྲུངས་མ་གཏོགས་པའི་རྣལ ་འབྱོར་མ་རྣམས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། སྟེགས་གིས་པགས་པས་སྐེད་པ་དཀྲིས་ཤིང་རུས་པའི་རྒྱན་གྱིས་བརྒྱན་པ་འོད་ཟེར་རྣོན་པོས་གཏིབས་པ། སྐྲ་སེར་པོ་གྱེན་དུ་འབར་བ། ཁ་ནས་ཁྲག་འཐོར་བ་ཐམས་ཅད་ཁུ་བ་དང ་ལྡན་པ་བསྒོམ་པར་བྱའོ།། བཅོམ་ལྡན་འདས་རྫོགས་པའི་དུས་སུ་རྣལ་འབྱོར་མ་ཐམས་ཅད་སྐད་ཅིག་གིས་རྣམ་པས་ཧཱུཾ་ལུས་རྫོགས་པར་འགྱུར་བྱ་སྟེ། དེ་ལྟར་ལྷ་མོ་ཉི་ཤུ་རྩ་བཞི་དང་ལྡན་པར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་ལྷ་མོ ་ཉི་ཤུ་རྩ་བཞིས་མཆོད་ནས་ཐོད་པའི་བདུད་རྩི་ལྔ་གསོལ་བར་མཛད་དོ།། དེ་ནས་སྣ་ཚོགས་སྡེ་མའི་པདྨ་ལ་ཨ་ཧེ་རུ་ཀའི་རྡོ་རྗེ་ལ་ཧཱུཾ་བསམ་ཏེ། སྣ་ཚོགས་སྡེ་མ་དང་བཅོམ་ལྡན་འདས་གཉིས་ཀྱི་རྡོ་རྗེ་དང་པདྨ་སྦྱོར་བ་མཛད་ནས། ཡང་ལྷ ་མོ་ཉི་ཤུ་རྩ་བཞི་ལ་འདོད་པ་སྤྱད་ཅིང་ཆགས་པ་ཆེན་པོ་ལ་ཤིན་ཏུ་ཆགས་པས་ཞུ་བར་གྱུར་ནས། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཁུ་བས་གནས།། ཞུ་བ་དེ་མཐོང་ནས་བྱམས་པ་ལ་སོགས་པའི་རང་བཞིན་གྱིས་སྒོ་སྲུངས་རྣམས་ཀྱི་བླུས།། ་བསྐུལ་བ་ཅི་སྟེ་འཇིག་རྟེན་སྙན་མནན་ན།། ཅི་ཕྱིར་ཁྱོད་ནི་མི་དགྱེས་འགྱུར།། གལ་ཏེ་ཁྱོད་བདག་ཚིག་གསན་ན།། མི་དགྱེས་གྱུར་པ་མཐའ་དག་མཐོང་།། མཛེས་སྡུག་མས་བསྐུལ་བའོ།། སྟོང་པའི་ཐུགས་ནི་མ་མཛད་པར།། ་ཉིད་ཀྱི་དགོངས་པ་གྲགས་པར་མཛོད།། སྲིད་འཇིགས་སྐྱེ་བོ་ཀུན་སླུ་བས།། རྣལ་འབྱོར་མའི་གྲོགས་པོ་བཞེངས།། ནོར་འཛིན་པས་བསྐུལ་བའོ།། སྔོན་གཙོ་གལ་ཏེ་ཚིག་གསན་ན།། བྱ་བ་ཡལ་བར་མ་དོར་གཅིག། ཁྱོད་མི་སྣང་ན་འགྲོ་བ་ཀུན།། འགྲོ ་བར་ལྟུང་བས་མི་དགར་གྱུར།། སྐལ་བཟང་མས་བསྐུལ་བའོ།། ལོག་པའི་ང་རྒྱལ་མ་མཛད་པར།། གྲགས་པས་སྟོང་པའི་རང་བཞིན་མཐོང་།། དངོས་པོ་མཐའ་དག་ཁྱོད་ཐོང་ལ།། རྣལ་འབྱོར་མ་ཡི་རོགས་ལ་སྤྱོད།། གྲགས་མཐོང་མས་བསྐུལ་བའོ།། ་དེ་ལྟར་གླུས་བསྐུལ་མ་ཐག་ཏུ། ཁུ་བའི་གཟུགས་ལས་ཨ་དང་ཧཱུཾ་དེ་གཉིས་ལས་གྲི་གུག་དང་རྡོ་རྗེ། གྲི་གུག་དང་རྡོ་རྗེ་ལས་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཙོ་བོ་ཧཱུཾ་ཞེས་སྒྲོགས་པའི་སྔོན་དུ་གསུངས་པའི་མཚན་མ་དང་ལྡན ་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ། བརླབས་པ། མགོ་བོ་རློན་པ་བཞི་བཅུ་རྩ་དགུའི་ཕྲེང་བ་འཆད་པ། མཆོད་ཕྱིར་ཐོགས་པ་ཤིན་ཏུ་བཞེད་པ་དྲག་པོ་ཆེན་པོའི་སྙིང་རྗེའི་བདག ་ཉིད་ཀྱི་གཙོ་བོ་ལྟའོ།། དཔུང་རྒྱན་མགུ་དོ་འཁོར་གདུབ་དང་། གཅེར་བུ་རྐེད་དུ་སྐ་རག་བཅིངས།། རྐང་བརྒྱན་སིལ་སིལ་སྒྲ་སྒྲོགས་ཤིང་།། བདུད་ཀུན་རབ་ཏུ་འཇོམས་པར་བྱེད།། རལ་པའི་ཅོད་པན་ཡང་དག་ལྡན།། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན།། ཟླ་བ ་ཕྱེད་པ་འཛིན་པའི་ལྷ།། དབུལ་སྣ་ཚོགས་རྡོ་རྗེས་མནན།། འཁོར་ལོ་རྣ་ཆ་མགུལ་ངོ་དང་།། གདུ་བུ་དང་ནི་སྐེ་རགས་ཉིད།། ཕྱག་རྒྱ་ལྔ་ནི་འཛིན་པའི་མགོམ།། ཐལ་བའི་རྡུལ་གྱིས་བྱུག་ཤིང་འཇིགས།། ཐོད་པ་གཏི་མུག་གི་བརྒྱན་པ།། དཔའ་བོ་འཁོར་བ་སྒྲོལ་བ ་བྱེད།། བྱང་ཆུབ་ས་བོན་རང་བཞིན་ཅན།། དབུགས་མི་གཡོ་བར་བསྒོམ་པར་བྱའོ།། གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་སྡེ་མ་རྣལ་འབྱོར་མ་ནི་གཅིག་པུ་མགོ་བོའི་ཕྲེང་བ་དང་བྲལ་བ་རྒྱན་མེད་ཅིང་མཆོད་ཕྱིར་ཐོགས་པ་དང་བྲལ་བ་ཐམས་ཅད་བདེ་བ ་དང་ལྡན་པ་ཞལ་ཅིག་ཕྱག་གཉིས་མ་སྐྲ་གྲོལ་མ་སྐུ་མདོག་དཀར་མོ་ཞལ་ཤིན་ཏུ་འགྱུར་བ་མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཅང་ཏེའུ་དང་གྲི་གུག་གཡོན་ན་ཁཱ་ཊྭཱཾ་གཱ་དང་ཐོད་པ་བསྣམས་པ་ཕ་རོལ་ཏུ་ཕྱིན་པའི་ལྷ་མོ་དེ་ལྟར ་བསྒོམ་པར་བྱའོ།། ད་ནི་བདག་ཉིད་ཀྱི་སྙིང་ག་དང་དཔྲལ་བ་དང་སྤྱི་གཙུག་དང་། དཔུང་པ་གཉིས་དང་། མིག་གཉིས་དང་། གསང་བ་དང་ལུས་ཐམས་ཅད་ཀྱི་གནས་བདུན་དུ། ཨོཾ་ཧཱུཾ་ཧཽ་ཧ~ཾ་ཧྲཱིཾ་ཧཱུ~ཾ་ཧཱ་ཞེས་པའི་སྔགས་འདི་རྣམས་ཀྱི་ཆོ་ག་བྱའོ།། སྙིང་གར ་ཧཱུཾ་ལས་ཐུགས་རྡོ་རྗེའོ།། མགྲིན་པར་ཨཱཿལས་གསུང་རྡོ་རྗེའོ།། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེའོ།། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། སྙིང་གླར་ཟླ་བ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལྕགས་ཀྱུ ་ལྟ་བུ་བསྒོམས་པ་དང་། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཿཁཾ་གྲཾ་དྲུཾ་ཤཱཾ་ཨོཾཿཿཿཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ། ཅེས་པ་བསྒྱིངས་པ་དང་བཅས་པས་སྔགས་བཟླས་པས། ཡེ་ཤེས་སེམས་དཔའ་བཀུག་སྟེ། དམ་ཚིག་སེམས་དཔར་བཅུག་པས། ཆུ་དང་འོ་མ་ལྟར། ་ཐིམ་པར་བསམ་པར་བྱའོ།། དེ་ལྟར་དཔའ་བོ་རྫོགས་པ་མཐོང་ནས་རྩ་ཡི་འཁོར་ལོ་འཇུག་སྟེ། འཛག་པ་དེ་ལས་རྣལ་དུསྦྱོར་མ་རྣམ་པ་སྣ་ཚོགས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན། ་གྱིས་བརླབས་པ། གོས་སྣ་ཚོགས་གྱོན་པ་གཟུགས་གཞོན་པས་བརྒྱན་པ། ལོ་བཅུ་གཉིས་མའི་རྣལ་འབྱོར་མ་བརྒྱད་བསྐྱེད་དེ་ན་མཁའི་ཕྱོགསུ་གནས་ཏེ། བུམ་པ་བྱང་ཆུབ་སེམས་ཀྱི་ཡོངསུ་གང་མ་ཨ་འདྲའི་ཤིང་ལོས་ཁ་བརྒྱན་པོ ་བརྒྱད་ཐོགས་པ་དེ་ཐམས་ཅད་དུ་དང་ཞིང་བཞད་པའི་ཞལ་གྱིས་རྒྱལ་གྱུར་ཧེ་རུ་ཀ་ཞེས་སྨྲ་བ། མགོན་པོས་མཐོང་ནས་དབང་བསྐུར་བའི་མཆོག་ལ་གསོལ་བ་གདབ་པར་བྱའོ།། བརྩེ་ལྡན་གྲགས་པ་ཆེན་པོ་ཡི།། རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར།། ་འཁོར་བུའི་འདམ་དྨ་བྱིང་བའི་བདག། དབང་བསྐུར་བ་ཡི་བདག་སྒྲོལ་མཛོད།། ཇི་ལྟ་བུ་ཆེ་མེད་པའི་ཁྱིམ།། ཤིམ་ཐག་ཏུ་སྟོང་པར་འགྱུར།། དེ་བཞིན་དབང་དང་བྲལ་ན་ནི།། མེ་ཤེས་ཀུན་གྱིས་སྟོང་པར་འགྱུར།། ཚིགས་པ་ཤངད་འདིས་ལསང་ངའི་དང ་བསྟན་ཏོ།། ཇི་ལྟར་པི་ཝང་སྦྱོར་ཀུན་ཚོགས།། རྒྱུད་དང་བྲལ་ན་བརྡུང་མི་རུང་།། དེ་ལྟར་དབང་དང་བྲལ་ན་ནི།། སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། ཚིགས་བཤད་འདིས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་ཏོ།། དདང་མེད་ན་ཉེས་པ་ཆེ་བར ་འགྱུར་བ་དེ་ལྟར་ཡང་གསུངས་ཏེ། རྨོངས་པ་གང་ཞིག་དབང་མེད་པར།། བདག་ནི་དབང་བསྐུར་ཞེས་སྨྲ་བ།། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། སློབ་མར་བཅས་ཏེ་དམྱལ་བར་འགྲོ།། ཚིགས་བཅད་འདིས་ནི་དབང་མེད་པའི་ཉེས་པ་བསྟན ་བྷྱོ། དེ་ལྟར་མཁྱེན་མཛོད་རྣལ་འབྱོར་མ།། སླར་ཡང་བདག་ལ་དབང་བསྐུར་གསོལ།། གལ་ཏེ་དབང་བསྐུར་སྐྱེ་མེད་ནཱ།། ཧེ་རུ་ཀ་རུ་བདག་གྱུར་ཊཱིག། དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་རྒྱལ་གྱུར་རྒྱལ་གྱུར་ཞེས་པས་བཅོམ་ལྡན་འདས་ལ་ཁྲུས་གསོལ ་ཞིང་དབང་བསྐུར་རོ།། ཕྱི་དང་གསང་བར་བཅས་པའི་དབང་བསྐུར་བ་ཙམ་གྱིས་ན་མཁའི་ངོས་ནས་རྔའི་སྒྲ་གྲག་ཅིང་ཙན་དན་དང་མེ་ཏོག་གི་འཆར་འབབ་པར་འགྱུརརོ།། དབང་བསྐུར་ཟིན་ནས་རྣལ་འབྱོར་མ་རྣམས་རྩའི་འཁོར་ལོ་ལ་ཐིམ་པར ་གྱུར་ཏོ།། དཀྱིལ་འཁོར་བའི་འཁོར་ལོ་ཐམས་ཅད་ལ་རང་གི་རིགས་ཀྱིས་རྒྱས་གདབ་པར་གྱུར་ཏོ།། དེ་ནས་གླུའི་བསྟོད་པ་དང་། མཆོད་པ་དང་བདུད་རྩི་ལྔས་བཅོམ་ལྡན་འདས་མཆོད་པར་བྱའོ།། དེ་ནས་ཡཾ་གྱུར་པ་ལས་རླུང་གི་དཀྱིལ་འཁོར ་དེའི་སྟེང་དུ་རཾ་གྱུར་པ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཾ་གྱུར་པ་ལས་ཐོད་པ། ཐོད་པའི་དབུས་སུ་བི་མུ་ར་སུ་མ་གྱུར་པ་ལས་བདུད་རྩི་ལྔའོ།། གོ་ཀུ་ད་ཧ་ན་གྱུར་པ་ལས་ཤ་ལྔ་བསམ་མོ།། དེ་ནས་རླུང་གི་མེ་སྦར་ཞིང་མེས་ཐོད་པ་སྲོས ་པ་འདི་ལས་རྡོ་རྗེའི་རྣམ་པ་ལྟ་བུའི་རླངས་པ་འབྱུང་ངོ་།། ཡང་བསིལ་བར་བྱས་པའི་ཕྱིར་ཐོད་པའི་སྟེང་མཐོ་གང་ཙམ་དུ་ཨོཾ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་ཨོཾ་གྱིས་བྱིན་གྱིས་བརླབས་པ་དེ་ལས་ཁ་བ་ལྟ་བུའི ་བདུད་རྩི་བབས་པས་བསིལ་བར་འགྱུར་རོ།། དེ་ཁོ་ན་ཉིད་གསུམ་གྱིས་ལྷ་རྣམས་ཚིམ་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟག་ཏུ་རྨི་ལམ་དང་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ།། ལྟེ་བར་ཨཿསྙིང་གར་ཧཱུཾ། མགྲིན་པར་ཨོཾ ་དཔྲལ་བར་སྒྲ་དང་ཐིག་ལེར་ལྡན་པ་མི་ཤིགས་པའི་ཧཾ་ངོ་།། ས་སོགས་འབྱུང་བ་ཆེན་པོ་བཞིས།། འཁོར་ལོ་བཞི་རུ་རབ་ཏུ་ཕྱེ།། ཐུན་མཚམས་བཞི་རུ་བྱིན་གྱིས་བརླབས།། པདྨ་བཞི་ལས་ཡང་དག་འབྱུང་། ་དགའ་བ་བཞི་ཡི་རང་བཞིན་གྱིས།། སྦྱོར་བ་བཞི་ལ་ཀུན་ཏུ་བརྟེན།། མཆོག་ཏུ་དགའ་བའི་གཟུགས་ཀྱིས་ནི།། བྱ་བ་བྱེད་པ་པོ་རང་བཞིན།། རྡོ་རྗེ་སེམས་དཔའ་དཔལ་གཟུགས་ཅན།། ཅི་བདེ་བ་རུ་འདི་རུ་རོལ།། རླུང་གི་འགྲོ་འོང་བསྒོམས ་པ་ཡིས།། ཐིམ་འགྱུར་བདེ་ཆེན་སྐྱེ་བར་འགྱུར།། རྩ་བརྒྱད་ཕྱོགས་ཀྱི་འདབ་མ་ནི།། འབྱུང་ཆེན་བཞི་ཡི་རང་བཞིན་ནོ།། མཚམས་ཀྱི་འདབ་མ་བཞི་པོ་ནི།། བདུད་རྩི་ལྔ་ཡིས་རང་བཞིན་གྱིས།། དེ་རུ་མཆོད་པའི་གཟུགས་སུ་གནས།། ་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། ཉི་ཤུ་རྩ་བཞིར་ཡང་དག་གསུངས།། དེ་ཉིད་ཕྱི་ཡི་དཀྱིལ་འཁོར་ནི།། ཉི་ཤུ་རྩ་བཞིའི་རང་བཞིན་ནོ།། སྣ་ཚོགས་སྡེ་དང་ལྡན་གཅིག་ཏུ།། བཅོམ་ལྡན་འདས་ནི་དབུས་སུ་བཞུགས།། སྤྲུལ་པའི ་འཁོར་ལོ་དྲུག་ཅུ་རྩ་བཞིའི་དབུས་སུ་ཨོ་ཐིག་ལེའི་གཟུགས་ཅན་ནེ།། སྙིང་གའི་འཁོར་ལོ་བརྒྱད་ཀྱིས་དབུས་སུ།། ཧཱུཾ་ཐིག་ལེའི་གཟུགས་ཅན་ནོ།། ཨོཾ་གྱི་འོད་ཟེར་སྟེང་དུ་འགྲོ་བཞིན་པ་དང་། ཧཱུཾ་གི་འོད་ཟེར་འོག་ཏུ་འགྲོ་བཞིན་པ། ་གཉིས་ཀ་འདུས་ཏེ་ཐིག་ལེའི་གཟུགས་ལ་ཐིམ་པ་དེའི་ཚེ་བདེ་བ་ཐོབ་སྟེ། དེ་ལྟར་ན་འབྱུང་བ་དང་འཇུག་པ་བསྒོམ་པར་བྱའོ།། ཟླ་བ་དྲུག་ཏུ་སྦྱོར་བ་ལ་གོམས་པར་བྱས་པས། འདིར་འགྲུབ་པར་སོམ་ཉི་མེད་།། བསྒོམ་པས ་སྐྱོ་མར་གྱུར་ན་སྔགས་ཀྱིས་བཟླས་པ་བྱའོ།། ཨོཾ་ཧྲཱི་བུདྡྷ་དྷྲྀ་ཀཱ་པཱ་ལི་ནི་ཨ། འཇུག་པ་ལ་ཨོཾ། འབྱུང་བ་ལ་དྷཱི། གནས་པ་ལ་བུདྡྷ། བདེ་བ་ལ་དྡྷ། ནུབ་པ་ལ་ཀ་པཱ་ལ་ནི། ལྟུང་བ་ལ་ཨཱའོ།། དེ་ལྟར་ཡན་ལག་དྲུག ་གྲཱྀ་ནང་གི་བདག་ཉིད་ཀྱི་སྔགས་ཀྱིས་བོ་ཟླས་པ་བྱའོ།། འོད་ཉིད་ལ་གོམས་པའི་སྦྱོར་བས་སངས་རྒྱས་སུ་འགྱུར་ཏཱཾ། གཞན་དུ་མ་ཡིན་ནོ།། རྩ་བོའི་སྔགས་སོ།། ཨོཾ་པྲདྡྷ་ཀ་པཱ་མ~ཾ་ནི། ཨོཾ་ཧཱུ~ཾ་ཧཾ་ཧཱུཾ་ཕཊ་སྟོང་པོ་སྔགས། ་ཨོཾ་ཀ་པཱ་ལ་བཛྲི་ནི་ཧཱུ~ཾ་ཧུ~ཾ་དུར་ཀྵེ་ཧཱུ~ཾ་ཕཊ། ཉེ་བོའི་སྙིང་པོའི་སྔགས་སོ།། ཨོཾ་མདྷྲྀ་ཀཱ་པཱ་ལ་བཛྲེ་ཙི་ཏྲེ་ཨོཾ་ལ་བཱ་ནེ་བྷྲྀ་ན་ཡ་སརྦ་དྷྱཱ་ཏཾ་ན་མཱུ་རྱཱན་ཀི་ལ་ཡ་སརྦ་བཱནྡྷ་ནཾ། ཨུ་ནཱ་ཊ~ཾ་སྱ་སརྦ་བིགྷྣཱ་ན་བི་དྲཱ་མེ་ཡ་བྷཾ་ག་བ་ཏཱི་ཡཀྴ་ནཱཎ་སྱཱ ་པི་ཤྭ་ཙ་མཱ་ཤོ་ཥ་ཡ་ཛ་ཊ་ཡ་སཾཔྟ་པཱ་ཏཱ་ལ་གཱ་ཏ་ན་ས་རཱ་ས་ར་པྲ་ས་རཱ་པྲ་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཐུན་བཞི་རུ་དཀྱིལ་འཁོར་ལོ་ན་བཞིར་སྤྲོས་ཏེ། འོདིར་གཏོར་མ་སྦྱིན་པར་བྱའོ།། འབྱུང་པོ་ཐམས་ཅད་ཀྱིས་གཏོར་མའི ་སྔགས་སོ།། སངས་རྒྱས་ཐོད་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱིས་བསྒྲུབས་ཐབས། སློབ་དཔོན་ཆེན་པོ་སྱཱ་ར་ཧའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་པའོ།། ་