| Wylie | e-texts produced with BDRC’s OCR application |
རྒྱ་གརུ་སྐད་དུ། ཤྲཱི་བུད་དྷཱ་ཀ་བཱ་ལཱ་མ་ཧཱ་ཏནྟྲ་རཱ་ཛ་ཊཱི་ཀཱ་བྷཱ་ཡ་པ་དཱ་ཏི་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་འཇིག་པ་མེད་པའི་གཞུང་འགྲེལ་ཞེས་བྱ་བ། དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བསྐལ་བྲིའི་མཐར་ཐུག་མཆོག་ཏུ་དུལ་བ་ཆེན་པོར་འཕྲོ་བ་དཔག་མེད་འགྲོ་བའི་ཡུམ་དང་རོལ་དཔྲལ་ཙནྡ།། སྣ་ཚོགས་སྡེ་མུ་དང་འདུས་ཤིན་ཏུ་ཆེ་བའི་མཆོག་ཏུ་དགའ་བོའི་སྐུ་ཅན་སྲིད་པའི་དགྲ་བོ ་ནི། རྫོགས་པའི་བྱང་ཆུབ་ཕུན་ཚོགས་ལྷན་ཅིག་སྐྱེས་པའི་བདེ་བའི་རོ་ལ་རོལ་པ་སྙིང་ལ་འཇུག་པ་ཡིས།། སྤྱོད་པ་དམ་པས་བསྒོམ་བྱ་དེ་ཕྱིར་འཇིགས་པ་མེད་འདི་འདིའི་ལམ་འདི་ལྟར་གསང་མེད་བརྟན་པར་བྱེད།། རྡོ་རྗེ་ལྷ་མོས་གནང་བ ་རྣམས།། རྨི་ལམ་དུ་ནི་ཐོས་ལས་དང་།། དེས་བྱིན་བརླབས་ལས་འཇིགས་མེད་ནི།། སངས་རྒྱས་ཐོད་འདིར་འགྲེལ་པ་བྱེད།། ངེས་པར་བདག་ནི་རྡོ་རྗེ་ཅན།། དང་པོའི་མགོན་པོ་དེས་བྱིན་བརླབས།། གང་ཕྱིར་དྲིས་གསུངས་ཚིག་རྣམས་ནི།། རང ་དོན་རྣ་བར་སྨྲ་བ་བཞིན།། དགའ་བ་བསྙེན་པའི་སྐྱེ་བློ་དམ་པ་ལེགས་པ་རྣམས་ནི་གཙང་དང་དགའ་བུ་སྟེ།། དེ་ཡོད་ཚུ་རོལ་མཐོང་བ་ངན་པར་འགྲོ་བྱིང་དོན་རྙིང་སྲིད་པར་འཇུག་པ་རྣམས།། འཇིག་སྡེ་བ་མྱེད་པའི་གཞུང་འགྲེལ་ལུས་ནི ་ཆོས་གནས་མཆོག་ཅི་ཡང་འཆར་བྱེད་ཅིང་།། བཟོད་པར་བྱེད་ཅིང་དབུ་མར་གནས་ལས་མཉམ་མེད་ཕུན་ཚོགས་རེག་པར་བྱེད།། སངས་རྒྱས་ཐོས་པའི་རྒྱུད་ལེའུ་བཅུ་བཞིའོ་བདག་ཉིད་ཅན་འདིའི་སྟོན་པ་པོ་དང་བརྗོད་བྱ་ནི་བཅོམ ་ལྡན་འདས་སངས་རྒྱས་ཐོས་པའོ།། དེ་ལྟ་ན་ཡང་བསྟན་པར་བྱ་བ་དང་སྟོན་པ་པོའི་འབྲེལ་པ་དང་། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་འབྲེལ་པ་བརྗོད་དོ།། གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཐོད་པའི་དོན་རྟོགས ་པ་ནི་དགོས་པའོ།། རྡོ་རྗེ་ལྟ་བུ་བདེ་བ་ཆེན་པོ་དང་རོ་གཅིག་པ་འགྲོ་བ་མཐའ་དག་ལ་ཕན་པར་བྱེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དགོས་པོའོ།། དེ་ལ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་ནས་གྱུར་ཏོ་ཞེས་པའི་མཐར་ཐུག་པའི་དང་པོར ་གླེང་གཞི་སྟེ། འདི་ཡོད་པ་ན་སྟོན་པ་འཇུག་པའི་ཕྱིར་རོ།། དུས་དང་ཡུལ་དང་སྟོན་པ་པོ་དང་འཁོར་རྣམས་ཚོགས་པ་ནི་སྟོན་པའི་གླེང་གཞི་སྟེ། འདི་མྱེད་ན་སྟོན་པ་མི་འཐད་པའི་ཕྱིར་རོ།། དེ་ལ་འདི་སྐད་བདག་གིས་ཞེས་པ་དྨའི་ཆོས་བསྡུ་བར ་བྱ་ཞིང་དེ་བཞིན་དུ་གོ་རིམསུ་རྟོགས་པར་བྱས་ནས་ཤེས་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོར་གསུངས་ཏེ། དེའི་ཕྱིར་སྡུད་པ་པོས་དེ་ཁོ་ན་བཞིན་དུ་བསྡུ་སོ།། འདིར་སྡུད་པ་པོ་སུ་ཡིན། མིང་ངེས་པ་འདིས་ཅི་ཞེ་ན། བཅོམ ་ལྡན་འདས་ཀྱིས་བཀའ་གནང་བ་ཁོ་ན་དེས་བརྗོད་པའི་ཕྱིར་འདིར་བཅོམ་ལྡན་འདས་ཁོ་ནའི་གསུང་ཡིན་ནོ།། ཡང་འདི་ལརྒྱུད་གཏད་པ་ཉིད་ཀྱི་ཕྱིར་ཕྱག་ན་རྡོ་རྗེའོ།། ཞེས་གསུང་ངོ་།། དེ་ལ་བསྡུ་བར་བྱ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ཀྱི་དོན་མཐའ ་དག་འདི་སྐད་ཅེས་པའི་ཚིག་ཕྲད་འདིས་གསལ་བར་བྱེད་དོ།། དེས་ན་འདི་སྐད་ཀྱི་ཡི་གེ་འདི་ནི་རྒྱུད་ཀྱི་དོན་མཐའ་དག་གི་དོན་དང་ལྡན་པར་རྟོགས་པར་བྱའོ།། རྒྱུད་ཀྱི་དོན་ཀྱང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ཡི་གེ་གཉིས་ཀྱི ་ཡན་ལག་གི་ངོ་བོར་གནསོ་ཞེས་འདོམ་སོ།། བདག་གིས་ཞེས་པ་སྡུད་པ་པོ་བདག་གིས་སོ།། ཐོས་པ་ཞེས་པ་ནི་རྣ་བའི་རྣམ་ཤེས་ཀྱི་ཚིག་འབྲུ་དང་། ཡིད་ཀྱི་རྣམ་ཤེས་ཀྱི་དོན་རྟོགས་ཀྱི། འདི་བདག་གི་མངོན་སུམ་དུ་བྱས་པ་ནི་མ་ཡིན་ཏེ། ་བཅོམ་ལྡན་འདས་ཁོ་ནས་ཆོས་འདི་ལ་ཐམས་ཅད་རྟོགས་པའི་ཕྱིར་རོ་ཞེས་ཆོས་ལ་གུས་པར་སྟོན་ཏོ།། དེ་ལྟར་སྤྱིར་བསྟན་ནས་ཁྱད་པར་དུ་གླེང་གཞི་དེ་རིམ་གྱིས་སྟོན་པ། དུས་གཅིག་ན་ཞེས་པ་ལ་སོགས་པ་སྟེ། གཅིག་ནི་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མས་བསྐྲུན་པ་ཚེས་དང་རྒྱུ་དཀོར་ལ་སོགས་པས་བཅད་དུ་མེད་པ་བསམ་གྱིས་མོ་ཁྱབ་པའི་དུས་ཀྱི་ཁྱད་པར་འགའ་ཞིག་གོ། དེ་ཡང་འདིར་སྐད་ཅིག་བཞི་པའི་ངོ་བོ་དུས་ཞེས་བཤད་དོ།། དུས་གཅིག ་པོ་དེ་ན་བཅོམ་ལྡན་འདས་བཞུགས་པ་རྣམསུ་གྱུར་ཏོ་ཞེས་པ་ཚིག་སྒྱུར་བས་བཞུགས་པར་གྱུར་ཏོ་ཞེས་འབྲེལ་ཏོ།། འདི་ལ་བྷ་ག་ཡོད་དོ་ཞེས་པ་བཅོམ་ལྡན་ཏེ། དེ་ཡང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་སོ།། དེ་གསུངསྟེ། ་པ་དབང་ཕྱུག་གཟུགས་གྲགས་པ་དང་།། དཔལ་དང་ཡེ་ཤེས་བརྩོན་འགྲུས་རྣམས།། ཕུན་སུམ་ཚོགས་པ་དྲུག་རྣམས་ནི།། སྐལ་པ་ཞེས་ནི་བཤད་པ་ཡིན།། ཞེས་སོ།། ཡང་ན་བདུད་བཞི་རྣམས་བཅོམ་པས་ན་བཅོམ་ལྡན་ནོ།། ་ཡང་ན་ཆོས་ཐམས་ཅད་ངེས་པར་རྟོགས་པ་ཉོན་མོངས་པའི་བདུད་ལ་སོགས་པ་དྭེ་པྲ་ཎོཿ་པ་ཉོན་མོང་བཱི་བདུད་ལས་ཁ་དྲེ་བཱ་སེལ་བའི་ཤྭེས་ནི་ལི་སྟེ། དེ་འདི་ལ་དོ་པགཉིད་དུ་ཡོང་ཞེས་པས་བཅོམ་ལྡན་ནོ།། དེ་རྡོ་རྗེ་རྩེ་མོའི་རྒྱུད་དུ་གསུངས་པ། ཤེས ་རབ་གཞོམ་བྱ་ཉོན་མོངས་ཏེ།། དེ་ཕྱིར་ཤེས་རབ་བཅོམ་པར་བརྗོད་ཅེས་སོ།། དེ་བཞིན་གཤེགས་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། མི་བསྐྱོད་པ ་ལ་སྟེགས་པ་རྣམས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམ་སོ།། རྡོ་རྗེ་ནི་སྟོང་པ་ཉིད་དོ།། དེའི་ངོ་བོ་ཆེན་པོ་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དག་ཨ་ལཱཾ་སྟེ། ཤིན་ཏུ་བླ་ན་མེད་པར་བྱེད་པ་སྟེ། བྱ་བ་དང་བྱ་བ་ལས་གང ་གི་ཡིན་པ་དེ་རྒྱན་ཆེན་པོ་སྟེ། རྡོ་རྗེ་སྙེམས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ།། དེའི་དཀྱིལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ནི་ཆོས་འབྱུང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་གསུང་དང་ཐུགས་རྣམས་ཀྱང་དེ་ཡིན་ལ། རྡོ་རྗེ་རྒྱན་ཆེན་པོའི་དཀྱིལ་འཁོར་ཡང་ཡིན་པའོ།། འདིའི་དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཀྱང་དེ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི ་ཕྱིར་ཡང་གྲུ་གསུམ་སྟེ་དེའི་དབུས་སུའོ།། འདིར་གཞལ་ཡས་ཁང་མ་གསུངས་པ་ཉིད་ན་ཡང་ཆོས་འབྱུང་གི་དབུས་ན་གནས་པའི་གཞལ་ཡས་ཁང་དུ་ཞེས་དོན་གྱིས་རྟོགས་པར་བྱ་སྟེ། དཔེར་ན་གྲོང་ཁྱེར་ན་ཕྱུག་པོ་གནསོ་ཞེས ་པོ་གྲོང་ཁྱེར་ན་གནས་པའི་ཁང་བཟངས་ན་ཞེས་དོན་གྱིས་འགྱུར་བ་བཞིན་ནོ།། དེ་ལྟར་མ་གསུངས་པ་ནི་བདེ་བ་ཆེན་པོའི་ས་གཞི་གཙོ་བོར་ཉེ་བར་བསྟན་པའི་དོན་དུ་སྟེ། གཞལ་ཡས་ཁང་ཡང་དེ་དང་རོ་གཅིག་པ་ཁོ་ནས་སོ།། ་ཡང་ན་རྡོ་ནི་སྟོང་པ་ཉིད་ཆོས་འབྱུང་སྟེ། དེར་རྒྱན་ཆེན་པོའི་དཀྱིལ་འཁོར་ནི་གཞལ་ཡས་ཁང་དེའི་དབུས་སུའོ།། དེ་ལྟར་འགྱུར་བའི་གནས་བཅོམ་ལྡན་འདས་བྱ་ཞུགས་པར་ཉེ་བར་བསྟན་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན ་ཅིག་སྐྱེས་པའི་སྐུ་གསལ་བར་རིག་པར་བྱས་ལ་སྐུ་དེ་ཁོ་ནས་རྒྱུད་སྟོན་པ་ཡང་དེ་དང་རོ་གཅིག་པར་བསྟན་ཏོ།། དེ་ལྟར་དུས་དང་ཡུལ་དང་སྟོན་པ་པོ་ཕུན་སུམ་ཚོགས་པ་བརྗོད་ནས་འཁོར་ཕུན་སུམ་ཚོགས་པ་གསུངས་པ། ཐམས ་ཅད་ཅེས་པ་ལ་སོགས་པ་སྟེ། མི་བསྐྱོད་པོ་ལ་སོགས་དེ་བཞིན་གཤེགས་པ་རྣམས་དང་། སྣ་ཚོགས་སྡེ་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་དང་འཕགས་པ་ཀུན་དགའ་བོ་ལ་སོགས་པ་རྣམས་དང་ཡང་བཞུགས་སོ།། འདོད ་ཆགས་དང་བྲལ་བ་གཟུང་བ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་རྣམས་ཀྱང་རྡོ་རྗེ་ཐེག་པ་ཁོ་ནས་བདེ་བ་ཆེན་པོའི་རང་བཞིན་རྫོགས་པའི་བྱང་ཆུབ་འགྲུབ་པོ་ཞེས་ཤེས་པའི་དོན ་དུའོ།། འཇིག་རྟེན་དཔུང་ཕྱུག་ལ་སོགས་པ་རྣམས་ཀྱང་དེར་འདུས་པར་གྱུར་ཏོ།། གླེང་བཞིའི་ངག་འདི་ཡང་ཇི་ལྟར་སྲིད་པ་ལྟར་ཁོ་བོས་རྒྱས་པ་དང་བཅས་པར་དཔལ་ཡང་དག་པར་སྦྱོར་བའི་རྒྱ་ཆེ་འགྲེལ་དུ་བཤད་ཟིན་པས ་བློ་བཟང་རྣམས་ཀྱིས་ངེས་པར་བྱའོ།། གླེང་གཞི་དང་རྗེསུ་མཐུན་པར་བཅོམ་ལྡན་འདས་ཀྱིས་བསྟན་པ་སྡུད་པ་པོས་དེ་ནས་ཞེས་པ་ལ་སོགས་པས་སྐབས་བྱེད་དོ།། རྡོ་རྗེ་སྟོང་པ་ཉིད་ཀྱི་རང་གི་ངོ་བོའི་ཡེ་ཤེས་ལྔ་རྣམས་འཛིན་ནོ།། ་ཞེས་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའོ།། ཕྱག་རྒྱ་ཆེན་པོ་བདེ་བ་ཆེན་པོ་དང་རོ་གཅིག་པ་འགྲོ་བ་ལ་ཕན་པ་བྱེད་པ་སྟོང་པ་ཉིད་དེ་ཁོ་ན་རྡོ་རྗེ་སྟེ། ་སྒྲིབ་པ་ཐམས་ཅད་འབྱེད་པའི་ཕྱིར་རོ།། གནས་ཀྱང་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིའོ།། དེ་ཁོ་ན་སྔགས་དང་རྒྱུད་རྣམས་ཀྱི་ཚད་མས་འཐད་པ་ཉིད་ཀྱི་ཕྱིར་མཆོག་ཏུ་ཉེ་བར་བསྟན་པ་ཉིད་ཀྱིས་ནཱ་ལེགས་པར་བསྟན་ཏོ།། ། ་དུས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདྲག་པོས་ཞེས་བྱ་བདག་པོ་སྟེ། བདག་པོ་ཉིད་ཀྱིས་ན་འདི་སྟོན་པ་པོ་བླ་ན་མོང་བྱའོ་ཞེས་གསལ་བར་བྱེད་དོ།། རྡོ་རྗེ་ནི་བདག་ཉིད་ཀྱི་སྡེ་པདྨ་ནི ་སྡེ་མའི་འོ།། དེ་དག་ཡང་དག་པར་སྦྱོར་བས་སོ།། བཙུན་མོ་ནི་སྣ་ཚོགས་སྡེ་མྱ་སྟེ། དེའི་བྷ་ག་ནི་ཆོས་འབྱུང་ངོ་།། ནང་དུ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་། པདྨ་སྤྱི་བྱིས་ལ་སོགས་པ་རྣམས་ཏེ། དེ་རྣམས་ཁྱོ་ན་བཙུན་མེའི་སྟེ། ཨེ་བི་དྷུ ་ཏཱིའི་བྷ་ག་རྣམསོ།། ཡོངསུ་མྱ་ངན་ལས་འདས་པ་སྟེ་བྱང་ཆུབ་སེམས་ཀྱི་ངོ་བོ་ཞུ་བར་གྱུར་ཞེས་པའི་དོན་ཏོ།། དོན་དམ་པར་ནི་བཙུན་མོ་ནི་ཤེས་རབ་སྟེ། སྣ་ཚོགས་སྡེ་མ་མིང་གཞན་ཀུན་ཏུ་བཟང་མོའོ།། དེའི་བྷ་ག་ནི་སྟོང་པ ་ཉིད་དོ།། མང་པོའི་ཚོགས་ནི་སྣ་ཚོགས་སྡེ་མ་ནི་བཙུན་མོ་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། དེར་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གནས་ཀྱིས་ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི་གནས། ་བའོ།། ཞེས་པ་མི་གནས་པའི་མྱ་ངན་ལས་འདས་པས་ཡོངསུ་མྱ་ངན་ལས་འདས་ཏེ། དེའི་བདག་ཉིད་དུ་གྱུར་ནས་རོ་གཅིག་པའི་རང་བཞིན་གྱིས་ཐ་དད་མཐའ་དག་གིས་མ་རེག་པ་ལྔས་འཁོར་བའི་བར་དུ། དཔག་ཏུ་མེད་པའི་དེ་བཞིན ་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་མ་དང་། འདོད་ཆགས་དང་བྲལ་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། སྔགས་བྱེ་བ་ཕྲག་བརྒྱད་ཅུ་པོ་རྣམས་དང་ལྷན་ཅིག་རྣམ་པར་རྟོག་པ་མེད་པར་གྱུར་ཀྱང་སྔོན་གྱི་འཕེན ་པའི་ལས་སེམས་ཅན་ཐམས་ཅད་ལ་ཅི་བྱ་བའི་ཚུལ་གྱིས་གཞུགསོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་ཡོད་མཆོག་ཏུ་ཟབ་པའི་ཆོས་འདི་བདག་གི་རྟོགས་ཀྱི། སེམས་ཅན་རྣམས་ཀྱང་ཕལ་ཆེར་བསོད་ནམས་ཞན་པ། ཤེས་རབ་ངན ་པུ་ཐེག་པ་དམན་པ་ལ་མོས་པ་རྣམས་ཏེ། དེས་ནི་སུ་ཞིག་འདི་ལ་མོས་པར་འགྱུར་ཞེས་གདུལ་བྱ་རྣོན་པོ་རྣམས་གུས་པས་རིངས་པའི་དོན་དུ་མྱ་ངན་ལས་འདས་ཏེ། ཁོང་དུ་ཆུད་པའི་ཆོས་སྟོན་བྱ་ལ་བྱ་བ་མེད་ཅིང་མི་སྤྲོ་བའོ།། ་ཞེས་པའི་དོན་ཏོ།། དེ་ཞེས་པ་སྲིད་བྱ་དང་ཞི་བ་ལ་མི་གནས་པ་དང་མི་སྤྲོ་བའོ།། མཆོག་ཏུ་བརྩེ་བ་དང་ཤེས་རབ་དང་ལྡན་པས་ཅི་བྱ་བའི་ཚུལ་གྱིས་བཞུགས་པ་ཇི་ལྟར་མི་སྤྲོ་བ་ཞེས་རྨད་དུ་གྱུར་པ་ཐོབ་པའོ།། སྣ་ཚོགས་སྔ་མ་ལ ་ཞེས་པ། སྣ་ཚོགས་ཏེ་རྣམ་པ་སྣ་ཚོགས་པ་དང་རྨད་དུ་བྱུང་བའི་སྡེ་སྟེ་བདེ་བ་ཆེན་པོ་གང་གི་ཡིན་པ་དེ་ལའོ།། རྣལ་འབྱོར་མ་ཞེས་པ་ཤེས་རབ་དང་ཐབས་དང་སྙོམས་འཇུག་པ། རྣལ་འབྱོར་ཞེས་པར་མངོན་པར་བརྗོད།། དེ་འདི ་ལ་ཤིན་ཏུ་ཡོད་པའོ།། དེ་ཉིད་ཀྱི་ཕྱིར་དྲིས་པ་ལན་གདབ་པ་ལ་ནུས་པའོ་ཞེས་འདྲིའོ།། གང་གིས་སེམས་ཅན་རྣམས་ནུས་པ་རང་དང་གཞན་ལ་ཕན་པ་རྫོགས་པར་བྱེད་ཕོད་པ་འཐོབ་པའི་ཐབས་འགའ་ཞིག ་ཡོད་དམ། རྒྱུད་ལ་སོགས་པ་རྣམསུ་སྔགས་ཀྱི་ཐབས་བསྟན་པ་ལ་དགོས་པ་འདི་ག་ལས་ཞེ་ན་གསུང་པ་སྟེ། འདིར་བསྡུས་པའི་དོན་ནི། གང་རྒྱུད་ལ་སོགས་པ་ཐུབ་པའི་དབང་པོ་རྣམས་ཀྱིས་གསུངས་པ་དེ་རྣམས་ལ། སྔགས ་མེད་ན་ནུས་པ་མཐོང་ཞིང་། སྔགས་ལ་ནི་དགོས་པ་མང་པོ་རྣམས་སྐྱེ་སྟེ། དེ་ལྟར་ནི་ཆུང་ངུ་དང་འབྲིང་དང་ཆེ་བའི་བསོད་ནམས་ཅན་གྱི་སེམས་ཅནི་རྣམས་ཀྱི་རིམ་པ་ཇི་ལྟ་བར་བྱེད་པ་དང་འབུམ་དང་། ཁྲི་འདས་པ་རྣམས་ཀྱིས ་འགྲུབ་པར་རྡོ་རྗེ་ཅན་ཆེན་པོས་གསུངས་ན། ང་ཡང་ཅི་ཆུང་ངུ་ལ་སོགས་པའི་ནང་དུ་གཏོགས་སམ་མ་ཡིན་ཞེས་ཐེ་ཚོམ་དང་ལྡན་པ་ནི་སེམས་ཞན་པས་ཅི་ལྟར་སྔགས་ཟློས།། འདོད་ཆགས་ལ་སོགས་པས་ཉེ་བར་བཅོམ་པ་ལོག ་པོའི་ཤེས་པ་ཅན་རྣམས།། ཇི་ལྟར་འདོད་ཆགས་ལ་བཞུགས་པ་དེ་ལས་སྦགས་ཟློས།། འདོད་ཆགས་ལ་ཞུགས་པའི་སེམས་ཅན་རྣམས་ཞེས་ཀློག་པ་ལ་ནི་དེ་རྣམས་ཀྱི་ཞེས་བརྟག་པར་བྱའོ།། མཱི་ཤེས་པ་རྣམས་ཀྱི་རྒྱུད་དང་། ་སྔགས་ཟློས་པ་ལ་བརྩིས་བགྲང་བ་སྲིད་ཀྱང་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡིན། ཡང་དག་པའི་ཤེས་པ་ཅན་གྱི་ཡང་ཤིན་ཏུ་སྟེ། དངོས་པོ་དང་དངོས་པོ་མེད་པའི་མཐར་སེམས་དམིགས་པ་ནི་གང་གིས་ངེས ་པཱར་བཏགས་པ་སྟེ། ནརྀཥྚིའི་མཐའ་ཅན་ནི་འགའ་ཞིག་ཏུ་ཕ་རོལ་ཚིག་ཕྲད་དོ།། དེའི་སྔགས་ནི་ཇི་ལྟར་སྔགས་ཏེ་སྔགསུ་བྱ་བ་བཟླས་བྱ་ཡིན་ཏེ། སེམས་རྟོག་པ་དེ་ལས་ཡིད་ཀྱི་ངོ་བོ་ཡིད་དང་སྐྱོབ་པའི་ངོ་བོ་སྐྱོབ་པ་སྟེ་སྟོང་པ་ཉིད་དང ་སྙིང་རྗེ་དབྱེར་མེད་པ་དོན་དམ་པའི་སྔགས་ཡིན་ཅིང་དེ་ཁོ་ན་ལས་རང་དང་གཞན་གྱི་དོན་ནུས་པའི་དངོས་གྲུབ་ཡིན་ན་སྔགས་བཟླས་པས་ཅི་ཞིག་ཅེས་པ་དགོངས་པའོ།། ཐམས་ཅད་དུ་ཇི་ལྟར་ཞེས་པ་དྲི་བ་ལའོ།། དེ་ལྟར་ཞེས་པ་བརྗོད ་པའི་རིམས་པས། རྟོག་དཔྱོད་དང་ལྡན་པས་མི་བཟླས་ཏེ། དེ་ལ་ཡང་ཟློས་པ་ཡོད་ན་ཡང་དངོས་གྲུབ་གཞན་དུ་དངོས་གྲུབ་མ་ཡིན་པའོ།། བསྐལ་པ་སྐརྱ་མ་ལྟ་བུ་བྱ་བ་ཞེས་པ་གསུམ་པའི་དོན་ལ་དང་པོའོ།། ནམ་མཁའ་ལ་སྐར་མ ་དཔག་ཏུ་མེད་པ་བཞིན་དུ་དཔག་ཏུ་མེད་པའི་བསྐལ་པ་བྱེ་བས་སོ།། དེ་ལྟར་ཞེས་པ་ཇི་ལྟར་དགོས་པ་ལ་བཟླས་པ་མོ་སྲིད་པ་དེ་ལྟར་དོན་ལ་ཐེ་ཚོམ་ཟབ་ལ་སོགས་པས་རིས་འགའ་བཟླས་པ་ཡོད་ན་ཡང་དངོས་གྲུབ་ཀྱང་ངོ་།། བཅོམ ་ལྡན་འདས་ཞེས་པ་བཅོམ་ལྡན་འདས་ཀྱིའོ།། ལྷ་མོ་ཆེན་མོ་ནི་བཙུན་མོ་མཆོག་གོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བཞིན་དུ་རྒྱུད་ཐམས་ཅད་བདུག་མོ་སྟེ་རྒྱུད་ཐམས་ཅད་སྟོན་པར་རུང་བ་ཉིད་ཀྱིས་སོ་དེ་ལྟར་ནི་འདིས་རྡོ་རྗེ་ཕག ་མོའི་གཟུགས་ཀྱིས་འབུམ་པ་མངོན་པར་བརྗོད་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་དག་བསྟན་ཞེས་གསུངས་པ་སྟེ། བཅོམ་ལྡན་འདས་ཁོ་ན་འདིའོ་ཞེས་པ་ནི་དགོས་པའོ།། དབང་ཕྱུག་མ་ཐམས་ཅད་དུ་ཐོག་པ་མེད་ཅིང་བསམ ་གྱིས་མི་ཁྱབ་པའི་ནུས་པ་དང་ལྡན་པའི་ཕྱིར་རོ།། གཟིགས་པ་ཙམ་གྱིས་བཅོམ་ལྡན་འདས་ཞེས་པ་བཅོམ་ལྡན་འདས་ཀྱིའོ།། ཐོད་པར་ཞེས་པ་ཐོད་པ་ལས་ཏེ། ཀི་བདེ་བ་སྐྱོང་བར་བྱེད་ཅེས་པ་ཀ་པཱ་ལ་བྱང ་ཆུབ་ཀྱི་ས་བོན་གཞོམ་དུ་མེད་པའོ།། དེ་ལས་སྔགས་ཕྱུང་ངོ་།། འདི་ནི་འདིར་དགོངས་པ་སྟེ་སྨིན་མའི་དབུས་སུ་ཡེ་ཤེས་ཀྱི་ས་བྱོན་ཐིག་ལེའི་རྣམ་པར་བསྒོམ་པར་བྱའོ།། ཞེས་གསུངས་པའི་ཕྱིར་སྨིན་མའི་དབུས་སུ་ཐིག་ལེའི་རྣམ ་པར་སེམས་བསྒོམ་པས་བརྟན་པར་བྱས་ནས་སྔགས་སྤྲོ་བར་བྱའོ་ཞེས་པའོ།། ཡང་ན་བཅོམ་ལྡན་འདས་དང་འབྲེལ་པའི་ཐོད་པ་ལས་ཏེ་སྣ་ཚོགས་སྒྱུ་མའི་ཆོས་འབྱུང་ལསོ།། གང་གསུངས་པར་འགྱུར་བ་དེའི་ཐོད་པར་དཀྱིལ ་འཁོར་དང་སྔགས་དང་རྒྱུད་ལོགས་པོར་རྣམ་པར་གནས་སོ་ཞེས་སོ།། འདི་ནི་འདིར་མུན་དྲུག་སྟེ། བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོའི་འཁོར་ལོའི་གནས་གཞོམ་དུ་མེད་པ་ལས་འོངས་ཏེ། འོག་གི་ལམ་ནས་བྱུང་ནས ་བཅོམ་ལྡན་འདས་མིའི་ཆོས་འབྱུང་དུ་ཞུགས་ཏེ། ཨ་ཝ་དྷཱུ་ཏིའི་སྒོ་སྨིན་མཚམས་ཀྱི་དཀྱིལ་ནས་སྔགས་བྱུང་བ་ནི་ལུགས་འབྱུང་ཡིན་ཅིང་ལུགས་མི་མཐུན་གྱིས་འཇུག་པའོ།། དོན་འདི་ཉིད་ནི་འདི་ལྟ་རུ་ཞེས་པ་ལ་སོགས་པ ་ནས་ཐོད་པར་ཞུགས་སོ་ཞེས་པའི་མཐར་ཐུགས་པ་གསལ་བར་མཛད་དོ།། བཅོམ་ཞེས་པ་བཅོམ་ནས་སོ།། སྣ་ཚོགས་སྡེ་མ་ནི་འདིར་བཅོམ་ལྡན་འདས་མ་སྣ་ཚོགས་སྔ་མའི་རྩ་ཨ་ཝ་དྷཱུ་ཏིའི་སྟེ། དེའི་སྒོ་སྨིན་མཚམས་ཀྱི ་དབུསུ་ཞུགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཞུ་བར་གྱུར་ནས་འོག་གི་ཐོད་པ་ཆོས་འབྱུང་གི་ནང་དུ་ཞུགས་སོ།། དེ་ནས་བྱུང་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་ལལ་གྱི་སྟེང་ན། ཨ་ནཱ་ཏཱ་ལ་རིམ་པ་ལས་ཟློག་པས་ཞུགས ་བའོ།། འདྲའི་ཞེས་པ་འདིའི་འོ།། ཀླུ་རྣམས་ཞེས་པ་ཀླུ་རྣམསོ།། ཀླུ་ཐམས་ཅད་ནི་རྫུ་འཕྲུལ་ཆེན་པོ་ཞེས་པ་དང་འབྲེལ་ཏོ།། ནོར་རྒྱས་དང་སྟོབྱས་རྒྱུ་ལ་སོགས་དང་གཞན་ཡང་གང་སུ་ཡང་རུང་བ་དུག་འབྱུང་བ་རྣམས་ཏེ། མཐོང ་བཱ་དང་མཆེ་བ་དང་ཁ་ཆུ་དང་། རེག་པ་དང་། འོད་ཟེར་དང་། ཟ་འཕྲོའི་དུགུ་རྣམས་ལས་འབྱུང་བའོ།། བཀའ་བསྒོ་བ་ནི་ཀྱེ་ལྷ་མོ་བདག་ཅག་ལའོ།། སྨྲ་བ་ནི་སྨྲ་བ་རྣམསོ།། གསུངས་པ་ནི་སྣ་ཚོགས་སྡེ་མས་སོ།། དེ་ལྟར ་ཞེས་པ་སངས་རྒྱས་ཞེས་པ་ལྔ་སོགས་པ་ཐོད་པའི་དེ་མ་ཐག་ཁོ་ནར་རོ་བཅོམ་ལྡན་འདས་ཀྱི་ཐོད་པ་ནི་བཤད་ཟིན་ཏོ།། ཁ་ཕྱེ་ནས་ཏེ་རྣམ་པར་གསལ་བར་གྱུར་ནས་སོ།། སྨིན་མཚམས་ན་གནས་པའི་ཐིག་ལེ་ལས་ཨཱ ་ལི་ཀཱ་ལྕིའི་རང་བཞིན་ཉིད་ཀྱི་ཕྱིར། གླེགས་བམ་ཆོས་ཐམས་ཅད་བསྡུས་པའི་རང་བཞིན་བྲིས་པའི་འདབ་མའི་བདག་ཉིད་སྔགས་བཞིན་དུ་བྱུང་ངོ་།། ཡང་ན་བུ་ཞེས་པུལླཱི་རི་མ་ལ་ཡར་སྟ་ཞེས་བྱ་རྒྱས་པར་བྱེད་དེ་ཀཾ ་བདེ་བའོ།། ཞེས་པ་བུ་སྟ་ཀ་བྱང་ཆུབ་ཀྱི་སེམསོ།། དེ་ཁོ་ན་བྲིས་པའི་འདབ་མའི་བདག་ཉིད་དུ་གླེགས་བམ་དུ་འགྱུརརོ་ཞེས་པའི་དོན་ཏོ།། ན་མཁའ་ལས་ཞེས་པ་བཟླས་ནས་བཤད་པ་ལས་སོ།། ན་མཁའ་ལས ་ཏེ་ཆོས་འབྱུང་དུ་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱང་བུའི་དུས་ན་གང་གི་ཚེ་སྒྲ་ཙམ་བྱུང་བ་དེའི་ཚེ་གླེགས་བམ་བྱུང་བའོ།། དེའི་ཚེ་ཁོ་ན་ལྷ་རྣམས་ཀྱིས་ནམ་མཁའ་ལུས་སྒྲ་བྱེད་བཞིན་པ་བྱུང་བའོ།། རྒྱུད་ཅེས་པ་ལ་རྒྱུད ་ནི་རྒྱུན་ཏེ། དེ་ཡང་རྣམ་པ་གསུམ་སྟེ་རྒྱུ་དང་འབྲས་བུ་དང་། ཐབས་ཀྱི་དབྱེ་བ་ལས་སོ།། དེ་ལ་ཐོག་མ་དང་ཐ་མ་མེད་པའི་ཧེ་རུ་ཀའི་བདག་ཉིད་ནི་རྒྱུའི་རྒྱུད་དེ། དེ་ཁོ་ན་རྒྱུར་བྱས་ནས་འབྲས་བུའི་ཧེ་རུ་ཀཾ་འབྱུང་བའི་ཕྱིར་རོ།། བློ་བུར་གྱི་དྲི་མ་དང ་བྲལ་བ་ལས་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ངང་ཅན་འབྲས་བུའི་ཧེ་རུ་ཀ་ནི་འབྲས་བུའི་རྒྱུད་དོ།། དེ་ཁོ་ནའི་རྣམ་པར་དག་པའི་ཐབས་ནི་ཐབས་ཀྱི་རྒྱུད་དེ། མཁའ་ལྡིང་གི་སྦྱར་བ་ལ་སོགས་པ་རྣམས་ནི་ཐབས་ཀྱི་ཡན་ལག་ཉིད ་ཀྱིས་ཐབས་རྣམས་སོ།། དངོསུ་པའི་ཐབས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དུས་སུ་ཕྱག་རྒྱའི་རྣལ་འབྱོར་ལས་ཇི་སྐད་བཤད་པར་སྒྲུབ་པ་དང་དེའི་ཡང་དངོས་པའི་ཐབས་ནི་རྫོགས་པའི་རིམ་པ་སྟེ་དེའི་བསྐྱེད་པའི་རིམ་པའོ།། རྒྱལ ་པོ་ཆེན་པོ་ཞེས་པ་ཆེན་པོ་སྟེ། རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པས་སེམས་ཅན་ཁ་སྒྱུར་བའི་ཕྱིར་རོ།། འདིའི་རྒྱས་པར་བཤད་པ་ནི་སེམས་ཅན་ཀུན་ལ་ཕན་བྱེད་པ་ཞེས་པའོ།། རབ་ཏུ་རྒྱས་པར་བཤད་པ་ནི་སེམས ་ཅན་ཀུན་ལ་བདེ་འབབ་པ་ཞེས་པའོ།། དངོས་གྲུབ་ཐམས་ཅད་ཅེས་པ། གང་གི་ཕྱིར་འདི་ལས་དངོས་གྲུབ་ཐམས་ཅད་ཡིན་པའོ།། རྣལ་འབྱོར་མའི་ཐེག་པ་ཞེས་པ་རྣལ་འབྱོར་མའི་རྒྱུད་དེ། དེར་འགྲོ་བ་དང་འགྲོ་བ་ཞེས་པ་འབྲས ་བུ་དང་རྒྱུད་དང་ཐབས་ཀྱི་རང་བཞིན་ནོ།། གོང་ན་མེད་ཅེས་རྒྱས་པར་བཤད་པ། མྱུར་དུ་འབྲས་བུ་སྟེར་བྱེད་པའོ།། ཞེས་པའོ།། དེ་ལ་དངོས་པའི་ཐབས་ཉིད་ཀྱིས་ན་རྫོགས་པའི་རིམ་པ་རེ་ཞིག་མདོར་སྟོན་ཏེ། སྤར་བ་ཞེས་པ་ལ་སོགས་པའོ།། ། ་སྦྱར་བ་ནི་བཟང་སྟོད་པ་སྟེ་རྡོ་རྗེའོ།། ནང་དུ་ནི་བྱང་ཆུབ་ཀྱི་སེམས་སོ།། མནན་པ་ནི་རྟེན་ཉིད་ཀྱི་ཕྱིར་པདྨའོ།། དེ་ལས་སྐྱེས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཉིད་ཀྱིས་ན་ཡེ་ཤེས་ཆེན་པོའོ།། སྒྲིབ་པ་མེད་པའི་བདེ་བ་ཆེན་པོ་ཉིད་ཀྱིས་ན་བླ་ན། ་མེད་པའོ།། གནས་ཞེས་པ་གོ་འཕང་སྟེ། རང་དང་གཞན་གྱིས་དོན་ཕུན་སུམ་ཚོགས་པའི་གཞིའོ།། ཡང་ན་གནས་ནི་རྩཝ་རྣམསུ་རྒྱུ་བ་སྤངས་པའོ།། རྙེད་དཀའ་བ་ནི་ལེ་ལོ་ལ་སོགས་པས་ཉེ་བར་བཅོམ་པ་རྣམས་ལའོ།། གསང་བ་ནི ་ཉན་ཐོས་ལ་སོགས་པ་རྣམས་ལ་གསལ་བྱ་མིན་པའོ།། དེ་ཉིད་ཀྱི་ཕྱིར་མཆོག་ཕུལ་དུ་བྱུང་བ་སྟེ། ཤེས་རབ་རྣོ་ཞིང་བསོད་ནམས་གསགས་པ་རྣམས་ཁོ་ནའི་ཡུལ་འདི་ཉིད་ཀྱི་ཕྱིར་རོ།། ཉམས་དགའ་བ་ནི་དགའ་བ་ལ་སོགས་པ ་དང་ལྡན་པའོ།། ལུས་ཀུན་ལ་ནི་རྣམ་པར་གནས།། ཤེས་པ་ཐམས་ཅད་དུ་རྒྱུན་མ་ཆད་པར་ཉམསུ་མྱོང་བའི་ཕྱིར་བདེ་བ་ཆེན་པོ་ཡོངསུ་རྒྱས་པ་ཉིད་དུ་གསུངསོ།། ལུས་ཁོ་ན་དང་། དེ་རོ་གཅིག་པར་འབྱུང་བའི་ཕྱིར་རླབས་དང་ཆུ ་བཞིན་ནོ།། དེ་ལྟར་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་དུ་དཀྱིལ་འཁོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་པོ་བསྟན་ཏོ།། ཐབས་ཀྱི་ཡན་ལག་མདོར་སྟོན་ཏེ། མཁའ་ལྡིང་སྦྱོར་དང་ཞེས་པ་ལ་སོགས་པ་གསོད་པའི ་བར་ལས་བཅུ་གཉིས་རྣམསོ།། བསྐྱེད་པའི་རིམ་པ་མདོར་སྟོན་པ། སྔགས་སྣ་ཚོགས་ཞེས་པ་ཧཱུཾ་ཡིག་ལ་སོགས་སྐྱེད་པའི་ས་བོན་ནོ།། ཇི་ལྟར་རིགས་པ་ནི་འཆད་པར་འགྱུར་བའི་ལེའུར་བཤད་པའི་ཆོ་ག་ཡིསོ།། ་རྣལ་འབྱོར་མ་རྣམས་ཀྱི་སྣ་ཚོགས་སྡེ་མ་ལུ་སོགས་ཀྱིའོ།། ཇི་བཞིན་འབྱུང་བ་ནི་ཇི་ལྟར་རིགས་པར་སྐྱེད་པའོ།། ཧེ་རུ་ཀ་ཞེས་པ་དཔའ་བོ་ཆེན་པོ་ཧེ་རུ་ཀའི་འོ།། སྐྱེད་པའི་རྒྱུ་ནི་ཟླ་བ་ལ་སོགས་པའོ།། གནས་པའི་རྒྱུ་ནི་ཆོས་འབྱུང་ལ་སོགས ་བའོ།། བསྐྱེད་པའི་རིམ་པ་འདི་དང་པོར་བསྒོམ་པར་བྱའོ།། ཐེག་པ་ཆེན་པོའི་གསང་སྔགས་ལ་འདིར་ལས་དང་པོའི་སེམས་ཅན་རྣམས་དང་པོར་གཞུག་པའི་ཆེད་དུ་ལྷའི་སྐུ་སྒོམ་པ་ཁོ་ན་གསུངས་ཏེ། གང་གསུངས་པ། དང་པོའི་ལས ་ཅན་སེམས་ཅན་ལ།། ལྷ་ཉིད་ཀྱི་ནི་སྐུ་སྒོམ་པ།། ཐོག་མར་རྒྱུད་དུ་ལས་ཐམས་ཅད།། འགྲུབ་པའི་ཆེད་དུ་ངེས་པར་བསྟན།། ཞེས་སོ།། སྐྱེད་པའི་རིམ་པའི་དངོས་པའི་ཐབས་ལས་བྱུང་བ་རྫོགས་པའི་རིམ་པའོ་ཞེས་པས་གང་གང་འདྲ་བའི ་བསྐྱེད་པའི་རིམ་པ་ཐབས་ཡིན་ཞེས་པ་རྟོགས་པའི་དོན་དུ་བསྐྱེད་པའི་རིམ་པ་མདོར་བསྟན་པའི་དེ་ཐག་ཏུ་རིམ་པ་གཉིས་ཀྱི་ཁྱད་པར་གསུངས་པ་དངོས་པོ་ཞེས་པ་ལ་སོགས་པའོ།། དངོས་པོ་དང་དངོས་པོ་མེད་པ་དག་ཏུ་སྒྲོ་བཏགས་པ་གནོད ་པ་མཐའ་དག་གི་ཁྱབ་པར་བྱེད་པ་དག་མེད་པའི་ཕྱིར་དངོས་དང་དངོས་མེད་སྤྲོས་མེད་པའོ།། སྒྲིབ་པ་གཉིས་ཀྱི་ཆ་མེད་པའི་ཕྱིར་གོས་པ་མེད་པའོ།། འོ་ན་གཞན་གྱི་དོན་བྱ་བ་མ་ཡིན་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་བཞིན་ནོ།། ་ཞེས་ན་གསུངས་པ། སྲིད་པར་སྤྱོད་བྱེད་ཅེས་པ་སྟེ། སྒྲིབ་པ་མེད་ཀྱང་གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོས་མུ་འཐའ་མེད་པའི་དུས་སུ་འཁོར་བར་འབྱུང་བའི་ཕྱིར་རོ།། དེ་མཆོག་གི་དང་པོའི་རྒྱུང་དུ་གསུངས་པ། དཔའ་བོ་མཆོག་རྣམས ་ཇི་སྲིད་དུ།། འཁོར་བའི་གནས་གནས་གྱུར་པ། དེ་སྲིད་མཉམ་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱ་བར་ནུས་ཞེས་སོ།། སླར་ཡང་ཐབས་ཀྱི་ཡན་ལོག་གསུངས་པ། དགོངས་པའི་སྐད་ཅེས་པ་ལ་སོགས་པའོ།། གཟུགས་བརྙན ་དགས་པ་ལ་སོགས་པ་རལ་གྲིའི་མཐར་ཐུག་པ་ནི་ལས་བཅུ་གཉིས་རྣམས་སྦྱར་དྲང་ཕྱི་མའི་ལས་བཤད་པས་སོ།། བསྐྱེད་པའི་རིམ་པ་ལ་གནས་པ་དང་རྫོགས་པའི་རིམ་པ་ལ་གནས་པའི་སངས་རྒྱས་ཐོད་པའི་སྦྱོར་བ་ཡིས་ལས ་ཐམས་ཅད་འགྲུབ་པར་འགྱུར་རོ།། ཞེས་གསལ་བར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་གསོད་པ་དང་རོ་དག་ལ་ཉེ་བར་མཚོན་པ་ཉིད་ཀྱིས་གཉིས་ཀ་ལ་ཉེ་བར་ལེན་པའོ།། མི་སྣང་བ་ཞེས་པ་བདག་ཉིད་དོ།། མཆོག་མཱི་ཞེས་པ་ཕུལ་བྱུང་མ་ཡིན། ་པབའོ།། དཀའ་ཐུབ་ངེས་པ་དྲག་རྣམས་ཀྱིས།། ལུས་ནི་སྙོམས་ཤིང་སྡུག་བསྔལ་ཉིད།། སྡུག་བསྔལ་བ་ལས་སེམས་གཡེངས་ཏེ།། གཡེང་བ་ལས་དངོས་གྲུབ་གཞིན་དུའོ།། ཞེས་གསུངས་པ། འདོད་པ་ལྔ་ནི་བསྟེན་བཞིན་པས ་ཤེས་སོ།། སྒྱུ་མ་རྣམས་ནི་ཐམས་ཅད་ལ།། བུད་མེད་སྒྱུ་མ་ཁྱད་པར་འཕགས།། ཡེ་ཤེས་གསུམ་གྱི་དབྱེ་བ་འདི།། འདི་ཁོ་ན་ལ་གསལ་བར་མཚོན་ཞེས་པའི་རིགས་པས་འདོད་པའི་ཡོན་ཏན་ལྔ་རྣམས་ལ། ཉེ་བར་སྤྱོད་པ་ན ་གཙོ་བོ་བུད་མེད་བསྟན་པ་སྟེ། ཐབས་ལ་མཁས་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱིས་ཕྱིར་རོ།། དེས་ན་དེའི་དོན་རྩ་བར་བྱེད་པ་མདོར་བསྟན་པའི་དོན་དུ་གསུངས་པ། འཇིགས་པ་འཇོམས ་བྱེད་ཅེས་པ་ལ་སོགས་པ་སྟེ། འཇིགས་པ་རྣམ་པར་རྟོག་པ་རྣམས་ལྷན་ཅིག་སྐྱེས་པ་འཆར་བའི་དུས་སུ་ནུབ་པར་འགྲོ་བའི་ཕྱིར་འཇོམས་པར་རུང་བའི།། གཡུལ་ཆེན་པོ་ནི་དགའ་རྩེད་སྣ་ཚོགས་པའོ།། བྱེད་བཞིན་པ་ནི་སྐྱེས་པ་གཅིག ་གོགིས་བུད་མེད་འབུམ་ལས་རྒྱལ་བར་བྱེད་དེ་རོ་རྩ་བའི་བྱེད་པས་སོ།། ཅི་འདི་ལྟོར་མཐོང་ངམ་ཞེས་ན་གསུངས་པ་སྐྱེས་པ་གཅིག་གིས་ཤེས་ཏེ། སྐྱེས་པ་གཅིག་འདོད་པ་ཆུན་པོ་ཅན་དུ་མཐོང་སྟེ་འཕགས་པ་ཆོས་འཕགས་ལ ་གས་པས་བུད་མེང་སྟོང་ཕྱག་དྲུག་ཅུ་རྩ་བརྒྱད་རྣམས་ཏེ། ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་བུད་མེད་འབུམ་ཕྲག་ཟོལ་གྱིས་གནོན་ཞེས་པ་ལྷག་མའོ།། དེའི་ཕྱིར་འདོད་པ་སྤྱོད་དེ། གཅིག་གིས་ཞེས་པ་གཅིག་པུས། ཐམས་ཅད་ཅེས ་ཐམས་ཅད་མ་རྣམས་ལའོ།། འདིརི་ཡང་ཐབས་ནི་རོ་རྩ་བར་བྱེད་པ་ཞེས་པ་བྱང་ཆུབ་ཀྱི་སེམས་འཇུ་བར་བྱེད་པ་དང་འཛིན་པ་དང་འཕེལ་བ་སྟེ། གསུམ་པོ་འདི་ཇི་ལྟར་འགྱུར་བ་དེ་འཆད་པར་འགྱུར་རོ།། དེ་ནས་ཞེས་པ་ལ་སོ ་པས་མཁའ་ལྡིང་སྦྱོར་བ་མདོར་སྟོན་ཏེ། མིང་ཇི་བཞིན་ཞེས་པ་ཇི་ལྟར་རབ་ཏུ་གྲགས་པར་འགྱུར་བ་དེ་ལྟར་བཤད་པར་བྱའོ།། ཤཱ་ལི་ཀཱའི་བྱེད་པ་དང་རིག་པ་འཛིན་པའི་བྱེད་པ་ནི་རབ་ཏུ་རྒྱས་པར་སྟེན་པར་འགྱུར་རོ།། རྒྱན་པ་ནི་ཆོ ་ལོ་སྟེ། དེ་རྩེ་བས་དུ་ཞི་བར་བྱེད་དོ།། རྔ་བརྡུང་བྱའོ།། ཟིན་པ་བུད་མེད་ཀྱིས་འཕྲོག་པའོ།། ཀ་ར་བཱི་རའི་ཤིང་གིས་མགོ་བོ་ནས་བཟུང་ནས་རྐང་པའི་མཐའ་ཇི་སྲིད་པར་བསྣུན་པའོ།། ཞགས་པ་ཞེས་པ་ཞགས་པའི་རྣམ་པའི་ཐག་པས་མགྲིན་པར་བཅིངས ་ནས་འགུགས་པའོ།། ཁུ་བྷྱོག་གི་སྒྱུ་བྱེད་པའོ།། པདྨ་འབྱེད་པ་ཞེས་པ་ནང་གི་པདྨ་རྣམསུ་རྩ་བའི་འདོན་པའི་བསམ་པས་མུན་ངགཱ་ཇི་ལྟ་བུར་རླུང་འགོག་པའོ།། གཞན་ནི་ལོངསྲ་སྤྱོད་རྫོགས་པའི་འཁོར་ལོའི་རྩ་གཉིས་འཁྲུལ་འཁོར་དུ་བྱེད་པར ་སྨྲའོ།། སྟག་བྱེད་ནི་སྟག་བཞིན་དུ་བགྲོང་བའི་ཚུལ་གྱིས་འཆག་པའོ།། ཆུ་ནི་རབ་ཏུ་རྒྱས་པར་སྟོན་པར་འགྱུར་རོ།། དུང་ཞེས་པ་ནི་དུང་གི་སྒྲའོ།། ཐོད་ལོ་ཀོར་འཕྲོག་ཅེས་པ་ནི་ཐོང་ལོ་ཀོར་གྱི་བཟུང་བའི་མིང་བྲིས་པ་ལས་དུག་འཕྲོག་པའོ། ་སྐྱུག་པ་ཞེས་པ་སྐྱུག་པར་བྱེད་པའི།། རས་ཀྱི་གོས་ཀྱི་གཡོགས་པའོ།། ཐལ་ལྷག་ཅེས་པ་ཐལ་ལྷག་གིས་བསྣུན་པའོ།། ཡི་གསུམ་ཞེས་པཱ་ཌྷ་ཀ་ཀརྱ་ཡིས་རྡེག་པའོ།། ཧ་ཧོ་ཧྲཱིཿཞེས་པ་ཡི་གེ་གསུམ་གྱིས་དུག་འཇིག་པའོ་ཞེས་ཁ ་ཅིག་གོ།། བསམ་གཏན་ལྟོ་བས་གཏམ་ཞེས་པ་དཀར་པོའི་ཨ་ཡིག་ལ་སོགས་པ་བསྒོམ་པ་ཡི་ལྟ་བས་གཏམ་བྱ་བའོ།། ཞེས་པ་སྦྱོར་བ་བཅོ་བརྒྱད་པོ་འདི་རྣམས་ཀྱིས་དུག་དགུགས་པར་འགྱུར་རོ།། རྫོགས་པའི་རིམ་པ ་མདོར་བསྟན་པ་རྒྱས་པར་སྟོན་ཏོ།། དེ་ནས་ཞེས་པ་ལ་སོགས་པའོ།། རོ་ལས་བདེ་བ་ཅན་པདྨར་ཡོད་པ་ནི་བཟང་པོ་སྟེ། ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དགའ་བའོ།། ཇི་བཞིན་པ་ནི་གཅིག་དང་དུ་མའི་རང་བཞིན་དང ་བྲལ་བ་ཉིད་ཀྱིས་རང་བཞིན་མེད་པ་ཉིད་ཀྱིས་ན་དེ་ལྟར་ཀུན་རྫོབ་ཀྱིས་བདེན་པའོ།། བྷ་ག་ནི་པདྨ་སྟེ་དེའི་དབུས་ཀྱི་གཞི་ལ་རྣམ་པར་གཞུགས་ཏེ། རྣམ་པར་རྟོག་པུ་རྣམས་གསལ་ནས་བཞུགས་ཏེ། སྲིད་པ་དང་མྱ ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་སོ།། དེ་ཀྱེའི་རྡོ་རྗེར་གསུངས་པ། རྡོ་རྗེ་རྩེ་མཱའི་བྷ་ག་བཟང་།། བདེ་བ་ཅན་དུ་ཇི་བཞུགས་ཏེ།། སངས་རྒྱས་རིན་ཆེན་ཟ་མ་ཏོག། ཨེ་ཡིག་ཆུ་བྱད་དྲོ་བོར་རོ།། དེ་བཞིན་དུ། བཙུན་མོའི་བྷ་ག་བདེ་ཚོན ་དུ།། ཁུ་བའི་མིང་གིས་རྣམ་པར་གནས།། དེམྨེ་བཱ་ནི་བདེ་མི་འགྱུར།། དེ་བ་བྲོན་དེ་མི་འགྱུར།། ཞེ་སོ།། དེ་བཞིན་དུ། ལྷན་ཅིག་སྐྱེས་དགའ་རང་བཞིན་ང་།། མཆོག་མཐའ་ཁྱད་དགའ་དང་པོ་ཅན་ཞེས་སོ།། འདིར་ཁུ་བའི་མིང་གིས་ཞེས་པ་བྱང་ཆུབ་སེམས་ཀྱི ་རྣམ་པ་ཁོ་ནའི་སེམས་དེ་ལྟར་གསལ་བའི་ཕྱིར་རོ།། མཆོག་མཐའ་ཁྱད་དགའ་དང་པོ་ཅན་ཞེས་མཆོག་གི་མཐའ་ཁྱད་པར་དགའ་བ་ནི་གླང་གི་དྲང་པོ་ཡིན་པ་སྟེ། མཆོག་གི་དྲི་མ་ཐག་ཏུ་ཁྱད་པར་དགའ་བ་དང་དེའི་ངོ་མ་ཐག་ཏུ་ལྷན་ཅིག ་སྐྱེས་པ་ཞེས་པའི་དོན་ཏོ།། ལུགས་གཞན་ལ་ནི་ཁྱད་པར་དགའ་བའི་དང་པོ་སྟེ། མཆོག་དང་ཁྱད་པར་དགའ་བ་དག་གི་དབུས་སུའོ་ཞེས་པའི་དོན་ཏོ།། འདོད་པ་འདི་ཡང་མི་འཐད་དེ།། ཁྱད་དགའ་དང་པོར་མཚོན་པར་བྱ།། དེ་ཡང་དགའ ་བ་གསུམ་པོ་སྤངས་ཞེས་གསུངས་པའི་ཕྱིར་རོ།། འདིས་ནི་ཁྱད་དགའ་ཡང་འདི་ཡིན་ལ་དང་པོར་ཡང་ངོ་ཞེས་པས་ཁྱད་དགའི་དུས་ཁོ་ནར་ཉེ་བར་འཆར་བའི་ལྷན་ཅིག་སྐྱེས་པ་དང་པོ་ཁོ་ནར་མཚོན་པར་བྱའོ་ཞེས་རྟོག་པར་བྱས་ཏེ ་ལྷན་ཅིག་སྐྱེས་པ་ཤར་བ་ན་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་རང་བཞིན་ཉིད་ཀྱི་ཕྱིར་ག་ལ་མཚོན། དེ་ཉིད་ཀྱི་ཕྱིར་འཕགས་པའི་ཞབས་ཀྱིས་གསུངས་པ་ཡེ་ཤེས་གསུམ་གྱི་དབྱེ་བ་འདི།། འདི་ཁོ་ན་ལ་གསལ་བར་མཚོན།། ཞེས ་པ་འདིས་དགའ་བ་གསུམ་པོ་མཚོན་པ་དང་བཞི་པ་མི་མཚོན་པར་གསུངསོ།། བཅོམ་ལྡན་འདས་ཀྱི་ཀྱང་མཚན་ཉིད་དང་བྲལ་བ་གསུམ་ལས་གཞན་ཞེས་པ་འདིས་སོ།། དེའི་ཕྱིར་ཇི་ལྟར་ལྷན་ཅིག་སྐྱེས་པའི་རྗེས་ཐོག་སུ་ཁྱད་དགའ ་སྐྱེ་སྟེ། མཚོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། ཁྱད་དགའི་དེ་མ་ཐག་པའི་དྲན་པ་ཁོ་ནས་མཚོན་པ་ཉིད་ཀྱིས་ན་ཉམ་སུ་མྱོང་བའི་ཆོས་མ་བསྟན་པར་འགྱུར་རོ།། ལྷན་ཅིག་སྐྱེས་པ་འཚར་བྱའི་གནས་ལ་ནི་ལོག་པར་རྟོག་པ་མེད་པ་ཁོ ་ནའོ།། འོ་ན་དང་པོར་ཡ་ཅིའི་ཕྱིར་མཚོན་ཏེ། ཉམ་སུ་མ་མྱོང་བ་ཉིད་ཁོ་ནའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཐོ་རངས་ཀྱི་དུས་མཚམས་བཞིན་ནོ།། འོ་ནི་དེ་ལྟ་ན་ཡང་དེའི་ངོ་བོ་ཉེ་བར་མཚོན་པ་ཁོ་ནའོ་ཞེ་ན་བདེན་ཏེ། ཉམསུ་མྱོང ་བའི་ཐབས་ནི་འདི་ལྟར་ཉེ་བར་བསྟེན་པར་བྱའོ།། འོ་ན་དྲི་ལྟ་བུ་ནི་ཐུབསུ་ཡང་འགྱུར་བར་འོས་པ་མ་ཡིན་ཏེ། དེ་ནས་བཟུང་ནས་དེ་ཉེ་བར་མཚོན་པར་མངོན་པར་ཞེན་པ་འདི་ལྔ་དེ་མི་སྲིད་པའི་ཕྱིར་རོ་ཞེ་ན། བདེན་ཏེ་གལ་ཏེ ་དེ་ལྟར་གྱུར་ནའོ།། དེར་ནི་དེ་ལྟར་འབྱུང་བཞིན་པ་ན་ཇི་ལྟར་བྱ་བ་དེ་ལྟར་བླ་མ་རྣམས་གསུངས་པར་འགྱུར་རོ།། དེ་ལྟར་འདོད་པ་གཉིས་ཀ་ལ་ཡང་ཉེ་བར་མཚོན་པའི་རིམ་པ་གསལ་བར་བྱས་སོ།། ཁྱད་དགའ་ལྷན ་ཅིག་སྐྱེས་པའི་དེ་མ་ཐག་པ་ཉིད་ན་རྒྱུད་གཞན་རྣམས་དང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཕྱག་རྒྱའི་དངོས་གྲུབ་ཀྱང་མི་འཐད་ཅིང་། ལྷན་ཅིག་སྐྱེས་པ་ཉམསུ་མྱོང་བ་ཀྱང་མི་སྲིད་ཀྱི་ལྷན་ཅིག་སྐྱེས ་པའི་རང་གི་ངོ་བོ་ཁོ་ན་འགའ་ཞིག་པ་ནི་མི་འཐད་པ་མེད་དོ།། ཞེས་པས་ལུགས་སྔ་མ་ཁོ་ན་མན་ངག་རིག་པོ་རྣམས་གསུང་ངོ་ཞེས་པ་ཤིན་ཏུ་ཞར་ལོ་བྱུང་བས་མཆོ་ཀོ།། ཡེ་ཤེས་བཟང་པོ་དེ་དཔེ་ཉིད་ཀྱིས་འཇིག་རྟེན་པའི་ལྷན་ཅིག་སྐྱེས ་པའི་བདེ་བ་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་བལྟ་བར་བྱའོ་ཞེས་གསུངས་པ་བདེ་བ་ཆེན་པོ་སྟེར་བྱེད་པ་ཞེས་པ། དེའི་ཐབསུ་གྱུར་པའི་ལྷན་ཅིག་སྐྱེས་པ་མན་ངག་ཇི་ལྟ་བ་བཞིན་གོམས་པར་བྱས་ནི་མི་འགྱུར་བ་བདེ་བ་ཆེན་པོ་སྒྲུབ ་པ་ཕུལ་དུ་དབྱུང་དུ་མེད་པ་ཐབས་ལས་བྱུང་བ་ཉེ་བར་བསྐྱོད་པར་བྱའོ།། ཐབས་དང་ཐབས་ལས་བྱུང་བའི་བདེ་བ་འདི་དག་གི་དེ་ཁོ་ན་ཉིད་ནི་རང་བཞིན་མེད་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཁོ་ནའོ།། གང་རྣམས་བདེ་བ་ཁོ་ན་དེ་ཁོ་ན ་ཉིད་དུ་ཡིད་ཆེས་ནས་གནས་པ་དེ་རྣམས་ཀྱི་འཁྲུལ་པ་གསལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཕྱིར་འབྱུང་བ་ཆེན་བདེ་བ།། དེ་ཕྱིར་བདེ་བ་དེ་ཉིད་མིན།། ཞེས་སོ།། ལྷན་ཅིག་སྐྱེས་པ་ཡང་ཐམས་ཅད་ཀྱི་ཚེ་ཐམས ་ཅད་དུ་མི་འབྱུང་སྟེ། དེ་ལྟར་ན་ལྷན་ཅིག་སྐྱེས་པ་དངོས་པོའི་རང་གི་ངོ་བོ་སྟེ། དེའི་དོན་དམ་པ་སྟོང་པ་ཉིད་ཁོ་ན་དང་ཀུན་རྫོབ་པ་རྟོགས་པའོ།། བདེ་བ་ནི་རྟོགས་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་ལྷན ་ཅིག་སྐྱེས་པ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་ཉམ་སུ་མྱོང་བའི་དུས་སུ་དང་། བསམ་གཏན་བཞི་པ་ལ་དང་། གཟུགས་མེད་པའི་ཁམ་སུ་རྟོགས་པ་བཞིན་དུ་ཉམསུ་མ་མྱོང་བ་ཉིད་ཀྱི་ཕྱིར་རོ།། གང་མཚན་ཡང་དག་པར ་བརྗོད་པར་གསུངས་པ། བསམ་གཏན་བཞི་པའི་རྩེ་མོ་འཆང་། ཞེས་པ་དེར་བསམ་གཏན་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རྩེ་མོར་སྟེ། རྣམ་པར་རྟོགས་པའི་དྲི་མ་ཐམས་ཅད་དང་བྲལ་བྱ་རབ་ཏུ་གྱུར་པ་མཐར་ཐུག་པ་ལ་དེའི ་བདག་ཉིད་ཀྱིས་གནས་པ་དེའི་ཕྱིར་དེའི་རང་གི་ངོ་བོ་འཛིན་པ་ཞེས་པའི་དོན་ཏོ།། བདེ་བ་ཆེན་པོའི་རང་བཞིན་དུ་མུ་མཐའ་མེད་པའི་ཁམས་གསུམ་པ་སྣང་བར་གྱུར་པ་ན་བསམ་གཏན་ལ་སོགས་པ་ཡང་བདེ་བ་ཆེན་པོའི་རང ་བཞིན་ནི་བཅོམ་ལྡན་འདས་ཁོ་ན་སྟེ་གཞན་གྱི་ནི་མ་ཡིན་ནོ།། ཞེས་པ་བཟླས་ཏེ་བཤད་པའི་དོན་ཏོ།། འོ་ན་ཇི་ལྟར་བདེ་བ་ལྷན་ཅིག་སྐྱེས་པར་བརྗོད་ཅེ་ན། ཇི་ལྟར་དམིགས་པའི་སྙིང་རྗེ་ཆེན་པོ་དེ་ཁོ་ན་ཉིད་མ་མཐོང་བའི་ཡོད་པ ་མ་ཡིན་པ་ལྷག་པར་མོས་པས་བསྒོམ་བཞིན་པ་ནི་དེ་ཁོ་ན་ཉིད་རྟོགས་པ་ནི་རྟོགས་པའི་བདག་ཉིད་ཀྱི་ཕྱིར་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པར་རྗོད་པ་དེ་བཞིན་དུ་བདེ ་བ་རེས་དགའ་ཉམ་སུ་མྱོང་བའི་གནས་སྐབསུ་དང་། ཉམ་སུ་མ་མྱོང་བའི་གནས་སྐབས་དེ་ཁོ་ན་ཉིད་མ་མཐོང་བས་ལྷག་པར་མོས་པས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས ་ཅད་མཆོག་དང་ལྡན་པས། སྒོམ་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབསུ་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པར་བརྗོད་དོ།། དེ་ཁོ་ན་ཉིད་མ་རྟོག་པའི་གནས་སྐབསུ་ཉམས་མྱོང ་བ་ནི་འཇིག་རྟེན་པའི་ཀུན་རྫོབ་པི་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེསུ་བྱེད་པ་ཉིད་ཀྱི་ཕྱིར་རོ།། དེ་སྐད་དུ་ཡང་གསུངས་པ། ལྷན་སྐྱེས་དག་ལས་གང་སྐྱེས་པ། དེ་ནི་ལྷན་ཅིག་སྐྱེས་པར་བཤད།། རང་བཞིན ་ལྷན་ཅིག་སྐྱེས་པར་བཤད།། རྣམ་པ་ཐམས་ཅད་སྡོམ་པ་ཅིག། སྙིང་རྗེ་ཐམས་ཅད་རྣལ་འབྱོར་འགྱུར་ཕྱག་རྒྱ་རྒྱུ་དང་བྲལ་བ་ལས།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ཞེས་བཤད་པའོ།། ཞེས་འདིར་འདི་ལ། སྡོམ ་པ་བྱ་བའོ།། ཞེས་པ་སྡོམ་པའོ།། རྣམ་པ་ཐམས་ཅད་ཀྱི་སྟེ་སྔོན་པོ་དང་སེར་པོ་ལ་སོགས་ཀྱིས་གཅིག་སྟེ་གཉིས་པ་མེད་པའི་སྡོམ་པ་སྟེ། ལྷན་ཅིག་སྐྱེས་པ་ཁོ་ན་དེ་ལྟར་སྣང་བའི་ཕྱིར་རོ།། ལྷན་ཅིག་སྐྱེས་པ་དག་ཡང་གང ་དགུ་ལས་སྐྱེས་པ་ལྷན་ཅིག་སྐྱེས་པར་བརྗོད་པར་བྱ་བ་དེ་དགྲ་ནི་སྙིང་རྗེ་དང་ཕྱག་རྒྱ་དྲུག་གོ། དེའི་ཕྱིར་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་དེ་གང་གི་ཐབས་ཡིན་པ་འདི་ལྟར་གྱུར་པ་དེ་ནི་རྣལ་འབྱོར་པར་འགྱུར།། ་འདི་སྐད་བཤད་དེ། ཐབས་ཀྱི་དེ་ཁོ་ན་ཉིད་བདེ་བ་འདི་ཡིན་གྱིས། ཤེས་རབ་ཀྱི་ངོ་ཁོ་ན་ཉིད་ནི་མ་ཡིན་ནོ།། ཕྱག་རྒྱ་ནི་སྟོང་པ་ཉིད་དང་དེ་ཁོ་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་ཅན་ཤེས་རབ་དམ་པ་སྟེ་རྒྱུ་དང་བྲལ་བ་ལས ་ནིརྒྱུ་མེད་པ་ལས་ཏེ། ཆོས་རྣམས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ།། རང་བཞིན་འདི་དག་ཀྱང་ལྷན་ཅིག་སྐྱེས་པ་དག་ཁོ་ན་སྟེ། རང་ཉིད་ལས་གྲུབ་པ་ཉིད་ཀྱི་ཕྱིར་རོ།། འདི་དག་ལས་སྐྱེས་པའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ།། དེ་ཅི་འདི་ཤེས་རབ་ཀྱི་ཡེ་ཤེས་ལས་གཞན་པ་ཁོ་ན་འམ་ཞེ་ན། གཞན་མ་ཡིན་ཏེ། དེ་ཁོ་ན་མི་མཐུན་ཕྱོགས་བསལ་བ་དེ་ནི་རྣམ་པ་འདི་ལྟ་བུའོ།། ཞེས་རང་གི་ངོ་བོར་རབ་ཏུ་གསལ་བའོ།། ་ལྷན་ཅིག་སྐྱེས་པ་ཤེས་རབ་ཡེ་ཤེས་ཀྱི་རང་གི་ངོ་བོ་དག་ལས་གོམས་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ནི་བཞི་པ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཏེ། རྣམ་པར་རྟོག་པའི་དྲི་མ་རྣམས་ཐམས་ཅད་དངོསུ་འདིས་འཁྲུད ་པའི་ཕྱིར་རོ།། དེ་གསུངས་པ། བཞི་པ་དེ་ཡང་དེ་བཞིན་ནོ།། ཞེས་སོ།། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཁོ་ན་སྣ་ཚོགས་པར་སྟོན་པ་གསུངས་པ་དེ་ཁོ་ནར་ནཱི་ཞེས་པ་ལ་སོགས་པའོ།། བཟང་པོའི་ཡེ་ཤེས་དེ་ཁོ་ནར་དངོས་པོ་དང ་དངོས་པོ་མེད་པ་ལ་སོགས་པར་སྒྲོ་བཏགས་པ་མཐའ་དག་སྟོང་པ་ཉིད་དང་རོ་གཅིག་པར་དེའི་བདག་ཉིད་ཀྱིས་ཐམས་ཅད་གནས་སོ།། བྱིས་པ་ཞེས་པ་བྱིས་པ་རྣམས་ཏེ་སོ་སོའི་སྐྱེ་བོའོ།། འོ་ན་ཇི་ལྟར་བདག་ཉིད་ཀྱི་རང་གི་ངོ་བོ ་ཡང་མི་ཤེས་ཞེ་ན། གང་ཕྱིར་རྨོངས་པ་རྣམས་ཏེ། དངོས་པོ་དང་དངོས་པོ་མེད་པར་ལ་སོགས་པར་འཛིན་པའི་ཕྱིན་ཅི་ལོག་མི་ཤེས་པའི་རྨོངས་པ་འདི་རྣམས་ལས་སྐྱེས་པའོ།། ཡེ་ཤེས་དེ་ཁོ་ན་ཉིད་བཅུད་དེ་བདེ་བ་ཆེན་པོ་དང་། ་བཅུད་ལེན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་བྱའི་ཡོན་ཏན་རྒྱས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། འདི་ནི་ཁྱད་པར་ལ་སྟེ། ཕྱི་རོལ་གྱི་བཅུད་ལ་སོགས་པ་རྣམས་ལས་ཁྱད་པོར་དུ་འཕགས་པའོ།། ཞེས་པའི་དོན ་ཏོ།། དེ་ལྟ་ཁོ་ནར་གོམས་བཞིན་པ་ནི་བདེ་བ་ཆེན་པོ་སྟེར་བར་བྱེད་པ་པོ་ནི་ཇི་ལྟར་སྣ་ཚོགས་པའི་རྣམ་པ་ཅན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་དང་བྲལ་བའི་དངོས་པོ་ཡང་དག་པ་ཇི་ལྟ་བ་རྟོགས་པ་ལས་སངས་རྒྱས་རྣམས་ཏེ། ་དྲི་མ་མེད་པ་ཉིད་ཡོངསུ་དག་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡེ་ཤེས་ཀྱི་རང་བཞིན་རྣམས་ངེས་པར་གནསོ།། འདིས་ནི་སེམས་ཀྱི་རྡོ་རྗེའི་རང་གི་ངོ་བོ་ཆོས་ཀྱི་སྐུ་གསུངསོ།། དཀྱིལ་འཁོར་ཞེས་པ་སྔོན་པོ་དང་སེར་པོ་ལ་སོགས ་པ་སྣ་ཚོགས་པའི་རྣམ་པ་ཅན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་སྙོམས་པར་ཞུགས་པའི་ལྷའི་ངོ་བོ་དགའ་བ་ལ་སོགས་པའི་དབྱེ་བས་ཐ་དད་པ་སྐྱེ་བ་དང་འཆི་བ་དང་འགོག་བོའི་ངོ་བོ་སྤྲོ་བ་དང་སྡུད་པའི་བྱེད་པ་པོ་རྡོ་རྗེ་སེམས་དཔའ ་དཀྱིལ་འཁོར་གྱི་འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་ཁོ་ནའོ།། བཟང་པོ་ནི་རྫོགས་པའི་ངོ་བོའོ།། བཞི་པའི་དོན་ཁོ་ན་སྒོམ་བཞིན་པོ་གྲུབ་པར་འགྱུར་བ་ནི་དབང་བཞི་པར་འགྱུར་རོ་ཞེས་གསུངས་པ། དེར་ནི་སློབ་མོ་བཟང་དབང་བསྐུར ་ཞེས་ཏེ། གང་བྷ་གའི་དབུསུ་བསྐྱེད་པའི་རིམ་པས་དབང་སྐུར་བ་དེ་ནི་འཆང་པར་འགྱུར་རོ།། ཧེ་རུ་ཀ་ཞེས་པ་ཧེ་རུ་ཀ་བཅོམ་ལྡན་འདས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དོ།། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ས་བཅུའི་དྲུང ་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པས་ཆོས་ལ་ལོངས་སྤྱོད་རྫོགས་པའི་ཡན་ལག་ཉིད་ཀྱིས་ན་མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདོག་ཉི་གྱིས་སྐུ་ཁ་ནི་ལོངས་སྤྱོད་རྫོགས་པའི ་སྐུའོ།། འདིར་ནི་འདི་ཆོས་ཀྱི་སྐུའི་དབང་གི་གདུལ་བྱའི་ངོར་ཧེ་རུ་ཀཱ་ལ་སོགས་པའི་གཟུགས་ཀྱིས་དེ་ལྟ་དེ་ལྟར་སྤྲུལ་པའི་སྐུ་བརྗོད་དོ།། གང་སྤྲུལ་པའི་སངས་རྒྱས་སྤྲུལ་པའི་སྐུར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གསུངས་བྱ་དེ ་འདིར་ཡང་དེ་འདྲ་བ་ཁོ་ན་དང་སྦྲེལ་པ་དང་འདྲ་བ་ཡང་ངོ་ཆོས་ཀྱི་སྐུ་ཡིས་སྤྲུལ་པ་ཉིད་ཡིན་ན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ལོགས་པ་ཉིད་དེ། ཆོས་ལ་ལོངས་སྤྱོད་རྫོགས་པའི་ཕྱིར་རོ།། འདིར ་ནི་ངག་གི་ངོ་བོ་ཉིད་ཀྱིས་ཀྱང་སྐྱེ་ལོངས་སྤྱོད་རྫོགས་པ་ཉིད་ཀྱང་རོ་ལ་རྫོགས་པར་ལོངས་སྤྱོད་པ་ཉིད་ལས་ཀྱང་ངོ་།། མི་མཐུན་པའི་ཕྱོགས་མཐའ་དག་རྩ་བ་མེད་པར་བྱས་པ་ཉིད་ཀྱི་ཕྱིར་དཔའ་བོའོ།། ནང་དུ་དང་དཀྱིལ་འཁོར་དུ ་ཡང་འཆད་པར་འགྱུར་བའི་ལྷ་མོ་ཉི་ཤུ་རྩ་བཞིའི་བདེ་བ་ཆེན་པོའི་རོ་འཐུང་བའི་ཕྱིར་དང་ཆོས་ཀྱི་གསུང་གིས་སྐྱོང་བའི་ཕྱིར་བདག་པོའོ།། མུ་མཐའ་མེད་པར་སྣ་ཚོགས་པའི་སྐུ་སྤྲོས་པས་གཞན་གྱི་དོན་གྱི་ངོར་རབ་ཏུ་འབྱུང ་བའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་གཙོ་བོའོ།། མཁའ་ལྡིང་སྦྱོར་བ་ནི་དུག་གཞིལ་བའི་ཐབས་ཏེ་མཆོག་ཏུ་སྟོང་པ་ཉིད་ཁོ་ནའོ།། གང་གསུང་བར་འགྱུར་བ།། ཆོས་རྣམས་ཐམས་ཅད་སྟོང་པ་ལ།། སྦྲུལ་དྲུག་དེ་ལས་ཇི་ལྟར་ཡིན ་ཞེས་ས་སྟོང་པ་ཉིད་ལ་ལྷག་པར་མི་མོས་པ་རྣམས་ཀྱི་འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་པའོ།། ལྷ་མིན་སྒྲུབ་པ་ཞེས་པ་གང་དེ་ལྟར་ཤེས་པའི་རྣལ་འབྱོར་པའི་དབང་དུ་འགྱུར་བ་མ་ཡིན་པ་དེ་ཡོད ་པབྱཔ་མ་ཡིན་པའི་ཕྱིར་རོ།། དུར་ཁྲོད་ཅེས་པ་བསྐྱེད་པའི་རིམ་པ་ལ་དབུགས་རྒྱུའོ་ཞེས་པ་དང་རོ་རྣམས་གནས་སོ་ཞེས་བྱ་བའི་ངེས་པའི་ཚིག་གིས་ཚུལ་གྱིས་བདག་མེད་པ་ཉིད་ཀྱི་མཚན་ཉིད་ཅན་ཆོས་ཀྱི་དབྱིངས་གསལ་བར་བྱེད་པའི ་རོ་རྣམས་ཀུན་ནས་གནས་པ་ནི་དུར་ཁྲོད་དེ། བརྒྱད་ཀྱི་གྲངས་སུ་བཅད་པ་ནི་འཆད་པར་འགྱུར་རོ།། འདིར་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ལུས་ཁོ་ན་ཡན་ལག་བརྒྱད་པའི་དུར་ཁྱོད་དོ།། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྐལ་པོ་གྲངས ་མེད་པ་གསུམ་རྣམས་ཀྱིས་སངས་རྒྱས་ཉིད་སྐྱེད་པར་གསུངས་པ་ལ། འདི་ནི་ངེས་པ་མེད་པའི་དུས་ཀྱིས་སོ་ཞེས་གསུངས་པ། ཡུད་ཅེས་པ་ཡིས་བསྐྱེད་པའི་རྒྱུ་ཞེས་པའོ།། སྟོང་གསུམ་དུ་ནི་རྫུ་འཕྲུལ་ཆེ་ཞེས་པ་སྟོང་པ་གསུམ ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམསུ་དཔག་ཏུ་མེད་ཅིང་སྣ་ཚོགས་པའི་སྤྲུལ་པའི་ངོ་བོའི་རྫུ་འཕྲུལ་ཆེན་པོ་གང་རྣམས་ཀྱི་ཡིན་པ་དེ་རྣམས་དེ་སྐད་དོ།། འདིས་ནི་སྤྲུལ་པའི་སྐུ་ནི་རྗེ་དྷཱར་གསུངས་སོ།། སྣོད་ཀྱི་འཇིག་རྟེན་ཡང ་དེའི་རང་བཞིན་ནོ།། ཞེས་གསུངས་པ། འཇིག་རྟེན་ཁམས་ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་རྣམས་སོ།། དེ་ཉིད་ཅེས་པ་ཕྱག་རྒྱ་ཆེན་མོའོ།། མཆོག་ཏུ་དགའ་རྩེའི་གནས་ཉིད་ཀྱི་ཕྱིར་ལྷ་མོའོ།། སངས་རྒྱས་རྣམས་ཐམས་ཅད་སྐྱེད ་པ་སྟེ་རྒྱུའི་གནས་སྐབས་ཀྱི་རང་བཞིན་ནོ།། བྱང་ཆུབ་སེམས་དཔའི་དཔལ་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ནོ།། འབྲས་བུའི་གནས་སྐབསུ་ན་ཤེས་རབ་ཕ་རོལ་ཕྱིན་དཔུང་གཉེན་ཞེས་པས་ཤེས་རབ ་ཀྱི་ཕ་རོལ་ཏུ་སྟེ་རབ་ཀྱི་མཐར་ཕྱིན་པར་མཆོག་ཏུ་བགྲོད་ཅིང་མཐའ་དག་པར་ཕྱིན་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཞེས་པའི་དོན་ཏོ།། དམྱལ་བའི་སྒོ་ཞེས་པ་དེ་སྤོང་བ་རྣམས་ཀྱིའོ།། ཇི་སྐད་དུ་རྒྱལ་པོ་རིན་པོ་ཆེའི་ཕྲེང་བར ་གསུངས་པ། གཞན་ཡང་འདི་ཤེས་ངན་པའི་ཕྱིར།། རྨོངས་པ་མཁས་པའི་ང་རྒྱལ་ཅན།། འདི་སྤོང་བདག་ཉིད་ཕྱུང་བྱས་པ།། འོག་ཏུ་ཁ་ཕྱོགས་མནུར་མེད་འགྲོ།། ཞེས་སོ།། དེ་ཁོ་ན་ནི་ཁོ་ནའི་སྒྲིབ་པ་ཐམས་ཅད་དང་བྲལ་བ ་ནི་ཐ་ར་པྲའོ།། སྟོང་པ་ཉིད་དྲང་རོ་གཅིག་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་བདེ་བ་ཆེན་པོའི་ལས་བྱུང་བ་འགྲོ་བ་མ་ལུས་པའི་དོན་གྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ།། གང་དུ་གང་གི་གཞན་ལས་ཡིན་པ ་ནི་འདིའི་རང་བཞིན་ཉིད་ཀྱི་ཕྱིར་གྲགས་ཆེན་ནོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་ལ་ཕྲན་འདོད་མ་སྟེ། སྙིང་རྗེ་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། བདེ་བ་ཆེན་པོའི་རྣམ་པས་སྣ་ཚོགས་པ་སྐྱེད་པའི་ཕྱིར་མའོ།། ཀུན་རྫོབ ་ངང་དོན་དམ་པའི་བདེན་པའོ་རྣམ་པར་དབྱེ་བ་སྒོམ་པས་སྨྱོས་པ་ཉིད་ཀྱི་ཕྱིར་སྲིང་མོའི་བུ་མོའོ།། ཀུནི་རྫོབ་དང་དོན་དམ་པའི་བདེན་པ་དག་གི་རྣམ་པར་དབྱེ་བ་འཆང་བའི་ཕྱིར་སྲིང་མོའིའོ།། སྟོབས་དང་མི་འཇིགས་པ་ལ་སོ། ་པ་བླ་ན་མེད་པའི་ཡོན་ཏན་ན་མཁའི་བ་བཞོན་ལས་འཇོ་བའི་ཕྱིར་ཏེ་སྐྱེད་པའི་ཕྱིར་ན་བུ་མོའོ།། བླ་ན་མེད་པའི་བདེ་བས་རྗེ་སུ་ཆགས་པའི་ཕྱིར་བུད་མེད་ཀྱི་ཞེས་པ་བུད་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པས་རབ་ཏུ་གསལ་བས་བག་ལ་ཉལ་རྣམ་པར་མཁྱེན་ཇི་ལྟར་རིགས་བྱར་འཛུད་ཅིང་དགོང་པོའི་ཕྱིར་སེམས་ཅན་ཐམས་ཅད་རྗེ་སུ་ཆགས་པ་ཉིད་དུ་འགྱུར་རོ་ཞེས་པས་ཤེས་རབ་ཁོ་ན་བུད་མེད་ཅེས་བརྗོད་དོ།། སྐྱེས་བུར་ལེགས ་གཡོ་ཞེས་པ་ལེགས་པར་སྐྱེས་བུ་རྣམས་ལ་གཡོ་བ་སྟེ། སྙིང་རྗེ་མཆོག་གི་ཐེག་པ་མེད་པ་བར་མེད་པ་མུར་ཐུག་པ་མེད་པའི་བདྲ་བ་ཆེན་པོའི་དོན་སེམས་ཅན་སོ་སོལ་བདག་ཉིད་ཀྱི་ཕང་དུ་གཏོང་བར་བྱེང་པའི་ཕྱིར་རམ། ལས་དང ་པོའི་སེམས་ཅན་རྣམས་ཀྱིས་བརྟན་པར་བྱ་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། ཤེས་རབ་ནི་སྤྲོས་པ་མེད་པ་རྟོགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱག་རྒྱ་ཆེན་མོ་ཞེས་པའི་བར་རོ།། བླ་ན་མེད་པའི་ཕྱག་རྒྱ་འདི་རྣམས་དང་གཞན་རྣཾས ་ཀྱང་བཅུ་གསུམ་པར་ཆད་པར་འགྱུར་རོ།། བསོད་ནམས་ཉེ་བྲཝ་མ་བསྩགས་པ་དེའི་རང་གི་ངོ་བོ་མ་རིགས་པ་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་ན་འཇིག་བྱེད་མའོ།། དེ་འཕགས་པ་སྒྲ ་གཅན་འཛིན་བཟང་པོས་གསུངས་པ། བྱིས་པ་རྣམས་ལ་འཇིགས་སྟོན་མ་ཞེས་སོ།། ཕྱིན་ཅི་ལོག་པ་སྟེ་ཆད་པ་དང་སྒྲོ་འདོགས་པས་ལྟ་བའི་འོ།། མཐོ་རིས་དང་བྱང་གྲོལ་ལས་ཕྱིར་ཕྱོགས་པའི་དམྱལ་བའི་རྒྱུ་ཉིད་ཀྱི་ཕྱིར ་འཛེགས་རུང་ངོ་།། དེ་གསུངས་པ་ཁྱོད་ཀྱི་མ་མཐོང་བས་པཆིང་འགྱུར་ཞེས་སོ།། འགྲོ་བ་དྲུག་འཇིགས་རུང་ཞེས་ཁ་ཅིག་ཏུ་ཀློག་པ་དེའི་ཚེ་འཇིགས་རུང་འཁོར་བའོ།། དེའི་ཕྱིར་ཤེས་རབ་ཅིག་པུ་ཁོ་ན་འདི་རྣམས་ཀྱི་དང་གཞན་རྣམས ་ཀྱིའང་མྱ་ངན་ལས་འདས་པའོ།། དེ་འཕགས་པ་ཀླུ་གྲུབ་ཞབས་ཀྱི་གསུངས་པ། འཁོར་བ་ཡོངསུ་ཤེས་ཁོ་ན།། མྱ་ངན་འདས་པ་ཞེས་པར་བཤད་ཅེས།། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་དུ་ཡང་གསུངས་པ། ཀུན་རྟོག་ཆུང་མིན ་མུན་པས་ཟིལ་མནན་པ། རབ་ཏུ་བཅོམ་ཕྱིར་མྱོས་པའི་གློག་འགྱུར་དྲང་། ཆགས་སོགས་བཟློག་དཀའི་དྲི་མས་གོས་པ་ཡིན།། སེམས་ནི་འཁོར་བར་རྡོ་རྗེ་ཅན་གྱིས་གསུངས། རབ་ཏུ་འོད་གསལ་རྙོགས་པས་རྣམ་གྲོལ་བ།། ཆགས ་སོགས་དྲི་མས་གོས་པར་རབ་སྤངས་ཤིང་།། གཟུང་དང་འཛིན་པ་མེད་པ་དེ་ཉིད་ནི།། སེམས་ཅན་མཆོག་གིས་མྱང་འདས་མཆོག་ཏུ་གསུངས།། དེ་ཕྱིར་སྡུག་བསྔལ་ཕུང་པོ་མང་པོ་ཡིས།། རྒྱུ་མཚན་གྱུར་པ་དེ་ལས་གཞན་ཅིའང ་མེད།། མཐའ་ཡས་བདེ་བ་འཆར་བའི་རྒྱུར་གྱུར་པའང་།། དེ་ལས་གཞན་པ་ཡོད་མིན་ཐར་འདོད་རྣམས་ཞེས།། མཐའ་ཡས་པའི་བདེ་བ་ཡང་དག་པར་འབྱོར་པས་རྫུ་འཕྲུལ་ཆེན་པོ་ཅན་ནོ།། འཁོར་བ་རྒྱས་པར་སྟོན་ཏེ། རྣམ ་རྟོག་ཅེས་པ་ལ་སོགས་པ་གྲངས་ཀྱི་མཐར་ཐུག་པའོ།། ཡོད་པ་དང་མེད་པ་དང་རྟག་པ་དང་ཆད་པ་དང་། གཟུང་དང་འཛིན་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པར་རྟོག་པ་ནི་རྣམ་རྟོག་སྟེ་དེ་ཁོ་ན་རྒྱུད་དུ་འཇུག་པ་ནི་ཀུན་རྟོག ་པའོ།། འཆར་བ་དང་ནུབ་པ་ནི་སྐྱེ་བ་འགོག་པ་དག་གོ།། དེ་རྟོགས་པའི་ཐབས་སྟེན་པ། རྣམ་པར་མི་རྟོག་ཅེས་པ་ལ་སོགས་པའོ།། རྣམ་པར་མྱི་རྟོག་པ་ཅི་ཞིག་རྣམས་ཞེ་ན་གསུངས་པ་དམནཱ་དང་ཞེས་པ་ལ ་སོགས་པའོ།། དམན་པ་ནི་ཕྲ་བྱའི་དངོས་པོ་སེམས་དང་སེམས་ལས་བྱུང་བའི་ངོ་བོའོ།། མཆོག་ནི་བྱིས་པའི་བར་ལ་དངོས་པོའི་ཐུ་སྙད་ཅན་ཉིད་ཀྱི་ཕྱིར་ན་རགས་པའི་ངོ་བོའི་དངོས་པོའི་ལུས་ཁོ་ནའོ།། བར་མ་ནི་གཉིས་དག་ལས ་གཞན་ཨ་ལི་དང་ཀཱ་ལི་དག་གོ།། དེ་ལྟར་ལུས་དང་ངག་དང་སེམས་རྣམས་ཇི་ལྟར་རིགས་པར་དམན་པ་དྲང་བར་མ་དང་མཆོག་གི་ཚིག་རྣམས་ཀྱིས་གསུངས་སོ།། གཞན་རྣམས་ནི་དབང་པོ་དྲུག་རྣམས་སོ།། གང་རྣམས་དེ་རྣམས་ཞེས ་པ་འདིས་བརྟན་པ་ས་གཞི་ལ་སོགས་པ་རྣམས་དང་གཡོ་བ་གཞན་སྲོག་ཆགས་བརྗོད་དོ།། དེ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་པ་དམན་པ་ཕྲ་བའི་ཚིག་དོན་ཏེ། མཆོག་ནི་དངོས་པོར་བརྗོད་པ་བྱ། བར་མ་གཉིས་ཀ་སྤངས་པའོ།། གཞན ་རྣམས་ཞེས་པ་དབང་པོ་དྲུག། གང་རྣམས་དེ་རྣམས་བརྟན་དང་གཡོ་ཞེས།། དམན་པ་ལ་སོགས་པ་རྣམ་པར་མི་རྟོག་པ་རྟོག་པ་མེད་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་འདི་རྣམས་སྒོམ་བཞིན་པ་རྣམས་ནི་གསལ་པོར་འགྱུར་ཞེས ་རྐང་པ་བརྐྱང་བས་ནི་མ་ཡིན་ཞེས་རྣམས་པར་མི་རྟོག་པའི་སྒྲས་བསྒོམ་པ་གསལ་བར་བྱས་སོ།། འོ་ན་རྣམ་པར་མི་རྟོག་པ་བསྒོམ་པ་ཞེས་པ་དོན་ཅི་ཞེ་ན། བདེ་བ་ཆེན་པོའི་ཐབས་ཀྱིས་ཆོས་ཐམས་ཅད་མི་བསམ་པ་ཁོ་ན་ནི་སྒོམ ་བའོ་ཞེས་པའི་དོན་ཏོ།། དེ་ནི་བདེ་བ་ཆེན་པོ་ཡིད་ལ་བྱེད་པ་སྐྱོན་ཅན་མ་ཡིན་ནོ་ཞེ་ན་སྐྱོན་ཅན་ཡིན་པ་མ་ཡིན་ཏེ་དེ་ཡང་འགྲོ་བ་ཐམས་ཅད་ཐ་མི་དད་པ་ཉིད་ཀྱིས་ཏེ། འགྲོ་བ་སྟོང་པ་ཉིད་ཀྱི་ཕྱིར་ལ་སྟོང་པ་ཉིད་བསམ་པར་ནུས་པ་ཡང་མ་ཡིན ་ཞེས་པས་དེ་ཡང་ཡིད་ལ་བྱེད་པ་སྐྱོན་པའོ།། སེམས་པ་མེད་པའི་རྗེས་མཐུན་པ་ཉིད་ཀྱི་ཕྱིར་ནི་ཉེ་བར་བསྟན་པའོ།། ཇི་སྐད་དུ་གསུངས་པ། འཁྲུལ་པ་རྣམས་ཀྱིས་ཉེར་འཁོའི་ཚད།། འཁྲུལ་པ་གཞན་ནི་སེལ་བའི་ཕྱིར།། ཞེས་སོ།། དེའི་ཕྱིར ་རྣམ་པར་མི་རྟོགས་པར་ཆོས་ཐམས་ཅད་ཡོངསུ་ཤེས་པ་ཁོ་ན་རྒྱུན་གྱིས་འཇུག་པ་ནི་དྲིན་དམ་པའི་སྒོམ་པ་ཞེས་པ་གདགས་པར་བྱའོ།། དེ་ལ་གང་གི་ཚེ་དང་གང་གི་ཚེ་ཁོ་ན་སེམས་བསྟན་པ་ཉིད་དུ་འགྱུར་བ་དེའི་ཚེ་ཁོ་ན་མཉམ་པར་བཞག ་པའི་རྣལ་འབྱོར་ཏེ། གཞན་གྱི་ཚེ་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་ཁོ་ནའོ།། དེ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པ་ལ་ཕྱག་རྒྱའི་རྣལ་འབྱོར་མེད་པར་ཡང་མཉམ་པར་བཞག་པའི་རྣལ་འབྱོར་ཉེ་བར་སྟོན་ཏེ། བདེ་བ་ཆེན་པོའི་ཐབས ་ཀྱི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པས་གནས་པའི་ཕྱིར་རོ།། དངོས་གྲུབ་ནི་ཕྱག་རྒྱའི་རྣལ་འབྱོར་ཁོ་ན་ལས་སོ།། དེ་ལྟར་འདི་གཅིག་པུ་རང་གི་དོན་ཕུན་སུམ་ཚོགས་པས་སྩལ་པ་ཆེནཱ་མོ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པས ་སེམས་ཅན་ཀུན་ལ་བདེ་བ་འབབ་པ་ཅེས་པ་མཇུག་བསྡུ་བའོ།། དེ་ལྟར་ཞེས་པ་རིམ་པ་གཉིས་སོ།། དགའ་བ་ནི་བསྐྱེད་པའི་རིམ་པ་ཐོས་པ་ལས།། སྤྱན་གདངས་པ་ནི་རྫོགས་པའི་རིམ་པར་ཐོས་པ་ལས་ཤིན་ཏུ་དགའ་ལསོ།། ་སེམས་བཅས་ཞེས་པ་སེམས་དང་ལྡན་པ་རྣམས་ཏེ་རིམ་པ་གཉིས་ལ་མཁས་པར་སྦྱངས་པའི་བློ་ཅན་རྣམ་སོ།། བཏུད་ཅེས་པ་ཕྱག་འཚལ་ནས་སོ།། དོན་གང་ཞེས་པ་དོན་བརྗོད་བྱ་གང་ཞིག་གོ།། ཡང་དག་པར་བླང། ་ཞེས་པ་ཡང་དག་པར་བཟུང་བའོ།། དེ་ནས་ཞེས་པ་ལ་སོགས་པ་ལ་འདིར་བསྡུས་པའི་དོན་ཏོ།། གང་བཅོམ་ལྡན་འདས་ཀྱི་ཐོད་པ་ནས་སྣ་ཚོགས་སྡེ་མའི་སྙིང་གྲོརཱ་ལ་བསོས་ནས་ཕྱུང་བར་གང་སྔར་གསུངས་པའི་གླེགས་བམ་དེ་སོ་སོར་སྣང་བ ་ཙམ་ཉིད་ཀྱི་ཕྱིར་ད་ལྟར་ཕྱག་ན་རྡོ་རྗེའི་ལག་པ་ནས་སྨིན་མཚམས་ནས་ཞུགས་ཏེ་གཞུང་དང་དོན་དང་བཅས་པ་སྙིང་གར་ཞུ་བར་གྱུར་ཏོ་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་ཕྱིས་སྡུས་པ་པོར་འཐད་དོ།། བཟླས་པ་ཞེས་པ་སྔོན་དུ་བསྙེན་པ་ནུའོ།། སྣ་ཚོགས ་ཞེས་པ་ཡུལ་དང་དུས་ལ་སོགས་པ་རྣམས་ཀྱིས་སོ།། སྨར་དང་རེངས་པ་ལ་སོགས་པ་གསུངས་པའོ།། དེར་དྷྱེ་སུ་ནན་ཏན་དུ་བྱོ་བའི་དུས་སུ་དང་བྱ་བ་རྣམས་ལ་ངེས་པའོ།། ཇི་ལྟར་འགྱུར་ཞེས་པ་དྲི་བ་གསལ་བར་བྱེད་ཏེ། ཙི་རྣམས་ཞེས ་ལ་སོགས་པའོ།། ཀཾ་བདེ་བ་སྐྱོང་བར་བྱེད་པ་ཀ་པཱ་ལ་ཁོ་ན་ཐོད་པ་སྟེ་པདྨའོ།། གྲུ་གསུམ་རྣམས་ཀྱི་འབྱུང་ངོ་ཞེས་པ་གྲུ་གསུམ་ཡང་དག་འབྱུང་ངོ་།། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་རྡོ་རྗེ་དང་པདྨི་དེ་དག་གཱི་སྦྱོར་བའོ།། ་ནང་དུ་ནི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་ཏེ། བསང་བའི་འཁོར་ལོ་ལས་ཡང་དག་འབྱུང་བའོ།། ཁུ་བའི་རྣམ་པ་བཅོམ་ལྡན་འདས་ཤེས་གསུངས་པའི་ཕྱིར་རོ།། ཐོང་པའི་རྡུལ་ཏེ་ཐོད་པ་ལ་ཡོད་པ་ཉིད་ཀྱི་ཕྱིར་རོ།། དེ་ཉིད ་ཀྱི་ཕྱིར་གསུངས་པ། གྲུ་གསུམ་ལས་ཏེ་གསུང་བའི་འཁོར་ལོ་ལས་ཡང་དག་འབྱུང་བའོ།། དེ་དག་མན་ངག་ཇི་ལྟ་བ་བཞིན་རིན་ཆེན་འདུས་སར་ལས་ཀྱི་གཏུམ་མོ་ལ་སོགས་པས་སྦྱོར་བའོ།། དོན་དམ་པར་ནི་སངས་རྒྱས་དང་ཐོད་པ་དག ་གྲི་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དག་གི་སྦྱོར་བའོ།། དེའི་སྟེ་སྦྱོར་བ་རྣམ་པ་གསུམ་གྱི་གསང་བར་ཏེ་ནང་དུ་གནས་པའི་རྩ་ཨུ་བ་དྷཱུ་ཏཱིའི་ནི་དངོསུ་སྣ་ཚོགས་སྡེ་མའོ།། དེ་ནས་སྤྲོས་པའི་ཕྱིར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་སྣ་ཚོགས ་སྡེ་མའོ།། ཡན་ལག་གི་དོན་གསུམ་པ་སྣ་ཚོགས་ཞེས་པ་སྟེ། ངོ་མཚར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏེནྡ་སྒྲིབ་པ་མེད་པར་བྱེད་པ་སྟེ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ།། དེ་ཁོ་ན་སྣ་ཚོག ་པ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཁམས་གསུམ་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ།། འདིས་ནི་ཇི་ལྟར་བཅོམ་ལྡན་འདས་སྤྱོད་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ན་སངས་རྒྱས་ཐོད་པར་བརྗོད ་པ་དེ་ལྟར་བཅོམ་ལྡན་འདས་མྱ་སྣ་ཚོགས་སྡེ་མ་ཡང་ངོ་།། ཞེས་གསལ་བར་བྱས་སོ།། དེ་ལྟར་ན་ཆེན་པོ་རྣམས་ཀྱིས་གང་གིས་སམ་གང་དུ་འགྲོ་བ་ཞེས་པ་ཐེག་པ་སྟེ་རྒྱུ་དང་འབྲས་བུའི་བདག་ཉིད་ཐེག་པ་ཆེན་པོའོ།། འདི་སྟེ་འཁོར ་ལོ་སྐྱེ་བ་ཞེས་པའོ།། རྣལ་འབྱོར་མི་ཞེས་པ་རྣལ་འབྱོར་པ་གསུམ་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་རྣམས་ཏེ། རྣལ་འབྱོར་མའི་རང་བཞིན་རྩ་ནི་ཨོཾ་བ་དྷཱུ་ཏཱི་སྟེ། དེ་ལས་ཡང་དག་འབྱུང་བའོ།། བཤད་པའི་སྦྱོར ་བྱས་སོ།། ཉིད་དེ་ཡེ་ཤེས་བཟང་པོ་གང་སྔར་གསུངས་པ་དྲི་རྨད་བྱུང་སྟེ། སྒོམ་པས་དྲོད་ལ་སོགས་པའི་རིམ་པས་ཆེ་མཆོག་སྟེ། འབྲས་བུ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ།། སེམས་ཅན་ཀུན་བདེ་འབབ་ཅེས་པ ་བླའོ།། ཁ་ཅིག་དུ་སངས་རྒྱས་ཀུན་གྱི་བདེ་འབབ་ཅེས་ཀློག་པ་དེའི་ཚེ། སངས་རྒྱས་ཀྱི་རང་བཞིན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀུན་གྱི་བདེ་བ་འབབ་པའོ།། ཇི་ལྟར་འདི་བཞིན་དུ་ཡིན་ཞེ་ན་གསུངས་པ། སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ། ་བཟང་ཆེན་ཁོ་ནའོ།། ཐོད་པར་ཏེ་ཆོས་འབྱུང་དུའོ།། གསང་སྔགས་རྒྱུད་དང་རྣམ་པར་གནས་ཞེས་པ། ཨོཾ་བུད་དྷ་ཞེས་པ་ལ་སོགས་པ་སྔགས་སོ།། རྒྱུད་ནི་སྔར་བརྗོད་ཟིན་ཏོ།། དེ་དག་དང་ལྷན་ཅིག་དྲི་མ་དང་བྲལ་བར་གནས་པའོ།། ཡང་ན ་སྔགས་ནི་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་སྟེ། དེ་རྒྱུ་དྲ་དེ་རྒྱུན་དུ་རྣམ་པར་རྟོག་པ་རྣམས་གསལ་ནས་གང་དུ་གནས་པ་དེ་དེ་སྐད་དོ།། དེའི་ནི་ཐོད་པ་ཁོ་ནའི་འོ།། གྲུ་གསུམ་ཞེས་པ་གྲུ་གསུམ་གྱི་འབྲས་བུ་ཉིད་ཀྱི་ཕྱིར་དང ་ཐེཐིབས་གཞན་མེད་པར་ཤེས་པའི་དོན་དུ་ཉེ་བར་བརྟགས་པའོ།། དེར་ནི་ཞེས་པ་གྲང་དུ་ཡེ་ཤེས་བཟང་པོ་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་དེ་སྐྱེས་པ་དེ་ལ་བརྟེན་པས་དང་དེ་ཁོ་ན་གོམས་པ་ལས་དབྱུང་བཞི་པར་འགྱུར་བའི་གནས ་དེར་བདུན་དང་ལྔ་ཞེས་པ་དང་དབང་བཅུ་བཞི་རྣམས་སོ།། སངས་རྒྱས་མངོན་རྗོད་བྱེད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པར་དག་པོ་རྣམས་ཏེ་དེ་རྣམས་འཆད་པར་འགྱུར་རོ།། སྦྱོར་བ་སྣ་ཚོགས་རྣམས་ནི་ཞི་བ་ལ་སོགས ་པ་འཆད་པར་འགྱུར་བ་རྣམས།། ཆོ་འཕེལ་ཞེས་པ་ཚོ་ལ་དབང་བ་ཉིད་ཀྱིས་ན་ཡེ་ཤེས་ཁོ་ནའོ།། ཡང་ན་སྤྲུལ་པའི་འཁོར་ལོའི་མདུད་པར་འོད་ཟེར་ལྔ་དང་ལྡན་པའི་ཐིག་ལེ་ཕྲ་མོ་དཀར་པོ་ནི་དབང་བསྐུར་ལྔའི་རང་བཞིན་ནོ།། སངས་རྒྱས ་བདུན་ནི་རྗོད་བྱེད་པ་ཞེས་པའི་ཐིག་ལེ་དེ་རེ་ཁཱ་བདུན་གྱིས་བསྐོར་བར་བྱ་ཞིང་ཕྲ་བར་འབར་བ་དེ་རྣམས་ཀྱང་རླུང་འབྱུང་བ་ན་འབྱུང་ཞིང་།། འཇུག་པ་ན་སེམས་དང་ལྷན་ཅིག་ཐིག་ལེ་ལ་འཇུག་སྟེ། འདི་ལྟར་སྒོམ་པས་སྐྱེས་པའི་ལྷན ་ཅིག་སྐྱེས་པའི་ཡེ་ཤེས་ནི་དབང་བདུན་རྣམསོ་ཞེས་པའི་དོན་ཏོ།། ཚེ་འཕེལ་ཞེས་པ་འཇུག་པ་དང་འབྱུང་བ་དག་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་བཟླས་པས་འགོག་པའི་ཕྱིར་རོ།། ཞེས་པ་མན་ངག་གོ།། འདི ་ཐམས་ཅད་བླ་མའི་མན་ངག་མེད་ན་རྟོག་པར་དཀའི་ཞེས་གསུངས་པ། མན་དྲག་ལམ་ཞེས་པ་སྟེ་མན་ངག་གང་གི་ལམ་དེ་རྟོགས་པའི་ཐབས་ཡིན་པ་དེ་དེ་སྐད་དོ།། མན་ངག་ཀྱང་ཁོ་བོས་རྣམ་པར་ཕྱེ་ཟིན་ཅིང་འབྱེད་པར་ཡང་འགྱུར། ་རོ། མཁས་པ་འཇིགས་པ་མེད་པའི་འབྱུང་གནས་ཀྱི་སྦས་པས་མཛད་པའི་འཇིགས་པ་མེད་པའི་གཞུང་འགྲེལ་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་ལེའུ་དང་པོའོ།། ་བསྐྱེད་པའི་རིམ་པ་རྒྱས་པར་སྟོན་པའི་ཆེད་དུ་སྔགས་ཀྱི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་པ་ནི་སྔགས་དང་སྡིགས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་དང་བསྐྱེད་པའི་རིམ་པའི་ཡན་ལག་ལས ་རབ་འབྱམ་ཡང་སྔགས་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། སྔགས་ཀྱི་ངོ་བོ་ནི་སྔགས་ཏེ། བོང་བར་བྱེད་པ་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་སྨྲ་བའོ།། དེ་བསལ་བར་བྱེད་པའི་ལེའུ་ཡང་དག་པར་བཤད་པར་བྱ་སྟེ། ་ཇི་ལྟར་འདོད་པ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐོད་པའི་རྩ་བྱི་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་རོ།། རྡོ་རྗེ་ཞེས་པ་ནི་དམ་ཚིག་གི་རྫས་ཏེ། དེ་དབུལ་བའི་སྡུགསོ།། དངོས་གྲུབ་ཐམས་ཅད་གཏོར་མ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་གསུངས་པ། ་ཨོཾ་མ་ཧཱ་ཀྵ་པཱ་ལཱ་བཛྲ་ཞེས་པ་ལ་སོགས་པའོ།། དབང་པོ་ལ་སོགས་པ་རྣམས་འཁོར་དང་བཅས་པ་རྣམས་ནི་འབྱུང་པོ་ཐམས་ཅད་དེ་དེ་རྣམས་འདིའི་ལྷའོ་ཞེས་པ་འབྱུང་པོ་ཐམས་ཅད་པ་སྟེ། གཏོར་མ་ནི་ཉེ་བར་སྤྱོད་པའི་ཁྱད་པར་རོ།། དེའི ་བྱིན་གྱིས་རློབ་པའི་སྔགས་ནི། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ།། འདིར་ཕྱོགས་བཅུ་རྣམསུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་དང་དབང་པོ་ལ་སོགས་པ་འཁོར་བ་དང་བཅས་པ་རྣམས་དང་སྲོག་ཆགས ་དཔག་ཏུ་མེད་པ་རྣམས་ཤེས་རབ་དང་བཅས་པ་རྣམས་ཤེས་རབ་མཆོག་གི་དབང་དུ་བྱས་པས་ཡུད་ཀྱིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཡང་དག་པར་སྦྱར་བའི་གཟུགསུ་ལྟ་ཞིང་གཏོར་མ་ཡང་འཆད་པར་འགྱུར་བའི ་སྒོམ་པས་སམ་ཡུད་ཀྱིས་དངུལ་ཆུ་འདྲ་བ་བདུད་རྩིའི་རང་བཞིན་བདུག་སྤོས་ལ་སོགས་པ་དང་བཅས་པ་དེ་རྣམས་ལ་སྦྱིན་པར་བྱའོ་ཞེས་པ་མན་ངག་གོ། འབྲས་སཱ་ལུ་ཞེས་པ་འབྲས་སཱ་ལུ་དམར་པོ་མ་ཆག་པ། བ་དཀར་མོའི་འོ།། ་མས་བཀྲུ་བར་བྱའོ།། གཞོན་ནུ་མ་ནི་ཡན་ལག་མ་ཚང་བ་མེད་ཅིང་མྱ་ཉམས་པའོ།། ཤིན་ཏུ་ཞིབ་པའི་ཞེས་པ་ནི་ཤིན་ཏུ་ཞིབ་པར་རོ།། དེ་ལྟར་བཏགས་པའི་འབྲས་པཱི་དེ་གཟུགས་ཏེ་ཧེ་རུ་ཀའི་གཟུགས་བརྙན་བྱ་བ་སྟེ་རང་ཉིད་ཀྱིས་བྱ ་བའོ།། ཤེས་རབ་ཅནྡ་ཞེས་པ་མཉམ་པའི་ཤེས་རབ་དང་ལྡན་པའོ།། རྡོ་རྗེ་གཙུག་ཅེས་པ་རྡོ་རྗེ་གཙུག་ནི་གཞོན་ནུ་མ་མཉམ་པའི་མེ་ཏོག་དང་པོའི་དུས་སུ་རྡོ་རྗེ་དང་པདྨ་སྦྱོར་བ་ལས་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་ཏེ། དེ ་དང་རང་འབྱུང་གི་མེ་ཏོག་བསྲེས་ལ་དེ་དང་ལྷན་ཅིག་མཉེས་ཤིང་དེ་དང་ཆ་མཉམ་པའི་དུར་ཁྲོད་ཀྱི་སོལ་བའི་ཕྱི་མས་གཟུགས་བརྙན་དེ་བྱུག་པར་བྱའོ།། སངས་རྒྱས་ཐོད་པའི་རྣལ་འབྱོར་པ་ཞེས་པ་སྦྱོར་བ་ཐམས་ཅད་ལ་རང ་ཉིད་ཧེ་རུ་ཀའི་བདག་ཉིད་དོ།། ཧེ་རུ་ཀའི་རྣམ་པའི་རབ་ཏུ་སྦྱོར་བས་ཞེས་པས་གཟུགས་བརྙན་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་དབྱེར་མེད་པའི་ཧེ་རུ་ཀ་དངོས་བསྒོམ་པར་བྱ་སྟེ། དེ་ལྟར་ན་གཟུགས་བརྙན ་དེ་ཧེ་རུ་ཀའི་རྣམ་པའི་སྦྱོར་བས་སོ།། གཟུགས་བརྙན་དཱ་ལ་ལག་པས་རེག་ནས་ཨོཾ་མ་ཧཱ་བཛྲ་ཞེས་པ་ལ་སོགས་པའི་སྔགས་བརྒྱས་ཟླ་ལྷག་པའི་བརྒྱ་བཟླས་སོ།། ཆུ་ཞེས་པ་རྡོ་རྗེའི་ཆུའོ།། དེའི་རྗེསུ་བཀྲུས་པའི་གཟུགས ་རྙན་མཆོད་དེ་མངོན་པར་འདོད་པའི་བསམ་པས་ཁྲུས་ཀྱི་ཆུ་དེས་བདག་ཉིད་ཀྱི་གདོང་བཀྲུས་པ་ལས་སྒྲུབ་པ་པོ་མི་སྣང་བར་འགྱུར་རོ།། ཐལ་བའི་སྦྱོར་བ་ཆད་པའི་ཆེད་དུ་གསུངས་པ་དེའི་ཞེས་པ་ལ་སོགས་པའོ།། བབ་པོ་ལའི ་ཤིང་གིས་ཕུག་ནས་ཞེས་བྱ་ལྷག་མའོ།། མེས་ཞེས་པ་ནི་དུར་ཁྲོད་ཀྱི་མེས་སོ།། དེའི་ཞེས་པ་གཟུགས་བརྙན་གྱིའོ།། ཚངས་པའི་རྡོ་རྗེས་ཞེས་པ་ལ། ཚངས་པའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ།། དེའི་ཞེས་པ་གཟུགས ་བརྙན་གྱིའོ།། ཐལ་བ་ཞེས་པ་ཐལ་བའོ།། འདིས་ཞེས་པ་ཨོཾ་བུད་དྷ་ཞེས་པ་ལ་སོགས་པས་སོ།། ཨོཾ་བུད་དྷ་ཞེས་པ་ལ་སོགས་པ་ཨ་དྷིཥྛཱ་ཡ་ཧྲཱིཿཧཱུཾ་ཞེས་པའི་མཐར་ཐུག་པ་སྔགས་གཅིག་སྟེ་རྐང་པ་ལྔ་པའོ།། སྔགས་ཀྱི་ཞེས་པ་སྔགས ་སོ།། འདི་ནི་འདིར་མན་ངག་དང་བཅས་པའི་བསྡུས་པའི་དོན་ཏེ། དུར་ཁྲོད་དུ་ཤིང་བབ་པོ་ལའི་ཤུན་པ་སྐམ་པོ་དང་རྣམ་པར་སྣང་མཛད་སྐེམ་པོ་གཅིག་ཏུ་དུར་ཁྱོད་ཀྱི་སེམས་སྦར་ལ་མེ་དེ་ལ་སྙིང་གུར་ཤིང་བབ་པོ་ལ་བཞག་པའི་གཟུ ་བརྙན་དེ་བཞག་ནས་གཟུགས་བརྙན་དེའི་སྙིང་གར་ཚངས་པའི་རྡོ་རྗེ་ཨོཾ་བུདྡྷ་ཞེས་པ་ལ་སོགས་པ་རྐང་པ་ལྔ་པའི་སྔགས་ཀྱིས་བརྒྱད་ལྷག་པའི་བརྒྱར་སྦྱིན་སྲེག་བྱ་ཞིང་གཟུགས་བརྙན་དེ་ཡང་བསྲེགས་ནས་ཐལ་བར་བྱའོ།། དེའི་རྗེས་སུ ་ཁམ་ཕོར་སོ་མ་བཏང་བ་དང་པདྨའི་སྣོད་དབུསུ་པདྨ་འདབ་མ་བཞི་པ་བྲི་ཞིང་དེའི་ལྟེ་བར་རྐང་པ་ལྔ་པའི་སྔགས་ཀྱིས་ཙི་ཏྲ་སེ་ནཱའི་རྐང་པའོ།། འདྲབ་མ་རྣམས་ལ་རྐང་པ་གཞན་རྣམསོ།། སྔགས་རྣམས་ཐམས་ཅད་ཀྱང་ལྷ་ཉིད་སྔགས ་ཀྱི་གཟུགས་ཀྱིས་ནི་དངོས་གྲུབ་མཐའ་དག་བསྒྲུབ་པ་མཛད་ཅེས་དཔའ་བོ་གྲུབ་པའི་རྒྱུད་དུ་གསུངས་པའི་ཕྱིར་སྔགས་དང་ལྷ་དག་ཐ་མི་དད་ཅིང་རང་གི་ལྷའི་བཞིན་དུ་བསྒོམ་མོ།། དེ་ནས་ཐལ་བ་དེ་སོ་མ་བཏང་བའི་ཁམ་ཕར་དུ ་བཞག་སྟེ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཉི་མ་སོ་སོར་དུས་གསུམ་དུ་ཨོཾ་བུད་དྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་མངོན་པར་སྔགས་པར་བྱའོ།། དེའི་རྗེ་སུ་ཐོད་པར་ཡང་དེ་ལྟར་འགྱུར་རོ་ཞེས་པས་ཐལ་བ་བསྒྲུབ་པར ་འགྱུར་རོ།། དེས་ཞེས་པ་ནི་དེ་ལྟར་བསྒྲུབས་པའི་རྡོ་རྗེ་གཙུག་གནུར་བས་སོ།། དེ་ཁོ་ན་ཞེས་པ་དགྲ་བོའོ།། སྦྱོར་བ་གཉིས་པ་གསུངས་པ་དེ་ཁོ་ན་ཞེས་པ་བསྒྲུབས་པས་སོ།། མར་ཁུ་བཟང་པོ་ནི་སྐྱེས་བུ་སྦྱངས་པའི་མར་ཁུ་སྟེ ་དེས་སོ།། དེ་རྣམས་ཞེས་པ་གཏེར་རྣམས་ཏེ། བསྡིག་སོ་ཞེས་པ་ལྷག་མའོ།། ཐམས་ཅད་ནི་གཏེར་རྣམསོ།། སྦྱོར་བ་གསུམ་པ་གསུངས་པ་ཐལ་བཱ་དེས་ཞེས་པ་ལ་སོགས་པ་སྟེ། བསྒྲུབས་པས་བྱུགས་ཏེ་སྐྱིགས་མཛུབ་ཀྱིས ་བསྡིགས་ཤིང་མཐེ་བོས་བསྐོར་ནས་ཁ་སྦུབ་ཏུ་ལྟུང་བར་བྱེད་དོ།། སྦྱོར་བ་བཞི་པ་གསུངས་ཏེ། དེས་ཞེས་པ་བསྒྲུབས་པས་སོ།། ཐལ་པ་དེ་དང་བདར་ཞིང་སྦྱངས་པའི་ཞ་ཉེའི་ཕྱེ་མུ་དང་རྡོ་རྗེ་གཙུག་ཆ་མཉམ་པའོ།། ཅུང་ཟད་ཅེས ་པ་ཞ་ཉེའི་ཕྱེ་ལས་དམན་པའི་ཚང་ངོ་།། འདི་དག་ཐམས་ཅད་བསྲོས་པར་བྱས་ནས་རྡོ་རྗེ་མཆུ་ཞེས་པ་ཕག་ནག་པོ་སྟེ། དེའི་ཁུ་བ་ནི་ཁྲག་གོ། རྡོ་རྗེ་དབྱུག་པ་ཞེས་ཀློག་པ་ལ་ནི་རྡོ་རྗེ་དབྱུག་པའི་ཁུ་བུ་ནི་མིའི་ཆུའོ།། དེས་ཏེ་ཁྲག ་ཆུས་བསྒོས་ནས། ཕྱི་ནས་སྲང་གང་གི་ཚད་ཀྱི་ཚེམས་དབུག་ཏུ་རུང་བའི་ཟངས་མའི་སྣོད་དུ་གཞག་སྟེ། རྡོ་རྗེ་མཆུའི་ཁུ་བས་སམ་མིའི་གཅི་བས་བཀང་ནས་ཞག་བདུན་དུ་བསྒོམ་པར་བྱའོ།། དེའི་རྗེསུ་མཁྲིས་པ་ཆེན་པོས་ཏེ ་མིའི་མཁྲིས་པ་དང་ལྷན་ཅིག་ཞག་བདུན་དུ་སྐྱོད་དེ་ཁོ་ནར་མཉེ་བར་བྱའོ།། དེ་ནས་ཞེས་སྣོད་ནས་སོ།། ལྕགས་ཀྱི་སྣོད་དུ་སྟེ། ཁབ་ལེན་གྱི་ལྕགས་ཀྱི་སྣོད་སྤང་གི་ཚད་ཁྱབ་ཀྱིས་དབུག་ཏུ་རུང་བར་རྡོ་རྗེ་མཆུཚུལ་སོ།། ་པས་བསྒོམ་པ་ལ་སོགས་པ་བྱས་ནས་བཞག་པར་བྱའོ།། ཞེས་པའི་དོན་ཏོ།། དེ་ཞེས་པ་དེའི་ཟངས་ཀྱི་སྣོད་དམ་ལྕགས་ཀྱི་སྣོད་དོ།། མེ་ལ་གཞག་སྟེ་བཞག་པར་བྱའོ།། ཁ་ཅིག་སྨྲ་བ་ནི་བར་ཆད་མེད་པར་མེ་འབར་བའི་ས་གཞི་ལ་བཞག ་སྟེ་ཐོབ་ནས་ཞག་བདུན་བཞག་པར་བྱའོ།། གཞན་སྨྲ་བ་ནི་བཞུག་སྟེ་བསྐོལ་བར་བྱའོ་ཟེར་རོ།། དེ་ནས་ཟིངས་ཀྱི་སྣོད་དེ་གསེར་དུ་འགྱུར་ཞིང་ལྕགས་ཀྱི་སྣོད་ནི་དངུལ་དུ་འགྱུར་རོ།། གཞན་རྣམས་སྨྲ་བ་ནི་སྣོད་གང་ཅི་ཡང་རུང་བར་དང་པོར ་རྡོ་རྗེ་མཆུའི་ཁུ་བས་བསྒོས་ནས། དེ་ནས་ཕྱུང་ནས་ཟངས་ཀྱིས་སྣོད་དང་ལྕགས་ཀྱི་སྣོད་དུ་བསྒོ་བ་དང་མཉེ་བ་དང་བཞག་པ་རྣམས་བྱས་ནས་ཟུངས་ཀྱི་སྣོད་དམ་ལྕགས་ཀྱི་སྣོད་དེ་དང་ལྷན་ཅིག་མེའི་དབུསུ་བཞག་གོ། ཞེས་པ་སྒྱུ་མ ་བཞིན་ནོ།། འོན་ཀྱང་བསྐོལ་བའི་ཕྱོགས་ལ་བཤའ་ཚེའི་ཕྱེ་མ་དང་ཁཱ་ལེན་གྱི་ཕྱེ་མ་ཟད་པར་བྱའོ།། སྟོང་ཕྲག་ཅེས་པ་ལ་སྩོགས་པ་གོ་སླའོ།། སྦྱོར་བ་ལྔ་པ་གསུངས་པ་དེ་ཉིད་ཀྱིས་ཞེས་པ་གྲུབ་པས།། ཉི་མ་བཟང་པོ་ལ་ཐཾ ་རངས་ཐལ་བ་དེ་གཞོན་ནུ་མའི་མགོར་གཞག་སྟེ་རྡོ་རྗེ་གཙུག་ཕུད་ཀྱི་བཀྲུའོ།། སྤོས་ལྔ་ནི་སྒྲོན་མ་ལྔའི་བདུག་པས་རྐང་པ་ལྔའི་སོགས་ཀློག་ཅིང་བདུག་པར་བྱའོ།། སྦྱོར་བ་དྲུག་པ་གསུངས་པ། ཡུངས་ཀར་དཀར་པོ་གཞོན་ནུ་མའི་ཐོད་པར ་བསྐྲུན་ནས་དེ་ནས་སྐྱེས་པའི་འབྲས་བུ་སྔགས་འདིས་སྔོན་དུ་བསྙེན་པ་འབུམ་བཟླས་བྱས་ལན་བདུན་དུ་མངོན་པར་སྔགས་པའོ།། སྐུར་རྩིས་ཀྱི་ཆོ་ག་འདིས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞོན་ནུ་མའི་འམ། སྒྲུབ་པ ་བོ་བརྟན་པ་ཉིད་ལུས་གཞན་གྲིའང་གདོང་པ་ལ་སྔགས་བཟློག་ཅིང་བརྟེན་པར་བྱའོ།། དེ་ནས་གཞོན་ནུ་མ་དྲེ་རྒོད་དོ།། གཅིག་ཅེས་པ་གཞོན་ནུ་མའི་ཁུ་ནས་བྱུང་བའི་རལ་གྲི་རྣམས་ཀྱི་རལ་གྲི་གཅིག་ཡུད་ཀྱིས་གཟུང་ནས་རལ་གྲོའི ་གྲུབ་པར་འགྱུར་རོ།། བཟང་པོ་ཞེས་པ་བཟང་མོ་སྟེ་རང་བཞིན་དུ་གནས་པའོ།། སྦྱོར་བ་བདུན་པ་གསུངས་པ་དེའི་ཞེས་པ་ལ་སོགས་པའོ།། ཐལ་བའི་རི་ལུ་རིམ་གྱིས་གུསེ་རཱ་དང་དངུལ་དྲང་ཟངས་རྣམས་ཀྱིས་དཀྲིས་ནས་དེ་མྱ་ཐག་ཏུ ་བརྗོད་པའི་སྔགས་འབུམ་བཟླས་པ་བྱས་པསཱ་ལནྡ་བདུན་དུ་སྟོན་པར་བསྔགས་པ་སྱཱ་དྲི་བ་དང་དུ་བཱ་དང་འབ་བའི་རྗེས་ཐོགྶསསུ་ཁར་གཞུག་པར་བྱའོ།། འདིར་གསེར་གྱི་ཚད་ནི་ར་ཏི་ཕྱེད་དང་བཅས་པ་བདུན་ལྷག་པའི་དྲུག་ནས ་གསུམ་མོ།། དངུལ་གྱི་ནི་ཕྱེད་དང་བཅྡོཾས་པའི་ར་ཏི་གཉིས་ལྷོག་པའི་དྲུག་ནམ་བཞིའོ།། ཟངས་མའི་ནཱི་ར་ཏི་ལྔ་ལྷག་པའི་དྲུག་ནམ་ལྔའོ།། དེ་གསུངས་པ་ཕྱེད་དང་བརྒྱད་དང་མཱ་ས་གསུམ།། ཕྱེད་དང་གསུམ་དང་དེ་བཞིན་བཞི། ་ར་ཏི་ལྔ་དང་མཱ་ས་གསུམ། རི་ལུ་བཅིངས་ལ་ཡང་དག་ངེས་ཞེས་སོ།། འཇིག་རྟེན་གསུམ་བསྒྲུབ་པའི་སྔགས་ཞེས་པ་གྲོང་ཁྱེར་དཀྲུག་པའི་སྔགས་སོ།། ལས་ཀྱི་རྗེ་སུ་འབྲང་བས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས ་མ་དག་གི་སྐུ་མདོག་གི་དབྱེ་བ་བརྒྱད་པར་འཆད་པར་འགྱུར་རོ།། ཞེས་པ་མཁས་པ་ཨ་བྷ་ཡཱ་ཀ་ར་གུཔྟ་ཡིས་མཛད་པ་མཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་གཉིས་པའོ།། ་སྔགས་བཤད་ནས་སྔགས་ཀྱི་རང་བཞིན་གྱིས་སྐུ་དང་རྫོགས་པའི་ངོ་བོ་ཡང་བཤད་པའི་ཆེད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། ལྷའི་ལེའུ་ཞེས་སྔགས་ལས་སྐྱེས་པ་རྣམས་ཀྱི་དང་། རྫོགས་པའི་ངོ་བོའི་ལྷ་རྣམས་ཀྱི ་ལེའུའོ།། རཾ་ཡིག་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་གསལ་བར་ཕྱོགས་གཅིག་ཏུ་འཆད་པར་འགྱུར་རོ།། ནང་གི་ནི་རྡོ་རྗེ་ས་གཞི་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་ས་གཞི་ནི་ལྟེ་བ་སྟེ་དེའི་དབུས་སུའོ།། ་རྫོགས་པའི་རིམ་པ་ལ་ནི་ཨེ་ཡིག་བདག་ཉིད་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། ཨོཾ་ཡིག་ཡོངསུ་གྱུར་པའི་གྲུ་གསུམ་ནི་ཆོས་འབྱུང་སྤྲུལ་པའི་འཁོར་ལོ་སྟེ། ཁམས་གསུམ་བདག་ཉིད་བསམ་པར་བྱའོ།། གྲུ་གསུམ ་དེའི་དབུས་སུ་ཨཱི་ཡིག་གམ་ལཾ་ཡིག་ས་བྱོན་ཏེ། དེ་ཡོངསུ་གྱུར་པོའི་སའི་དཀྱིལ་འཁོར་རོ།། སྙིང་གར་བཾ་ཡུག་གམ་ཨོཾ་ཡིག་ནི་ཆོས་ཏེ་སེམྲས་ཡིན་ཞིང་དེའི་བདག་ཉིད་ནི་དེ་ལས་བྱུང་བ་སྟེ། འཁོར་ལོ་ནི་ཆོས་ཀྱི་འཁོར་ལྕིའོ།། ་རྩ་རྣམས་ཀུན་གྱི་ངོ་བོ་ཅན་ཞེས་པ་རྩ་བརྒྱད་ཀྱི་རང་བཞིན་ཏེ། འཁོར་ལོ་བཞིའི་རྩ་རྣམས་ཀྱང་བདེ་བ་ཆེན་པོའི་སེམས་ལས་ཐ་མི་དད་པའི་ཕྱིར་དེའི་རང་བཞིན་ནོ།། མགོ་བོ་ལ་རྣལ་འབྱོར་མ་ནི་རྣམ་པར་གནས་ཞེས་པ་རྣལ་འབྱོར ་མ་སུམ་ཅུ་རྩ་གཉིས་རྣམས་ཏེ། ཁྱད་པར་དུ་བདེ་བ་ཆེན་པོའི་གནས་ནས་འཛག་པ་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་གང་དུ་གནས་པའོ།། བཟང་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་དེའི་རང་བཞིན་ནོ།། རྩ་ཐམས་ཅད་ཀྱི་རང་བཞིན་རྩ་སུམ ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་འབྱབ་པ་སྤྱིའི་ལས་དང་ཁྱད་པར་གྱི་ལས་དང་མིང་ཡང་རྒྱུད་གཞན་གྱི་རྗེསུ་འབྲང་བས་བཤད་པར་བྱའོ།། དེ་ལ་ཨ་བ་དྷཱུ་ཏཱི་ནི་བྱང་ཆུབ་སེམས་ཁོ་ན་འབེབ་སོ།། རྐྱང་མ་ལྟེ་བའི་རྩ་བྱར ་འཕྱང་བཞིན་པ་ནི་ཟོས་པ་དང་འཐུངས་པ་རྣམས་ལྟོ་བའི་སེམས་སྨིན་པ་རྣམས་ལས་ཞུ་བ་འབེབ་སོ།། དེ་ལས་ཞུ་བ་འོད་རྩ་གཞན་དང་གཞན་དུ་རྒྱུ་བས་ལུས་མངོན་པར་ཁྱབ་པར་བྱེད་དོ།། རཱ་ས་ནཱ་ནི་ཞུ་བ་ལས་ཁྲག་འབབ་བོ།། ་དེའི་ཕྱིར་དེ་ཡང་དེ་ལྟ་ཁོ་ནར་ལུས་ལ་ཁྱབ་པར་བྱེད་དོ།། ཀུན་གྱི་ཡང་བསྡུ་བ་དམ་ཡིན་ཏེ་མི་ཕྱེད་སོ་དང་སེན་མོ་འབྲབ། ཕྲ་མོ་སྐྲ་དང་བ་སྤུ་འབྱིན།། རྩཝ་ནི་མ་པགས་པ་དྲི་མ་འབབ།། གཡོན་པ་མ་ནི་ཤཾ་འབབ་ཅིང་།། མེའུ་ཐུང་མ་ཞག ་འབབ་འགྱུར།། རུ་སཱལ་སྐྱེ་མུ་རུ་སྦལ་འདོད།། སྒོམ་པ་མོ་འགྱུར་མཁའ་ལ་འབྱབ།། དབང་བསྐུར་མ་ནི་སྙིང་འབྱབ་འགྱུར།། སྐྱོན་མཽ་མིག་ནི་འབབ་པར་འདོད།། འཇུག་མ་མཁྲིས་པ་འབབ་པར་བཤད།། མ་མོ་མྱ་ནི་བློ ་བ་འབབ།། མཚན་མོ་མོ་ནི་སྒྱུ་མ་འབབ།། བསིལ་བ་མ་ནི་སྟེ་ཟུར་དག། དྲོད་མ་ལྟོ་བ་འབབ་པར་འགྱུར།། མི་བསྐྱོད་འབབ་པ་རྒྱད་པའོ།། ཨ་བ་དྷཱུ་ཏཱི་ཟླ་བ་འབབ།། རོ་མ་ཁྲག་འབབ་བྱེད་པར་བཤད་བཤད་པ་ལ་ནི་གཞོལ་མར ་འདོད།། དགའ་གདོང་མ་ནི་སྒྱུ་མཚམས་ལའོ།། སྤྱི་མ་རྣག་ནི་འབབ་པར་བྱེད།། བད་ཀན་རྒྱུ་སྦྱིན་མ་རུ་བཤད།། རྡུལ་འབབ་མ་ནི་བྲལ་བ་མ།། ཚིལ་ལ་དགའ་བཱ་མ་ཞེས་བརྗོད།། གྲུབ་མ་མྱ་ངན་མཆི་མ་འབབ། ་འཚེ་མ་མཆིལ་མ་ལ་འདོད་དོ།། ཡིད་བཟང་མ་ནི་སྣབས་འབབ་མུ་གསུམ་བསྐོར་མ་ནི་གཟུགས་ལ་འདོད།། འདོད་པ་མོ་ནཱི་སྒྲ་ལ་བཤད།། ཁྱིམ་མུ་དྲི་འབབ་པུར་འགྱུར་རོ།། རོ་འབྱིན་བྱེད་མ་གཏུམ་མོའོ།། རེག་ལ་རྣལ་འབྱོར་མར ་ཤེས་བྱ།། ཆོས་ལ་བདུད་འབྲེལ་མ་རུ་འགྱུར།། ཞེས་སོ།། འདིར་ལ་ལ་ནཱ་དང་རོ་མ་དང་ཀུན་འདར་མུ་ནི་སྣ་ཚོགས་སྡེ་མའོ།། དེ་ལས་གཞན་གཉིས་གཉིས་ནི་རིམ་པོ་བཞིན་ཕྲེང་བཟང་མ་དང་ཐོད་པ་ཅན་མ་དང་། འཇིགས་མ་དང་ཐུབ ་དཀའ་མོའོ།། དེ་ལས་གཞན་རྣམས་ནི་དགེ་བའི་སྐ་རགས་མ་ལ་སོགས་པ་རྣལ་འབྱོར་མ་ཉི་ཤུའི་ངོ་བོ་ཤེས་པར་བྱའོ།། བདུད་རྡུལ་མ་ནི་ཨ་ཝཱ་དྷཱུ་ཏཱི་དང་འདྲེས་པ་ཁོ་ན་སྟེ། ལྕེའི་རྩེ་མོ་ཇི་སྲིད་པར་ལྟ་བ་ནས་ལངས་པ་དུས་ཀྱི་རྩ ་སྟེ། འགོག་པའི་མཚན་ཉིད་ཅན་གྱི་ཆོས་རྣལ་འབྱོར་མ་རྣམས་འབབ་པའོ།། དེ་ནི་རྣལ་འབྱོར་མ་སྡུད་པས་རབ་ཏུ་འཇུག་སྟེ། དེ་ནི་མ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འོ་ན་བརྟག་པ་གཉིས་པར་བྱང་ཆུབ་ཀྱི་སེམས་སུམ ་ཅུ་རྩ་གཉིས་འབབ་པ་རྣམ་སོ་ཞེས་གསུངས་པ་ཇི་ལྟར་ཞེ་ན། དུས་ཀྱི་རྩ་ནི་འགོག་པ་ཉིད་དུ་འབབ་པར་བྱེད་པའི་ཕྱིར་སྐྱོན་མེད་དོ།། རྣལ་འབྱོར་མ་ངོ་བོར་རྩ་སྟོན་པོའི་སྐབསུ་ནི་དེ་སྟོན་པ་ཡོངསུ་སྤངས་པོའི་དོན་ཏོ།། དེའི་དབང་ལས ་འཇིག་རྟེན་འདི་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེས་ཀྱང་དེའི་དཀྱིལ་འཁོར་མི་མཐོང་ངོ་།། དེའི་བདེ་བ་ཡང་ངོ་།། དེ་ཉིད་ཀྱི་ཕྱིར་གསུངས་པ་འབྱེད་པས་ཀུན་གྱི་ལྷག་མ་སྤང་ཞེས་སོ།། བཅོམ་ལྡན་འདུས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་ཀུན ་གྱིས་ཐབས་སོ།། འདི་ཡང་དོན་དམ་པར་ས་བོན་ལས་སྐྱེ་བ་མེད་པ་ཁོ་ནར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་རྫོགས་པའི་དཀྱིལ་འཁོར་གསུངས་པ། བཅུ་དྲུག་ཆེ་ཡིས་བརྒྱན་གྱུར་པ་ཞེས་པ་མེ་གྲིན ་པར་ཏེ། ཆ་བཅུ་ནི་འདིར་རྩ་རྣམས་ཏེ། རྩ་བཅུ་དྲུག་དང་ལྡན་པ་ལོངས་སྤྱོད་ཀྱི་འཁོར་ལོའོ།། སྦྲུལ་པ་ནི་སྦྲུལ་བཱིའི་པདྨ་སྟེ་གང་དུ་དྲུག་ཅུ་རྩ་བཞིའི་འདྲབ་མ་རྣམས་ཡིན་པ་དེའོ།། དེ་ལྟར་ཞེས་པ་འཁོར་ལྷོ་བཞི་རྣམསུ་རྩ་བརྒྱ་ཉི་ཤུ ་སྟེ། རྩ་རྣམས་ཉི་ཤུ་ལྕུག་པའི་བརྒྱར་འགྱུར་རོ།། དེ་ལྟར་བསམ་པོར་བྱ་ཞེས་པ་དེ་ལྟར་རྫོགས་པའི་དཀྱིལ་འཁོར་བསམ་པར་བྱ་སྟེ་བསྒོམ་པར་བྱ་ཞིང་བཟླས་པར་བྱའོ།། དེ་ལ་རྐྱང་མ་དང་རོ་མ་རཱ་སྲོག་གི་རླུང་ཐུན་ཕྱེད ་བྱེད་དུ་བདག་པོ་ཉིད་ཀྱི་ཕྱིར་ཉིན་མཚན་དུ་འཕོ་བ་བཅུ་དྲུག་རྣམས་མགྲིན་པར་རོ།། དེ་ཁོ་ན་ལ་དཀྱིལ་འཁོར་བཞིའི་དབྱེ་བས་དབྱུ་གུ་བཞིའི་བདག་པོ་ཉིད་ལྔས་སྤྲུལ་པའི་འཁོར་ལོར་དབྱུ་གུ་དྲུག་ཅུ་རྩ་བཞི་རྣམསུའི་གྱུར་རོ།། ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་སྦྱོར་བ་ལ་སོགས་པའི་རྒྱུད་རྣམསུ་དང་། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་ཇི་སྐད་དུ་གསུངས་པ། མེ་ཉིད་དང་ནི་རླུང་དེ་ང་ནི།། དབང་ཆེན་དང་ནི་དེ་བཞིན་ཆུའོ།། དཀྱིལ་འཁོར་དུ་ནི་དེ ་རྒྱུ་བ།། སྟེང་ལོགས་ཐད་ཀ་འོག་ཏུ་འགྲོའོ་ཞེས་སོ།། དེ་ཁོ་ན་ལ་སོ་སོར་ཤེས་རབ་དང་། ཐབས་ཀྱི་ངོ་བོའི་དཀྱིལ་འཁོར་གཉིས་ལོངས་སྤྱོད་པ་ལས་རྩ་བའི་འཁོར་ལོར་ཡང་དག་པར་རྒྱུ་བའི་ཕྱིར་བདེ་བ་ཆེན་པོའི་འཁོར ་ལོར་རྩ་སུམ་ཅུ་རྩ་གཉིས་རྣམས་སོ།། ཉི་མོ་དང་མཚན་མོའི་རྣམ་པར་དབྱེ་བས་ཤེས་རབ་དང་ཐབས་ཀྱིས་དབྱེ་བ་ལས་ཐུན་བརྒྱད་རྣམས་ཏེ་སྙིང་གར་རོ།། རྒྱུད་གཞན་རྣམསུ་ཉིན་ཞག་དབྱུ་གུ་དྲུག་ཅུའི་བདག་ཉིད་དུ་གང་གསུངས་པ་དེ་ནི་དབུགས ་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་དབྱུ་གུར་རྣམ་པར་བཞག་པས་སོ།། འདིར་ནི་དཀྱིལ་འཁོར་བཞིར་རྣམ་པར་བཞག་པས་དབུགས་ཕྱེད་དང་བཅས་པ་སུམ་ཅུ་རྩ་བདུན་ལྷག་པའི་སུམ་བརྒྱ་རྣམས་དབྱུ་གུར་རྣམ་པར་བཞག་པའོ།། ་གཉིས་ཀ་ལ་ཡང་ཉིན་མཚན་ལ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་ཞེས་པ་ཁྱད་པར་མེད་དོ།། དེ་ལྟར་རྫོགས་པའི་རིམ་པ་ལ་བལྟོས་པས་བཟླས་པ་ཡང་རྫོགས་པའི་རུ་གསལ་བར་བྱས་སོ།། དེ་གསུངས ་པ། རྣལ་འབྱོར་དབང་པོ་ཉིན་མཚན་གྱིས།། ཉི་ཁྲི་དང་ནི་སྟོང་ཕྲག་དང་།། དེ་བཞིན་བརྒྱ་ཕྲག་དྲུག་ཏུ་ནི།། བཟླས་པ་ཡིས་ནི་གྲངས་བྱེད་དོ་ཞེས་སོ།། རིག་པ་བཟླས་པས་སེམས་བརྟན་པ་ནི་བདེ་བ་ཆེན་པོའི་རང་བཞིན་རྫོགས་པའི་དཀྱིལ ་འཁོར་ལ་མངོན་དུ་ཕྱོགས་པར་འགྱུར་རོ།། ཤེས་རབ་ཅན་ཞེས་པ་ཤེས་རབ་ཆེན་པོ་ཅན་རྫོགས་པའི་རིམ་པའི་དཀྱིལ་འཁོར་བསྒོམ་པ་ལ་མཁས་པའོ།། རྡོ་རྗེ་སྐུ་ལ་ནི་སྟོང་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ ་ལའོ།། དེ་ཉིད་ཀྱི་ཕྱིར་རང་དང་གཞན་དྲག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་རུང་བ་ཉིད་ཀྱི་ཕྱིར་བདག་ཉིད་ཆེན་པོའོ།། དེར་ཞེས་པ་ཆོས་ཀྱི་འཁོར་ལོར་རོ།། བསྐྱེད་པའི་རིམ་པ་ལ་ནཱི་བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་རོ།། རྩ་རྣམས་ཀུན་གྱི་དཀྱིལ ་འཁོར་ནི།། ཆུའི་དཀྱིལ་འཁོར་ལ་ཐིམ་འགྱུར། ཞེས་པ་རྩཝའི་དཀྱིལ་འཁོར་གཞན་ནི་སྙིང་གའི་རྩ་བརྒྱད་པོ་རྣམས་ཁོ་ན་ཕོ་བ་སྟེ། དེའི་ཕྱིར་རྩའི་དཀྱིལ་ཐམས་ཅད་ཆུའི་དཀྱིལ་འཁོར་ལ་འབྱར་བར་བྱེད་དོ།། སླར་ཡང་ཞེས་པ་ལ་སོགས ་པ་ལྔ་སྤྲུལ་པའི་འཁོར་ལོའི་འོག་ཏུ་མཱ་ཡིག་དམར་པོ་ལས་སྐྱེས་པ་འམ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་འབོར་བ་སྤྲུལ་པའི་རྩའི་འཁོར་ལོ་ལ་འབྱར་བཞིན་པའོ།། མེ་ལོས་འོག་ཏུ་ཡཱ་ཡིག་ལས་སྐྱེས་པ་འམ ་ཡཾ་ཡི་ག་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་རོ།། རྩ་རྣམས་ཐམས་ཅད་གཡོ་བྱད་གཟུགས་ཞེས་རླུང་གི་དཀྱིལ་འཁོར་དེས་མེ་འབར་བར་བྱེད་ཅིང་རྩ་ཐམས་ཅད་ལྕེ་གནས་པའི་བྱང་ཆུབ་ཀྱི་སེམས་གཡོར་འཇུག་གོ། ཐིམ ་བཞིན་པ་ནི་འཁོར་ལོ་རིག་ཅེས་པ་འཁོར་ལོ་ལ་ཐིམས་བཞིན་པ་ནི་རིག་པ་སྟེ་རིག་པར་བྱེད་པ་དེས་གཡོས་པའི་བྱང་ཆུབ་ཀྱི་སེམས་རླུང་གི་འཁོར་ལོར་ཐིམ་པ་དེའི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་རིག་པར་འགྱུར་རོ།། དེ་རྣམས ་ཐམས་ཅད་ཐིམ་པ་ཡིས།། རྣལ་འབྱོར་པ་དེར་དབུས་སུ་གནས་ཞེས་པ་དེར་ཏེ་ལྷན་ཅིག་སྐྱེས་པའི་བདེ་བ་རིག་པོ་ལ། ཐམས་ཅད་དེ་ཕུང་པོ་ལ་སོགས་པ་རྣམས་ཐིམ་བཞིན་པ་རྣམས་དང་རྣལ་འབྱོར་པ་ནི་སེམས་ཏེ་དེ་ཡང་དེར ་དེའི་བདག་ཉིད་ཀྱིས་གནས་སོ།། ཟླ་བ་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་སྤྱི་གཙུག་ཇི་སྲིད་པར་རོ།། ཉི་མ་ནི་རྡུལ་ཏེ་སྤྲུལ་པའི་འོག་ཏུའོ།། ཧཱུཾ་ཨཿཞེས་པ་ལ་ཁ་ཅིག་ཏུ་ཧཱུཾ་ཨཾ་ཞེས་ཀློག་སྟེ། ་ཧཱུཾ་ཡིག་སྔོན་པོ་ནི་ཆོས་ཀྱི་འཁོར་ལོ་ལའོ།། ཨཱཿཡིག་གཾ་ཨཾ་ཡིག་དམར་པོ་ནི་སྤྲུལ་པའི་འཁོར་ལོར་རོ།། ལོངས་སྤྱོད་ཀྱི་འཁོར་ལོར་ཨོཾ་ཡིག་དམར་པོ་སྟེ་རྒྱུད་གཞན་དུ་གསུངས་པའི་ཕྱིར་རོ།། ཀ་ཡིག་ཧ་ཡིག་བརྒྱན་གྱུར་པ་ཞེས་པ་ཀ་ཡི་གུ ་ཀྱང་འདི་ཡིན་ལ་ཧ་ཡིག་ཀྱང་ཡིན་ཞིང་བརྒྱན་པའང་ངོ་།། ཀཾ་བདེ་བ་ཆེ་ནོ་སྟེ་དེ་རྗེ་ནོན་དེ་ནཱི་ཧཱུ~ཾ་འཁོར་ཧ་ཡིག་དཔྲལ་བར་སྟོང་པ་གཞོམ་དུ་མེད་པ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་དཀོར་པོ་བསམ་པར་བྱའོ།། ཀ་ཡི་གཱི་ཧ་ཡིག་ལ་ཐིམ་པ་ཞེས ་པ་བདེ་བ་ཆེན་པོ་གཞོམ་དུ་མེད་པ་ལ་འདྲེས་པར་གྱུར་པ་སྟེ་དབྱེར་མེད་པ་ཞེས་པའི་བར་རོ།། ཧ་ཧཱུཾ་དབྱེར་མེད་པ་ཞེས་པ་གཞོམ་དུ་མེད་པའི་རིང་བཞིན་ཇི་ལྟ་བུ་དེ་ལྟ་བུ་ནི་ཧཱུཾ་ཡིག་སྟེ། གཉིས་ཡང་གཉིས་ཀའི་རང་བཞིན་ནོ།། ཞེས་བྱ ་བའི་དོན་ཏོ།། ཇི་ལྟར་དྲི་ཡི་བདེ་བ་འདོད་པར་བཤད་ཅེས་པའི་གསུངས་ལས། ཀཾ་ཤེས་རབ་དང་ཧ་ཐབས་ཏེ་དེ་དག་དབྱེར་མེད་པ་དེ་ལྟར་བདེ་བའི་བདག་ཉིད་ཀྱི་ཧ་ཡིག་ནི་ཤེས་རབ་ཨཱཾ་ཡིག་དང་ལྡན་པ་ལས་ཧ་ཧཱུཾ་ཞེས་པའི་ཡི་གེ་གཉིས ་འདྲེས་པ་ནི་ཧཱུ~ཾ་ཡིག་སེམས་ཐབས་སོ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའོ།། ཧཱུཾ་ཡིག་གི་ནི་འོད་ཟེར་རྣམས་ཞེས་པ་རླུང་གིས་མ་གཏུམ་མོའི་འོད་ཟེར་བསྐུལ་བ་བདེ་བ་ཆེན་པོའི་འཁོར་ལོར་སོན་པ་སྟེ། དེར་རི་བོང་ཅན ་བསྐུལ་ཞིང་རི་བོང་གྱིས་རྣམ་པར་རྟོག་པའི་གདུང་བ་བཞི་པ་ལས་ཁ་བ་ལྟ་བུའི་ཀ་ཡིག་བདེ་བ་ཆེན་པོ་དང་ཉི་མ་རྡུལ་དང་ཧ་དང་ཨོཾ་དག་ལྷན་ཅིག་ཞུ་བར་གྱུར་ནས་ཧཱུཾ་ཡིག་ལ་ངལ་སོའོ།། དེ་ནས་ཧཱུཾ་ཡིག་ཀྱང་ཞུ་བར་གྱུར་ནས་སྤྲུལ་པའི་ས ་བོན་ལ་ངལ་སོའོ།། དེ་དང་ཉི་མ་དུང་ཟླ་བའི་དཀྱིལ་འཁོར་གཉིས་ཀྱང་འདྲེས་པར་གྱུར་ནས་ཉི་མ་ཞེས་པ་རྡུལ་གྱི་དཀྱིལ་འཁོར་ཁོ་ན་ལྷག་པའི་ཐིག་ལེའི་གཟུགསུ་བལྟ་བར་བྱ་ཁུ་བ་ནི་ལྷག་མ་མོནི་པའོ།། ཡང་ནི་ཧཱུཾ་ཡིག་འོད་ཟེར་རྣམས ་ཞེས་པ་ཧཱུཾ་ཡིགྲ་ཞུ་བྱའི་ཐིག་ལེའི་འོད་ཟེར་གྱི་རི་མོ་རྩའི་འཁོར་ལོ་ཐམས་ཅད་ལ་རེག་པའོ།། ས་བོན་ཞེས་པ་བདེ་བ་ཆེན་པོ་བསྐྱེད་པ་ཐིག་ལེའི་གཟུགས་སོ།། དེ་ལྟར་ཐིག་ལེའི་རྣལ་འབྱོར་གསུངས་སོ།། རྫོགས་པའི་དཀྱིལ་འཁོར ་བསྒོམ་པ་ལ་ནི་ས་བོན་ལྱ་སོགས་པ་བསྐྱེད་པ་མེད་པར་རྡུལ་གྱི་ངོ་བོའི་གཏུམ་མོ་ངེས་པར་འབྱུང་བ་ཡང་ཤིན་ཏུ་འབར་རོ།། དེས་མཆོག་ཏུ་སྦར་བའི་རི་བོང་ཅན་ཡང་ཅན་ཤིན་ཏུ་ཆེས་འཛག་གོ།། དེས་བརྟས་པར་བྱས་པའི་གཏུམ ་མེ། ཤིན་ཏུ་ཆེས་འབར་རོ།། རི་བོང་ཅན་དེས་མཆོག་ཏུ་གདུངས་པ་ཡང་ཆོས་འཛག་གོ།། དེ་ལྟར་ནང་གི་ཟླ་བ་དང་ཉི་མ་མཉམ་འདུབ་པར་མ་ཆད་པ་བདེ་བ་ཆེན་པོའི་རང་བཞིན་ཕུང་པོ་ཁམས་ལ་སོགས་སྒྲོ་བཏགས་པོ་ཟིལ་གྱི་གནོན ་པ་རབ་ཏུ་སྐྱེ་བོ།། གང་རྣམས་དེ་ལྟར་མི་མོས་པ་དེ་རྣམས་ནི་ཇི་སྐད་བཤད་པའི་བཟླས་པས་སྲོག་སྡོམ་པ་ལ་དབང་ཉིད་ཐོབ་པས་ཐུར་སེལ་གྱི་རླུང་བསྡུས་ལྟེ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་དམིགས་ཏེ། རླུང་བཀག་པས་གཏུམ་མོ ་འབར་དུ་འཇུག་གོ།། དེ་ནས་དེ་ལྟ་ཁོ་ནར་བདེ་བ་ཆེན་པོ་གསལ་བར་འགྱུར་རོ།། དེ་ལྟར་མི་ནུས་པས་ནི་དེ་ལྟ་ཁོ་ནས་ལྟེ་བའི་དཀྱིལ་འཁོར་དུ་རླུང་བཀག་པར་མོས་ནས་གནས་པས་དབུགས་འབྱུང་བ་ནི་རི་མོ་དྲང ་གཏུམ་མོའི་ངོ་བོས་བཅོམ་ལྡན་འདས་མ་འབར་བ་མོས་ཏེ། བདེ་བ་ཆེན་པོའི་གནས་རྗེསུ་ཐོབ་པ་ལས་དབུགས་འཇུག་པ་ནཱ་ཧཱུཾ་ཡིག་ཟླ་བ་འཛག་པ་ཐིག་ལེའི་གཟུགས་ཀྱིས་དེ་ལ་དམིགས་བཞིན་པ་བདེ་བ་ཆེན་པོའི་རང་བཞིན་ལྟེ་བའི ་དཀྱིལ་འཁོར་དུ་འོངས་ནས་དམིགས་པ་མེད་པར་འགྱུར་རོ།། དེ་ལྟར་ཇི་སྲིད་དུ་སྲོག་འགོག་པའི་བར་དུ་གནས་པར་བྱ་སྟེ། དེ་ཁོ་ནར་དབུགས་འབྱུང་བ་དང་། འཇུག་པ་དག་ལ་ཡང་དང་ཡང་དུ་བསྒྲུབ་པར་བྱའོ།། གང་ཡང་སྲོག་འབྱུང་བ་དང ་འཇུག་པ་བརྟག་པར་མི་ནུས་པ་དེ་ལྷག་པར་མོས་པ་ཙམ་ཁོ་ན་སྒྲུབ་པར་བྱེད་དོ།། བསྐྱེད་པའི་རིམ་པ་བསྒོམ་པ་པོསོ་ནཱི་དུ་སྒྲོན་མ་ཅན་ཁོ་ནར་འདི་མཐའ་དག་སྟོབས་ཇི་ལྟར་དམྱིགས་པར་བྱའོ།། རྒྱུས་པ་ལ་དགའ་བས་ནི་རྣལ་འབྱོར ་མའ་འཁོར་ལོ་མཐའ་དག་གི་ངོ་བོ་ཕྱག་རྒྱ་ཆེན་པོ་བདག་ཉིད་བཅོམ་ལྡན་འདས་མྱེ་སྣ་ཚོགས་སྡེ་མ་གཏུམ་མོའི་ངོ་བོ་འབར་བཞིན་པས་ཕྱོགས་བཅུར་འཕྲོས་བྱས་འདོད་ཆགས་ཆེན་པོའོ་མཱིའི་འོད་ཀྱིས་བསྐུལ་བའི་དེ་བཞིན ་གཤེགས་པ་འདོད་ཆགས་ཆེན་པོ་རྗེསུ་ཆགས་པ་རྣམས་ཐམ་ཅད་བདེ་བ་ཆེན་པོའི་འཁོར་ལོ་རེ་ཞུགས་པར་བལྟས་དེ་ཁོ་ན་བཞིན་དུ་ཐམས་ཅད་སྒྲུབ་པར་བྱའོ།། དེ་ལྟར་འདི་ལ་སངས་རྒྱས་ཀྱི་བྱིན་རླབས་ཀྱང་འབྱུང་ངོ་།། ཞེས ་གཏུམ་མོའི་གདམས་པའི་དབྱེ་བའོ།། འདི་ཐམས་ཅད་ཀྱང་བླ་མྲ་དམ་པས་གདམ་པར་བྱས་པ་བསྙད་པའོ།། དེ་ཁོ་ནས་ཞེས་པ་མིའི་རྒྱུས་པ་རློམ་པས་ཞེས་པ་ལྷག་མའོ།། དེ་ཝཱ་རུ་ཕ་རོལ་ཕྱིན་མ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་རང་བཞིན་ནོ།། བཅོམ་ལྡན་འདས་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ནོ།། དེ་ཡི་ལུས་སྐྱེས་འོད་ཟེར་རྣམས་ཞེས་པ་བཅོམ་ལྡན་འདས་དྲིའི་སྐུ་ལསྭཱ་སྐྱེས་པའི་གཏུམ་མོའི་འོད་ཟེར་རྣམ་སོ།། འཛག་པ་དཱིས་ཞེས་པ་ཆོས་ཀྱི ་འཁོར་ལྷོའི་ས་བྱན་བཀྲུ་བའི་དུས་སུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་པོའི་རང་བཞིན་རྣལུ་འབྱོར་མ་རྣམས་ཕྱི་རོལ་ཏུ་སྤྲོས་ནས་ཞེས་པའི་དོན་ཏོ།། དྲི་བཟངས་ལྔ་ཞེས་བྱ་བདུད་རྩི་ལྔ་རྣམསོ།། མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ།། ། ་བདུག་སྤོས་ནི་འདོད་ཆགས་རྡོ་རྗེ་མའི་ཚུགས་པས་འབར་བའི་གཏུམ་མོའི་མར་མེའི་འོ།། དཔའ་བོ་རྫོགས་པ་ཞེས་པ་དཔའ་བོ་གྲུབ་པར་མཐོང་ནས་སྔར་བཞིན་འཛ་གོ། ཨ་མྲའི་ལོ་མ་ནི་ས་ཧ་ཀཱ་རའི་འདབ་མའོ།། གསྩོལ ་བ་གདབ་ཅེས་པ་དྲོན་དུ་གཉེར་བར་བྱའོ།། དབང་བསྐུར་བ་ཡིས་ཞེས་པ་ལ། དབང་བསྐུར་ནི་དྲི་མ་མེད་པར་བྱེད་པའོ།། མཁས་པ་ནི་རིག་པ་དང་ལྡན་པ་སྟེ། སྒྲོལ་བའི་ཐབས་རིག་པ་རྣམས་སོ།། བུ་ཚ་མེད་ཅེས་པ་ལ་སོགས ་པ་ལ་ཇི་ལྟར་བུ་ཤི་བའི་ཁྱིམ་དུ་བུས་སྟོང་པ་སྟེ་དེ་ལྟར་དབང་བསྐུར་དང་བྲལ་བའི་སྐྱེས་བུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་བྲལ་བའོ།། ཇི་ལྟར་ཐམས་ཅད་སྦྱར་བ་ན་ཡང་པི་ཝང་རྒྱུད་མེད་བརྡུང་མི་རུང་དེ ་ལས་སྒྲ་འགྲུབ་མ་ཡིན་ནོ།། ཇི་སྲིད་སངས་རྒྱས་ཀྱིས་མི་སྤོང་སྟེ། དམྱལ་བ་མི་འདོར་གྱི་བར་དུའོ།། འདིས་ནི་དབང་བསྐུར་ཐམས་ཅད་གདོན་མི་ཟ་བར་གསུངས་སོ།། ཧེ་རུ་ཀར་གྱུར་པ་ན་ཞེས་པ། ཧེ་རུ་ཀར་གྱུར་པ ་ན་ཞེས་པ། ཧེ་རུ་ཀའི་གཟུགསུ་སྒོམ་པ་རྫོགས་པས། དགོས་པ་ཙ་སྟེ་དབང་བསྐུར་མེད་ན་སངས་རྒྱས་ཉིད་མེད་པའི་ཕྱིར་རོ།། བསོད་ནམས་ཙམ་དུ་ནི་འགྱུར་རོ་ཞེས་པའི་དོན་ཏོ།། དེ་ཞེས་པ་དེ་ལའོ།། ཕྱི་དང་གསང་བ་ཞེས་ཉེ་བར་མཚོན ་པ་ལས་ཤེས་རབ་དང་བཞི་པའི་དབང་བསྐུར་དག་ཀྱང་ཤེས་པར་བྱའོ།། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་གསུམ་པའོ།། ། ་མཁའ་ལྡིང་སྦྱོར་བཤད་པའི་ཆེད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། བདག་ཅག་གི་ནཱི་བདག་ཅག་རྣམསོ།། འོད་ཟེར་གྱིས་ནི་ལེའུ་དང་པོར་སྤྲོས་པའི་སྔགས་ཀྱི་འོད་ཟེར་གྱིས་སོ།། སྙིང་གི་འོད་ཟེར་རྣམས་ཞེས་པ་སྣ་ཚོ ་སྟེ་མའི་སྙིང་གའི་འོད་ཟེར་རྣམས་ཀྱིས་ཀླུ་རྣམས་གཏད་པར་བྱས་ནས་འོངས་ཏེ་སྣ་ཚོགས་སྡེ་མའི་སྙིང་གར་ཞུགས་པ་རྣམསོ།། བཀའ་བསྒོས་པ་ཞེས་པ་བདག་ཅག་རྣམསོ།། ལྷ་མོ་ཞེས་པ་ཀྱེ་ལྷ་མོའོ།། གསུངས་པ་ཞེས་པ་སྣ ་ཚོགས་སྡེ་མས་སོ།། ཀླུ་རྣམས་ལ་བྱིན་གྱིས་བརླབས་ནས་དེའི་ཁས་དུག་གི་དེ་ཁོ་ན་ཉིད་རྒྱས་པར་བསྟན་པའི་ཆེད་དུ་དྲི་མ་ལྔ་རྣམས་ཏེ། མུ་སྔགས་ལ་སོགས་མཁའ་ལྡིང་སྦྱོར་ཞེས་པ་ལ་སོགས་པའོ།། ཁྱབ་འཇུག་དང་དབང་ཕྱུག ་ལ་སོགས་པ་རྣམས་ཀྱི་དང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཁའ་ལྡིང་སྦྱོར་བ་སྔགས་དང་སྨན་དང་ཏིང་ངེ་འཛིན་གྱིས་ཁྱད་པར་རོ།། ཇི་ལྟར་བུར་འདོད་དེ་ཡེ་ཤེས་ཀྱང་དེ་ཡིན་ལ་ཡང་དག་པར་འབྱུང་ངོ་ཞེས་པས་འབྱུང་བ་ཡང་སྟེ། ཡེ་ཤེས ་འབྱུང་བ་ཇི་ལྟ་བུ་མ་ནིང་ཉིད་ནི་ཁྱད་པར་ལྷུར་བྱེད་པ་འམ་གཙུག་ལག་ཉིད་ཀྱི་ཕྱིར་རོ།། དུག་གི་ཞེས་པ་དུག་གོ།། ཇི་ལྟར་ཞེས་པ་རབ་ཏུ་དབྱེ་བ་དྲིས་པའོ།། ཞུས་པ་ཞེས་པ་ཀླུ་རྣམས་ཀྱིསོ།། ཁྱབ་འཇུག་ཅེས་པ་ལ་སོགས་པ་མུ་སྟེགས་པའི ་ཕྱོགས་ལ་དྲི་བ་ལྔ་པ་ལན་ལྗོན་པའོ།། ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་བློ་ཕྱིན་ཅི་ལོག་པ་དངོས་པོའི་དེ་ཁོ་ན་ཉིད་མངོན་མ་ཤེས་པ་རྣམས་ཏེ། དེ་རྣམས་ཀྱི་ལུགས་ལ་མཆེ་བས་བཟུང་བའི་དུག་དང་མཆེ་བ་ཡང་དོན་དམ་པ་པ ་ཡོད་དོ།། དེའི་ཕྱིར་དེ་ཁོ་ན་ཉིད་མི་ཤེས་པ་ལས་དུག་གི་སྐྱོན་རྣམས་ཀྱི་གནོད་འགྱུར་ཏེ། འཆི་བར་འགྱུར་ཞིང་མཁའ་ལྡིང་སྦྱོར་བས་ཀྱང་འཚོ་བར་ནུས་པ་མ་ཡིན་ཏེ། དེ་ལྟར་དུས་སུ་གཟུངས་པར་སྨྲ་ཞེས་པ། མདའ་དང་ཕྱོགས་དུས ་མེ་དང་།། ཟུང་དང་ཟླ་བ་ལ་སོགས་ཀྱིས་ཉིན།། དྲུག་དང་རིག་བྱེད་ལག་བདུན་མངའ།། ཡོན་ཏན་ཕུན་ཚེགས་རི་མཚན་མོ།། ཞེས་པ་ལ་སོགས་པའི་ལན་རྣམས་ལ་རིམ་པ་ཇི་ལྟ་བར་ཐུན་ཕྱེད་རྣམས་ནི་དུས་ཏེ། དེ་ལ་བཟུང་བ་ནི ་བཅོ་སུ་མི་རུང་བར་སྨྲའོ་ཞེས་པ་དྲི་བ་གསུམ་པའི་ལན་ནོ།། དྲི་བ་དང་པོའི་ལན་འདེབས་པ། སྦྲུལ་གྱི་ཞེས་པ་ལ་སོགས་པ་སྟེ། དུས་སུ་ཟིན་པ་ཉིད་མེད་ན་འཕྲོག་གོ། ཞེས་པ་འཕྲོག་བྱེད་དོ།། ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པས ་བྱས་པའི་སྦྲུལ་གྱི་དུག་ཟིལ་གྱིས་གནོན་པའི་ཐབས་ཡོད་དོ།། དེ་ལྟར་གྱུར་ན་བཟུང་བ་ལ་སྦྲུལ་གྱི་དུག་མེད།། དུས་སུ་ཟིན་པ་ཉིད་ལ་མཁའ་ལྡིང་གི་སྦྱོར་བ་མེད་ན། སྦྲུལ་གྱིས་ཞེས་བྱ་ལ་སོགས་པ་ཉེ་བར་བསྡུ ་བའོ།། རྫུ་འཕྲུལ་ཆེ་བ་ནི་མཁའ་ལྡིང་སྦྱོར་བྱེད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་ཕྱོགས་ལ་དྲི་བ་གཉིས་པའི་ལན་ལྗོན་ཏེ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ།། དོར་བྱ་དྲོང་བླང་བྱ་སྟོན་པའི་ཕྱིར་སྟོན་པའོ།། ཁྱབ་འཇུག་དང་དབང་ཕྱུགས ་ལ་སྩོགས་པ་ཡང་། དེ་ལ་གུས་པ་རྣམས་ཀྱི་སྟོན་པར་བརྗོད་དོ་ཞེས་པས་གསུངས་པ་སྟོང་པ་ཉིད་ངོས་གསུངས་པ་ཞེས་ཏེ། ཐབས་བྱུང་སྟེ་རྒྱུ་ལྐོག་གྱུར་པས།། དེ་འཆད་པ་ནི་དཀའ་བོ་ཡིན་ཞེས་པོའི་རིག་པ་ལས་དངོས་པོ་མཐའ་དག་གི ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་བརྩེ་བའི་གཞན་དབང་ཉིད་ལས་གདུལ་བྱ་རྣམས་ལ་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་གསུངས་པའོ།། ངེས་པ་ནི་ཟིན་པ་ཉིད་དེ་བྱ་བའི་ཁྱད་པར་རོ།། བདེ་བྱེད་ལ་སོགས་པ་རྣམས་ནི་རང་ཉིད་ཀྱིས་དེ་ཁོ ་ཉིད་མ་ངེས་ཤིང་གཞན་རྣམས་ལྔ་ཡང་ངེས་པར་མི་སྨྲའོ།། ཞེས་པོ་དགོངས་པའོ།། དེས་སྙན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཁོ་ན་དྲུག་ཞི་བར་བྱེད་པ་བླ་ན་མེད་པའོ་ཞེས་དྲི་བ་དང་པོ་ལན་འདེབས་པར་བྱེད་པ། སྟོང་པ་ལ་ཞེས་པ་གཅིག ་དང་དུ་མའི་རང་བཞིན་དང་བྲལ་བའི་རང་བཞིན་མེད་པ་རྣམས་ལའོ།། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ་སྟོང་པ་ཉིད་དེ་ཉིད་ཁྱོད་དགོངས་པ་ཞེས་པ་ཆོས་རྣམས་ཐམས་ཅད་ལ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལའོ།། སྤྲུལ ་དང་གཟུང་བ་དང་དུག་ཀྱང་ཅི་ལྟར་ཏེ་མེད་པ་ཁོ་ནའོ།། འདི་ལྟར་སྟོང་པ་ཉིད་ལས་དུག་གི་དེ་ཁ་ཉིད་ངེས་པས་དུག་གདོན་མི་ཟ་བར་འཇིག་པར་འགྱུར་རོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་དྲི་བ་གསུམ་པའི་ལན་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཐམས ་ཅད་དུ་ཅི་ནི་སྤོང་བ་ལའོ།། དྲི་བ་ལྔ་པ་ལ་ལྷན་ཟིན་པས་ཞེས་པཾ་ལ་སོགས་པ་སྟེ་སྟོང་པ་ཉིད་ནི་མ་ངེས་པ་ལས་ནི་འཆི་སྟེ། དེའི་ཕྱིར་དེ་རྣམས་སྟོང་པ་ཉིད་སྨྲ་བས་བསྟན་པས་བཅོམ་ལྡན་འདས་ཀྱིས་ངེས་པ་གསུང་སོ།། ད་ནི་གང་རྣམས་ལ་ནང ་གི་དུག་མེད་པ་དེ་རྣམས་ལ་སྤྲུལ་ལ་སོགས་པའི་དུག་ཀྱང་ངོ་ཞེས་བཤད་པའི་ཆེད་དུ་གསུངས་པ་འདོད་ཆགས་ཞེས་པ་ལ་སོགས་པའོ།། འདོད་ཆགས་ནི་ཐེག་པ་དང་བཅས་པའི་དངོས་པོ་ལ་ཆགས་པའོ།། གཏི་མུག་ནི་མཱ་རིག་པ་སྟེ ་དངོས་པོ་དང་དངོས་མེད་ལ་སོག་ས་པཱརརཱ་ཞེན་པའོ།། གྲགས་ཆེན་མ་ཞེས་པ་སྣ་ཚོག་སྨྲ་སྡེ་མ་བོད་པའོ།། ཐཱ་མལ་བའི་ཡུལ་ཞེས་པ་ལ་ཐ་མ་ལ་ནི་འདིར་མ་རིག་པ་སྟེ། དེས་སྒྲོ་བཏགས་པ་རྣམས་ནི་ཐ་མལ་པའོ།། རང་བཞིན་ཡུལ་ནི ་ནི་དྲི་མ་མྱེད་ཅེས་པ་ལ་རང་བཞིན་ནི་འདིར་སྟོང་པ་ཉིད་དེ་དེས་གཟུགས་ལ་སྩོགས་པའི་ཡུལ་ལྔ་སེམས་ཀྱིས་རྣམ་པར་བསྒྲུབས་པ་ལྔ་རྣམས་དྲི་མ་འདོད་ཆགས་ལ་སོགས་པ་བག་ཆགས་དང་བཅས་པ་རྣམས་ལེགས་པར་བརྩད ་ནས་བཏོན་ཅིང་སྟོང་པ་ཉིད་ཀྱི་རང་བཞིན་གང་རྣམས་ལ་ཡོད་པ་དེ་རྣམས་ནི་དེ་རྣམས་ནི་དེ་སྐད་དོ།། མང་པོ་ཉིད་ལ་གཅིག་གི་ཚིག་ནི་གཙུག་ལག་ཉིད་ཀྱི་ཕྱིར་རོ།། འདི་རྣམས་ཀྱི་དྲི་མ་མེད་པ་ཉིད་ཀྱང་སེམས་དྲི་མ་མེད་པ་ཉིད་ལས་སོ།། ་སེམས་ཀྱང་རང་བཞིན་གྱིས་དྲི་མེད་པ་སྟེ། དེ་ཚད་མ་རྣམ་འགྲེལ་དུ་གསུངས་པ། སེམས་འདི་རང་བཞིན་གྱིས་འོད་གསལ་དྲི་མ་རྣམས་ནི་བློ་བུར་བ་ཞེས་སོ།། དཀྱུས་མྱ་ལ་སྦྱོར་བ་ནི་དྲི་མ་ཞེས་པ་ལ་སོགས ་པའོ།། དོན་འདི་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཁོ་ན་ནང་གི་དུག་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྲོག་འཇོམས་པའི་ཕྱིར་རོ།། དེའི་སེམས་ཀྱིས་དབང་ལས་ཡུལ་གྱི་རང་གི་ངོ་བོ་ཡོད་དུག་གྲོ། གང་གི་ཚེ་སེམས ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དྲི་མུ་མེད་པ་ཉིད་ལས་དུག་མྱེད་པར་ངེས་པ་དེའི་ཚེ་ཡུལ་གྱིས་རང་གི་ངོ་བོ་ཡང་དྲི་མ་དང་བྲལ་བ་སྟེ་ཇི་ལྟར་ཏེ་དུག་མ་ཡིན་པ་ཁོ་ནའོ།། འདི་ལྟ་བུའི་ཚུལ་གྱིས་བསྟན་པའི་དུག ་ལེ་སྩོགས་པ་ཟ་བ་ལཾ་སོགས་པཱ་ན་དེ་ཁོ་ན་ཉིད་ལ་མྱོས་པ་ལས་མྱི་གནོད་དོ།། ཞེས་གསལ་བར་བྱས་སོ།། དྭེ་ཀྱེའི་རྡོ་རྗེའི་རྒྱུད་དུ་དཔེ་ཉིད་ཀྱིས་གསུངས་པ་གང་ཞིག་སེམས་མིང་འཇིག་རྟེན་མཱི།། དྲུག་ཟློས་པ་ཡི་སི་བྱཱནྡྷ ་བ་ཡིན།། རྨོངས་སྤངས་དེ་ཁོ་ན་ཉིད་ཤེས།། དེ་ཚེ་ཉིད་ན་མྱ་ངན་སྟོང་ཞེས་སོ།། འདིར་རྨོངས་སྤོངས་ནི་དུག་གི་དེ་ཁོ་ན་ཉིད་ཡོངསུ་ཤེས་པའི་ཕྱིར་རོ།། དེ་ཁོ་ན་ཉིད་ཞེས་པ་ནི་དུག་གི་དེ་ཁོ་ན་ཉིད་ལ་མྱོས་བཞིན་པའོ།། མྱ་ངན ་ནི་མྱ་ངན་ནོ།། ནང་གི་དུག་འཇིག་པ་ཡང་དེས་དཔེས་བསྟན་པ་ཉིད་དུ་གསུངས་པ་དེ་བཞིན་མྱ་འདས་ཐབས་ཤེས་ཤིང་། ཀྱེ་ཡི་རྡོ་རྗེར་ངེལ་བ་བྱོས།། མ་རིག་སོགས་ཀྱིས་མི་འཆིང་སྟེ། གཏི་མུག་ལ་སོགས་འཆིང་བས ་མིན་ཞེས་ཏེ། འདིར་ཀྱེའི་རྡོ་རྗེར་ཞེས་པ་སྟོང་པ་ཉིད་དང་བདེ་བ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་ཡེ་ཤེས་ལའོ།། མ་རིག་ལྔ་སོགས་རྣམས་ཀྱིས་ཏྱེ་ཡན་ལག་བཅུ་གཉིས་རྣམས་ཀྱིས་སོ།། གཏི་མུག་ལ་སོགས ་རྣམས་ཀྱིས་ཏེ། ཉོན་མོངས་པ་རྣམས་ཀྱིས་སོ།། དེ་ལྷུར་ནང་གི་དུག་དང་བྲལ་བ་ལ་ཕྱི་རོལ་གྱི་དུག་གིས་ཀྱང་མི་གནོད་པར་གསུངས་ལྔ། སྦྲུལ་གྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། དྲི་བ་བཞི་པའི་ལན་བདེབས་པར་བྱེད་དོ།། བྷྲ་མ་དྲུག ་དང་སྦྲུལ་གྱི་དུག། ཉེས་པ་ཁོ་ནཱ་ཞེས་པ་ལ་ཐ་མཱ་ལ་ནཱི་མ་རིག་པ་སྟེ། དེས་སྒྲོ་བཏགསོ་པ་ལས་བྱུང་བ་ནི་ཐ་མལ་པའི་དུག་སྟེ། སྦྲུལ་གྱི་འདི་ཡིན་པ་ནི་སྦྲུལ་གྱི་སྟེ། ཨཎྜ་འཕེལ་བ་མེད་པའི་ཕྱིར་རོ།། དེ་དང་ཡུལ་གྱི་དོག་ཅེས་པ་གཉིས ་ཀཱཙྱཻ་ཞིག་བྱེད་ཅེས་འབྲེལ་ཏོ།། མུ་སྟེགས་པའི་ཕྱོགས་ལཱ་དྷི་བ་གཉིས་པའི་ལན་འདེབས་བཱི་ལྷ་རྣམས་ཡུལ་གྱིས་བསྒྲིབ་པ་ཞེས་ཏེ། བདེ་བྱེད་ལ་སོགས་པ་ཛྙཱ་ཡུལ་ཛྭཱ་ལ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་ཀྱིས་དེ ་ཁོ་ན་ཉིད་ཀྱི་ཤེས་པ་བསྒྲིབ་པར་བྱས་པ་རྣམས་ཏེ། དེའི་ཕྱིར་དེ་རྣམས་ལ་ནང་གི་དྲུང་ཕྱིའི་དུག་ཡོད་དོ།། འོན་ཀྱང་རྫུ་འཕྲུལ་ཆེ་བ་ཉིད་ཀྱིས་ན་དུག་ཞི་བའི་ཐུབས་བྱེད་ཅིང་། དུས་སུ་ཟིན་པ་གསོར་མི་རུད་པར་སྨྲའོ།། དེ་ཉིད་ཀྱི་ཕྱིར ་གསུང་བར་འགྱུར་བ་རྫུ་འཕྲུལ་ཚོལ་བློ་མེད་པ་ཞེས་སོ།། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་རྩད་ནས་ཕྱུང་བའི་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ནི་འདོད་པ་ལ་སྤྱོད་ཀྱང་མི་འཆིང་ངོ་ཞེས་སྟོན་པ་ཡུལ་ཞེས ་པ་ལ་སྩོགས་པའོ།། དེ་བཞིན་དུ་སྤྱོད་བཞིན་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་རྣམས་ཀྱང་ལོངས་སྤྱོད་ཀྱང་མི་དགོས་ཏེ་སངས་རྒྱས་ཐོད་པའི་རྣལ་འབྱོར་ལས་སོ།། ཞེས་གསུངས་པ་སངས་རྒྱས་ཞེས་པ་ལ ་སོགས་པའོ།། ཐམས་ཅད་ཉེ་བར་མཚོན་པ་ཉིད་ཀྱིས་མཇུག་སྡུད་པ། དེ་ལས་དུས་ཟིན་མེད་ཅེས་པ་སངས་རྒྱས་ཐོང་པའི་སྦྱོར་ལས་སོ།། དེ་ལྟར་དོན་དམ་པའི་དུག་ཞི་ཐབས་བརྗོད་ནས་ཀུན་རྫོབ་པ་གསུངས་པ། ཤཱ་ཀི་ལི་ཞེས་པ་ལ་སོགས་པའོ།། ་བསྡམས་ཏེ་ཡང་དག་པར་བསྡམས་པར་ཤཱ་ལི་ཀཱའི་བྱིང་པོ་འདིར་འགྱུར་བའོ།། མུ་སྟེགས་པ་རྣམས་དུས་སུ་བཟུང་བུ་གསོར་མི་རུང་བར་སྒྲ་ལ་བཅོམ་ལྡན་འདས་ནི་མ་ཡིན་ནོ་ཞེས་དགོངས་པའོ།། དེ་སྐད་བརྗོད་ནས་ཀླུ་རྣམས་ཀྱིས།། སྣ་ཚོགས། ་སྔསྡེ་མར་ཕྱག་འཚལ་ནས།། རང་རང་གནས་རྣམས་སུ་ནི་སོང་ཞེས་པ་སྡུད་པ་པོས་གསུངས་པ། འདི་འདྲ་ཞེས་པ་ལ་སོགས་པའོ།། རབ་ཏུ་རྟོགས་པ་ཞེས་པ། རང་གི་ངོ་བོ་ངེས་པར་སེམས་པའོ།། ཨོཾ་ཞེས་པ་སྐུ་གསུང་ཐུག་སོ།། ཤཱནྟཏྟ ་རརླུང་བཞིན་མེད་པ་ཉིད་དོ།། ཛྙཱ་ན་ནི་ཐུགས་རྗེ་ཆེན་པོའོ།། དེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའི་རང་བཞིན་གང་གི་བདག་ཉིད་ཏེ་རང་གི་ངོ་བོ་ཡིན་པ་དེ་ངའོ།། ཇི་ལྟར་དེ་ལྟ་བུ་ང་ཡིན་པ་དེ་ལྟར་མཐའ་དག་གོ་ཞེས་གསུངས་པ།། སྟོང་དང་སྟེང ་མིན་ཞེས་པ་ལ་སོགས་པོ་སྟེ་སྟོང་པ་སྟེ་རང་གི་ངོ་བོ་དང་བྲལ་པོ་ཉིད་ཀྱི་ཕྱིར་རོ།། སྟོང་མིན་ཏེ་དེ་ལྟར་ཡང་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་དང་། གཉིས་དང་བྲལ་བའི་ངོ་བོར་གནས་པའི་ཕྱིར་རོ།། མཐོ་ལྔ་ཞེས་པ་སོར་དྲུག་ཅུ་བ་རྩ་བའི ་ཐིག་གི་ནང་དུ་སྟེ། གྲུ་བཞི་པའི་དཀྱིལ་འཁོར་རོ།། ཟླུམ་པོ་ནི་སོར་སུམ་ཅུ་པ་སྟེ། དེ་ཉིད་དུ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ་པདྨ་འདབ་མ་བརྒྱད་པ་སོར་བཅུ་པའོ།། རྒྱུད་གཞན་དུ་ས་རྐོ་བ་ལ་སོགས་པས་ཟུག་ངུ་དཐུང་བུ་ལ་སོགས་པ་སྦྱང ་བ་གསུང་སོ།། འདིར་ནི་མཆོག་གི་རྒྱུད་ཡིན་པ་ཉིད་ཀྱི་ཕྱིར་ན་ལག་པས་རེག་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་གྱིས་གཞི་འཆང་བར་འགྱུར་བའི་སྦྱིན་སྲེག་གི་ཐབས་ཀྱི་ས་གཞི་ཡང་སྦྱང་བར་བྱའོ།། ཞེས་གསུངས་པ ་ས་ཞེསྭཱ་པ་ལ་སོགས་པའོ།། འདི་རི་དྲུག་གི་ཐབས་ཀྱི་དབང་དུ་བྱས་པའི་དཀྱིལ་འཁོར་ལ་ལྷའི་སྟོགས་བུ་དང་སྣམ་བུ་མི་བྱའོ་ཞེས་གསུངས་པ། སྟེགས་བུཾ་ཞེས་པ་ལ་སོགས་པའོ།། རྡུལ་ཚོན་དམར་པོས་ཞེས་པ་ཕྱོགས་བཞི་རྣམས ་སུ་དཀྱིལ་འཁོར་གྱི་གནས་ཀུན་རྡུལ་ཆེན་དམར་པོ་ཁོ་ནས་དགྲང་བར་བྱའོ།། དྷི་ལྟར་འདུས་པ་ལ་སོགས་པར་རྣམ་པར་སྟོང་མཛད་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བས་སའི་ཁ་དོག་ཐ་དད་པ་དེ་ལྟར་མ་ཡིན་ནོ་ཞེས་གསུངས་པ། ་གཞན་ཞེས་པ་ལ་སོགས་པའོ།། རེ་ཁཱ་ལྔ་ལ་སོགས་པ་བཞིན་ཁ་དོག་ལྔའི་ཚོན་རྣམས་ཀྱིས་ཇི་ལྟར་རིགས་པར་བྱའོ།། གཏེར་མ་སྦྱིན་པ་དང་ས་བཞི་སྦྱོང་བ་དང་། ཐིག་བསྔགྲཔ་། ཐིག་ག་རྡུལ་ཚོན་གདབ་པ་ལ་སོགས་པ་ནི་ཧེ་རུ་ཀའི ་རྣལ་འབྱོར་དང་ལྡན་པའི་བླ་མས་བྱའོ།། བུམ་པ་རྣམས་ཞེས་པ། རྩ་བ་མི་ནག་པ་ལྟོ་བ་དང་མཆུ་འཕྱང་བ་དང་། མགྲིན་པ་རིང་བ་རྣམས་ཏེ། དབང་ལྡན་དང་མེ་ལ་སོགས་པ་མཚམས་སུའོ།། བུམ་པ་བཞི་རྣམསུ་གྲངས་ཇི་ལྟ་བར ་མཚན་མ་བཞི་རྣམསོ།། རྣམ་པར་རྒྱལ་བའི་བུམ་པ་ནི་ལྔ་པ་གཙོ་བོའི་སྟེ། འདིར་མ་བརྗོད་ཀྱང་རྒྱུད་གཞན་གྱི་རིགས་པས་ཤྭར་སྒྲོ་ལས་ཅུང་ཟད་ལྷོར་རྟོགས་པར་བྱའོ།། དེ་ཁོ་ན་འདིར་ལས་ཐམས་ཅད ་པ་སྟེ། འདིར་མཚན་མ་ནི་ཆོས་འབྱུང་དབུས་སུ་ཅང་ཏེའུ་སྟེ། ཅང་ཏེའུ་སྟེང་དུ་རྡོ་རྗེ་དང་པདྨའོ།། སློབ་དཔོན་སངས་རྒྱས་ཐོད་པའི་རྣལ་འབྱོར་ལྡན་པར་འགྱུར་རོ་བྱའོ།། ཇི་ལྟར་ཞེ་ན་གསུངས་པ། པདྨ་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས ་པདྨའི་ལྟེ་བྱར་རོ།། ཕྱིས་ནི་ཞེས་པ་ལ་སོགས་པ་ལ། སློབ་དཔོན་རང་ཉིད་ལྷ་མོ་བརྒྱད་ཀྱིས་ཡོངསུ་བསྐོར་བའི་ཧེ་རུ་ཀཱི་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་བསྟིམས་པའི་རྗེས་ཐོགསུ་བདག་ཉིད་ལ་དབང་བསྐུར་བར་བྱའོ།། ཧེ་རུ་ཀའི་སྐུ་ལས ་སྐྱེས་པའི་འོད་ཟེར་ཞེས་པ་སྙིང་གའི་རྩ་བརྒྱད་རྣམས་ལས་སྤྲོས་པའི་འོད་ཟེར་དང་བཅས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་རེག་ཏུ་གཞུག་པར་བྱ་སྟེ་སློབ་དཔོན་གྱིས་སོ།། ལྷ་མོ་དེ་རྣམས་དང་བྱིན་པའི་དེ ་བཞིན་གཤེགས་པའི་འོད་ཟེར་གྱིས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཧེ་རུ་ཀ་དང་ལྷ་མོ་བརྒྱད་རྣཾས་ཁྲུས་བྱེད་དུ་འཇུག་གོ། ཅོད་པན་ཅན་དུ་ཞེས་པ་ཧེ་རུ་ཀ་ཅོད་པན་ཅན་དང་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་སྟེ། དེ་རྣམས་ཀྱང་ཅོད་པན ་ཅན་ཞེས་པའི་དོན་ཏོ།། དཀྱིལ་འཁོར་རྫོགས་པ་དེ་ལྟར་རང་ཉིད་ཧེ་རུ་ཀའི་བདག་ཉིད་དུ་རྫོགས་པ་ན་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་ཡུད་ཀྱིས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་ད་པཱ་དཱ་དབང་བསྐུར་བ་དང་རྒྱས་གདབ་པ་རྣམ ་པར་བསྒོམས་ནས་དཀྱིལ་འཁོར་སྒྲུབ་པའི་ཕྱིར་རོ།། གཏོར་མ་ཞེས་པ་ཀླུ་རྣམས་ལའོ།། མར་མེ་ཞེས་པ་སྦྲང་རྩི་དང་མྱུར་དང་ཉའི་ཚིལ་བུ་དང་། དྲི་ཞིམ་པའི་འབྲུ་མར་ཏེ་མར་མེ་བཞི་རྣམ་དཀྱིལ་འཁོར་དང་ཉེ་བར་སྦྱིན་པར་བྱའོ།། ཨ་མྲ ་དང་ནཱ་རི་ཀེ་ལ་དང་ཆུ་ཤིང་དང་། ཀ་པཽ་ཏཱ་ཐའི་འབྲས་བུ་བཞི་རྣམ་སོ།། རསཾ་ཟུང་གསུམ་ནི་སྨད་གཡོགས་དང་སྟོད་གཡོགས་དང་ཐོད་པའོ།། རྣལ་འབྱོར་མ་ནི་རང་ཉིད་ཀྱིས་ཕུལ་བའི་བླ་མའི་ཤེས་རབ་མ་དང་དཔའ་བོ་ནཱི་བླ་མོའོ།། འཁོར ་ལོ་ནི་ཚོགས་འདུ་བའོ།། དམ་ཚིག་སྙིང་པོར་གཅིག་སེམས་ཀྱིས་ཞེས་པ་ལ། དམ་ཚིག་སྙིང་པོ་ནི་བཅོམ་ལྡན་འདས་སོ།། བདག་ཉིད་དོགས་པ་བཟློག་བྱེད་པ་ཞེས་པ་དགོངས་པས་དུག་བྱུང་གི་དོགས་པ་མེད་པ་ལ་ནི་མ་ཡིན་ནོ་ཞེས ་པའི་དོན་ཏོ།། བརྟན་པ་ནི་བོང་དཱའི་དུག་ལ་སོགས་པའོ།། གཱཡོ་བཱ་ནི་སྦྲུལླ་ལ་སོགས་པ་རྣམས་ཀྱིའོ།། ལུས་སྐྱེས་ནི་ལྷོག་པ་ལ་སོགས་པའོ།། བཙོས་མ་ནི་མུར་དང་སྦྲང་རྩི་ལ་མཉམ་པར་སྦྱར་བ་ལ་སོགས་པའོ།། རྣམ་པ ་བཞིའི་དུག་ནི་དུག་མེད་པར་བགྱི་ཞིང་ངོ་།། ཤིང་བུ་ནི་ས་ཤིང་ངོ་།། སློབ་མ་ནི་ཧེ་རུ་ཀའི་གཟུགསུ་བསྒོམ་པར་བྱའོ།། མགྲིན་པར་ཞེས་པ་སློབ་དཔོན་གྱིས་དང་སློབ་མའི་འོ།། ལག་པར་ཡང་སྟེ་གཡོན་པར་རོ།། ཟླ་བར་ཞེས་པ ་མགྲིན་པར་གནས་པ་དང་ལག་པར་གནས་པ་ལའོ།། སྒོམ་པའི་ནུས་པས་ཞེས་ཧེ་རུ་ཀའི་སྐུ་དང་ཟླ་བ་ལ་སོགས་པ་སྒོམ་པར་བྱེད་ཅིང་། དེ་ལྟར་བསྒོམ་པའི་ལག་པ་སློབ་མའི་མགོར་བཞག་ནས་སྔགས་ཟླསོ།། བུམ་པ་ཞེས་པ ་བུམ་པའི་ཚད་དོ།། བཟོད་དཀའ་ཞེས་པ་སྡུག་བསྔལ་བའོ།། མཁའ་ལྡིང་སྦྱོར་ཞེས་པ་ལ་སོགས་ནི་གང་གི་ཚེ་སེམས་ཅན་འདིས་མཁའ་ལྡིང་གི་སྦྱོར་བ་རྟོགས་པར་འགྱུར་བ་དེའི་ཚེ་བདག་ཅག་རྣམས་ལ ་འགའ་ཞིག་ཏུ་ཡང་ཡོངསུ་བསྒྲུབ་པའི་མཚད་དུ་རྟེན་པར་བྱ་བ་ཉིད་ཀྱིས་རྟོན་དུ་འགྱུར་བ་མ་ཡིན་ནོ།། དེ་མ་ཐག་པ་ཞེས་པ་ལྷག་པར་གནས་པའི་དེ་མཱ་ཐུག་ཏུའོ།། རྗེ་སུ་བྱིན་པ་ཞེས་པ་བྱེད་པ་པོ་ལ་འཇུག་བཞིན་པ་ལ་ཀཏ་སྟྭཾ། གཙུག་ལག ་ཉིད་ཀྱི་ཕྱིར་རོ།། རིམ་པས་དབུས་པར་བྱའོ།། ཞེས་པའི་དོན་ཏོ།། དུང་ཆོས་ཞེས་པ་ལ་སོགས་པ་མན་ཛི་གཎྜཱིག་ལ་ནི་དུང་ངོ་།། གཉིས་པ་ལ་ནི་ཟངས་ཀྱི་སྣོང་ངོ་།། བུམ་པ་ནི་རྣམ་པར་རྒྱ་ལོ་བའི་བུམ་པ་དང་། བུམ་པ་གཞན་བཞི་རྣམསོ།། ་རྣལ་འབྱོར་མ་བརྒྱད་ཞུ་བར་གྱུར་ནས་ཞེས་པ་ལ་བཅོམ་ལྡན་འདས་དང་དཀྱིལ་འཁོར་ན་གནས་པའི་ལྷ་མོ་རྣམས་དང་ལྷན་ཅིག་དེའི་བདག་ཉིད་དུ་གནས་པ་རྣམས།། དམ་ཚིག་དང་ཡེ་ཤེས་སེམས་དཔའ་དགུ་རོ་གཅིག་པར ་གྱུར་པ་ཁོ་ན་ནི་དཀྱིལ་འཁོར་གྱི་རབ་གནསོ།། བུམ་པར་ཏེ་རྣམ་ཕྱིར་རྒྱལ་བའི་བུམ་པར་བཅོམ་ལྡན་འདས་དང་ལྷ་མོ་བརྒྱད་ཞུ་བ་བཞུགས་ཤིང་བུམ་པ་གཞན་རྣམ་སུ་ཇི་ལྟར་རིགས་པར་ལྷ་མོ་རྣམས་བསམ་མོ།། ཆུ་ཞེས་པ ་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་བག་ཙམ་ཟངས་སྣོད་དང་དུང་ཆོསུ་བཞག་པར་བྱའོ།། ཆུ་ཞེས་བཟངས་ཀྱིས་ཆུས་ཏེ། དེའི་རྗེ་སུ་དྲུང་པོར་གྱི་ཆུ་ཅུང་ཟད་ཀྱིས།། བརྗོད་དུ་གཞུག་སྟེ་སློབ་དཔོན་གྱི་སློབ་མའོ།། མཆོད་དུ ་གཞུག་སྟེ་ཐ་མས་སློབ་མའོ།། སློབ་མ་ཞེས་པ་གདོང་གཡོགས་བཀྲོལ་བ་ལྔའོ།། ཡང་ཞེས་པ་ཁྲུས་ཀྱི་དོན་དུ་ཟུང་བཱ་ལཱ་བལྟོས་ནས་སོ།། རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་འཐུང་ཏུ་བཞུག་སྟེ། ཧེ་རུ་ཀའི་སྔགས་ཟློས་ཤིང ་ལནི་གསུམ་དུ་ཟངས་སྣོད་ཀྱི་ཆུ་བ་སྲེས་པའི་དུག་གི་ཆུའོ།། ཆུ་འཐུངས་པའི་ཕན་ཡོན་འཆང་པར་འགྱུར་རོ།། འདིར་རིམ་པ་ནི་འདི་ཡིན་ཏེ། སྒྲིབ་དཔོན་དྷི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་སྒྲིབ་མོ་སྶ་རྞེ་སུ་གནང་བའི་ཏིང་ངེ་འཛིན ་གསུམ་ལ་མཁས་པ་ཧེ་རུ་ཀའི་བདག་ཉིད་སྔགས་བཟླས་པར་འགྱུར་བས། ཡུན་རིང་པོར་བར་མ་ཆད་པར་ལེགས་པར་བརྟགས་པའི་དོན་དུ་གཉེར་བའི་སློབ་མ་ལ་དབང་བསྐུར་བར་འདོད་པས། ཟློག་མཱར་རྒྱལ་པོ་དང་རྐུན་མོ་ལ ་སོགས་པའི་ཉེ་བར་འཚོ་བ་ཐམས་ཅད་དང་བྲེལ་བའི་དཀྱིལ་འཁོར་གྱི་ཁང་པཱ་ལ་སོགས་པར་ཆོ་ག་ཇི་ལྟེ་བར་བཞེངས་པའི་རྡུལ་ཆེན་གྱིས་དཀྱིལ་འཁོར་རམ་རས་བྷིས་ལ་སོགས་པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་པོའི་མར་མྱེ ་དདང་འབྲས་བུ་ལ་སྩོགས་པ་ཉེ་བར་མཆོད་པ་ལྷས་མཆོད་པར་ཀླུའི་དོན་དུ་རློམ་ཕུལ་བ་ན། བུམ་པ་རྣམས་ལྷག་པར་གནས་པར་བྱའོ།། དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ཆོས་འབྱུང་གི་དབུས་སུ་གླེནས་པའི་ཅང་ཏེའུ་དང་རྡོ ་པདྨས་མཚན་པ་དྲིའི་ཆུས་གང་བ། གསེར་དང་དངུལ་དང་མུ་མོ་ན་དང་མུ་ཏིག་དང་བྷུ་རུ་སྟེ་རིན་པོ་ཆེ་ལྔ་རྣམས་དང་། ནས་དང་གྲོ་དངོ་ཏིལ་དང་སྲན་མཱ་ཤ་དང་འབྲས་སོ་བ་སྟེ། འབྲུ་སྣ་ལྔ་རྣམས་དང་བྲི་ཧ་ཏཱི་དང་ཀཎ་ཌ་ཀ་ར་དིང་། ་ཨ་པ་རཱ་ཛི་ཏ་དཱཀཪྵ་པཽ་དང་། ད་ཎ་ཌོ་ཏ་པཱ་ལཱ་དང་། ས་ཧཱ་དེ་ཝ་སྟེ་སྨན་སྣ་ལྔ་རྣམས་ནང་དུ་ལྡན་པ་ཨ་མྲའི་ལོ་མས་ཁ་བརྒྱན་པ་མགྣིན་པ་གོས་དམར་པོས་དཀྲིས་པ་མེ་ཏོག་གི་ཕྲེང་བ་དང་ལྡན་པ། མེ་ཏོག་ཕྲེང་བཅིང ་པཔའི་རྡོ་རྗེ་སྟེང་ན་ཡོད་པ། འོ་མས་བཀང་བའི་སྣོད་སྟེང་ན་གནས་པ། ནང་དུ་ཡུད་ཀྱིས་བསྐྱེད་པའི་དམ་ཚིག་སེམས་དཔའ་དང་ལྡན་པར་བྱས་ནས་ཉི་མ་དང་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུ~ཾ་གཱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས། འོག་མིན་ནས ་བཅོམ་ལྡན་འདས་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངསུ་བསྐོར་བ་སྤྱན་དྲངས་ཏེ་སྙིང་པོའི་སྔགས་ཀྱིས་མཆོད་ཡོན་ལ་ལན་བདུན་བཟླས་ཏེ། ཨོཾ་ཧེ་རུ་ཀཱ་བཛྲ་ཨཱགྣི་པྲ་ཏཱིཙྪ་ཧཱུཾ་ཞེས་པ་འདིས་ཕུལ་ནས་དེའི་དབུས་སུ་བཅུག་པ་སྟེ། དམ་ཚིག ་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པའི་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཆུ་དེ་བསམས་ལ། ཁུ་ཚུར་གཡོན་པས་རྡོ་རྗེ་ལ་བཅིངས་པའི་མེ་ཏོག་གི་ཕྲེང་བ་གཟུངས་ནས་སྙིང་པོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད ་དུ་བསྔག་གོ།། དཀྱིལ་འཁོར་བ་གཞན་གྱི་བུམྦྷ་པའི་དྲིའི་ཆུས་ཡོངསུ་གྲང་བྱ་ཨ་མྲའི་ཡུལ་ག་དང་ལྡན་པ་གོས་དམར་པོས་མགྲིན་པ་དཀྲིས་པ་མྱེ་ཏོག་གི་ཕྲེང་བ་ཅན་གྲངས་ཇི་ལྟ་བར་ཐོད་པ་དང་ཁ་ཊྭཱཾ་ག་དང་གྲི་གུག་དང་ཅང ་ཏེའུའི་མཚན་མས་མཚན་པ་ནང་དུ་དམ་ཚིག་གི་ལྷ་མོ་ཡེ་ཤེས་ཀྱི་ལྷ་མོ་ཡེ་ཤེས་ཀྱི་ལྷ་མོ་དང་དབྱེར་མེད་པ་ཞུ་བའི་ཆུ་དང་ལྡན་པ་རྣམས་ལ་སོ་སོར་ལྷ་མོའི་ས་བོན་གྱི་སྔགས་ཀྱིས་བརྒྱད་ལྷག་པའི་བརྒྱར་མངོན་པར་བསྡུ ་པར་བྱའོ།། དེ་ལ་ཐོད་པས་མཚན་པར་ཆང་འཚོང་མ་དང་སྣ་ཚོགས་སྡེ་མའོ།། ཁ་ཊྭཱཾ་གཱ་ཡིས་མཚན་པར་འཐུང་མོ་དང་ལེགས་བཟུངས་མའོ།། གྱི་གུག་གིས་མཚན་པར་ཕྱག་བཞི་མ་དང་ས་འོག་གནས་མའོ།། ཅང་ཏེའུས ་མཚན་པར་ན་མཁར་གནས་མ་དང་། འདོད་མའོ།། ཧཱུཾ་ཨོཾ་ཧཱུཾ་སྭཱཿཧཱུཾ་ཁཾ་ཧཱུཾ་ཧཱུཾ་རིམ་པ་བཞིན་དུ་འདི་རྣམས་ཀྱི་ས་བོན་ནོ།། དེའི་རྗེས་སུ་ཚོགས་པར་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་ཡང་དགུ་མཆོད་ལ་གཏོར་མ་ཕུལ ་ཏེ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པས་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལྔ་ཕྱག་བྱའོ།། ཞེས་པ་བུམ་པ་ལྷག་པར་གནས་པའི་ཆོ་གུའི་རྗེས་ཐོག་སུ་སློབ་དཔོན་མས་ཕུལ་བའི་རས་གསུམ་ལ་སོགས་པས་བརྒྱན་པ་ཤེས ་རབ་དང་བཅོས་ཕ་རོལ་རྩེད་བྱས་པས་དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་གྱི་སྟོན་ལོ་འདུག་པས་སློབ་མ་མ~ཾཎྜལ་གསུམ་བྱས་པ། མེ་ཏོག་གི་ཕྲེང་བ་བཟུང་བ། པུས་མོ་ས་ལ་བཙུགས་པ། ཐལ་མོ་སྦྱར་བ། དུག་ཞི་ཐབས་ལ ་སོགས་པའི་སྐལ་པ་ཅན། བློས་རང་གིས་ལུས་ལ་བཅུག་ནས་རྡོ་རྗེ་ནོས་ཕྱུང་བ། ཤེས་རབ་ཀྱི་པདྨར་གནས་པ་ལ་སྙིང་གིའོ་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པ་ཨ་བྱཱ་དྷཱུ་ཏཱི་ནས་ཞུགས་པའི་དེ་བཞིན་གཤེགས་པ་ཞུ ་རྣམས་ཀྱིས་དབང་བསྐུར་བ་ཧེ་རུ་ཀའི་གཟུགས་ཅན་དཀྱིལ་འཁོར་གྱི་ཤར་སྒོར་བཞག་ནས། སེམས་ཅན་དོན་ལ་གཅིག་ཏུ་བརྩོན།། བཅོམ་ལྡན་བླ་མ་སྟོན་པ་ཀྱེ།། དུག་ཞི་གྱི་ཐིབས་ནི་བཟང་པོ་འཚལ།། ཤཱ་ལི་ཀ་བྱེད་སྦྱོར ་བ་སྐྱེས།། སེམས་ཅན་དོན་ནི་བཟང་པོ་འགྱིང་།། དུས་སུ་བཟང་བ་བཟློག་བྱེད་པ།། དེ་ནི་སྟོན་ཆེན་བདག་ལ་གསུངས།། སངས་རྒྱས་ཐོད་པའི་སྦྱོར་ལྡན་པས།། ཞེས་པ་འདིས་འཇུག་པ་ཞུར་བཞུགས་ནས།། དཀོན་མཆོག ་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་མི་དགེ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ལ་གཟུང་ཞེས་ལན་གསུམ་བརྗོད་དུ་གཞུག་སྟེ། སྙིང་པོའི་སྔགས་ཀྱིས་བསྲུངས་ལ། དེའི་སྙིང་གར་རྡོ་རྗེ་ནག ་པོའི་ལྟེ་བ་ལ་ཧཱུཾ། མགྲིན་པར་པདྨ་དམར་པོ་ལ་ཨཱཾཿམགོ་བོ་ལ་འཁོར་ལོ་དཀར་པོ་ལ་ཨོཾ་ཞེས་པའི་ཡི་གེ་རྣམས་ནུག་པོ་དང་། དམར་པོ་དང་། དཀར་པོ་རྣམས་བསམ་པར་བྱའོ།། དེ་ནས་ལངས་ཏེ་དྲིའི་ཆུ་དང་། རྡོ་རྗེ་དང་ལྡན་པའི་ལག་པ ་གཡས་པས་ཧཱུ~ཾ་ཨཿོཾ་ཞེས་བརྗོད་ཅིང་། སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་ལ་རེག་ནས་མགོ་བོ་ལ་མེ་ཏོག་དང་། མདུན་དུ་སྤོས་དང་། མར་མེ་དང་། སྙིང་གརཱི་དྲི་སྦྱིན་ནོ།། དེའི་རྗེས་སུ་ཨ་ཤྭེཏྠ་ལ་སོགས་པའི་སོ་ཤིང་རྩེ ་མོ་མགས་པ། འཁྱོག་པོ་ལ་སྩོགས་པ་མ་ཡིན་པ། སོར་བཅུ་གཉིས་པའི་ཚད་ཙམ་པ། མེ་ཏོག་གི་ཕྲེང་བྱ་རྩེ་མོ་ལ་དཀྲིས་པ། དྲི་ཞིམ་པོའི་ཆུས་དཀྲུས་པ། སོ་ཤིང་གི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པ་ཤར་དུ ་ཕྱོགས་པས་སྦྱིན་པར་བྱའོ།། སློབ་མས་ཀྱང་ཤར་རམ་བྱང་དུ་ཕྱོགས་པས་རྩེ་མོ་འཆོས་ནས་གྱེན་དུ་བལྟོས་པ་མེད་པར་ས་གཞི་བ་ལང་གི་ཀོ་བ་ཙམ་བྱུགས་པ་དོར་རོ།། དེ་ནས་ཁ་བཤལ་བའི་དོན་དུ་དྲིའི་ཆུ་ཁྱོར་བ་གསུམ་གྱི ་བཱཏུང་བཱ། ཨོཾ་ཧྲཱིཿབི་ཤུད་དྷ་སཱརྦ་དྷརྨཱ་སརྦ་པཱ་པི་ནི་ཙཱ་སྱེ་བཱི་དྷཱ་ཡ་སརྦ་བི་ཀཱལྤཱན་ཨ་ན་ཡ་ཧཱུཾ་ཞེས་པའི་སྔགས་འདིས་བྱེད་དུ་གཞུག་གོ། དེའི་རྗེསུ་སློབ་དཔོན་གྱིས་རང་གི་ལག་པཱ་གཡོན་པ་དང་མགྲིན་པ་དྲིས་བྱུགས་ཤིང་མེ་ཏོག ་གིས་དཀྲིས་པར་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་ཟླ་བ་གཉིས་ལ་ཐིམ་པར་བསམ་པར་བྱའོ།། དེ་ནས་ལག ་པ་དེ་སློབ་མའི་མགོར་བཞག་ནས་ལྷག་གནས་ཀྱི་སྔགས་ལན་བདུན་དུ་བཟླས་སོ།། དེ་ནས་མགྲིན་པར་གནས་པ་དང་། ལག་པར་གནས་པའི་སངས་རྒྱས་དེ་རྣམས་ཟླ་བ་དང་བཅས་པ་སློབ་མའི་ལུས་ལ་ཞུགས་ནས། བྱིན ་བརླབས་མཛད་པར་བསམས་ཏེ། སློབ་མྱ་སྲུང་བར་བྱའོ།། དེ་ནས་དེ་ལ་སྙིང་པོའི་སྔགས་བཟླས་པའི་ཀུ་ཤ་རྣམས་བཏིང་སྟེ། སྟན་གྱི་དོན་དུ་དང་སྔགས་ཀྱི་དོན་དུ་སྦྱིན་ནོ།། སློབ་དཔོན་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། ་བསྒོམ་པ་དང་བཟླས་པ་བྱའོ།། ཞེས་པ་སློབ་མ་ལྷག་པོར་གནས་པ་བྱས་ནས། ཐོ་རངས་གཏོར་མ་བྱིན་ཏེ། དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་ལ་སློབ་མ་ལ་རྨི་ལམ་དྲིས་ཏེ། སྙིང་པོའི་སྔགས་ཀྱིས་བསྲུང་བར་བྱེ་ཞིང ་དཀྱིལ་འཁོར་གྱི་ཁང་པོར་འབྱོར་པ་ཇི་ལྟ་བར་མཆོད་ནས་ལྷའི་འཁོར་ལོ་དངོས་དེར་གནས་པ་རོ་མོས་ལ། རང་གི་བློས་གཙོ་བོ་བླ་མར་བྱས་ཏེ་འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གས་རང་ཉིད་དང་པོར་དཀྱིལ ་འཁོར་དུ་ཞུགས་ལ། རིགས་ཀྱི་བདག་པོས་བདག་ཉིད་ལ་དབང་བསྐུར་གྱི་མཐར་ཐུག་པ་བསྒྲུབས་ནས། དེ་ཉིད་ལས་སློབ་དཔོན་གྱིས་ལས་ཀུན་ལ་གནང་བ་ཐོབ་སྟེ། བདེན་པའི་བྱིན་བརླབས་བྱའོ།། བདེན། ་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན།། བདུན་པ་དེ་ཡིས་མགོན་པོ་ཁྱོད།། བདག་གི་འདོད་པ་ཡོངས་རྫོགས་མཛོད།། ཆོས་རྣམས་གཟུགས་བརྙན་དང་མཉམ་པ། དངས་ཤིང་དག་ལ་རྙོག་པ ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལ་ཡང་དག་བྱུང་།། དེ་ཉིད་དེ་བཞིན་ལས་སྐྱེས།། དེ་ལྟའི་བདེན་བྱས་དཀྱིལ་འཁོར་ནི།། གཟུགས་བརྙན་གསལ་བར་སློབ་མ་རྣམས།། ཀུན་གྱིས་སྡིག་མེད་མཐོང་བར་ཤོག། ཅེས་པས།། ་དེའི་རྗེསུ་སླེབ་མ་ཁྲུས་བྱེད་དུ་བཅུག་ལ།། དྲི་བཟང་པོ་ལ་སོགས་པས་གཙང་སྦྲ་ཅན་དུ་འགྱུར་བ། གོས་དམར་པོའི་སླད་གཡོགས་དང་སྟོང་གཡོགས་ཅན། གདོང་གཡོགས་དམར་པོ་བཅིངས་པ། དཔལ་ཧེ་རུ་ཀཱའི་གཟུགསུ་དམིགས ་པ་ལ། ཨཱཿཁཾ་བཱི་རུ་ཧཱུཾ་ཞེས་བྱའི་སྔགས་ཀྱིས་མེ་ཏོག་གཟུང་བས་ཡོལ་བའི་ཕྱི་ངོས་སུ་ཡོན་ཕུལ་བ་ལས་ཐམས་ཅད་པའི་བུམ་ཆུས་གཏོར་བ། ཧཱུཾ་ཡིག་གིས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པ་ལ། དཀྱིལ་འཁོར་དུ་གཞུག ་པའི་དོན་དྲི་བར་བྱ་སྟེ། ཀྱཻ་ཁྱོད་སུ་ཡིན་ཞེས་པའོ།། དེས་བདག་ནི་རྒྱལ་བའི་སྲས་ཞེས་བརྗོད་པར་བྱའོ།། དེ་ནས་འདི་ལ། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ཏི་ཡ་མི་ཞེས་པ་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མེ་ཏོག་དང་བཅས་པའི ་རྡོརྗེ་སྙིང་གར་ཧཱུཾ་སུ་ར་ཏེ་སཱ་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡཱ་ཐཱ་སུ་ཁྱཾ་ཞེས་བརྗོད་ཅིང་བཞག་པར་བྱའོ།། དེ་ནས་སྤྱིར་བོར་རྡོ་རྗེ་བཞག་ནས་བརྗོད་པར་བྱ་སྟེ། འདྲི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱི་འདི་འགའ་ཞིག་ལ་སྨྲས་ནཱ་སྤྱི་བོ་འགས ་བར་བྱེད་དོ།། དེ་ནས་སྙིང་གར་རྡོ་རྗེ་བཞག་ནས་འདི་སྐད་བརྗོད་དེ།། ཨོཾ་དཱ་ནི་རྡོ་རྗེ་སེམས་དཔའ་རང་།། ཁྱོད་ཀྱི་སྙིང་ལ་ཡང་དགྲ་བཞུགས།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཞེས་པ་འདིས་མནའ།། ་བྱེད་དུ་བཅུག་སྟེ། པདྨའི་སྣོད་དུ་འཇུག་པ་ཡི་གེ་གསུམ་གྱིས་བྱིན་བརླབ་བཱི་བདུད་རྩི་ལྷ་བསྲེས་པའི་བུམ་པའི་སྟེང་ན་གནས་པའི་འོ་མ། ཨོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཐཿཧཱུཾ་ཞེས་པ་འདིས་ལན་བདུན་དུ་བཟླས་པ། འདི་ནི་ཁྱོད་ཀྱི ་དངོམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེག་པར་བྱེད།། དམ་ཚིག་བསྲུངས་ལས་དངོས་གྲུབ་སྟེ། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག། ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ།། ཁྱེད་ཀྱིས་ངལ་བརྙས་པར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་ནས ་དམྱལ་བར་སོང་བར་གྱུར་ཏ་རེ། ཞེས་བརྗོད་ནས། བཅོམ་ལྡན་འདས་ལྔ་ཐལ་མོ་སྦྱར་བས། དཀྱིལ་འཁོར་དུ་ནི་སློབ་མ་དག། བདག་གིས་ཡང་དག་བཅུག་པ་འདི།། ལྷ་རྣམས་རིགས་ཀྱི་རིམ་པ་ནི།། བསོད་ནམས་ཇི་ལྟ ་དེ་ལྟར་ཤོག། འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར།། རིགས་གང་ལ་ནི་སྣོད་ཡིན་དང་། བསོད་ནམས་མཐུ་ཡང་གང་འདྲ་བ། དེ་འདྲ་དཀྱིལ་འཁོ་གྱུར་ཅིག། ཅེས་པ་བདེན་པའི་བྱིན་བརླབས་བྱས་ཏེ། ཡི་གེ་ལྔས་སྔར་བཟུང ་བའི་མེ་ཏོག་ཏྲཾ་ཡིག་གིས་བྱིན་གྱིས་བརླབས་པ་ཧཱུཾ་ཡིག་གིས་དཀྱིལ་འཁོར་གྱི་དབུསུ་འཕྲང་ཞིང་ཨོཾ་བཛྲ་ཧེ་རུ་ཀ་བཛྲ་པུཥྤཾ་པྲ་ཏཱི་ཙྪ་ཧཱུཾ་ཞེས་འདོན་དུ་གཞུག་གོ།། འཕངས་པའི་མེ་ཏོག་དེ་སློབ་མའི་མགོ་ལ་འཆིང ་ཞིང་། ཀྱེ་སྟོབས་པོ་ཆེ་ཁྱོད་ཀྱིས་འདི་སླར་ཟུང་ཞིག་ཅེས་བརྗོད་དོ།། དེ་རྗེ་སུ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་། དཔྲལ་བར་ར་ཡིག་དང་མིག་གཉིས་ལ་ཨོཾ་ཡིག་གཉིས་བསྒོམས་ནས། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དང་། ་ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན།། ཐམས་ཅད་མིག་ནི་འབྱེད་མཛད་དེ།། རྡོ་རྗེའི་མིག་ནི་བླ་ནཱ་མེད་ཅེས་འདོན་ཅིང་གདོང་གཡོགས་བསལ་ནས། དགུ་ཡི་བདག་ཉིད་དཀྱིལ་འཁོར་དུ། ཨོཾ་ཧེ་རུ་ཀ་བཛྲ་པུཥྤཾ་པྲ་ཏཱི་ཙྪ་ཧཱུཾ་ཞེས་པ་ལ་སོགས ་པའི་སྔགས་རྣམས་ཀྱི་བདུག་པ་ལ་སོགས་པའི་སྔགས་རྣམས་ཀྱིས་ཀྱང་མཆོད་དེ། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་པས།། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་བརྗོད་པས།། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚོན་བརྗོད་པ་སྔོན་དུ ་འགྲོ་བར་བསྟན་པར་བྱའོ།། ཞེས་པ་དཀྱིལ་འཁོར་དུ་འཇུག་པའི་རྗེས་ཐོག་སུ། སློབ་མས་ཡན་ལག་ལྔས་ཕྱག་བྱས་པས་པུས་མོ་གཡས་པ་ས་ལ་བཙུགས་པ་ཐི་བའི་ཐལ་མོ་སྦྱར་བས། བདག་ནི་འཁོར་བའི་འདམ་དུ་བྱིང་།། དཔུང ་གཉེན་རྫོབ་པ་པོ་མཛོད་ཅིག། བདག་ནི་སྐལ་དམན་སྤྲོ་བ་ཆུང་།། སངས་རྒྱས་ཆོས་དང་རྣམ་བྲལ་ལས།། ཀྱེ་ཀྱཻ་མགོན་སྟོན་བླ་མ་ཆེ།། མགོན་པོ་ཁྱོད་ཀྱི་ཐུགས་རྗེ་མཛོད།། ཅེས་བརྗོད་པས་གསོལ་བ་གདབ་བོ།། དེ་ལ་སློབ་དཔོན་གྱིས་རང ་གི་ལྟེ་བར་གཏུམ་མོ་འབྱར་བས་བཞུ་བའི་བདུད་རྩིས་སྙིང་གའི་ས་བོན་བཀྲུས་པའི་དུས་སུ།། སྙིང་གའི་རྩ་བརྒྱད་ཀྱི་རང་བཞིན་གྱི་ལྷ་མོ་སྤྲོས་པ་རྣམས་དང་། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས ་པ་དང་། རིག་པའི་ལྷ་མོ་རྣམས་དང་བཅས་པ་རྣམས་ལ། སྙིང་རྗེ་ཅན་རྣམས་འདི་ལ་དབང་བསྐུར་བ་སྩལ་དུ་གསོལ། ཡང་ཡང་ཕྱག་འཚལ་ཐལ་སྦྱར་གསོལ་འདེབས་འགྱེད།། ཅེས་གསོལ་བ་གདབ་ཅིང་། གདུགས་དང་། རྒྱལ ་མཚན་དང་། བ་དན་དང་། གོས་དང་། རོལ་མོ་ལ་སོགས་པ་དང་ལྡན་པ།། ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་དཀར་པོའི་ཕྱག་ཅན་བཀྲ་ཤིས་ཀྱི་གླུ་ལེན་པ་རྣམས་ཀྱིས། གང་གི་ཚེ་སློབ་མ་ཧེ་རུ་ཀའི་གཟུགས་ཅན་ལ་དབང་བསྐུར ་བབར་མཛད་པ་དེའི་ཚེ་མན་ཇི་གཉིས་ལ་གནས་པའི་ཟངས་སྣོད་དང་། དུང་ཆོས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུས་བཀང་ནས། དང་པོར་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་བཟུང་བའི་ཟངས་སྣོད་ཀྱི་ཆུ་ཉུང་ངུ ་ཡིས་དང་དེའི་རྗེསུ་དུང་གིས་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ།། ཨོཾ་ཧེ་རུ་ཀ་བཱི་ར་སྟྭཾ་ཨཱ་བྷི་ཥིཉྩི་མི། ཞེ་སྡེ་བརྗོད ་ཅིང་ཁྲུས་བྱེད་པའི་སློབ་མ་ལ་ཅོད་པན་གྱིས་བྱིན་གྱིས་བརླབ་པར་བྱའོ།། དེ་ལྟར་ཆུ་དང་ཅོད་པན་གྱི་དབང་བསྐུར་ངག་གིས་དབང་བསྐུར་བའི་སློབ་མ་ལ་དེ་ལྟར་བཟུང་པོའི་དུང་གི་ཟངས་སྣོད་ན་གནས་པའི་ཆུ་ལྷག་མ་བསྲེས ་པའི་ཆུ་ལྷག་མཱ། ལེའུ་དང་པོར་བརྗོད་པའི་སྔགས། ཨོཾ་བུད་དྷ་ཞེས་པ་ལ་སོགས་པ་བརྗོད་ཅིང་། ལན་གསུམ་བླུད་དོ།། ཞེས་པའོ་སྦྱར་བ་རྣམས་ཞེས་པ་བྱས་པ་རྣམསོ།། གཞན་རྣམས་ནི་ལྷོག་པ་ལ་སོགས ་པའི་ལུས་ལ་སྐྱེས་པའི་དུག་རྣམསོ།། ཉེ་བའི་དུགུ་ནཱི་ལཾ་ག་ལཱྀ་ལ་སོགས་པའོ།། མངའ་དུག་ནི་དུག་གི་ཆུ་ཞེས་པའི་དོན་ཏོ།། བྱུགས་པ་ཞེས་པ་བཟའ་བའི་དོན་དུ་བཟའ་བྱ་ལ་སོགསོ་པ་ལ་བྱུག་པ་རྣམས་བྱས་ནསོ།། གང་རྣམས་ཞེས་པ ་དུག་རྣམསོ།། དེ་རྣམས་ཞེས་པ་དེ་ཐམས་ཅད་དོ།། དེ་ཉིད་དུ་ཞེས་པ་གང་གིས་བཟུང་བ་འམ་སྦྱིན་པ་དེ་རྣམས་ཁྱོ་ནརོ།། ཤཱི་ལེ་ཀཱ་བྱེད་པས་ཞེས་པ་ཤཱ་ལི་ཀཱའི་བྱེད་པ་ཙོམ་གལ་ཏེ་ཤེས་པར་འདོད་ན་དེ་ཁོ་ནས་ཤེས་པར་གྱིས་ཤིག། ་ཡང་ནྱ་དུག་ཞི་ཐབས་ཏེ་འཇིག་རྟེན་པ་དང་དོན་དམ་པ་ཐམས་ཅད་ཅེས་པའི་དོན་ཏོ།། སྟོང་ཕྲག་ཅེས་པ་ལ་སོགས་པ་སྟོང་ཕྲག་བརྒྱའི་ནང་ན་གང་བསམ་པ་རྣམ་པར་དག་པ་ལ་གདམས་པ་དང་། འཆད་པར་འགྱུར་བའི་སྔགས ་སྦྱིན་ནོ།། སྦྲུལ་ཞེས་པ་ལ་སོགས་པ་ལྔ་སྦྲུལ་གྱིས་ཟིན་པ་ལའོ།། དེ་བཞིན་ཞེས་པ་མཱི་བརྩོན་པའོ།། དྲོན་འདི་ཡིན་ཏེ། གཟུང་བ་ལ་ཇི་སྲིད་དུ་དུག་གསོ་ཐབས་གཞན་སྔགས་དང་སྦྱོར་བ་ལ་སོགས་པའི་ལྕེས་བྱེད་པའམ། ་བྱེད་པར་འགྱུར་བ་དེ་སྲིད་སངས་རྒྱས་ཐོད་པའི་རྣལ་འབྱོར་པས་སྤྲོ་བར་མི་བྱའི།། འདི་ནི་དུས་སུ་བཟུང་བ་སྟེ་ཤི་བའོ།། ཞེས་དུག་གསོ་བ་གཞན་རྣམས་ཀྱིས་དོར་བ་ན་བཟུང་བ་ལ་ལས་བརྩམ་པར་བྱའོ།། འོད་ཟེར་རྣམས ་ཞེས་པ་ལ་སྩོགས་པ་ལ། བདག་ཉིད་ཧེ་རུ་ཀའི་གཟུགས་ཅན་གྱི་སྙིང་གུའི་ས་བོན་གྱིས་འོད་ཟེར་རྣམས་ཀྱིས་ནོར་རྒྱས་ལ་སོགས་པའི་ཀླུའི་གནས་སུ་བསྐུལ་བས། ཀླུའི་སྙིང་སྐམས་པ་ཅི་བགྱི་ཞེས་ཟེར་བའི་ཀླུ་རྣམས་ལ ་གསུངས་པའོ།། སྔོན་ཞེས་པ་ལེའུ་དང་པོར་ཏེ། འདིར་ཡང་སངས་རྒྱས་ཐོད་པ་གསུངས་པ་ཞེས་དྲན་དུ་འཇུག་སྟེ། ཁྱེད་རྣམས་སྔགས་ཀྱི་འོད་ཟེར་གྱིས་ཟིལ་མནན་པ་བཅོམ་ལྡན་འདས་མ་ལ་ཞུས་ནས། དེའི་བཀའ་ཁས་བླངས ་པ་ཞེས་པ་དགོངས་པའོ།། དེ་ནས་འགྱུར་ཞེས་པ་འདི་ལྟར་རིགས་པ་སྒྲུབ་པ་མ་ཡིན་ཞེས་པ་ཀླུ་རྣམས་ཀྱིས་གསོལ་བའོ།། ཀྱེ་འོད་ཟེར་བཞུད་ཅིག། གང་གིས་ཕྱིར་དུས་སུ་ཟིན་པ་མེད་ཅིང་། གཟུང་བ་དང་འཛིན་པ་མེད་དེ། འཛིན་པར ་བྱེད་པ་དུས་སུ་ཟིན་པ་ལས་གཞན་མེད་དོ།། དོགས་པ་སྐྱེ་དོགས་པ་ཅནརྀ་དུག་གིས་འཆི་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ།། འོད་ཟེར་ལ་ནི་འོད་ཟེར་རོ།། བ་ལང་གི་གཅི་བ་ས་ལ་མ་ལྷུང་བ་ནི་བ་སེར་སྐྱའི་འོ།། དེས་འདབ་ཆ ་རི་སྒྲེགས་དྲང་རི་སྐེགས་མོ་ཡང་བྱའོ།། སྣོད་དཀར་པོ་ནི་འབྲས་དཀར་པོ་བཏས་པ་ལས་བྱས་པ་སྟེ། དེར་འདབ་ཆགས་གཉིས་པོ་དེ་བཞག་པར་བྱའོ།། དེར་དུང་ལ་སོགས་པུའི་སྣོད་དྲེ་ཀཱར་པེར་རློ་བསྲེགས་པའི་སྩོལ་བཱ ་མཉེས་པའི་སྣག་ཚ་བཞག་ཅིང་ངེས་ཀ་རི་བཱི་རའི་དཀར་པོའི་འབྲི་མྱུག་གིས་རི་སྐེགས་ཀྱི་སྔགས་བྲི་བར་བྱའོ།། ཕོ་དང་མོ་རུ་ཞེས་པ་མོ་རུ་ཞེས་པོ་མོ་ནི་རེ་སྐེགས་མོ་སྟེ། དེའི་ཕེཾ་ནི་རི་སྐེག་སོ།། ནི་ནི་ཁྱད་པར་ལ་སྟེ་དེའི་ཕྱིར ་དེས་བྲིས་པའི་སྔགས་ཀྱི་གློ་ག་ལ་སོགས་པའི་འདབ་མ་གཉིས་རི་སྐེགས་ཀྱི་སྙིང་གྲར་དང་རི་སྐེགས་མོའི་སྙིང་གར་བཞག་གོ།། སྣག་སྟན་ཏོ།། སྣག་ཚ་སྦྱིན་པར་བྱ་ཞེས་པ་ལ་སོགས་པ་ལ། སྣག་ཚ་དེས་རི་སྐེགས ་གཉིས་ལ་བྱུག་ཅིང་བྲིས་ལ། བདག་ཉིད་ཀྱི་མིག་ལ་ཕྱོགས་པར་བཞག་སྟེ། བདེན་པའི་རི་སྐེགས་གཉིས་བཞིན་དུ་བལྟ་ཞིང་ཀ་ར་བྷི་རཾ་དཀར་པོའི་ལོ་མས་སྔགས་ལན་བདུན་བདུན་བརྗོད་ཅིང་བཀུག་པའི་ལྷའི་རི་སྐེགས་གཉིས་དང ་དབྱེར་མེད་པར་བསྒོམ་མོ།། ཨོཾ་ཞེས་པ་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པ་ནི་སྔགས་གཅིག་གོ།། ཞུས་ཞེས་པ་རི་སྐེགས་དེ་གཉིས་སོང་ནས་ཀླུའི་གནས་སུ་ཞུགས་པའོ།། གང་གི་སི་ཞེས་པ་ལ་སོགས་པ་འཛིན་པ་པོའི་ཀླུའོ།། རི ་སྐེགས་མཐུ་ཆེན་པོ་ཅན་མཐོང་ནས་མུ་ཤཱི་ན་ཡང་ལོང་བར་ནི་མི་འགྱུར་རོ།། ཤཱ་ལི་ཀཱ་རྣམས་ལ་ནི་ཤཱ་ལཱི་ཀྵ་དཱག་ལའོ།། གསོལ་བ་རྣམསོ།། ཚིག་ནི་སྣ་ཚོགས་སྡེ་མཱ་ལ་ཁས་བླངས་པའི་ཚིག་སྟེ། རྣམ་པ་གཞན་དུ་མི་གྱིད་པའོ།། ་ཁ་ཅིག་ཏུ་མ་མཛད་ཅེས་ཀློག་པ་དེའི་ཚེ་སྤྲིན་ལ་ཞོན་གྱིས། ཀླུ་ཉེ་བར་མི་འཚེ་བའི་དོན་དུ་བྱེད་དུ་བཅུག་པའི་ཚིག་གིས་བྱ་ཁྱུང་གི་རྒྱལ་པོས་འདབ་ཆགས་སྟོབས་པོ་ཆེ་ཐམས་ཅད་ལ་ངག་བྱས་ཏེ། དེའི་ཕྱིར་ཚིག་དེ་རྣམ་པ་གཞན ་དུ་མཛད་ཅིག་ཅེས་པའི་དོན་ཏོ།། དེ་ལྟར་ཞེས་པ་ལ་སོགས་པ་རི་སྐེགས་དང་ཤཱུ་ལི་ཀཱ་མོ་དག་གིས་མགོ་དང་མཇུག་མ་དགེ་བཟུང་ནས་ཟིན་པའི་མདུན་དུ་ཁྱེར་འོང་བའི་སྦྲུལ་ལོང་བ་ལ་འགུགས་པའི་སྔགས་ཀྱིས་མངོན་པར་བསྔགས ་བའི་སྦྲུལ་གྱི་ཁང་བུའི་ས་ཡིས་འགུགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བར་བྲབས་པ་ལས། མིག་བྱུང་བ་ཟིན་པ་མཐོང་བ་ལ་རྐང་པ་མགོ་བོའི་མཐར་ཐུག་པ་དང་། མགོ་ནས་རྐང་པའི་མཐར་ལན་གསུམ་དུ་འགྲོའོ།། དེ་ནས ་གཟུང་བ་ལངས་པ་ནཱ་ཤཱ་ལི་ཀཱ་གཉིས་ཀྱིས་སྦྲུལ་རང་གི་གན་སྱེ་ཁྱེརརྱ་ནཱས་སོང་བ་ནི། རླུང་གི་གན་སུ་དྲུག་ཏུ་གན་སུ་གཞུག་གོ་ཞེས་སྤྱིའི་དོན་ཏོ།། ཡན་ལག་གི་དོན་ནཱི་བཟུང་བའི་ཞེས་པ་བཟུང་བའོ།། སྦྲུལ་གྱིས་ནི་སྐུའོ།། ་ཤི་བ་འགྱེལ་བའི་ཞེས་པ་ཤི་ཞིང་འགྱེལ་བའོ།། འགྲོ་བ་ནི་མགོ་བོའི་མཐར་ཐུག་པའོ།། འོང་བ་ན་རྐེང་པའི་བར་དུའོ།། ཀུན་རྫོབ་པའི་དུག་གསོ་ཐབས་རི་སྐེགས་ཀྱི་བྱེད་པ་གསུངས་ནས་དོན་དམ་པ་ག་སུངས་པ་སྟོང ་པུ་ཉིད་ཀྱིས་ཡེ་ཤེས་ཞེས་པའོ།། དེ་ཉིད་རྒྱས་པར་སྟོན་ཏེ། སྟོང་པ་ཞེས་པ་ལ་སོགས་པའོ།། སྟོང་པ་ནི་རང་བཞིན་མེད་པ་རྣམ་པར་རྟོག་པའི་གྲོས་པ་ཐམས་ཅད་དང་བྲལ་བའོ།། མཐའ་དག་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི ་དྲངོས་པོའོ་ཞེས་པའོ།། ཡོད་པར་སྒྲོ་འདོགས་པ་གསལ་ནས་མེད་པ་སྒྲོ་འདོགས་པ་སྤོང་སྟེ། ཆོས་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་མེད་དེ་ནི་སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ།། དེ་སྲིད་དུ་ཞེས་པ་ལ་སོགས་པ ་ཉིན་ཞག་ཉི་ཤུ་རྩ་གཅིག་རྣམས་ཇི་སྲིད་པའོ།། མང་པོས་ཅི་སྟེ་ཇི་སྲིད་དུ་ཟིན་པའི་གདོང་པ་ལ་སོགས་པ་མི་དབྱེ་བ་སྟེ། གདངས་ནས་མི་གནས་པ་དེ་སྲིད་དུ་འཁྲུལ་འཁོར་གྱི་ལས་བྱའོ།། མཇུག་བསྡུ་བ་ནི། དེ་ལྟར་ཞེས ་པ་ལ་སོགས་པ་སྟེ། དེ་ལྟར་དུང་གི་ཆུ་བླུངད་པའི་མཐར་ཐུག་པས་རྗེསུ་བཟུང་ནས་དུག་ཞི་ཐབས་རི་སྐེགས་ཀྱི་བྱེད་པ་དང་། དོན་དམ་པ་ལུང་བསྟན་པར་བྱའོ།། སངས་རྒྱས་ཐོད་པའི་རྣལ་འབྱོར་གྱིས་ཨོཾ་བུད་དྷ་ཀ་པཱ་ལཱ ་ནཱི་ཨཱཿཧཱུཾ་ཞེས་པ་འདིས་ལ་ནཱ་ཉི་ཤུ་རྩ་གཅིག་ཏུ་མངོན་པར་བསྔགས་པོའི་དུག་བཟའ་བོར་བྱའོ།། ཕྱི་རོལ་གྱིས་སར་ཞེས་པ་དཀྱིལ་འཁོར་གྱི་གནས་ལ་སྟེ། དཀྱིལ་འཁོར་ག་ཤིགསུ་གསོལ་ནསོ།། འདིས་ཞེས་པོ་བརྗོད་ཟིན་པ་སུ་ཏ~ཾ། རྡུལ་ཚོན ་གྱི་དཀྱིལ་འཁོར་དགུའི་བདག་ཉིད་མཆོད་པར་བྱའོ་ཞེས་པ་སྔར་བཞིན་ནོ།། ཡང་ན་བསྒྲུབ་པ་པོ་སེམས་བརྟན་པ་ཧེ་རུ་ཀའི་བདག་ཉིད་ཀྱིས་བརྗོད་ཟིན་པའི་མཆོད་པའི་སྔགས་འདིས་རིམ་པ་ཇི་ལྟ་བར་མཆོད་པར་བྱའོ།། ཞེས་འབྲེལ་ལོ།། དཀྱིལ ་འཁོར་ནི་ཙན་དན་ལ་སོགས་པས་ཞེས་པའི་དོན་ཏོ།། དཀར་པོའི་ལུས་ཅན་ཞེས་པ་དཀར་པོའི་ཡོན་ཏན་གྱིས་ཚོགས་དང་ལྡན་པའོ།། མི་ཤིག་པ་ནི་མགོ་བོ་མེད་པ་སྟེ། བདེ་བའི་གནས་ཀྱི་ནང་དུའོ་ཞེས་པ་མན་ངག་གོ། སྣོད་ཀྱི་ཁ་ནི་བུམ་པའི་ཁའོ།། ་ཟླ་བ་ཅེས་པ་ཟླ་བར་གྱུར་པའོ།། ལངས་པར་ཞེས་པ་ལྡང་བར་བྱེའོ་ཞེས་པའོ།། སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་མཁས་པ་མི་འཇིགས་པའི་འབྱུང་གནས་ཀྱི་སྤྲས་པས་མཛད་པ་མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཞི ་བའོ།། ། བཅུང་ལེན་རྒྱས་པར་སྟོན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། ཟླ་བ་དྲུག་དུ་ཞེས་པ་སྣར་བླུག་བྱའོ་ཞེས་པ་ལྷག་མའོ།། ཤེས་རབ་བྱེ་རོག་མིན། གང་གི་གཟུགས་དང་ཁ་དོག་བྱི་རོག ་གི་ལྟ་བུ་སྟེ་ལུས་ནག་པོའོ།། ངང་པ་མོ་ནི་ཤེས་རབ་མ་སྟེ་གང་གི་གཟུགས་ངང་པའི་བྱེ་བྲག་གི་བཞིན་དུ་དཀར་པོའོ།། དྲོད་མ་ནི་ཤེས་རབ་སྟེ། གང་གི་དྲོད་གཟུགས་ཏེ་སྔོན་པོ་དང་དཀར་པོ་བསྲེས་པའོ།། ཁ་ཅིག་ནི་ཁ་དོག་སྔོན་པོ་སྟེ་དྲོད་གཟུགས་ཞེས ་པ་ནི་རྟག་ཏུ་འདིའི་ལུས་དྲོ་བའོ་ཞེས་ཟེར་རོ།། ཞེས་པ་ཤེས་རབ་རྣམ་པ་གསུམ་མོ།། དེ་ལ་བྱ་རོག་མོའི་རྡུལ་ནི་ནག་པོའི་ཕྱོགས་ལ་བྱུང་བ་གཟུང་བར་བྱའོ།། ངང་པ་མེ་ཕྱོགས་ལ་བྱུང་བའོ།། དྲོད་མའི་ཕྱོགས་གཉིས་ཀ་ལ་བྱུང་བའོ།། གཞོ། ་ནུ་མ་ལ་སོགས་པ་རྣམས་ཀྱིས་མཚན་ཉིད་གསུངས་པ། སྔོ་བསངས་ནི་བྱ་རེགུ་མ་སྟེ། མིག་སྔོ་བྱས་ཁྱད་པར་དུ་བྱས་པའོ།། དེའི་ལོ་བཅོ་བརྒྱད་མ་ནི་རྗེས་མིག་རྣག་དང་ཁ་སྦྱར་སྦྱོར་བ་ཞེས་ཐབས་དང་ཡང་དག་པར་སྦྱོར་བའི་སྦྱོར་དུ་ལས ་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་དང་། དེའི་རྡུལ་ཞེས་པ་གསུམ་གཞོན་ནུ་མ་ཅན་དུ་བརྗོད་དོ།། ཤེས་རབ་མ་གསུམ་པོ་དེ་རྣམསུ་མྱོང་བས་ན་དེར་བྱུང་ངོ་།། དེ་རྣམ་སུ་ཡོང་དེ་ཅིའི་ཡིན་ཞེ་ན་གསུངས་པ།། རྩ་རྣམས་ཀྱི་སྟེ་ཨ་བ ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱིའོ།། པདྨ་སྐྱེས་པ་ནི་ཆོས་འབྱུང་དུ་སྐྱེས་པའི་རྫས་བྱང་ཆུབ་ཀྱི་སེམས་སོ།། དེའི་ཡང་ཅི་ཞིག་ཏུ་གན་ས་ཤྱེ་ནཱ་གསུངས་པ། གེ་སར་དུ་སྟེ་རྩ་ཚོགས་པར་རོ།། ཁྱད་པར་ཇི་ལྟ་བུར་ཞེ་ན། སྦས་པའི་སྤྱོད་ཡུལ་དུ ་སྟེག་སྦས་པའི་སྤྱོད་ཡུལ་ནི། གང་གིས་རྫས་གནས་པའི་ཡུལ་ཏེ། ལྟ་བ་ནས་བྱུང་ནས་གེ་སར་དུ་གནས་པ་ཞེས་པའི་དོན་ཏོ།། འདིའི་དོན་ནི་འདི་ཡིན་ཏེ། ཤེས་རབ་མ་གསུམ་པོ་རྣམས་ལས་གང་ཡང་རུང་བ་ལོ་བཅུ་གཉིས་ལེན་པ་དང ་སྦྱོར་བ་ལས་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་དང་དེའི་རྡུལ་དང་པོ་གཉིས་ཤཱ་རི་ཀཱའོ།། མེ་ཏོག་ལྡན་པ་ཞེས་པ་ལ་སོགས་པ་ལ། བྱ་རོག་མ་ལོ་བཅུ་དྲུག་ལོན་པ་རྡུལ་དང་ལྡན་པ་དང་སྦྱར་བ་ལས་བྱུང་བའི་གཉི་གའི ་བྱང་ཆུབ་ཀྱི་སེམས་གྲུབ་མོའོ།། ཉེར་སྦྱོར་ཐ་མི་དད་པ་ཞེས་པོ་ནི་སྤྱོད་པ་མཚུངས་པའོ།། མི་མཱཾ་ནི་ཤེས་རབ་མ་གསུམ་ལས་གང་ཡང་རུང་བའོ།། མ་ཉམས་མ་ནི་སྐྱེས་པ་གཞན་གྱིས་མ་བགྲོད་པ་སྟེ། སྐྱེ་གནས་མ་ཉམས་པ་ཞེས་པའི་དོན་ཏོ།། ་དེ་ལས་དང་པོར་བྱུང་བྱ་ཞེས་པ་དེ་ལོ་ཉི་ཤུ་མ་ཟླ་མཚན་དང་ལྡན་པའི་ཉི་མ་དང་པོ་ལ་བྱུང་བའི་རྡུལ་དང་། དེའི་ཚེ་ཁེ་ནཱ་དེ་དང་སྦྱར་བ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམྦྷ་སོ་ཞེས་པ་གཉིས་ནི་བྱིས་པ་ཅན་མའོ།། ལྷན་ཅིག་སྐྱེས་པ་ཞེས་པ་ལ་སོགས ་པ་ཤེས་རབ་གསུམ་པོ་གང་ཡང་རུང་བ་ལོ་ཉི་ཤུ་རྩ་ལྔ་མ་དང་སྦྱར་བའི་གཉི་གའི་ཁུ་བ་དང་། བུད་མེད་ཤི་བའི་ཐོད་པའི་རྩ་ལས་བྱུང་བའི་འབྲུ་མར་ཞེས་པ་གཉིས་ནི་ཐོད་པ་ཅན་མའོ།། སྨན་ལྔ་པོ་འདི་རྣམས་དངུལ་ཆུ་དང་སྦྱངས་པར་ཏི་རེ་དང་ལྷན ་ཅིག་རིམ་པ་ཇི་བཞིན་དུ་ཟླ་བ་དྲུག་དྲུང་གསུམ་དང་གཅིག་དང་ཕྱེད་དང་གཉིས་དང་གཅིག་རྣམས་འཆུད་པཱར་སྔ་དྲྀ་སྦྱར་བར་བྱའོ།། དེ་ལ་སྨིན་བྱ་རྙོག་མཱ་སྣ་བུག་གཡོན་པར་རླུང་རྒྱུ་བའི་དུསུ་སྣར་བླུགས་པར་བྱའོ།། སྨན་དང་པ་མ་ནི་གཡས ་ཀྱིས་སོ།། དྲོད་མ་ནི་གཉིས་གནསོ།། ཞེས་གསུངས་པ། ཟློ་བ་ཞེས་པ་ལ་སོགས་པའོ།། ཟླ་བ་ནི་འདིར་རྐྱང་མའི་རླུང་ངོ་།། ཉི་མ་ནི་རོལ་མོའི་རླུང་ངོ་།། ཟླ་བ་ནི་ཁུ་བའོ།། ཉི་མ་ཞེས་པ་རྡུལ་ལོ།། གལ་ཏེ་སྨན་དེ་ལ་ཁུ་བ་ཤས་ཆེ་ན་དེའི ་ཚེ་སྣ་བྲག་གཡོན་པར་རོ།། ཅི་སྟེ་རྡུལ་ཤས་ཆེན་དེའི་ཚེ་གཡས་ན་སཱ་སོ།། དེ་ནས་འདི་ལས་ཞེས་པ་ལ་སོགས་པ་གོ་སླའོ།། རྣལ་འབྱོར་མའི་མཆོག་ཅེས་པ་བདུད་རྩི་ལྔ་རྣམས་ནཱི་རྣལ་འབྱོར་རྣམ་སོ།། རྣལ་འབྱོར་མཆོག་རྣམས་ནི་ཐབས་སྒྲོན་མ ་ལྷ་རྣམས་སོ།། ནུས་ཏེ་བཟའ་བར་ཞུས་པ་ལྷག་མའོ།། རྣམ་རྟོག་ནི་རྣམས་རྟོག་རྣམས།། དེ་བཞིན་གཤེགས་པས་མ་རྟོག་སོ་ཞེས་པ་ལ་སོགས་པའི་ཕུལ་དུ་བྱུང་བས་རྗོད་པ་ནི། གུསྱོ་པ་བསྐྱེད་པའི་དོན་དུའོ།། འོ་ན་སུ་རྣམས་ཀྱིས་རྟོགས ་ཤྲཱི་ན་གསུངས་པ། བླ་མ་ལ་གུས་ཞེས་པ་ལ་སོགས་པ་སྟེ། རྟག་བྱ་ལ་སོགས་པའི་མཐའ་ལས་འདས་པའི་སྟོང་པ་ཉིད་སྒོམ་པས་འདོད་ཆགས་ལ་སོགས་པ་དང་བྲལ་བ་རྣམས་སོ།། དེ་ཉིད་ཀྱི་ཕྱིར་ཉོན་མོངས་ཐམས་ཅད་རྣམ་སྤངས་པ ་འདི་རྣམས་ཀྱིས་མནན་པའོ།། བཟའ་བ་ལ་སོགས་པ་ལ་མ་ཞེན་པའོ།། ཤེས་རབ་ཐབས་སོགས་ཀྱི་ཤེས་པའི་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་སོ།། ཕྱོགས་གཅིག་གི་ཞེས་པ་ཕྱོགས་གིས་ཏེ། བླ་ན་མེད་པའི ་ཤེས་རབ་དང་ཐབས་དག་གཅིག་གི་ངོ་བོས་དེ་ཁོ་ན་ཉིད་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་དག་ཏུ་བསྒོམས་པར་བྱེད་པས་འགྲུབ་བོ་ཞེས་པའི་དོན་ཏོ།། དེ་ཁོ་ན་ཉིད་སྒོམ་པ་ཁོ་ན་ལ་ལྷུར་ལེན་པ་ཉིད་ཀྱི་དོན་དུ་ཡུལ་ལ ་ཞེན་པ་སྤང་བར་གསུངས་པ། ཀྱེ་ལགས་ཞེས་པ་ལ་སོགས་པའོ།། ཅལ་ཅོལ་ནི་འགལ་བའོ།། ཅི་ཞེ་ན་གང་དབང་པོ་རྣམས་ཀྱིས་གནོད་ཅིང་ཡུལ་རྣམས་ལ་ཀུན་ནས་ཞེན་པའོ།། སེམས་ཅན་འདི་སྟེ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་སོ།། ། ་ཧཱ་ཧྭཱ་ཞུས་པ་མྱ་ངན་ནོ།། ཙལ་ཙཱལ་ན་ཁོ་ན་ཉིད་སྐོམ་པ་ལས་གཞན་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་ལ་སེམས་གཡེང་བའོ།། གྲིབ་མ་ནི་གཟུགས་བརྙན་ནོ།། གཉུག་མའི་བདག་པོ་ཞེས་པ་གཙུག་ས ་བདག་པོ་རྣམས་ཏེ་མེ་ལོང་ལྟ་བུ་ལ་སྩོགས་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་འགྲུབ་པར་འགྱུར་ཏེ། རྣལ་འབྱོར་པ་དེའི་རང་བཞིན་དུ་འགྱུར་རོ།། ཞེས་པའི་དོན་ཏོ།། མི་འཇིག ་པའི་གཞུང་འགྲེལ་དུ་ལེའུ་ལྔ་པའོ།། །། དབང་བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱ་ཞིང་། དབང་བསྐུར་ནས་དཀྱིལ་འཁོར་སྔོན་མ་ཅན་ཏེ། དེ་ནས་སློབ་མ་དབང་པོ་མཆོག་ཡིད་ཀྱིས་རང་བཞིན་གྱི་དཀྱིལ ་འཁོར་དུ་དབང་བསྐུར་བར་བྱའོ།། ཞེས་རྟོགས་པར་བྱ་བའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། ཕྱི་རོལ་གྱི་དཀྱིལ་འཁོར་ལ་མངོན་པར་ཞེན་པ་རྣམས་འཇིགས་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིགས་པའོ།། དབང་པོ་རྣོན ་པོ་དགའ་བའི་གནས་ཉིད་ཀྱི་ཕྱིར་བཟང་བ་སྟེ་ཡིད་ཀྱི་རང་བཞིན་ནོ།། མཆོག་ནི་འཇིགས་པར་བྱེད་པའི་འབྲས་བུ་འབྱོན་པ་ཉིད་ཀྱི་ཕྱིར་རོ།། གང་གིས་ཞེས་པ་དཀྱིལ་འཁོར་གྱིསོ།། ཤེས་རབ་ཐབས་ཀྱི་སྒྲུབ་པ་ནི་ཞེས་པ་ཤེས་རབ ་དང་ཐབས་ངག་གི་སྒྲུབ་པ་སྟེ། དེས་རྗེསུ་བསྒྲུབ་པའོ།། མཐའ་ནི་བྱ་གདོང་གི་རྩེ་མོ་སྟེ་དེ་དང་སྦྱོར་ཞིང་འབྲེལ་པའོ།། ཞེས་པ་མཐའ་ལ་སྦྱོར་བའོ།། ཕྱིའི་དཀྱིལ་འཁོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ།། ལྷ་ཉིད་བཤིག་པ་ཙམ་གྱིས ་ཞེས་པ་བག་མེད་པ་ལས་ལྷ་གཤེགསུ་མ་གསོལ་བའི་རྡུལ་ཚོན་བཤིག་པས་ཞེས་པ་རྟོགས་པར་བྱ་སྟེ། གཞན་དུ་ན་ལྔ་ཕྱི་དང་རྒྱུད་གཞན་རྣམས་དང་འགལ་བའོ།། དེ་ཉིད་ཀྱི་ཕྱིར་ལྷ་བཤིག་པ་སྲིད་པ་ཉིད་ཀྱི་ཕྱིར་རྡུལ་ཚོན་གྱི་ལྷ་ལ་གཟུགས ་འཛིན་དུ་འཛིན་པས་དག་པ་སྟེ། གཉིས་མེད་ཡེ་ཤེས་ཀྱི་བདུག་ཉིད་མེད་ཅིང་ཡིད་རང་བཞིན་གྱིས་དཀྱིལ་འཁོར་ལ་ནི་ཡོད།། ཞེས་མངོན་པར་དགོངས་སོ།། ལྷ་བཤིག་པ་བཞིན་དུ་དེའི་མཚན་མ་བཤིག་ན་ཡང་སྡིག་པའོ།། ཞེས་གསུང། ་པརྡོ་རྗེ་ཞེས་པ་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱི་མ་སྟེ། ཡང་ཡིག་ལས་ས་བོན་རྣམས་དང་། ལྷ་གཞན་རྣམས་ཀྱི་ཡང་ངོ་ཞེས་རིགས་པར་བྱའོ།། སོང་ནས་ཞེས་པ་འགྲོ་བའོ།། དོན་དམ་པར ་ནི་ཡང་།། སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་ཅི་ཡིས་ཏེ་ཅི་ཞིག་གིས་ཀྱང་མ་ཡིན་ནོ།། སྤྱན་དྲང་བ་ལ་སོགས་པ་ནི་སེམས་ཅན་དམན་པའི་བསམ་པའི་དབང་གིས་གསུངས་པའོ།། འགར་ཡང་ཞེས་པ་དོན་དམ་པར་འགའ་ཞིག ་ཏུ་ཡང་མ་ཡིན་ནོ།། དེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་གང་ལས་ཀྱང་བྱོན་པ་འམ་བཞུད་པ་མེད་དོ།། དེ་བཞིན་ཉིད་ནི་མི་གཡོ་བ་སྟེ་དེ་ནི་དེ་བཞིན་གཤེགས ་པའོ་ཞེས་སོ།། དྲི་མ་མེད་ཅེས་པ་དྲི་མ་མེད་པ་རྣམས་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དག་པ་ཆོས་སྐུ་རྣམསོ།། གཞན་རྣམས་ཞེས་པ་གང་རྣམས་དོན་དམ ་པར་སྤྱན་དྲངས་པ་ལ་སོགས་པ་སྲིད་པ་ནཱ་རྡུལ་ཚོན་གྱི་དཀྱིལ་འཁོར་རིགས་པ་བཞུད་པ་ལ་སོགས་པའི་སྤྲོས་པ་ལས་གྲོལ་བ་སྒྲིབ་པ་མེད་པའི་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི་དེ་བཞིན ་གཤེགས་པ་རྣམས་ཡོད་དོ་ཞེས་འདོད་པར་མི་བྱའོ།། འདི་ལ་ཚད་མྱ་ཅི་ཞེས་ན་གསུངས་པ་འདིར་ཞེས་པ་ལ་སོགས་པའོ།། གཱང་གི་པདྨར་དཀྱིལ་འཁོར་དུ་འགྱུར་བ་ཤེས་རབ་མ་ཇི་ལྟ་བུར་ཞེ་ན་གསུངས་པ། ལོ་བཅུ་གཉིས་མ་ཞེས ་པ་པ་ལ་སོགས་པའོ།། ཟླ་བ་སྟེན་པ་ནི་བྱང་ཆུབ་ཀྱི་སེམས་བསགས་པའོ།། མི་གཡོ་བ་ཞེས་པ་མི་གཡོ་བ་སྟེ་སྐྱེས་པ་གཞན་ལ་མི་འགྲོ་བ་ཞེས་པའི་བར་རོ།། འདི་ལྟ་བུའི་ཤེས་རབ་མ་བླ་མ་ལ་དབུལ་བའི་སློབ་མ་དེ་རྣམས་ནི། འདི་རྣམས ་ཁོ་ན་ཞེས་པ་འཆད་པར་འགྱུར་བའི་ཡོན་ཏན་དང་ལྡན་པ་རྣམས་སོ།། དེ་ཉིད་ནི་བཞི་པའོ།། ལྔ་ཞེས་པ་ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་རྣམས་སོ།། སྔགས་དང་། རྡོ་རྗེ་བརྟུལ་ཞུགས་དང་། སྤྱོད་པའི་བརྟུལ་ཞུགས ་དང་། ལུང་བསྟན་པ་དང་། ཕྱིར་མི་ལྡོག་པ་དང་། གསང་བ་རྣམས་རིགས་མྱེའི་བརྟུལ་ཞུགས་དེང་བཅས་པ་བདུན་ནོ།། གཉིས་ནི་ཤེས་རབ་ཡེ་ཤེས་དང་བཞི་པའོ།། གཅིག་ཏུ་བསྡུས་པ་ཞེས་པ་འདྲི་རྣམས་གཅིག་ཏུ་འདུས་ནཱ་དབང ་བསྐུར་བ་ཅུ་བཞི་རྣམས་སུ་འགྱུར་རོ།། དེ་ལ་ཆུ་ལ་སོགས་པ་ཕྱིར་མི་ལྡོག་པའི་མཐོར་ཐུག་པ་ནི་སློབ་དཔོན་གྱིས་དབང་དུ་བརྗོད་པར་བྱའོ།། དེ་ཁོ་ན་རིག་པའི་བརྟུལ་ཞུགས་དང་བཅས་པ་ནི་ཕྱིའོ།། གསང་བ་ནི་གསང་བའི་དབང ་བསྐུར་རོ།། གསང་བ་ནི་དེ་ཉིད་ནི་ཤེས་རབ་ཀྱི་དབང་བསྐུར་རོ།། དེ་ཁོ་ན་ཉིད་ནི་དབང་བསྐུར་བཞི་བྱའོ།། དེ་ལྟར་ཡང་རིག་མའི་བརྟུལ་ཞུགས་སློབ་དཔོན་གྱི་དབང་ངམ། ཤེས་རབ་ཀྱི་དབང་བསྐུར་དུ་དེ་དང་དེའི་ཡན་ལག་ཉིད་ཀྱིས་ནང་དུ་བསྡུས ་ནས་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང་། བཞི་པ་དེ་ཡང་དེ་བཞིན་ནོ།། ཞེས་སོ།། དབུལ་བྱ་ཞེས་པ་ནི་བླ་མ་ལ་སློབ་མས་གསེར་ལ་སོགས་པའོ།། བླ་མར་ཞེས་པ་བླ་མའོ།། མི་གསུངས་པ་ནི་ཏིང་ངེ་འཛིན་ལ་ཕྱོགས ་པའོ།། འདྲ་ཐམས་ཅད་མཚོན་པ་ཁོ་ན་སྟེ། གསལ་བར་རྫོགས་པ་ནི་མ་ཡིན་ནོ་ཞེས་སྡུད་པ་པོས་གསུངས་པ་འང་ཞེས་པ་ལ་སོགས་པའོ།། འདིར་གདམས་ངག་ནི་འདི་ཡིན་ཏེ། འདིར་སློབ་དཔོན་ལྷ་མོ་ཉི་ཤུ་རྩ་བཞིས་ཡོངས ་བསྐོར་བའི་དཔལླ་ཧེ་རུ་ཀཱའི་བདག་ཉིད་དུ་དང་། སློབ་མ་ཡང་དེ་ལྟར་དཔལ་ཧེ་རུ་ཀའི་བདག་ཉིད་དུ་བསྒོམས་ནས་འཁྱུད་པའི་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་སྔ་མའི་གཟུགས་ཅན་ཆོ་ག་ཛཱི་ཝཱ་བར་སྦྱངས་པའི་པདྨའི་སའི་དབུས་སུ་རུང ་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཚོགས་ཀྱིས་སྤྱན་དྲངས་པའི་ཉི་ཤུ་རྩ་ལྟའི་བདག་ཉིད་ཀྱི་བཅྡོཾམ་ལྡན་འདས་ཨ་བཱ་དྷཱུ་ཏིའི་སྟེང་གི་སྒོ་ནས་བཅུག་སྟེ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་རྡོ་རྗེའི་ལམ་ནས་དབབ ་དེས་ཡུད་ཀྱི་ཁང་པ་བརྩེགས་པ་དང་བཅས་པའི་ལྷོ་ཉི་ཤུ་རྩ་ལྔའི་བདག་ཉིད་ཡིད་ཀྱི་རང་བཞིན་རིམ་པ་གསུམ་པའི་དཀྱིལ་འཁོར་བསྒྲུབས་ནས་སློབ་མས་མཎྜལོ་ལྔ་བྱས་པས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན ་པོ་བདག་ནི་གཞུག་ཏུ་གསོལ།། ཞེས་ལན་གསུམ་དུ་གསོལ་བ་བཏབ་པ། རང་གི་ལུས་ལ་བློས་བཅུག་ནས་རྡོ་རྗེའི་ལམ་ནས་ཕྱུང་བ་དཀྱིལ་འཁོར་གྱི་ཤར་གྱི་སྒོར་འདུག་པ་ལ། རང་བཞིན་དག་པ་སངས་རྒྱས ་བདག། ལུས་རང་བཞིན་གྱི་དྲི་མ་མེད་པ། དཔའ་བོ་དཔའ་མོའི་དབང་མོའི་གྲོང་།། དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས།། ཞེས་བརྗོད་ཅིང་དཀྱིལ་འཁོར་བསྟན་ནོ།། དེ་ནས་འཁོར་བའི་འདམ་དུ་བྱིང་བ་བདག་ཅེས་པ་ལ་སོགས་པས་གསོལ་བ ་བཏབ་པ་ལ་གཏུམ་མོས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་འཁྲུས་བཞིན་པ་དང་། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྟེང་གི་སྒོ་ནས་ཞུགས་ཏེ་ཞུ་བར་གྱུར་པའི་རྡོ་རྗེའི་ལམ ་ནས་ཕྱུང་བ་རྣམས་ཀྱིས་མི་བསྐྱོད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ཆུས།། སངས་རྒྱས་ཐམས་ཅད་ཀྱི་ནི་དབང་། གསང་བ་གསུམ་གྱི་གནས་ལས་བྱུང་།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། རྡོ་རྗེ་ཆེན་པོ་སྦྱིན་པར་བྱ་ཞེས ་བརྗོད་ཅིང་། ཨོཾ་ཤཱི་ཏཱི་ཙཱ་ཀྲ་བྷཱི་ར་ཏཱཾ་ཨ་བྷི་ཥིཉྩ་མི་ཞེས་པའི་སྔགས་ཀྱིས་དཔུང་བསྐུར་བར་བྱའོ།། ཞེས་ཆུའི་དབང་བསྐུར་རོ།། དེ་ནས་ཆུ་དེ་རིན་ཆེན་འབྱུང་ལྡན་གྱིས་བདག་ཉིད་ཀྱི་ཅོང་པན་དུ་བསྒོམ་ཞིང་། ཨཱ་བྷི་ཥིཉྩནྟུ་མཱ~ཾ། སརྦ་ཡོ་གཱི ་མུ་ཀུ་ཊེ་ཨ་ཏྲ་ཨ་དྷི་ཏིཥྛནྟེ། ཨཱ་གཙྪནྡྷེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ།། ཞེས་པ་ཙོང་པོན་ནོ།། འོད་དཔག་མེད་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ལོག་པ་གཡས་པས་སློང་གར་ཧེ་རུ་ཀ་དཔལ་སོགས་དཔའ་བོས།། དེ་རིང་ཁྱོད་ནི་དབང་བསྐུར་རོ།། ་འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་རབ་ཏུ་གྲུབ་ཆེད་ཟུང་ཞེས་བརྗོད་ཅིང་འཛིན་དུ་གཞུགོ་ཅེས་པ་རྡོ་རྗེའོ།། དོན་ཡོད་གྲུབ་པའི་རང་བཞིན་གྱི་དྲིལ་བུ་ལག་པ་གཡོན་པས་སྙིང་གར་འཛིན་དུ་གཞུག་ཅིང་འདི་དེ་སྐང་སངས་རྒྱས་ཐམས་ཅད་ཀྱི།། ་དབྱངས་ཀྱི་རྗེས་འགྲོ་དྷིལ་བུར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞུད་ཅེས་བརྗོད་ཅིང་འཁྱུད་པའི་ཚུལ་བྱེད་དུ་གཞུག་ཅེསུ་པ་བདག་པའོ།། དེ་ནས་སློབ་མའི་མགོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་འཛིན་དུ ་གཞུག་ཅིང་། ཨོཾ་ཤྲཱི་ཙཀྲ་ཨ་དྷི་པྲ་ཏི་ཤྲཱི་ཧེ་རུ་ཀ་ཝཱི་རཱ་ཏཱཾ་ཨ་བྷི་ཥིཉྩ་ན་མི་ཆེ་གེ་མོ་རྡོ་རྗེ་ཁྱེད་དོ་ཞེས་བརྗོད་དོ།། ཅེས་པ་མིང་ངོ་།། ཨོཾ་བུདྡྷ་ཀོ་པཱ་ལི་ནཱི་ཨཿཧཱི་ཧཾ་ཧཱུཾ་ཕཊ་ཅེས་པ་བདག་པོའི་སྙིང་པོ་འདོན་དུ་གཞུག་གོ་ཞེས་པའི་སྔགས་སོ།། ་འདི་དེ་སྤངས་རྒྱས་ཐམས་ཅད་ཉིད།། ཧེ་རུ་ཀ་དཔལ་གོ་ཥྚ་ཕང་གནས།། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཟུང་།། ཧེ་རུ་ཀ་དཔལ་བརྟུལ་ཞུགས་བསྟན།། ཞེས་བརྗོད་ཅིང་རྡོ་རྗེ་སྦྱིན་ནོ།། དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏྱཱ་སིདྡྷི་བཛྲ་ས་མཱ་ཡ་ཏཱིཥྛ་ཨཱ་ཥྚ་ཏཱཾ་དྷཱ ་ར་ཡཱ་མཾ། ཨོཾ་ཧཱ་ཧ་ཧ་ཧ་ཧྲཱིཿཞེས་བརྗོད་ཅིང་གཟུང་བར་བྱའོ།། ཞེས་པ་རྡོ་རྗེའི་བརྟུལ་ཞུག་སོ།། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི།། ཕྱི་དང་ནང་དུ་ཡང་དག་གནས།། དེས་ནེ་ཁཾ་ཊྭཱ~ཾ་ཅང་ཏེའུ་སྣོད།། བྱིན་པ་དཔའ་བོ་ག་ཌ~ཾཟུང་བར་གྱིས་ཞེས་བརྗོད་ཅིང ་ཁ་ཊྭཱ~ཾ་ག་དང་ཅང་ཏེའུ་དང་ཐོད་པ་རྣམས་སྦྱིན་པར་བྱའོ།། ཞེས་པ་སྤྱོད་པའི་བརྟུལ་ཞུག་སོ།། ལག་པ་གཡོན་པས་ཆོས་གོས་ཀྱི་སྣ་བ་བཟུང་ནས། ལག་པ་གཡས་པས་མི་འཛེགས་པ་སྦྱིན་པས་རང་ཉིད་སངས་རྒྱས་ཀུན་རང་བཞིན། ་འཁོར་ལོ་གསུམ་གྱི་དབང་ཕྱུག་ངས།། ཧེ་རུ་ཀ་དཔལ་ཞེས་བྱ་ཡི།། དེ་བཞིན་གཤེགས་པར་ཁྱོད་ལུང་བསྟན།། དཔལ་ཧེ་རུ་ཀ་ཞེས་པའི་མིང་ཅན་གྱི་དེ་བཞིན་གཤེགས་པའི་དངོས་གྲུབ་ས་མ་ཡ་སྟྭཾ་བྷུར་བྷུར་ཝཿ ་ཞེས་བརྗོད་ཏེ་ལུང་བསྟན་པའོ།། དེ་ནས་གང་གིས་བདག་ནི་དེ་ལྟར་ཉིད།། རྒྱུ་མེད་འགྲོ་བའི་དོན་བྱེད་པ།། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ།། དཔའ་བོ་ཆེན་པོ་བདག་ལ་སྒྲོལ།། ཞེས་གསོལ་བ་བཏབ་པའི་རྗེས་ཐོག་སུ།། སྙིང་གའི་ས་བོན ་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་མཐའ་ཡས་པའི་ཕྱོགས་ན་བཞུགས་པའི་དཔའ་བོ་དང་ལྷ་མོ་རྣམས་སྔར་བཞིན་བཅུག་སྟེ་རྡོ་རྗེ་ནས་ཕྱུང་ནས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པའི་ཕྱག་ཅན་རྣམས་ཀྱིས་བཀྲ་ཤིས་དང་གླུ་དང་། མཆོད་པ་དང་། ་བཀུར་སྟི་རྒྱ་ཆེན་པོས་དབང་བསྐུར་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པོ་ཡིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥི་ཀ་སུ་མ་ཡ་ཤྲཱི ་ཡེ་ཧཱུཾ་ཞེས་བརྗོད་དོ།། དེ་ནས་མི་བསྐྱོད་པ་དབུ་རྒྱན་དུ་བ་སེམས་ལ། དཔའ་བོ་དང་ལྷ་མོ་གཞན་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་ལ་ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པོ་ལ་སོགས་པའི་སྔགས་བརྗོད་དོ།། དེའི་རྗེསུ་བཀའ ་བསྒོ་བར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པས།། མི་བྱ་ཅུང་ཟད་མེད་དེའི་ཕྱིར།། དཔའ་བོས་དེ་ཉིད་ཤེས་ནས་ནི།། ཁྱོད་ཀྱིས་འདོད་པ་ལྔ་སྤྱོད་ཅིག། སེམས་ཅན་གཟུགས་བརྙན་རང་བཞིན་ཏེ།། རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན།། དེ ་རྣམས་ཁམས་གསུམ་པ་ཤེས་ནས། ཁྱོད་ཀྱིས་སེམས་ཅན་དོན་ནུས་ཀྱི།། ཞེས་པ་ཕྱིར་མི་ལྡོག་པའོ།། དེའི་རྗེསུ་འཁོར་བའི་འདམ་དུ་བྱིང་བ་བདག་ཅེས་པ་ལ་སོགས་པས་བླ་མ་ལ་དང་། བདག་ནི་འཁོར་བའི་འདམ་དུ་བྱིང་།། རྣམ་རྟོག་མིང ་དང་བདག་ལྡན་པས།། བག་ཆགས་ཡང་དག་བཅད་པ་ཡིས།། མཛེས་མ་ཁྱོད་ཀྱིས་བསྐྱབས་པར་མཛོད།། གྲགས་པ་ཆེན་མོ་ཐུགས་རྗེ་ལྡན།། དེ་ཉིད་ཉེ་བར་ཞི་བར་མཛོད།། ཅེས་པས་ཤེས་རབ་མ་ལ་གསོལ་བ་བཏབ་པར་བྱས་པ་ལ།། ་རང་གི་སྙིང་གེའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུར་བཞུགས་པའི་དཔའ་བོ་དང་ལྷ་མོ་རྣམས་སྔར་བཞིན་བཅུག་སྟེ་ཞུ་བར་གྱུར་ནས་ཕྱུང་བའི་བྱང་སེམས་སྙིང་པོའི་བསྔགས་བརྗོད་ཅིང་དཀྱིལ་འཁོར་དུ་གནས་པའི ་བློས།། ཕྱི་རོལ་ཏུ་གནས་པའི་སློབ་མ་མཐེ་བོང་དང་མིང་མེད་པ་དག་གིས་བཙིར་ལ་རྡོ་རྗེ་པདྨ་ལས་ཕྱུང་སྟེ་དངོསུ་འཐུང་དུ་བཞུགོ། སླེབ་མས་ནི་ཨ་ཧེ་སུ་ཁ་ཞེས་སྨྲ་ཞིང་བཏུང་ངོ་།། ཤེས་རབ་མས་ཀྱང་ལངས་ལ། རང་གི་ཆུ་སྐྱེས ་ཀྱི་རླུང་གི་བྱང་ཆུབ་སེམས་ཀྱི་ལྷག་མ་མེ་ཏོག་གི་བཅུད་ཀྱི་ཐིག་ལེ་དེའི་ཁའི་ནང་དུ་གོས་མེད་པ་ཁོ་ནས་འཇུག་པར་བྱའོ།། ཞེས་པ་ཤེས་རབ་དང་ཐབས་དག་གི་གསང་བས་དབང་བསྐུར་བའོ་ཞེས་པ་གསང་བའོ།། དེ་ནས་སྔར ་བཞིན་དུ་བླ་མ་དང་ཤེས་རབ་མ་ལ་གསོལ་བ་བཏབ་པ་ལ། ཤེས་རབ་མ་དེ་འམ་གཞན་ཡང་རུང་བས་བཀའ་བསྒོ་བ་དཔའ་བོ་བྱང་ཆུབ་སེམས་བཟའ་བར།། ཁྱོད་ནི་སྤྲོ་བར་གྱུར་ཏམ་ཅི།། རིགས་ལྔ་ལས་བྱུང་རིག་མིན།། གུས་པས་ཡང ་དག་མཆོད་བྱེད་དམ།། བཤང་ཅི་སྟོབས་དང་ཁྲག་ལ་སོགས།། གཞན་ཡང་དམ་ཚིག་བཟང་པོ་ནི།། དེ་རང་རབ་ཏུ་ཟ་བྱེད་དམ།། བུ་ཁྱོད་ཇི་ལྟར་འདོད་པ་སྨོས།། ཞེས་པའོ།། དེས་ཀྱང་ཇི་སྐད་བརྗོད་པའི་དམ་ཚིག་སོགས།། ་ལྷ་མོ་བདག་ནི་ཅིས་མི་སྤྲོ།། བུད་མེད་པདྨ་མཆོད་པ་དང་།། རྟག་ཏུ་གུས་པ་ཅི་མི་བགྱི།། ཞེས་ཁས་བླང་ངོ་དོ།། དེ་ནས་ངེས་པདྨ་གསལ་བར་བྱས་ཏེ། ཐར་པ་བསྟོན་ཅིག་ཧོཿཞེས་བརྗོད་དོ།། དེས་ཀྱང་བླ་མའི་མན་ངག་ལས་དགའ་བ་ལ་སོགས་པའི་དབྱེ ་བས་ཁོང་དུ་ཆུད་པས་རོལ་པར་བྱའོ།། པདྨའི་ན་མཁའ་དང་ནོར་བུའི་ལྟེ་བ་དག་བཙིར་བའི་གནསུ།། རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི།། ནོར་བུའི་ནང་དུ་གནས་ལྟ་ཞིང་།། དེ་ལས་སྐྱེས་པའི་ཡེ་ཤེས་གང་།། དེ་གཟུགས་ཞེས་པ་བརྗོད་མི་ནུས།། འདོད ་ཆགས་མ་ཡིན་ཆགས་བྲལ་མིན།། བར་མར་དམིགས་པ་མ་ཡིན་ཏེ།། གསུམ་པོ་སྤངས་པ་ཁོ་ན་ལས།། ལྷན་སྐྱེས་བྱང་ཆུབ་བརྗོད་པར་བྱའོ།། གང་དུ་དབང་པོ་ཉམས་པར་འགྱུར།། བདག་གི་རང་བཞིན་རྣམ་པར་ཉམས།། ལྷན་ཅིག་སྐྱེས ་དགའ་རྟོགས་དེ་ཡིན།། བླ་མའི་ཞལ་ལ་གསལ་དྲི་ནའོ།། ཞེས་རྟོགས་པས་རྣལ་འབྱོར་པ་ཡིས་བྱང་ཆུབ་སེམས།། ཇི་སྲིད་གཏོང་བར་མི་བྱེད་པ།། དེ་སྲིད་པར་མ་ཆད་པར་ནི།། དགུའ་སྐྱེས་བདེ་བ་ཅི་ཡང་འཐོབ།། དངོས་གྲུབ་ཐ་མོས་ཅུད ་ཀྱི་ནི་གཏེར།། བྱང་ཆུབ་སེམས་ནི་ལྷུང་བ་ན།། ཕུང་པོ་རྣམ་ཤེས་བརྒྱལ་བ་ལ།། དངོས་གྲུབ་མ་སྨོང་ག་ལ་ཡོད།། ཅེས་པས་ཇི་ལྟར་ནུས་པར་བཟུང་སྟེ།། དལ་བུས་བཏང་ནས་དེ་ཁོ་ན་ཉིད་ལྟ་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ ་ཆུ་སྐྱེས་ནས་ལྕེས་བླང་བར་བྱའོ།། དེའི་རྗེས་སུ་དེས་མགོ་བོར་རྐང་པ་གཡོན་བཞག་ནས་བཀའ་བསྒོ་སྟེ། བུ་ཁྱོད་དེ་རིང་ནས་བརྩམས་ཏེ།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི།། དོན་ནི་བདག་ཉིད་ཀུན་གྱིས་བྱོས།། ཞེས ་པོས་ཏེ་ཤེས་རབ་ཡེ་ཤེས་སོ།། དེ་ནས་བླ་མས་རིགས་མ་འདི་ནི་སྤངས་ནས་ཐབས།། གཞན་གྱི་སངས་རྒྱས་ཉིད་མིན་ཕྱིར།། བརྟུལ་ཞུགས་གྲོང་མའི་གོང་མ་སྟེ།། མཉེན་གཤིན་རིག་མའི་བརྟུལ་ཞུགས་སྤྱོད་ཅེས་བརྗོད་དེ་རཱིག་མའི་བརྟུལ ་ཞུག་སོ།། དེའི་རྗེསུ་ཤེས་རབ་ཡེ་ཤེས་བླངས་པ་ཁོ་ནའི་སློབ་མ་ལ་ཤེས་རབ་ཡེ་ཤེས་ཁོ་ན་གོམས་པོ་ལྔས་རྡོ་རྗེ་འཛིན་པའི་ངོ་བོ་བཞི་པའོ་ཞེས་ཚིག་ཁོ་ནས་དབང་བསྐུར་བཞི་པ་བླ་མཱའི་མིན་ངག་ལས་རྟོགས་པར་བྱ་བའི་ཁྱད་པར་སྦྱོར ་དེ་དཔྲལ་སཾ་པུ་ཊེ་རོ་གསུངས་པ། ཇི་སྐད་བརྗོད་པའི་ཆོ་གས་དབང་བྱིན་ནས། སློབ་མའི་མོས་པ་ཡིད་ཀྱིས་བལྟ་བྱ་སྟེ། ཟད་ཅིང་རྒྱ་ཆེ་བའི་ཚུལ་ལ་མོས་པ་ལྔ་དབང་བསྐུར་རིན་ཆེན་ཚིག་ཉིད་ཀྱིས་སྦྱིན་བྱ། ཞེསོ།། དབང་བཞི་པའི་ཞེས ་པའོ།། གང་སློབ་མ་དབང་པོ་འབྲིང་པོ་དེ་ལ། ཕྱི་རོལ་ཏུ་བསྒོམས་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ལ་ཆོས་འབྱུང་གིས་པུདྨའི་ནང་དུ་དཔག་ཚད་བྱེད་པའི་ཚད་ཅན་ཡིད་ཀྱི་རང་བཞིན་རིམ་པོ་གསུམ་པའི་དཀྱིལ་འཁོར་བསྒོམ ་ནས་ཇི་ལྟར་རིགས་པར་བརྗོད་པའི་ཆོ་གས་དབོང་བསྐུར་བར་བྱའོ།། གང་བསོད་ནམས་བསགས་པའི་དཀྱིལ་འཁོར་གཉིས་པོ་འདི་བསྐྱེད་པར་ནུས་པའི་བླ་མས་སྤྲུལ་པ་གསལ་བར་མཐོང་བ་དེ་ནི་དབང་པོ་མཆོག་གི་མཆོག་ཡིན ་དེ་ལ་ཡང་འདི་ལྟར་དབང་བསྐུར་བར་བྱའོ།། དབང་པོ་བརྟུལ་པོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ཀྱི་དཀྱིལ་འཁོར་དུའོ།། དེ་ལྟར་གདམས་པ་ཕྱེ་ནུས་བྱ་སྟེ། གདམ་པ་ཉམས་པས་འཇིགས་པའི་ཕྱིར་རོ།། བསྐྱེད ་པའི་རིམ་པའི་ཕྱོགས་ལ་དཀྱིལ་འཁོར་གསུངས་ནས་རྫོགས་པའི་དཀྱིལ་འཁོར་བརྗོད་པའི་ཆེད་དུ་གསུངས་པ། ཙི་རུ་ཞེས་བྱ་བ་ལ་སོགས་པ་སྟེ། ཙི་རུ་ཞེས་པ་དོན་དམ་པར་རྟེན་འགོག་བྱའོ།། ཅི་ཞིག་ཅེས་བྱ་ལྷའི་ངོ་བོའི་རྟེན་པ་འགོག་པའོ།། ་དཀྱིལ་འཁོར་བཞེངས་པ་ལ་སོགས་པ་བསོད་ནམས་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཆེན་པོའི་ལམ་ཡིན་མོད་ཀྱི། དེ་ལྟར་ཡང་རིང་བ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་སྟོང་པའོ་ཞེས་གསུངས་པ། ལྷུང ་ཞེས་པ་ལ་སོགས་པ་སྟེ། བརྫུན་ལ་ཞེས་པ་རྣམ་པར་རྟོགས་པས་སྒྲོ་བཏགས་པ་བརྫུན་པའི་ངོ་བོ་ལའོ།། ཙལ་ཙ་ལ་ཞེས་པ་གཡེང་བ་རྣམ་པ་སྣ་ཚོགསུ་མྱུར་དུ་རྫོགས་པའི་བྱང་ཆུབ་འགྲུབ་པའི་ལམྱཾ་ལས་གྲོལ་བའི་འགྲོ་བ་ལྗང་ངོ ་ཞེས་ཐུགས་བརྩེ་བར་མཛད་དོ།། འོ་ན་སྒྲོ་མ་བཏགས་པ་ཅི་ཞེ་ན་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ།། མཐའ་དག་ཅེས་པ་ཕུང་པོ་དང་ཁམས་ལ་སོགས་པའོ།། དེ་འོདྨའི་དཀྱིལ་འཁོར་ནི་རྫོགས་པའོ།། ཇི་ལྟར་པོ་ནར་གིས ་པ། པདྨ་ཞེས་པ་ལ་སོགས་པ་སྟེ། བདེ་པོ་ཆེན་པོ་ལ་སོགས་པའི་པདྨའི་དབུས་སུ་གནས་པའོ།། རྣལ་འབྱོར་མ་ཚོགས་ནི་རྩའི་རང་བཞིན་ནོ།། ཧེ་རུ་ཀ་ནི་བྱང་ཆུབ་ཀྱིས་སོ།། དེ་ཁོ་ན་སྟེ་བདེ་བ་ཆེན་པོའི་བདག་ཉིད་སྟོང་པ་ཉིད་དང ་གཅིག་པ་རྨི་ལམ་དང་གཟུགས་བརྙན་དང་། སྒྱུ་མ་ལ་སོགས་པའི་རང་བཞིན་ནི་ཕུང་པོ་ལ་སོགས་པའི་ངོ་བོར་སྐྱེའོ་ཅེས་གསུངས་པ། མཐའ་དག་སྐྱེད་བྱེད་ཅེས་པའོ།། དེའི་ཕྱིར་རྫོགས་པའི་དཀྱིལ་འཁོར་བླང་བར་བྱ་བ་འདི་བསྒོམས་པ་མཐོང ་བར་གྱིས་ཤིག་པའོ།། དེ་དྲིལ་བུ་ཞབས་ཀྱིས་གསུངས་པ། སེམས་གནས་ལས་ཀྱི་ཐིག་དང་ནི། རྡུལ་ཚོན་དགྱེས་པའི་རིམ་ལས་བྱུང་། འགྲོ་འདི་དཀྱིལ་འཁོར་ཁྲོ་ན་སྟེ། རང་བཞིན་གྱིས་གྲུབ་གཉིས་མེད་པའོ།། བཅོམ་ལྡན་མ ་གྷཉིས་ཀྱི་ངོ་བོ་གང་།། དེ་ནི་གདུལ་བྱའི་དབང་ལས་འདོད།། དེ་ནི་ཐར་འདོད་བསྒྲུབ་བྱ་མིམ། ཐར་པ་ཡང་དྲུག་དོན་མཐོང་ལས་ཞེསོ།། གལ་ཏེ་རྣམ་པ་དེ་ལྟར་རྫོགས་པ་ཡིན་ན། འོ་ནཱ་དེ་ནི་ཐམས་ཅད་ཀྱི་ཚེ་ཡོད་པ་ཁོ་ན་སྟེ། ཅིས་འགྲོ་བས ་མི་རྟོགས། སྒོམ་པས་ཀྱང་ཅི་བྱ་ཞི་ན་གསུངས་པ། གནོད་པས་ཏེ་གནོད་པ་ནི་ཕྱིན་ཅི་ལོག་པ་སྟེ། རྨི་ལམ་གྱི་རང་བཞིན་གྱི་ཕུང་པོ་ལ་སོགས་པ་ལ་རྨོངས་པསོ།། དེའི་ཕྱིར་ལྟོས་ཏེ་བླང་བྱ་དྲོར་བྱ་ལ་རྨོངས་པ་ལས་ངེས་པར ་དཔྱོད་ཅིག། སྦྱིན་པར་ནི་མྱུར་བར་ཏེ། ཇི་སྲིད་དུ་དལ་འབྱོར་ཕུན་སུམ་ཚོགས་པ་ཡིད་བརྟན་དུ་མེད་པ་འདི་ཡོད་ཀྱི་བར་དུའོ།། ཞེས་སྒོམ་པ་ལ་སྤྱོད་པའོ།། འཇིགས་པ་མེད་པའི་གཞུང་འགལ་དུ་ལེའུ་དྲུག་པའོ།། ། ་ད་ནི་འབྲས་བུའི་རྒྱུད་བཅོམ་ལྡན་འདས་ཀྱི་སྒོམ་པ་བརྗོད་པའི་ཆེད་དུ་གདུལ་བྱའི་སྐྱེ་བོའི་ངོ་རེ་རེ་ཞིག་ཕྱིའི་དཀྱིལ་འཁོར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། རི་བོ་ཞེས་པ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ།། ཟླུམ་པ ་ཞེས་པ་ལ་སོགས་པ་ལཱ། དེ་ལ་རིམ་པ་འདི་ཡིན་ཏེ། དཀྱིལ་འཁོར་གྱིས་གཞིའི་ཆོ་ག་ཇི་ལྟ་བར་ཡོངསུ་སྦྱངས་པ་འམ། ལག་པས་རིག་ནས་ས་སྦྱོང་བའི་སྔགས་བརྒྱད་ལྷག་པའི་བརྒྱ་བཟླས་པས་སྦྱངས་པར། ་ཁོ་བོས་བྱས་པའི་དུས་འཁོར་ལ་འཇུག་པར་བརྗོད་པའི་རིགས་པས་ཐུར་མའི་གྲིབ་མ་དང་ཉ་དྲུག་གིས་ཕྱོགས་དང་ཕྱོགས་བྲལ་ངེས་པར་བྱས་ནས་ལྷའི་སྐུ་ནྡན་གཏོར་མུ་བྱིན་པའི་སློབ་དཔོན་གྱིས། དང་པོར་ཤར་དུ་ཁ་བལྟས་པར་གྱུར་ནས། སོ་སོ ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔར་བསྒོམས་པའི་སྐུད་པ་ཉི་ཤུ་རྩ་ལྔ་བསྒྲིལ་བ་སློབ་དཔོན་གྱི་ནས་ཙམ་དུ་སྦོམ་གསོར་པ་རིང་བར་དཀྱིལ་འཁོར་གྱི་ཉིས་འགྱུར་མཐོ་གུང་ལྷག་པའི་ཐིག་སྐུད། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས ་ལྟེལྟ་བར་བཟུང་བས་སློབ་མ་ལྷའི་སྐུ་ཅན་དང་། ལྷན་ཅིག་ཏུ་ཡེ་ཤེས་ཀྱི་ཐིག་ཅེས་བྱ་བ་ཚངས་པའི་ཐིག་གཉིས་ན་མཁའ་ལ་བཏབ་ནས། འོག་ཏུ་ས་གཞི་ལ་ཚངས་པའི་ཐིག་དེ་ལྟར་དྲང་པོར་གདབ་བོ།། དེ་ནས་དཀྱིལ་འཁོར་གྲུ་བཞི་པར་འགྲུབ ་པའི་ཆེད་དུ་ཉའི་ཁ་དང་། མཇུག་མ་དགྲ་གི་སྟེང་དུ་མངས་ཐིག་གཉིས་པ་བྱང་དུ་ཁོ་ཕྱོགས་པས་གདབ་བོ།། དེ་ནས་ཟུར་ཐིག་གཉིས་ཆོ་ག་ཇི་ལྟར་བར་གདབ་བོ།། དེ་ནས་ཁྲུ་གང་བ་ལ་སོགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་གྱི་རྩ་བའི་ཐིག ་བཞིའོ།། དེ་ནས་ཚངས་ཐིག་གཉིས་ཀྱིས་ཕྱི་རོལ་ཏུ་ཤར་ལ་སོགས་པའི་ཕྱོགསུ་འགྲོ་ཞིང་།། རྡུལ་ཚོན་གྱི་སའི་ཚད་ཀྱིས་ཐིག་གཅིག་དོར་ནས་ཐིག་བཞིའོ།། སླར་ཡང་ཐིག་གཅིག། དེའི་རྗེ་སུ་ཐིག་གཉིས་དོར་ནས་ལྷའི་སྣམ་བུའི་ཐིག ་གཅིག་གོ།། དེ་ལྟར་ཚངས་ཐིག་ནས་བཟུང་ནུས་རྩ་བའི་ཐིག་དང་བཅས་པ་ཐིག་བཅུ་རྣམས་ལོགས་གཅིག་ཏུ་སྟེ། ལོགས་གཞན་དུ་ཡང་རིམ་པ་འདི་ལྟར་རོ།། དེ་ནས་རྩ་བའི་ཐིག་ལས་ཕྱི་རོལ་ཏུ་འཁོར་ལོའི་བརྒྱད་ཆའི་སྒོའི་བཞི་ཆའི་ཚད་དུ་རྡུལ ་ཚོན་གྱི་སའི་ཐིག་གཅིག་གོ།། དེ་ནས་སྒོའི་ཕྱེད་ཀྱི་ཚང་དུ་ལྷའི་སྟེགས་བུའི་ཐིག་གཅིག་གོ།། དེ་ནས་ཚོན་གྱི་སའི་ཚད་ཀྱིས་རིན་ཆེན་སྣམ་བུའི་ཐིག་གཅིག་གོ།། དེ་ནས་སྣམ་བུའི་ཚད་དུ་དྲ་བ་དང་ཕྱེད་པའི་སྣམ་བུའི་ཐིག་གཅིག། དེ་ནས་ཚོན་གྱི་སའི་ཚད ་ཀྱིས་བ་ཀུ་ལླིའི་སྣམ་བུའི་འམ། ཁ་གཅིག་གི་ལུགས་ལ་སླར་ཡང་རིན་ཆེན་སྣམ་བུའི་ཐིག་གཅིག་གོ། དེ་ནས་མུན་པའི་སྣམ་བུའི་ཐིག་ཐུང་བ་གཅིག་སྟེ། དེ་ཁོ་ན་ལྔ་མདའ་ཡབ་རྣམསོ།། དེ་ནས་དབྱི་བའི་ངལ་བས་འཇིགས་པས་ཐིག་ཐུང ་གིས་སམ་རིང་པོས་ཀྱང་རུང་སྟེ། སྒོ་ལས་སུམ་འགྱུར་གྱི་རྟ་བབས་ཀྱི་ཐིག་བཞིའོ།། དེ་ནས་ཐིག་གཉིས་དོར་ནས་རྟ་བབས་དང་། འབྲེལ་བའི་ཐིག་གཅིག་གོ།། དེ་ནས་ཐིག་གསུམ་དོར་ནས་དྲིལ་བུ་དང་བཅས་པ་རླུང་གིས་བསྐྱོད་པའི་བ་དན་དང་། ་རྒྱལ་མཚན་དང་། གདུགས་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་གནས་ཀྱི་ཐིག་གཅིག་གོ།། སླར་ཡང་ཐིག་གཅིག་དོར་ནས་ཐིག་གཅིག། དེ་ནས་པདྨའི་འདབ་མའི་ཕྲེང་བཱི་ཐི་གཅིག་གོ།། དེ་ཉིད་ཀྱི་ཕྱིར་པདྨའི་ལྟེ་བོའི་ནང་དུ་གནས ་པོའི་སྣ་ཚོགས་རྡོ་རྗེའི་ལྟ་བ་ལ་ཁང་པ་བརྩེགས་པ་གནས་པའོ།། ལྟེ་བ་དེའི་ཕྱི་རོལ་པདྨའི་ལྟེ་བ་ལ་ནི་སྣ་ཚོགས་རྡོ་རྗེའི་རབ་དང་རྟ་བབས་ལ་སོགས་པ་བྲིའོ།། དེ་ནས་རྡོ་རྗེའི་ཕྲེང་བའི་ཐིག་གཅིག་གོ།། དེ་ནས་ཐིག་གཉིས་དོར་ནས་འོད་ཟེར ་གྷི་ཕྲེང་བའི་རིགཅིག་གོ།། པདྨའི་འདབ་མའི་ཕྲེང་བ་མེད་དོ་ཞེས་ཁ་ཅིག་གོ།། ཀོ་ཎ་ནཱི་རྡོ་རྗེ་དང་། པདྨ་དང་འཁོར་ལྷོ་དང་། འོད་ཟེར་གྱི་ཕྲེང་བའི་ཐིག་བཞི་རྣམས་སོ་ཞེས་སྨྲའོ།། དེ་ལྟར་ཚོན་གྱི་སའི་ཐིག་ནས་བརྩམས་ཏེ་ཐིག་བཅུ ་དུདྲུག་རྣམས་ངོས་གཅིག་ཏུའོ།། དེ་ལྟར་ངོས་གཞན་དུ་ཡང་ངོ་ཞེས་བྱ་ཐིག་ཉིད་ཤུ་རྩ་དྲུག་རིམ་པ་གཉིས་པའི་དཀྱིལ་འཁོར་དུ་གདབ་པའི་ཆོ་གའོ།། ཕྱོགས་འདི་ཁྱོ་ནས་རིམ་པ་གསུམ་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཐིག་གདབ་པར་བྱའོ།། དེ ་ལྷོར་གཅིག་གི་ཚེ་ཐིག་གཏབ་པས། དགུ་དང་བཅུ་གསུམ་དང་། བཅོ་ལྔ་དང་། བནྡྷ་དགུ་དང་། སུམྦྷ་ཅུ་རྩ་གཉིས་དང་། སུམ་ཅུ་རྩ་བདུན་དང་ཇི་སྲིད་དུ་འབུམ་ལ་སོགས་པ་བསྡུས་པོའི་དཀྱིལ་འཁོར་གྱི་རྣམ་པར་ཤེས་པར་བྱའོ།། འདིར་རྟ་བ་བྱས ་ལ་སོགས་པ་རྣམསུ་ནང་གི་ཐིག་གི་ཁྱད་པརརྱ་དང་། ས་སྦྱང་བ་ལ་སོགས་པ་དང་། དེ་བྱི་བ་དང་། ཚེན་དགྱེ་བ་ལ་སོགས་པ་རྒྱས་པར་ཁྲོ་བོ་ཅག་གིས་དཀྱིལ་འཁོར་གྱི་ཆོ་གར་བཱི་ཤུད་དོ།། རྡོ་རྗེ་གསུམ་གྱི་ཡོངསུ་བསྐོར་ཞེས་པ་སྔོན་པོ་དང་དམར་པོ་དང ་དཀར་པོའི་རྡོ་རྗེ་ཕྲེང་བ་གསུམ་རྣམས་ཀྱིས་བསྐོར་བའོ།། ཡུད་ཀྱིས་ཞེས་པ་ཧཱུཾ་ཡིག་གཅིག་ཁོ་ན་ལས་རྣལ་འབྱོར་མ་རྣམས་དང་། བཅོམ་ལྡན་འདས་ཏེ་ཉི་ཤུ་རྩ་ལྔ་བསྐྱེད་པའི་ཕྱིར།། དེ་རུ་ཕྱུང་བ་ཅེས་པ་བཅོམ་ལྡན་འདས་བསྐྱེད་པའི་དུས་སུ ་ཧཱུཾ་ཡིག་ལས།། ཁ་དོག་ལྔ་ཡིས་རྣམ་བརྒྱན་པ་ནི་རྟེན་གྱི་དཀྱིལ་འཁོར་རོ།། ཧཱུཾ་ཡིག་བདག་ཉིད་ནི་ཧཱུཾ་ཡིག་ལས་སྐྱེས་པའི་བདག་ཉིད་གང་ལ་ཡོད་པ་དེ་དེ་སྐད།། ནག་དང་དཀར་པོ་ལྗང་གུ་རྣམས་ཞེས་པ། དབུས་མེ་དང་གཉིས་པ་དང་། ་གསུམ་པར་གནས་པ་རྣམས་གོ་དྲིམས་བཞིན་ནོ།། སྒོ་སྐྱོང་མ་རྣམས་ནི་ནག་མོ་སྟེ་རིམ་པ་དབུས་མར་གནས་པ་ལྟར་རོ།། མི་བསྐྱོད་པའི་ཅོད་པན་ཅན་ཞེས་པ་དབུས་ན་གནས་པའི་མི་བསྐྱོད་པ་གཙོ་བོ་ཉིད་ཀྱིས་གསུངས་པ་སྟེ་གསུངས་པ་ཡང ་སངས་རྒྱས་ལྔའི་ཅོད་པན་ཅན་གྱིས་བརྒྱན་པ་ཞེས།། རྣལ་འབྱོར་མ་ཀུན་ཞེས་པ་ཉི་ཤུ་རྩ་ལྔའོ།། རེའི་གཟུགས་ཞེས་པ་ཇི་ལྟར་བཅོམ་ལྡན་འདས་དབུ་ལ་རྒྱས་བཏབ་པ་དེ་ལྟར་དེ་རྣམས་ཀྱང་རྒྱས་བཏབ་པ་སྟེ། འོན་ཀྱང་དེ་རྣམས་ཀྱི་སྤྱི་བོར་གནས ་བའི་དེ་བཞིན་གཤེགས་པ་གཙོ་བོ་སོ་སོ་ཡིན་ནོ་ཞེས་གསུངས་པ་གཙོ་བོ་ཞེས་པ་ལ་སོགས་པའོ།། འདོད་པར་བྱ་སྟེ་འདོད་དུ་འཇུག་པའོ།། རྣལ་འབྱོར་མ་རྣམས་ནི་ཕྲེང་བཟང་མ་ལ་སོགས་པ་བཞི་རྣམསོ།། བླ་མ་ཁ་ཅིག་སྷོ་སྐྱོང་མ་རྣམས ་ཞེས་སོ།། སྒྱིད་ལུག་གྱུར་པ་ནི་གཞན་གྱི་ངོར་སྒྱིད་ལུག་པར་གྱུར་པ་སྟེ། སྟོང་པ་ཉིད་གཅིག་པུའི་མཐར་ཐུག་པོ་ཉིད་ཀྱི་ཕྱིར་རོ།། མིག་ཅེས་པ་འགྲོ་བ་འདྲོན་པར་དམ་བཅས་པའོ།། དྲན་བྱེད་ནི་དྲན་པར་བྱེད་པའོ།། བདག་པ་ཀྱེ་ནི་མཐའ་དག ་གི་བདག་པོའོ།། བྱ་བ་ཅེས་པ་རང་གི་དོན་ཙམ་བྱས་ནས་སོ།། བདག་པོ་སྔོན་ཞེས་པ་ལ་སྩོགས་པ་བདག་པས་སྔོན་ཇི་ལྟར་དྲམ་བཅས་པ་དྲན་པར་གྱིས་ཤིག་པའོ།། སྒྱིད་ལུག་ནི་སྒྱིད་ལུག་པ་སྟེ་འཁོར་བའི་སྡུག་བསྔལ་གྱིས་ཉེ་བར་བཅོས་པ ་ཉིད་ཀྱི་ཕྱིར་རོ།། ལོག་པ་ནི་ལོག་པར་ཡོངསུ་བརྟོགས་པ་ལ་སྟེ་དངོས་པོའི་མཐའ་དང་དངོས་པོ་མེད་པའི་མཁར་རོ།། ང་རྒྱལ་ཞེས་པ་མངོན་པའི་ང་རྒྱའོ།། དགས་པ་ཞེས་པ་འཛིན་པའོ།། དེ་ལྟར་དངོས་པོར་འཛིན་པའོ།། དེ་ལྟར་དངོས་པོར ་འཛིན་པར་འགྱུར་རོ་ཞེ་ན་གསུངས་པ་ཐོབ་ཞེས་པ་ལ་སོགས་པ་སྟེ་རྣལ་འབྱོར་མའི་ཚོགས་ལ་འདོད་པ་ཡིས་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་འབྱུང་བ་ལས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར ་མཆོག་ཏུ་འཛིན་པ་ཟད་པར་འགྱུརརོ་ཞེས་པའི་དོན་ཏོ།། སྔོན་བཞིན་ཞལ་དང་ཕྱག་མཚུན་སོགས་ཞེས་པ་རྒྱོ་རྡོ་རྗེ་འཆང་བཞིན་ནོ།། སྐུ་མདོག་ནི་འབྲས་བུ་རྡོ་རྗེ་འཆང་གི་ནག་པོ་རྒྱུ་རྡོ་རྗེ་འཆང་གི་དཀར་པོའོ་ཞེས་རྒྱུད་གཞན་དུའོ།། འདིར་ནི་སྔོན་པོ་ཁོ ་ནའོ།། ཁ་གཅིག་ཏུ་སྔོན་བཞིན་སྐུ་མདོག་ཕྱག་མཚན་སོགས་ཞེས་ཀློག་སྟེ། དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་ཡིང་སྔོན་པོའོ།། ཞེས་གསལོ།། བཞེངསོ་ཞེས་པ་ནི་སྣ་ཚོགས་སྡེ་མ་དང་བཅས་པའོ།། འོ་ན་མེ་ལོང་ཡེ་ཤེས་ལ་སྲོག་པཱི་རང་བཞིན་ཟླ་བ ་དང་ཉི་མ་ལ་སོགས་པ་ཡོངསུ་གྱུར་པ་ནི་རྒྱུད་རྡོ་རྗེ་འཛིན་པར་གུད་མས་པ་དེ་ལྟར་འདི་ཡང་ཇི་ལྟར་མིན་ཞེ་ན་མ་ཡིནྡ་ཏེ། ཞུ་བ་ལས་བྱུང་བའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་བཅས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་ཕྱིར་རོ།། དེ་ཅི་འབྲས་བུ་རྡོ་རྗེ་འཛིན་པ ་ཡེ་ཤེས་ལྔའི་རང་བཞིན་ནམ་ཞེ་ན། དེ་ལྟར་མཱ་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པ་འདྲི་རྣམས་དེའི་ངོ་བོར་སྐྱེ་བའི་ཕྱིར་རོ།། དེ་ལྟར་ནུ་གང་དུ་འགྲོ་བ་ཐམས་ཅད་མེ་ལོང་ལ་བཞིན་དུ་གཟུགས་བརྙན་དུ་གྱུར་པ་སོ་སོར་སྣང་བ་དེ་མོ་ལོངྒ་ཡུ ་ཤེས་སོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་གཟུགས་བརྙན་དུ་གྱུར་པའི་འགྲོ་བ་མཉམ་པ་ཉིད་དུ་རྟོགས་པའོ།། སོ་སོར་རྟོགས་པའི་ཡེ་ཤེས་ནི་གང་གི་དེ་ལྟར་མཉམ་པར་བཞག་པ་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་སོས ་སྤྱོ་པ་རྣམས་སོ་སོ་རྟོགས་པའོ།། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་སོ་སོར་བརྟགས་པའི་འགྲོ་བའི་བྱ་བ་རྗེ་སུ་སྒྲུབ་པའོ།། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་གང་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས ་གྲོལ་བ་བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་རྟོགས་པ་རྫོགས་པའོ།། དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་ཡང་ཡེ་ཤེས་ལྔའི་རང་བཞིན་ནོ།། ཡེ་ཤེས་འདི་རྣམས་ནི་ལས་དང་པོ་པས་ལྷག་པར ་མོས་པས་སྒོམ་པར་བྱེད་དེ། འགྲོ་བ་ཐམས་ཅད་ཀྱི་ཡིད་ཤིན་ཏུ་དང་བ་ཟླ་བའི་ཚུལ་ཅན་ཁོ་ན་ནི་མེ་ལོང་ཁོ་ན་ནི་མེ་ལོང་དང་ཟླ་བ་དང་ཉི་མ་འདུས་པ་ན་བདེ་བ་ཆེན་པོའི་རང་བཞིན་གྱི་ཡིད་ཀྱིས་ཆོས་རྣམས་ཐམས་ཅད་གཟུགས་བརྙ་ནཱི་ལྟ་བུ ་ཉིད་དུ་ཡང་ཐ་དད་པ་ནི་མཐོང་བའི་ཕྱིར་དང་། འགྲོ་བའི་དོན་ལ་ངེས་པར་རྟོག་པ་ལྷུར་ལེན་པ་དང་། སྤྲུལ་པ་དཔག་ཏུ་མེད་པ་རྣམས་ཀྱིས་དེའི་དོན་བྱེད་པ་དེ་ལྟར་གསལ་བར་འགྱུར་བའོ།། ཞེས་པ་བསམ་པ་འདི་རྣམས་ཀྱིས་སོ།། རྫོགས་པ ་ནི་དེའི་དོན་ངེས་པཪྵ་སེམས་དཔས་གོམས་པར་བྱེད་དོ།། ཞེས་པ་མང་པོས་ཆོ་ག་གོ།། འདི་ནི་འདིར་གདམས་ངག་ཇི་ལྟར་བར་བསྒོམ་པའི་རིམ་པོ་སྟེ། འདིར་སྒོམ་པའི་དབང་དུ་བྱས་པའི་སྔགས་པ་ལྷ་མོའི་བཞིའི་གླུས་བསྐུལ་བས་སད ་པ་སྔ་བར་ལངས་ཏེ། ཧཱུཾ་ཕཊ་ཅེས་པ་འམ། ཨོཾ་ཨཱཿཧཱུ~ཾ་ཞེས་པ་གནས་དང་བདག་དང་རྣལ་འབྱོར་བསུང་བ་བྱས་ནས། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེསུ་མཐུན་པའི་གནས་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདག་པ་ཤེས་རབ་དང་བཅས ་པའམ་ཤེས་རབ་མེད་པ་གཅེར་བུ་སྐྲ་གྲོལ་བ་ལས་ཐམས་ཅད་པ་ལ་ཁ་ལྷོར་ཕྱོགས་བཞི་པ་ལ་སོགས་པའི་དབྱེ་བས་ནི་རང་ཉིད་ཇི་ལྟ་བའི་ཕྱོགས་སུ་གདོང་ཕྱོགས་པས། དམ་ཚིག་གི་རྫས་སྟེན་པ་སྔོན་མ་ཅན་གྱིས ་འཆད་པར་འགྱུར་བའི་རིམ་པས་བདུད་རྩི་བསྒྲུབས་ཏེ། གཏོར་མ་བྱིན་ནས། རབ་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ཚོགས་ཀྱིས་འོག་མིན་ན་བཞུགས་པའི་བཅོམ་ལྡན་འདས་ཧེ་རུ་ཀ་གཉུག་མའི་སྣ་ཚོགས ་སྡེ་མས་འཁྱུད་པ། ཕྱེད་བཟངས་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་ཉྩཽ་ཤུ་རྩ་བཞིས་ཡོངསུ་བསྐོར་བ། བདག་ཉིད་ལ་ཞལ་ཕྱོགས་པ་འཚོད་པར་འགྱུར་བྱའི་སྐུ་མདོག་ལ་སོགས་པ་ཅན་མདུན་གྱི་ན་མཁར་སྤྱན་དྲངས་ལུ། ཧཱུ~ཾ་ཡིག་ལུ་ཁྱོད་ཟེར་དེ ་བཞུགས་པའི་རྗེས་ཐོག་སུ་ཧཱུཾ་ཡིག་ལས་ཅིག་ཅར་འབྱུང་བའི་རྡོ་རྗེ་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱི་ཤཱར་ཕྱོགས་རྡོ་རྗེ་བརྟན་མ་དང་པདྨའི་ཚུལ་གྱིས་ཕྱག་གཉིས་ཀྱིས་བཟུང་བའི་ཐོད་པས་གཙོ་བོ་ལ་རྡུལ ་དབུལ་ལོ།། དཔུང་ལྡན་ཕྱོགསུ་རྡོ་རྗེ་ཕོ་ཉ་མོ་ཕྱུག་གཉིས་ཀྱི་ཅུང་ཏྱེའུ་སྐྱུགས་པར་བྱེད་དོ།། མེ་མཚམསུ་རྡོ་རྗེ་ཕག་མོ་པདྨོའི་ཚུལ་གྱིས་བཟུང་བའི་ཐོད་པས་རྣམ་པར་སྣང་མཛད་གསོལ་དུ་འཇུག་པའོ།། སྲིན་པོའི་མཚམསུ་རྡོ་རྗེ་མ་དེ་ལྟར ་བཟུང་བའི་མཆོད་ཡོན་གྱི་སྣོད་རྡོ་རྗེའི་ཆུས་བཀང་བ་འབུལ་བའོ།། ལྷོར་རྡོ་རྗེ་གཙིགས་མ་ལག་པ་དག་གི་རྔ་བོ་ཆེ་བརྡུང་བའོ།། རླུང་མཚམ་སུ་རྡོ་རྗེ་ལྟ་བ་མ་དེ་ལྟར་བཟུང་བའི་ཐོད་པས་རི་དགས་མཚན་མ་འབུལ་བའོ།། ཆུའི་ཕྱོགསུ་རྡོ་རྗེ ་འཇིགས་མ་དེ་ལྟར་བཟུང་བའི་ཐོད་པས་གཅོད་བྱེད་ཅེས་རབ་ཏུ་གྲགས་པ་ཅེ་སྤྱང་གི་ཤ་གསོལ་དུ་འཇུག་པའོ།། བྱང་དུ་འདོད་ཆགས་རྡོ་རྗེ་མ་སྣ་ཚོགས་སྡེ་མ་དང་ལྷན་ཅིག་དེའི་བདག་ཉིད་དུ་གྱུར་ནས་ཡང་དག་པར་འཁྱུད་དེ་ཆགས་པ་ཆེན ་པོས་རྗེསུ་ཆགས་པརླ་བྱེད་པའོ།། གར་དང་གླུ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས་ཕྱག་འཚལ་ཏེ། སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱའོ།། བདག་གྲི་བདག་ཉིད་ཀྱི་སྡིག་པ་ཐམས་ཅད་སོ་སོར་བཤགས ་ཤིང་སླར་ཡང་མི་བགྱིད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོར་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེ་སུ་ཡི་རླུང་ངོ་།། བདག་ཉིད་ཀྱི་དགེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྟོ་བར་བགྱིའོ།། དཀོན་མཆོག་གསུམྦྷ་པོ་འདི་ལྟ་སྟེ། སངས་རྒྱས་དཀོན་མཆོགདང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནྟི་བྷཱུ་ཆོས་དཀོན་མཆོག་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འཕགས ་པའི་དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་ཀྱི་བར་དུ་སྐྱབ་སུ་མཆིའོ།། ཀྱེ་མ་མཾ་ལ་བདག་ཉིད་སེམས་ཅན་ཀུན་གྱི་དོན་དང་ཕན་པ་དང་། བདེ་བ་དང་། ཇི་སྲིད་དུ་དེ་བ་རྣམས་ཤིན་ཏུ་མཐོར་ཐུག་པའི་མྱ་ངན་ལས་འདས་པ་བླ་ན་མེད ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་དགོད་པའི་ཆེད་དུ་དེའི་ལམ་སྒྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་བགྱིའོ།། དེའི་རྗེ་སུ་འོག་གི་རླུང་གིས་བསྐུལ་བས་འབར་བའི་གཏུམ་མོས ་འཁྱུད་པའི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ཁམས་མ་ལུས་པ་ཟ་ཞིང་ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ་ཞེས་པ་འདི་ནང་གི་བརྗོད་པ་སྔོན་མ་ཅན་གྱིས་དོན་མངོན་དུ་བྱེད་ཅིང་ཆོས་ཐམས་ཅད་སྟོང་པ ་ཉིད་ལ་གཞུག་གོ།། དེའི་རྗེསུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ལས། རཾ་གྱི་ས་བོན་ལས་སྐྱེས་པའི་ཉི་མར་ཧཱུཾ་ཡིག་ཡོངསུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་མཐིལ་ལ་གནས་པའི་ཧཱུ~ཾ་ཡིག་དག་གིས་བསྐུལ་པའི་འོད་ཟེར་གྱི་ཡལ་གྲཝ་རྣམས་ཀྱིས་རྡོ་རྗེར ་བ་དང་གུར་དང་མཱདའི་དྲ་བ་དང་བླ་རེ་དང་མཚམས་བཅིང་བ་རྣམས་བྱས་ནས། འོག་རྡོ་རྗེའི་ས་གཞི་དང་། དེ་སྣ་ཚོགས་རྡོ་རྗེ་སྤྲུལ་པའི་སྟེང་དུ་ཨཾ་ཡིག་ལས་སྐྱེས་པའི་ཆོས་འབྱུང་དཀར་པོ་གུ་གསུམ་གྱི་ནང་དུ། ཆུ་སྐྱེས་ཀྱི་ལྟེ་བར་གནས་པའི་སྣ ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཡཾ་ལས་སྐྱེས་པ་བ་དན་གཉིས་པ་ཅན་གཞུ་ལྟ་བུའི་རླུང་གིས་དཀྱིལ་འཁོར་སྔོན་པོའི་སྟེང་དུ་རཾ་ཡི་ག་ཡོངསུ་གྱུར་པ་ལས་དམར་པོ་གྲུ་གསུམ་པ་འབར་བ་བདུན་འཕྲོ་བའི་མེའི་དཀྱིལ་འཁོར་རོ།། དེར་གནས་པ ་ལས་བྱུང་བ་བུམ་པས་མཚན་པ་དཀར་ཞིང་ཟླུམ་པའི་ཆུའི་དཀྱིལ་འཁོར་ལ་གནས་པ་ལམ་ཡིག་གྱུར་པའི་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་གྲུ་བཞི་པ་གསེར་གྱི་ངོ་བོ་ཡིད་དུ་འོང་བའོ།། དེ་ལྟར་རང་རང་གི་ས་བོན་གྱི་བྱིན་གྱིས་བརླབས ་པའི་འབྱུང་བ་བཞི་པོ་འདྲེས་པའི་ཁང་པ་བརྩེགས་པ་ན་ཟླུམ་པོའི་རིམ་པ་གསུམ་པ་ཕྱི་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་དོ་ཤལ་ལ་སོགས་པ་རྣམས་དང་ལྷ་མོ་རྣམས་ཀྱིས་འོད་དང་ལྡན་པའི་སྡིགས་བུ་བཞི་པ་ཅན།། ་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཀ་བ་དང་དྲིལ་ཆུང་རྣམས་ཀྱིས་བརྒྱན་པའོ།། དེའི་དབུསུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པ་ལ་གནས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རོརོ།། དེའི་སྟེང་དུ་སྙིང་གར ་ཉི་མ་ལ་ཨཱ་ལི་ཉིས་འགྱུར་ཡོངསུ་གྱུར་པ་མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་ཟླ་བའི་གཟུགས་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ནོ།། ཡ་ར་ལ་ཝ་ཌཱ་དྷ་དང་བཅས་པའི་གསལ་བྱེད་ཉིས་འགྱུར་ཡོངསུ་གྱུར་པ་དཔེ་བྱད་བརྒྱད་ཅུའི་རྒྱུ་མཚན་ཉི་མ་མཉམ ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ།། དེ་དག་གི་དབུསུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་སྙིང་པོར་གནས་པའི་ཧཱུཾ་ཡིག་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དེ་ཁོ་ན་འོད་ཟེར་རྣམ་པ་ལྔ་བྱུང་བ་ཡིས་སྤྲོས་པའི ་ལྷ་རྣམས་ཀྱིས་ཀུན་ནས་འགྲོ་བའི་དོན་བྱེད་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཟླ་བ་ལ་སོགས་པ་འདི་ཡོངསསུ་གྱུར་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་རྒྱུ་རྡོ་རྗེ་འཆང ་ཆུ་ཤིང་གི་མེ་ཏོག་མངོན་པར་གསར་པ་ཁ་འབུས་པ་ལྟ་བུ་འམ། རྒྱུད་གཞན་གྱི་རིགས་པས་ཀུན་ད་ལྟར་དཀར་བའི་འོད་ཅན་གྱི་སྐུ། འཆད་པར་འགྱུར་བའི་འབྲས་བུ་རྡོ་རྗེ་འཛིན་པ་ལྟ་བུའི་ཕྱག་ལ་སོགས་པ་ཅན་སྣ་ཚོགས་སྡེ་སྔ ་དམར་པོ་འཁྱུད་པ། ཧཱུཾ་ཡིག་ལས་བཅོམ་ལྡན་འདས་འགྲུབ་པའི་དུས་ཁོ་ནར་གྲུབ་པའི་ཕྲེང་བ་པ་བཟང་མོ་ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞིའི་རྣམས་ཀྱིས་ཡོངསུ་བསྐོར་བ་བསྒོམ་པར་བྱའོ།། བདག་གི་བླ་མ་ཁ་ཅིག་ནི་སྐབས་འདིར ་ཡང་བཅོམ་ལྡན་འདས་ལྷ་མོ་ཉི་ཤུ་རྩ་བཞིས་ཕུལ་བ་ཐོད་པ་ན་གནས་པའི་བདུད་རྩི་ལྔ་གསོལ་བའོ་ཞེས་གསུང་ངོ་།། དེའི་རྗེ་སུ་སྣ་ཚོགས་སྡེ་མའི་དབུ་དང་མགྲིན་པ་དང་ཐུགས་ཀ་དང་གསང་བྱ་དང་བརླ་དག་ལ་རིམས ་པ་ཇི་ལྟ་བར་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པ་འདི་རྣམས་བསྒྲིམ་སྟེ། ཕན་ཚུན་གྱི་བར་དུ་སྤྲོས་པ་དེ་རྣམས་ཀྱིས་འདའི་སྐུ་ཁྱབ་པར་བྱས་པས་ཧྲཱིཿཡིག་ལས་བྱུང་བའི་པདྨ་དམེར་པོའི་ལྟེ་བར་ཨཱཿཡིག་དམར་པོ་དང་། བཅོམ་ལྡན་འདས་ཀྱི་རྡོ་རྗེ ་ཧཱུཾ་ཡིག་ནུག་པོ་ལས་སྐྱེས་ཤིང་རྩེ་མོ་ཨོཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པར་བསྒོམས་ཏེ། ལྷ་མོ་ཉི་ཤུ་རྩ་བཞི་སྣ་ཚོགས་སྡེ་མ་དང་ལྷན་ཅིག་དབྱེར་མེད་པ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་རྡོ་རྗེ་དང་པདྨ་སྦྱོར་བུས་བཅོམ་ལྡན་འདས་ལ་འདོད ་པ་མཛད་དེ་བཅོམ་ལྡན་འདས་ཀྱང་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎཱ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀྲོ་ཧཾ་ཞེས་པའི་སྔགས་ཀྱིས་དགའ་བ་རྩོམ་བཞིན་པ་ནི་འདོད་ཆགས་ཆེན་པོས་བཅོམ་ལྡན་འདས་མ་དང་། ལྷན་ཅིག་ཉི་མའི་སྟེང་དུ་ཞུ་བར་འགྱུརརོ།། ་ཞེས་པ་དང་པོའི་སྦྱོར་བ་ཅེས་བྱ་བ་ཏིང་ངེ་འཛིན་དྲང་པོའོ།། དེ་ནས་སྔོན་གྱི་སྨོན་ལ་ཝ་བྲུཾ་བལྟོས་པ་ལ་ཞུ་བ་ལས་སྤྲོས་པའི་ལྷ་མོ་བཞི་རྣམས་ཀྱིས་མངའ་བདག་མ་མཐོང་བས་གཏུང་བ་དང་། བཅས་པར་གླུ་རྣམས་ཀྱིས་མགོན་པོ་སྟེང ་བར་བྱེད་དོ།། དེ་ལ་བྱམས་པོ་ཆེན་པོའི་རང་བཞིན་ཕྲེང་བ་བཟང་མོས་ཅི་ཡིས་ཁྱོད་ནི་སྒྱིད་ལུག་གྱུར། འཇིག་རྟེན་མགོན་པོས་ཅི་ཞིག་ཡིན།། གལ་ཏེ་ཁྱོད་ཚིག་དྲན་བྱེད་ན།། ཀུན་གྱི་བདག་པོ་བཞེངས་མཛོད་ཅིག་ཅེས་པའི་གྲུ་འདིས་སོ།། ་བཅན་ས་སྦྱི་ཆེན་པོའི་བདག་ཉིད་ཀྱིས་བདག་ཉིད་བྷུ་བ་བྷྱས་ནས་ནི། སྟོང་པ་ཉིད་ལ་སེཾས་སྱ་མཱཛྱཱ།། སྐྱེ་ཀུན་སྐྱོ་པ་འཇིགས་པར་སྦྱང་།། རྣལ་འབྱོར་ས་ཕྱོགས་པོ་བཞེངས།། སྐྱེས་པ་འདིས།། འཇིགས་མ་དགའ་བ་ཆེན་མོའི་རང་བའི། ་ཀྱིས།། བདག་པོ་སྔོན་གསུངས་དྷན་བྱ་མཛད།། བྱཱ་བུར་སྒྱིད་ལུགས་མ་མཛང་ཅིག། ཁྱོད་ནུབ་ནཱ་ནི་སྐྱེ་བ་ནྡན།། ལྷུང་ཞིང་འགྲོ་བ་སྒྱིད་ལུག་འགྱུར་ཞེས་པ་འདིས།། དེ་ལྟར་བསྐུལ་བའི་རྗེས་ཐོགས།། ཞུ་བྷ་དེ་ལས་འབྱུང་བའི་ཧཱུཾ་ལས ་སྐྱེས་པའི་རྡོ་རྗེ་དང་བཅས་པའི་ཧཱུཾ་ཡོངསུ་གྱུར་པའི་བཅོམ་ལྡན་འདས་ཧེ་རུ་ཀཱ་མདོག་སྔོན་པོ་ཞལྔ་གཅིག་པ་ཕྱག་བཞི་པ་ཕྱག་གཡས་པ་གཉིས་ཀྱིས་ཅང་ཏེའུ་དང་གྲི་གུག་དག་དང་། གཡོན་པས་ཁཱ་ཊྭཱཾ་གཱ་དྲང་ཐོང་པ་དག་བསྟིམས ་པ། སྣ་ཚོགུས་པདྨར་ཉལ་བའོ་རོའི་འབྲང་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པ། སྐྱིལ་ཀྲུང་ཕྱེད་པོ་བཅིངས་པས་སྒེག་པ་ལ་སོགས་པ་གར་གྱི་ཉམས་དཀུས་གར་མཛད་པ། མགྲིན་པར་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ ་འབྱུང་བ་མིའི་རྒྱུ་མོ་རློན་པའི་ཚད་སྲུང་ཅན། རྒྱུབ་ཀྱི་ཆར་སྟག་གྱི་པགས་པ་འཛིན་ཅིང་མདུན་གྱི་ཆར་གཽནྡྷར་བུ་འཁོར་ལོ་ཅན་དང་། ན་རྒྱུན་དང་མགུལ་རྒྱན་དང་དཔུང་རྒྱུན་དང་གདུ་བུ་དང་། སྐེ་རགས་གྲོལ་བ་དང་། ཞབས་གདུབ་དང་། ་ཨོཾ་ར་ཁའི་སྒྲས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན།། དཔྲལ་བའི་མཐར་ཐོད་པ་ལྔའི་ཕྲེང་བ་བཅིངས་པ། རོ་བསྲེགས་པའི་ཐལ་བས་བརྒྱན་པ། ་བཅོས་མའི་ཁྲོ་བས་དྲག་པོའི་ཆེན་པོའི་སྐུ་ཅན། ཉི་མ་ཤར་ཀའི་དཀྱིལ་འཁོར་ལྟ་བུ་སྤྱན་གསུམ་པ། ཧཱུཾ་ཡིག་སྒྲོགས་པས་བདུད་ཀྱི་སྡེ་དྲེགས་པ་ཅན་གྱི་རྒོལ་བ་བསྡིགས་ཤིང་ཕྱེ་མར་མཛད་པ། མཆོག་ཏུ་བྱམས་པ་དང་། ་ཐུགས་རྗེ་ཆེན་པོ་འཁོར་བའི་རྒྱ་མཚོའི་དོང་དུ་བྱིང་བའི་ལུས་ཅན་གྱི་ལུས་འཛིན་པ་རྣམས་འདོན་པར་མཛད་པ། རྣལ་འབྱོར་པས་དབུགས་ནང་དུ་བསྡམས་པས་བསྒོམ་པར་བྱའོ།། གཙོ་བོ་འདིའི་མཛུབ་མོ་སྣ་ཚོགས་སྡེ་མ་བཅོམ་ལྡན་འདས ་དང་། ལྷན་ཅིག་ཁོ་ནརཱ་ཧཱུཾ་ཡིག་ལས་སྐྱེས་པ་གོས་མེད་པ་རུས་པའི་རྒྱན་ཅན། མི་མགོའི་ཕྲེང་བྱ་དོར་བ་དབུ་སྐྲའི་ཚོགས་གྲོལ་ཞིང་དམར་སེར་གྱེན་དུ་འབར་བ་བནྡུ་ཀའི་མེ་ཏོག་གི་ཐོད་ཅན། སྒེག་ཅིང་གཡོ་བས་རྩིན་པའི་སྐུ་ཅན། མཆེ ་བའི་མྱུ་ག་ཅུང་ཟད་གཙིགས་པའི་ཞལ་གཅིག་མ་སྤྱན་གསུམ་པ། སྒེག་མ་དང་བཅས་པའི་གཙོ་བོའི་མགུལ་པ་ལ་འཁྱུད་པའི་ཕྱག་གཡོན་གྱིས། ཐོད་པར་བླུགས་པའི་གཉུག་མའི་ཆུ་སྐྱེས་ཀྱི་བུ་ག་ལས་བྱུང་བའི་མེ་ཏོག་གི་རྒྱུན ་གཙོ་བོ་ལ་སྟོབ་པ། སྲིད་པ་གསུམ་ན་གནས་པ། ལེགས་པའི་ལམ་ལས་གོལ་བའི་ཚོགས་ལ་བརྡེག་པའི་ཚུལ་གྱིས་གྲི་གུག་དང་བཅས་པའི་ཕྱག་གཡས་པའི་སྙེ་མ་སྟེང་དུ་དྲང་པོ་ཅན་ཤཱིཏ་སྒྲ་དང་བཅས་པར་མ་མཆུ་བདུད་རྩི་སྟེར་བ་ལ་སོགས ་པ་རྣམས་དང་། ཤིན་ཏུ་རྒྱུ་རྩལ་དང་རྩེད་མོ་རྣམས་ལ་མཁས་པས་ཁུ་བ་འཛག་ཅིང་། གཙོ་བོའི་ཡིད་ཤིན་ཏུ་འཇམ་ཞིང་ཆགས་པར་མཛད་པའོ།། ཡབ་ཡུམ་འདི་དག་འགྲུབ་པའི་དུས་ཕྲེང་བཟང་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་རྣམས ་གྲུབ་བོ།། དེ་ལ་བཅོམ་ལྡན་འདས་ཀྱིས་གདན་ལས་ཤར་གྱི་འདབ་མ་ལ་ལེགས་ཕྲེང་མའོ།། བྱང་དུ་ཐོད་པ་ཅན་མའོ།། ནུབ་ཏུ་འཇིགས་མའོ།། ལྷོར་ཐུབ་དཀའ་མའོ།། དབང་ལྡན་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་གཡས་སྐོར་དུ ་ཁུ་བ་དང་རྡུལ་དང་བདུད་རྩི་ལྔ་དང་། སྒྲོན་མ་ལྔས་གུང་ཐོད་པ་རྣམསོ།། འདི་ནི་རིམ་པ་དང་པོ་སྟེ་པདྨ་འདབ་མ་བརྒྱད་པ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའོ།། དེ་ནས་རིམ་པ་གཉིས་པ་རྩིབས་བརྒྱད་དམར་པོ་ལ་གནས་པའི་པདྨ་བརྒྱད་དེ། ཕྱི ་རོལ་ཏུ་མངོན་པར་གསུར་པིའི་སྐྱ་རེང་ལྟར་དམར་པོའི་རྡོ་རྗེ་ཕྲེང་བས་བསྐོར་བའོ།། དེའི་ཤར་དུ་རྩིབས་ལ་དགེ་བའི་རིགས་མྱེའོ།། བྱང་དུ་གཟུགས་ཅན་མའོ།། ནུབ་ཏུ་རྣམ་པར་རྒྱལ་མའོ།། ལྷོར་བྱེད་མའོ།། དབང་ལྡན་དུ་དུས་ཙུན་མའོ།། ་མར་མཚོན་ཆེན་མོའོ།། བདེན་གྲོལ་དུ་བྱེད་མའོ།། རླུང་དུ་གསོད་བྱེད་མའོ།། དེ་ནུས་རིམ་པ་གསུམ་པ་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨ་བརྒྱད་དེ་རྡོ་རྗེ་ཕྲེང་བྱ་དཀར་པོས་བསྐོར་བའོ།། དེའི་ཤར་དུ་རྩིབས་ལ་རྡོ་རྗེ་སྒྲོལ་བ་ཅན་མའོ།། ་བྱང་དུ་འཇིགས་མཐོང་མའོ།། ནུབ་ཏུ་ལོགས་མཐོང་མའོ།། ལྷོར་མྱི་ཐུབ་མའོ།། དབང་ལྡན་དུ་དགེ་བ་མའོ།། མེར་གྲིབ་གནོན་མའོ།། བདེན་བྲལ་དུ་དུས་མཚན་མའོ།། རླུང་དུ་གྲགས་ཆེན་མའོ།། དེ་ནས་ཤར་གྱི་སྒོར་པདྨ་ལ་མཛེས་མའོ།། ་བྱང་དུ་པདྨ་ལ་ནོར་འཛིན་མའོ།། ནུབ་ཏུ་པདྨ་ལ་སྐལ་པ་བཟང་མོའོ།། ལྷོར་པདྨ་ལ་དགའ་མཐོང་མའོ།། འདི་རྣམས་ཐམས་ཅད་གཡས་པ་དང་ཙོག་ཤོས་ཀྱི་ཕྱག་གི་ཡོལ་གྲས་གྲི་གུག་དང་ཐོད་པ་འཛིན་པ། བདྲག་པོ་ལ་སེམས ་པས་མཆུ་གཡོ་བ་སོ་ཅུང་ཟད་སྟོན་པ། ཞལ་གཅིག་པ་ཕྱོགས་ཀྱི་གོས་ཅན་རུས་པའི་རྒྱན་ཅན། མགོ་བོའི་ཕྲེང་བ་དང་བྲལ་བ། སྐྲའི་ཚོགས་གྲོལ་ཞིང་དམར་སེར་གྱེན་དུ་འབར་བ་ཤིན་ཏུ་ཆགས་པ་ལས་ཁུ་བ་འཛག ་པ། མྱེ་ཏོག་མན་དཱ་ར་བ་ཁ་གསར་དུ་བྱེ་བ་ལྟ་བུའི་ཉི་མའི་གཟུགས་རྣམས་ལ་སྐྱིལ་ཀྲུང་ཕྱེད་པས་གར་མཛད་པ་རྣམསོ།། སྐྱོ་སྐྱོང་མ་རྣམས་ནི་གཡས་བརྐྱང་གི་ཟླ་བའི་ཞབས་སྟབས་ཀྱིསོ།། ཐམས་ཅད་ཀྱང་སྟག་གི་པགས་པའི་ཤམས་ཐབས ་ན་འོད་ཟེར་འབར་བ། ཞལ་ནས་ཁྲག་གི་རྒྱུན་འཛག་པ། སྤྱན་གསུམ་པ། སྒེགས་པ་ལ་སེག་པཱི་ཉམས་ཀྱི་ཚོགས་མངོན་པར་གསར་བའི་ཨིནྡྲ་ནཱི་ལའི་རྡོ་བ་བཅག་པའི་ཁ་དོག་གི་སྐུ་དང་ལྡན་པའོ།། ཡང་ན་ལགས་པར་ཕྲེང་མ་ལ ་སོགས་པ་བཞི་རྣམས་ནག་མོའོ།། རིམ་པ་གཉིས་པ་མྱ་རྣམས་དཀར་སེར་རོ།། རིམ་པ་གསུམ་པར་བཞུགས་པ་མ་རྣམས་ལྗང་གུ་རྣམསོ།། སྒོ་སྐྱོང་མའི་ལྷ་མོ་རྣམས་ནག་མོའོ།། བདག་གི་བླ་མ་གཞན་རྣམས་ནི་ལེགས་ཕྲེང་མ་ནི་དཀར ་མོ།། ཐོད་པ་ཅན་མ་ནི་སེར་མོའོ།། འཇིགས་མ་དཀར་མོའོ།། ཐུཔཱ་དཀའ་མ་ནག་མོའོ།། རིམ་པ་གཉིས་པ་མེ་རྣམས་དཀར་མོའོ།། རིམ་པ་གསུམ་པོར་གནས་པ་རྣམས་དཀར་མོའོ།། ནོར་འཛིན་མ་སེར་མོ།། སྐལ་པ་བཟང་མོ་དམར་མོ།། ་དགའ་མཐོང་མ་ནག་མོ་སྟེ། རྒྱུད་རྒྱས་པར་གསུངས་པའི་ཕྱིར་རོ།། ཞེས་གསུངས་སོ།། ཇི་ལྟར་མོས་པར་བསྒོམ་པར་བྱ་སྟེ། ཕྱོགས་གཉིས་པོ་ཡང་ཉུང་ངུའི་རྒྱུད་གསུངས་པ་ཉིད་ཀྱི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཁར ་ཨོཾ་དཔྲལ་བར་ཧཱུཾ། མགྲིན་པ་ཧཾ་སྤྱི་བོར་ཧ~ཾ་ཕྲག་པ་གཉིས་ལ་ཧོ་མིག་གཉིས་ལ་ཧཽ། གསང་བ་ལ་ཧཾ། ལུས་ཐམས་ཅད་ལ་ཧཿ། ཞེས་པ་གོ་ཆའོ།། དེའི་རྗེསུ་ཐུག་ཀར་ཧཱུཾ་ནག་པོ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་འགྲིན་པར་ཨཿདམར་པོ ་ཡོངསུ་གྱུར་པའི་པདྨ་ལ་ཨཱཿབདེ་བ་ཆེན་པོའི་འཁོར་ལོ་ལ་ཨོཾ་ཡིག་དཀ་རོ་ལས་སྐྱེས་པའི་འཁོར་ལོ་ལ་ཨོཾ་ཞེས་པ་ཐུགས་དང་། གསུང་དང་། སྐུ་བྱིན་གྱིས་བརླབས་ནས། སྙིང་གའི་ཉི་མའི་རྡོ་རྗེ་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས ་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། ཧཱུཾ་ཡིག་གིས་བགེགས་རྣམས་བསྐྲད་ཏེ། མཆོད་ཡོན་ཕུལ་ནས་སྒོ་སྐྱོང་མ་བཞི་པོ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་ཛ་ཧཱུཾ་བཾ་ཧོ་ཞེས་པས་དགུག་པ་དང་གཞུག་པ་དང་། བཅིངས་ཤིང་དབང་དུ་བྱས ་ནཱས་ཨོཾ་བུདྱཱ་དྷཱ་ཀ་པཱ་ལི་ནཱ་ཨཱཿཁ~ཾ་ཀྲྀ་དྷྭཾ་སུཾ་ཨོཾ་ཨཾ་ཨཱཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བསྟིངས་པ་དང་བཅས་པ་བརྗོད་ཅིང་དེ་དང་ལྷན་ཅིག་དམ་ཚིག་གི་དཀྱིལ་འཁོར་རོ།། གཅིག་ཏུ་གྱུར་པཨཱརྱཱ་བལྟའོ།། དེ་ནཱ་ལྟེ་བར་གཏུམ་མོ་འབྲར་བས་རིམ ་གྱིས་ཞུ་བའི་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་བདུད་རྩིས་ཆོས་ཀྱི་འཁོར་ལོའི་ས་བོན་འཁྲུད་པའི་དུས་སུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ངོ་བོའི་མཁའ་འགྲོ་མ་བརྒྱད་པོ་མཆོད་པའི་དུསུ་བརྗོད་པ ་རྣམས་སྣ་ཚོགས་པའི་གོས་ལ་སོགས་པའི་རྒྱན་ཅན་ཕུལ་དུ་དབྱུང་དུ་མེད་པའི་གཟུགས་དང་སྒྲེགས་པ་དང་ངལ་སོའི་ས་གཞི། ལོ་བཅུ་གཉིས་ལོན་པ་ཤིང་ཨ་མྲའི་སྙེ་མ་དང་བཅས་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ ་བསྣམས་པའི་ཕྱག་གི་ཡལ་ག་ཅན། ཞི་ཞིང་འཛུམ་པའི་འོད་ཟེར་དང་བཅས་པ་རྣམས་སྤྲོས་ནས། ཕྱི་རོལ་ཏུ་གཤེགས་ཤིང་། དེའི་ཚེ་ཁོ་ན་སྙིང་གའི་ས་བྱོན་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། ་ལྷ་མོ་རྣམས་དང་བཅས་པའི་དེ་རྣམས་ལ། ཡང་ནས་ཡང་དུ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བས་གསོལ་འདེབས་ནི། ཐུགསོ་ཎཱཾ་དང་ན་ལྡན་པ་རྣམས། བདག་ལ་དབང་ནི་སྐུར་དུ་གསོལ།། ཨོཾ་བྷི་ཥྛིཉྩནྟུ་མཱཾ་སརྦ་ཡོ་གི་ནྱོ་མ་ཀུ་ཏྲེ་ཨ་ཏྲ་ཨ་དྷི་ཏིཥྛཱནྟུ ་ཨཱ་གཙྪནྟུ་ཧཱུཾ་སྭཱ་ཧཱ་ཞེས་པ་འདིས་གསོལ་བ་བཏབ་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དྲང་། གོས་དང་རོལ་མོ་ལ་སོགས་པའི་ཉེ་བར་འཁོ་བ་ཐམས་ཅད་དང་ལྡན་པ། ཡེ་ཤེས་ཀྱི་ཆུས་བཀང་བའི་བུམ་པ་དཀར་པོའི་ཕྱག་ཅན་རྣམས ་ཀྱིས་རྒྱལ་བར་གྱུར་ཅིག། རྒྱལ་བར་གྱིས་ལ་སོགས་པས་ཕྱེ་དང་གསུང་བ་དང་ཤེས་རབ་དང་བཞི་བའི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་བར་མཛད་དོ།། དབང་བསྐུར་བའི་དུ་སུ་འང་། ཛྱོ་ཛྱོད་པ་དང་། བཀྲ་ཤྲིས་དང་། རྔ་བོ་ཆེའི་སྒྲ་དང ་ཙནྡྲ་དང་གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་པ་ན་མཁའི་མཐིལ་ལས་འབྱུང་བའོ།། དེའི་རྗེསུ་དེ་རྣམས་རྩེ་དེ་རྣམས་ལ་ཐིམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་དང་ལྷ་མེ་རྣམས་རང་རང་གི་རིགས་ཀྱི་འདྲེན་པས་རྒྱས་གདབ་པར ་བྱ་སྟེ། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ལྔ་ཡིས་ཅོད་པན་བརྒྱན་ཞེས་གསུངས་པའི་ཕྱིར། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཀྱི་སོ།། སྣ་ཚོགས་སྡེ་མ་ལ་ནི་རྣམ་པར་སྣང་མཛད་ཆེན་པོ་མིང ་གཞན་རྡོ་རྗེ་སེམས་དཔས་སོ།། ལེགས་ཕྱེང་མ་ལ་སོགས་པ་བཞི་རྣམས་རིན་ཆེན་འབྱུང་བས་སོ།། རིམ་པ་གཉིས་པར་གནས་པ་རྣམས་འོད་དཔྱག་མེད་ཀྱིས།། རིམ་པ་གསུམ་བཱར་གནས་པ་རྣམས་རྣམ་པར་སྣང་མཛད་ཀྱིས།། སྒོ་སྐྱོང ་མ་རྣམས་དོན་ཡོད་གྲུབ་པས་རྒྱས་གདབ་བ།། དེ་ནས་རྩ་བརྒྱད་པོ་དེ་ལས་བྱུང་བའི་རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་སྔར་བཞིན་དུ་གཙོ་བོ་ལ་མཆོད་ནས། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིའི་བདྨ་རྒྱས་ཤིང་། རིམ་གྱིས་ཡོངས་གྱུར ་སྐུ་ཅན་སེམས་ཅན་དོན་དུ་གྲཝར་བྱེད་པ། རྡོ་རྗེ་ལྷ་མོའི་རྩེད་མོའི་རོ་ལྔ་པ་རྩེ་ནི་མཛད་འགྲོ་རྨོངས་ལ།། འགྲོལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ།། ཞེས་པས་བསྟོད་དོ།། འདི་ལྟར་བདུད་རྩི་མྱང་བར་བྱའོ།། བཅོམ་ལྡན་འདས ་དང་བཅོམ་ལྡན་འདས་མའི་དགོའ་བའི་སྒྲས་བསྐུལ་བའི་དེ་བཞིན་གཤེགས་པ་ལྔ་རྣམས་བྱིན་ཏེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་པ་ཞུ་སྟེ་པདྨའི་ཅང་དུ་བབ་སོ།། དེའི་ཚེ་ནང་གི་བདག་ཉིད་ཡེ་ཤེས་ལྔའི་བདུད་རྩི་ལྕེའི་རྩེ་མོའི ་རོལ་པས་རང་ཉིད་ཀྱི་བླངས་ཞིང་། དཀྱིལ་འཁོར་བའི་ལྷ་ཚིམ་པར་བྱའོ།། ཕྱི་རོལ་ཏུ་ནི་ཡཾ་ཡིག་ལས་སྐྱེས་ཤིང་ཡཾ་གི་སྙིང་པོ་ཅན་པོ་དན་གཡོ་བཾ་གཉིས་ཀྱི་མཚན་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་ལ། རཾ་ལས་བྱུང་ཞིང་རམ ་དང་ལྡན་པ་འབར་བ་བདུན་པའི་མེའི་དཀྱིལ་འཁོར་དམར་པོ་ལ།། དེའི་སྟེང་དུ་ཡི་གེ་གསུམ་ལས་སྐྱེས་པོའི་མགོ་བོ་གསུམ་ལ་གནས་པ་ཨཱཿཡིག་ལས་སྐྱེས་པའི་པདྨའི་སྣོད་དོ།། དེའི་དབུསུ་ཟླ་བ་ཕྱེད་པ་དང་། ཐིག་ལེ་དང་བཅས ་པའི་བི་ར་ཤུ་མ་མུ། ཀོ་གུ་དྲ་ཧ་ན་ཡོངསུ་གྱུར་པའི་བདུད་ཎྜཱི་ཁྱཱ་དང་ཤྱཱ་ལྱཱ་ཨོཾ་ཧཱུཾ་ཥྚཾ་སྭཿཧཱུཾ་དང་བཅས་པ་རྣམས་ཏེ། དེ་ནས་རླུང་གི་བསྐུ་ལྔ་བའི་མེས་གདུངས་པ་སྟྲ་ཐོད་པ་ནུ་གནས་བུའི་རྫས་བཱནར་བསྲེས་པའི་རླངས ་བས་མཐོ་གླང་གི་བཱར་ཙཱན་གྱི་སྟེང་གི་བར་སྣང་ལ་ཧཱུ~ཾ་ལཱས་སྐྱེས་ཤིད་ཧྲཱིཾ་གྱི་མཚན་པའི་རྡོ་རྗེ་སྔོན་པོ་ལ་རིག་པས་ཞུས་ནམི་ཞུགས་པ་ལས་ཐམས་ཅད་རོ་གཅིག་པར་སྨིན་པའི་སྟེང་དུ་མ་ཐོ་གང་གི་བར་ན་ཨོཾ་ལས་སྐྱེས་ཤིང་ཨཾ་ཡིག་གིས་བྱིན་གྱིས ་བརླབས་པའི་བདུད་རྩིའི་འོད་ཅན་གྱིས་དཀྱིལ་འཁོར་གྱིས་ཨོཾ་ཡིག་གི་འོད་ཟེར་གྱིས་བཀུག་པ་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་རྣམས་དང་། ནོར་བུ་དང་སྔགས་དང་སྨན་གྱི་ནུས ་པའི་བྱེ་བྲག་རྣམས་དང་ལྷན་ཅིག་ཞུགས་པ་ན། དེ་ཐམས་ཅད་དངུལ་ཆུའི་མདོག་ཅན་པ་མོའི་ཕུང་པོ་བཞིན་དུ་བསིལ་བའི་བདུད་རྩིར་དེ་ཉིད་གསུམ་གྱིས་ལན་གསུམ་བྱིན་གྱིས་བརླབས་ཏེ། དེས་ལྕེ་ཧཱུཾ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད ་ཟེར་དང་བཅས་པའི་སྦུ་གུ་ནས་བདག་ཉིད་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་བྱའོ།། ཞེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་མཁའ་གྱོ་མ་ཐམས་ཅད་དང་། ་བཅོམ་ལྡན་འདས་ཀྱིས་སྐུའི་སྤྲིན་སྤྲོས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་མཛད་ཏོ།། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བསྐྱེད་ནས་རང་གི་སྐུའི་སྤྲིན་རྣམས་རྩ་བའི་སྐུ་ལ་བསྡུའོ་ཞེས་པ་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང ་འཛིན་གསུམ་པའོ།། དེའི་རྗེས་སུ་ནང་དུ་རྫོགས་པའི་དཀྱིལ་འཁོར་མངོན་དུ་བྱ་སྟེ། དེ་ལ་མགོ་བོ་བུ་ལླི་ར་མ་ལ་ཡ་རྱ་ཕྲེང་བཟངས་མའོ།། སྤྱི་བོ་ཛྙཱ་ལན་དྷ་རཱ་ལ་ཐོད་པ་ཅན་མའོ།། དྷཱུ་བ་གཡས་པ་ཨོཾ་ཊཱི་ཡ་ན་རཱུ་འཇིགས་མའོ།། མགོ་བོའི་རྒྱབ་ཨར་པྲ ་དཱནྟ་རྒྷ་ཀྵ་དཱཀའ་མའོ།། གནས་ཏེ་ས་རབ་ཏུ་དགྱུར་བའོ།། རྣ་བྱུག་ཡོན་པོ་གྷོ་དྷཱུ་བ་ནཱི་རཱ་མདྷྱེ་ས་མྦྷའོ།། སྦྱིན་མའི་དབུས་ནཱ་མེ་ཤྭ་ར་ལ་ནོར་འཛིན་མའོ།། མིག་གཉིས་དེ་བི་ཀོ་ཊ་ནྱ་སལ་བཟངས་མའོ།། ཕྲག་པ་གཉིས་སྣ་ལཱ་བ་རུ་དག ་མཐོང་མའོ།། ཉེ་བའི་གནས་ཏེ་ས་དྲི་མ་མེད་པའོ།། བརྒྱད་པོ་འདི་རྣམས་ཐུགས་ཀྱི་འཁོར་ལྷོར་མཁའ་ལ་སྤྱོད་པ་རྣམས་སོ།། མཆན་ཁུང་དག་ཀྵ་མཱ་པཱ་རུ་དགེ་བའི་སྐྱེ་རགས་མྱའོ།། ཨོཾ་རཱི་ནུ་མ་གཉིསུ་གཟུགས་ཅན་མའོ།། ཞིང་སྟེ་ས་འོད ་བྱེད་པའོ།། ཏྲི་ཤ་ཀུ་ནི་ལྟེ་བར་རྣམ་རྒྱལ་མའོ།། ཀོ་ཤྲ་ལ་སྣའི་རྩེ་མོར་བྱེད་མའོ།། ཉེ་བའི་ཞིང་སྟེ་ས་འོད་འཕྲོ་མའོ།། ཀ་ལིངྒ་ཁ་རུ་དུས་ཅན་མའོ།། ལཾ་བྷུ་ཀ་མགྲིན་པར་མཚོ་ཆེན་མའོ།། ཚནྡོ་ཧ་སྟེ་ས་སྦྱང་དཀའ་བའོ།། ཀཉྩི་སྙིང་གཱར ་བྱེད་པ་ཅན་མའོ།། ཧི་མཱ་ལཱ་ཡཾ་རླིག་པ་ལ་གསོད་བྱེད་མའོ།། ཉེ་བའི་ཚན་དོ་ཧ་སྟེ་ས་མངོན་དུ་གྱུར་པའོ།། གསུང་གི་འཁོར་ལོ་རཱ་ས་ལ་སྤྱོད་པ་རྣམསོ།། པྲེ་ཏ་པུ་རི་རྟགས་ལ་སྒྲོལ་བ་ཅན་མའོ།། གྲྀ་ཧི་དེ་བྱཱ་ཏ་བཱ་ཤང་ལི་དུ་འཇིག ་མཐོང་མའོ།། འདུ་བ་སྟེ་ས་རིང་དུ་སོང་བའོ།། སཽ་རཱཉྫ་བརླ་གཉིས་ལ་ལེགས་མཐོང་མའོ།། གསེར་གླིང་བྱིན་པ་ལ་མི་ཐུབ་མའོ།། ཉེ་བའི་འདུ་བ་སྟེ་ས་མི་གཡོ་བའོ།། ནཾ་ག་ར་སོར་མོ་རྣམས་ལ་དགེ་བ་མའོ།། སིནྡྷུ་བོ་ལ་གང་དག ་ལ་གྲིབ་ནོན་མྱའོ།། དུར་ཁྲོད་དེས་ལེགས་པའི་བློ་གྷོ་སོ།། མཱ་རུང་མཐེ་བློ་དག་ལ་དུས་མཚན་མའོ།། ཀུ་ལུ་ཏ་པུས་མོ་དག་གྲགས་ཆེན་མའོ།། ཉེ་བའི་དྲུར་ཁྲོད་དེས་ཆོས་ཀྱི་སྦྱིན་ནོ།། སྐུའི་འཁོར་ལོར་ས་འོག་ན ་གནས་པ་རྣམསོ།། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཞི་ནི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོར་བཞི་ལའོ།། བཅོམ་ལྡན་འདས་དང་སྣ་ཚོགས་སྡེ་དག་གི་གནས་ནི་པདྨའི་ལྟེ་བ་གཉིས།། བཅོམ་ལྡན་འདས་ནི་ཀུན་རྫོབ་པའི་བྱང ་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དེ། སྣ་ཚོགས་སྡེ་མའི་རྡུལ་གྱི་རང་བཞིན་ནོ།། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཞི་དང་གཞན་ཡང་ཐམས་ཅད་འདི་དག་ཐམས་ཅད་ལ་འཕྲོས་པའོ།། རང་རང་གི་གནས་ན་གནས་པའི་རྩའི་རང་བཞིན་ལྷོ་མོ ་ཉི་ཤུ་རྩ་བཞི་རྣམས་བཅོམ་ལྡན་འདས་ཁོ་ནས་འཕྲོས་པས་ཡང་དག་པར་འཁྱུད་པའོ།། གདམས་ངག་ཇི་ལྟ་བ་དེང་ཁོ་ན་ཉིད་ཇི་ལྟ་བ་དང་མོས་པར་ཇི་ལྟ་བར་གཏུམ་མོའི་རབ་ཏུ་དབྱེ་བསྒོམ་པས་འདི་ཐམས་ཅད་དང་གྲོལ་བ་ཡང་དོན་དམ ་པར་སྟོང་པ་ཉིད་དང་། བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དབྱེར་མེད་པའི་ངོ་བོ་སྣ་ཚོགས་སྡེ་མ་དང་སངས་རྒྱས་ཐོད་པའི་རང་བཞིན་ཁོ་ནར་བསྒོམ་པར་བྱའོ།། ཞེས་པའོ།། གལ་ཏེ་རྣལ་འབྱོར་པ་དངོས་གྲུབ་རྣམས་ཐམས་ཅད་མྱུར་དུ་འགྲུབ་པའི ་ཆེད་དུ་སེམས་བསྟན་པར་བྱེད་འདོད་ན་དེའི་ཚེ་ཏིང་འཛིན་གསུམ་མདོར་བསྡུས་ནས། བསྒོམ་སྟེ་སྤྲུལ་པའི་འཁོར་ལོའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ཁ་སྟེང་དུ་ཕྱོགས་པའི་མདུད་པའི་བུ་གར་ཨཾ་སྔོན་པོའོ།། ཆོས་ཀྱི་འཁོར་ལོ ་རྩིབས་བརྒྱད་བྱ་འོག་ཏུ་ཕྱོགས་པར་ཧཱུཾ་སྔོན་པོའོ།། སྟེང་དུ་ཁ་ཕྱོགས་པའི་ལོངས་སྤྱོད་རྫོགས་པའི་འཁོར་ལོར་རྩིབས་བཅུ་དྲུག་པར་ཨོཾ་དམར་པོའོ།། བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་ཐོག་ཏུ་ཁ་ཕྱོགས་པའི་ཧཾ་དཀར་པོའོ།། གསང ་བཱའི་འཁོར་ལོར་གནས་པའི་རླུང་གཱི་མོ་བསྐུལ་བའི་གཏུམ་མོའི་རང་བཞིན་ཨོ་ཡིག་འབར་བའི་འོད་ཟེར་གྱིས་བཞུ་བའི་ཧཱུ~ཾ་ཡིག་ལ་སོགས་པ་ཡིག་གསུམ་དང་ལྷན་ཅིག་དབྱེར་མེད་པའི་ཨོཾ་ཡིག་ལྷན་ཅིག་སྐྱེས་པོའི་དགའ་བའི་རང་བཞིན་གྱིས ་ཐིག་ལེར་གྱུར་པའི་དཔའོ་སྒོམ་ཞིང་སྒོམྱ་བ་ཡོངསུ་སྨིན་པར་མོས་ནས། དེ་ཉིད་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་འབར་བའི་གཅིག་ལྟར་གནས་པ་བལྟ་བར་བྱའོ།། དེའི་མཐུས་བདུད་རྩི་འཛག་པས་གང་བས་དཔའོ་དཀྲུས་པ་འོད་ཟེར་གྱི་རེ་ཁཱ ་དེ་ཡང་གསིལ་བར་གྱུར་ཏེ། དེ་ནས་དཔའོ་ལས་སེམས་ངེས་པས་ཇི་སྲིད་དུ་སེམས་བརྟན་པ་ཐོབ་པར་མཚན་མ་རྣམས་ཀྱི་ཉེ་བར་དམིགས་པ་དེ་སྲིད་དུ་བལྟོ་བར་བྱའོ།། བརྟན་པ་ཉེ་བར་མཚོན་པ་ན། འོད་ཟེར་གྱི་རེ་ཁཱ་དེའི་སྣང་བས་སྣ་ཚོགས ་བ་གསལ་བྱེད་པར་བྱསམས་ཏེ། ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་བལྟའོ།། ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་བྱའོ།། ཞེས་པ་ཐིག་ལའི་རྣལ་འབྱོར་རོ།། མན་ངག་ཇི་ལྟ་བ་དང་། ཇི་ལྟར་མོས་པ་གཏུམ་མོའི་དབྱེ་བ ་ཡང་བསྒོམ་པར་བྱའོ།། རིག་པ་བཟླས་པ་ལ་དངོས་གྲུབ་ཡིན་པས་བཟླས་པ་བརྗོད་པར་བྱའོ།། དེ་ལ་སྒོམ་པས་སྐྱོ་བ་ལས་རྩ་བའི་སྔགས་འདི་བཟླས་པར་བྱ་སྟེ། ཨོཾ་ཧྲིཿབུདྡྷ་ཧཱུཾ་ཀ་པཱ་ལི་ནཱཾ་ཨཱཿའདིའི་བཟླས་པའི་རིམ་པ་ནི་སྣ་བུག་གི་རླུང ་ལྟེ་བར་གནས་པའི་དེ་མ་ཐག་བྷུ་བ་ཤངྒ་པཱའི་ཐིག་ལྕེ་ལ་འཇུག་པ་ན་ཨོཾ་སྠཱ་བྲུག་ནས་འབྱུང་བ་ལ་ཧཱུཾཿའོ།། ག་ལེ་ལ་གནས་པ་ལ་བུད་དྷཱའོ།། བདེ་བཱ་ལ་ཧཱུཾ་།། འགག་པ་ལ་ཀ་བྷུ་ཝི་ནིའོ།། ཊཱིག་ལེ་ལས་ལྡང ་བ་ལ་ཨཱཿའོ།། ཞེས་པ་ཡན་ལག་གི་བཟླས་པ་ལ་རྡོ་རྗེ་བཟླས་པའོ།། ཕྲ་མོའི་རྣལ་འབྱོར་ཡང་འདིར་རྣམ་འདི་ལྟ་བུར་རྟོགས་པར་བྱའོ།། ཨོཾ་བུད་དྷ་ཀ་པཱུ་ལི་ནཱི་ཨཱཿཧོ་ཧཾ་ཧཱུཾ་ཕཊ་སྙིང་པོའོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་བཛྲེ་ཎཱི་ཧཾ་དུཪྵཱ་ཡ་དུང་ལ་ཀྵེ ་ཧཱུཾ་ཕཊ་ཉེ་བའི་སྙིང་པོའོ།། འདི་རྣམས་ལས་གང་ཡང་རུང་བའི་སྔགས་ཇི་ལྟར་འདོད་པར་བཟླས་ནས་ལྡང་བའི་དུས་སུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཨོཾ་བུད་དྷ་ཀ་པཱ་ལ་བཛྲེ་ཙི་ཏྲེ་སུ་ཙ་ཏེ་ཨ་ལཾ་བ་ལེ་པྲཱི་ཎ་ཡ་སརྦ་བྷཱུ་ཏཱ་ན། མ་ར ་ཡཱ་སརྦ་མཱ་རཱ་ན། ཀཱི་ལ་ཡ་སརྦ་དུཥྚཱན། ཨུ་ཙ་ཙཱ་ཡ་སརྦ་བིགྷྣཱན། བི་ཏཱ་པ་ཡ་བྷོ་བྷ་ག་ཝཱ་ཏི་ཡ་ཀྵ་རཱ་ཀྵ་ས་པི་ཤ་ཙཱ་ན། ཤོ་ཥ་ཡ་ཏཱ་ཌ་ཡ་སཔྟ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། པྲ་ས་ར་པྲ་ས་ར། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་པའི་སྔགས་ཀྱིས ་བྱིན་ཏེ། དགེ་བ་འདི་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་དང་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ་ཡོངསུ་བསྔོས་ནས་སྔར་བཞིན་མཆོད་པ་བྱས་ཏེ། དཀྱིལ་འཁོར་ཉི་ཤུ་རྩ་བཞི་རྣམས ་ནོང་དུ་གནས་པ་ལ་སོགས་ཉི་ཤུ་རྩ་བཞིའོ་གནས་ན་གནས་པའི་རྩ་ལ་མན་ངག་ཇི་ལྟ་བར་ནང་དུ་འདུས་པར་བྱའོ།། བྱང་ཆུབ་སེམས་ཀྱི་ཐོད་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ།། རྡུལ་གྱི་ཐོད་པ་ནི་སྤྲུལ་པའི་འཁོར་ལོར་རོ།། ་བདུད་རྩི་ལྔའི་ཐོད་པ་ནི་སྙིང་གར་རོ།། སྒྲོན་མ་ལྔའི་ཐོད་པ་ནི་མགྲིན་པར་རོ།། དེ་ལྟར་མང་དུ་བསྡུས་ནས། བཅོམ་ལྡན་འདས་མས་འཁྱུད་པའི་བཅོམ་ལྡན་འདས་ཀྱི་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་རང་བཞིན་སྒྱུ་མའི ་ངོ་བོར་བདག་དང་ཁམས་གསུམ་པ་མཐའ་མེད་པ་མོས་པས་ཇི་ལྟར་འདོད་པར་གནས་པར་བྱའོ།། ཉི་མཱིའི་གུང་དང་དགོངས་ཀ་དང་མཚན་ཕྱེད་ཀྱི་ཐུན་མཚམས་རྣམསུ། ལྷ་མོའི་འཁོར་ལོ་ཐམས་ཅད་ཡུད་ཀྱིས་སྤྲོས་པས་གོ་ཆ་ལ་སོགས ་པ་མ་ལུས་པ་བསྒྲུབ་པར་བྱའོ།། ཉལ་བའི་དུསུ་སྔར་བཞིན་དུ་ཞུ་བར་གྱུར་པ་སྟོང་པ་ཉིད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བདག་ཉིད་ཀྱང་དེའི་རང་བཞིན་དུ་མོས་ཏེ་ཉལ་བར་བྱའོ།། ལྡང་བར་འདོད་ན་སྔར་བཞིན་དུ་ལྷ་མོ་བཞིས་བསྐུལ ་བ་ཡུད་ཀྱིས་ལངས་ཏེ་དེ་ཁོ་ན་བཞིན་དུ་མཐོའ་དགེ་མཚང་བ་མེད་པར་བྱའོ།། དེ་ལྟར་ཇི་སྲིད་དངོས་གྲུབ་ཀྱི་མཚན་མུ་རྣམས་ཐོབ་ཀྱི་བར་དུ་ཉི་མ་སོ་སོར་རོ།། དབང་གི་ཆོ་གས་ཁྲུས་བྱའོ།། བཟའ་བ་ཐམས་ཅད་ནི་བདུད་རྩི་མྱང་བའི་ཚེ་གསོ ་གང་གྲི་ཚེ་བཅོམ་ལྡན་འདས་འདི་ཁྲོ་ན་ཤེས་རབ་མ་མེད་པར་བསྒོམ་པར་བྱ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཞེས་པའི་བར་གྱི་གཞུང་དང་། གཙོ་བོ་འདིའི་མཛའ་མོ་ཞེས་པ་ལོ་སོགས་པ ་ཉུ་ངུའི་རྒྱུད་དུ་གསུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་མཐར་ཐུག་དང་། སྒོ་སྐྱེང་བཞི་ཞེས་པ་ལ་སོགས་པ་དབང་དུ་བྱས་ནས་ཞེས་པའི་བར་དང་། དེ་ལ་སོགས་པ་རྒྱས་གདབ་བོ་ཞེས་པའི་བར་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ ་ཞེས་པ་ལ་སོགས་པ་ཚིམ་པར་བྱའོ་ཞེས་པའི་བར་དང་། དེ་རྗེས་སུ་ནང་ཞེས་པ་ལ་སོགས་པ་རབ་ཏུ་དབྱེ་བ་སྒོམ་པས་ཞེས་པའི་བར་དང་། སྣ་ཚོགས་སྔ་མ་དང་ཞེས་པ་དང་། ཉི་ཤུ་རྩ་བཞི་ཞེས་པ་ལཱ་སེག ་བཔ་འཁྱུང་པས་ཞེས་པའི་བཱ་རཱ་དང་། སྔར་བཞིན་དུ་ཞུ་བས་ཞེས་པ་དང་། སྔར་བཞིན་དུ་ལྷ་མོ་བཞིས་བསྐུལ་བ་ལས་ཞེས་བྱ་སྤངས་ཏེ། གཞན་བརྗོད་པ་ཐམས་ཅད་ཤེས་པར་བྱའོ།། ཁྱད་པར་ནི་བཅོམ་ལྡན་འདས་འདིའི ་ཤར་དང་བྱུང་དང་ནུབ་དང་། ལྷོའི་པདྨའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བར་ཨོཾ་ཧཱུཾ་ཁམསཿཞེས་ས་པའི་སྣ་བོན་ལས་བྱུང་བྱའི་སྣ་ཚོགས་སྡེ་མ་དང་འདོད་མ་དང་ས་འོག་གནས་མ་དང་རབ་བཟང་མོ་རྣམས་སྐུ་མདོག་སྤྲོ་བ་གཡས ་བརྐྱང་གི་ཟླ་བོའི་རྐང་སྟབས་ཅན། སྟག་གི་པགས་པའི་ཤམས་ཐབས་ཅན། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་ཐོད་པ་དག་དང་། ཕྱག་གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཌ་མ་རུ་དག་འཛིན་པའོ།། དབང་ལྡན་དང་མེ་དང་བདེན ་བྲལ་དང་རླུང་གི་འདབ་མ་རྣམསུ་རིམ་པ་ཇི་ལྟ་བར་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཡོངསུ་གྱུར་པའི་ཆུང་ཚོང་མ་དང་། འབྱུང་པོ་མོ་དང་། ཕྱག་བཞི་མ་དང་། ན་མཁོའ་ལ་གནས་མ་ཁ་དོག་སེར་བ་ན་བཟའ་སེར་པོ་ཅན། འོད་ཟེར་སེར་པོ་འཕྲོ་བའི་སྒྲ་ཅན ་ག~ཾལ་ས་བརྐྱང་གི་ཞབས་སྟབས་ཅན། སྦྲུལ་བརྒྱ་ཀྱིས་བརྒྱན་པོ། ཕྱག་གི་ཡལ་ག་གཡས་པ་དག་གཱི་གྲི་གུག་དང་། ཅང་ཏེའུ་དག་དང་། ཕྱག་གཡོན་པའི་ཡལ་ག་དག་གིས་ཁ་ཊྭཱཾ་ག་དང་པདྨའི་སྣོང་འཛིན་པ་རྣམས་པ།། བརྒྱན ་རྣམས་ཅ་དུ་དབྱུང་དུ་མེད་པའི་སྐྲག་པ་ལ་སོགས་པའི་ཉམས་ཤཱས་ཆེ་བའི་སྙིང་པ་ཙནྡྲ། མངོན་པར་གསར་པའི་ཉི་མའི་དཀྱིལ་འཁོ་ལ་གར་ཐབས་ཅན། ལ་ཀྱཻ་པདྨ་མཚོ་བ་ཅུང་ཟད་གཙིགས་པ། དབུ་སྐུ་ཁམ་པ་རྒྱན ་འགྲེང་བ། བོད་པ་ལྔའི་ཕྲེང་བཙོན། མི་རུས་ལས་བྱུང་བའི་འཁོར་ཆེར་འཇིགས་པ། ཞལ་གཅིག་པ། རྣ་རྒྱུན་དང་མགུལ་སྦྱིན་དང་། ལྕག་གདུབ་དང་། སྐེ་རགས་དང་། དྲིལ་བྷ ་ཨེར་ཁ་དང་། དཔུང་རྟེན་དང་། ཞབས་གདུབ་ཀྱིས་རྐྱེན་ཅན། མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་སྐེ་ལ་འབྱུང་བ། བསྐལ་པའི་མཐའི་འབར་བ་ལྟ་བུར་རོལ་པའི་འདི་ཟེར་གྱིས་བདུད་ཀྱི་དཀྱིལ་འཁོར་བསྲེག་བྱ། གད་མོ་རྒོད་པས་ཆེར་འཇིག ་པ། ཞལ་གཅིག་། ཞལ་ནས་ཁྲག་འཇིག་པ། སྤྱན་གསུམ་པ། ཕྱག་བཞི་པ། ཀླུ་རྣམས་ཤིན་ཏུ་ཆོས་སྐྲག་པར་མཛད་པ། གཙོ་བོ་ལ་མངོན་དུ་ཕྱོགས་ནས་གཟིགས་པ་རྣམས་བསྒོམ་མོ།། འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་ནི། ་སངས་རྒྱས་ལྔའི་ཅོད་པན་རྒྱན་ཞེས་པའི་གསུངས་ལས། མོ་བསྐྱོད་པ་ལ་སོགས་པོའི་སངས་རྒྱས་ལྷ་རྣམས་ཀྱིས་རྒྱུ་ས་གདབ་བོ།། སྣ་ཚོགསོ་སྡེ་མ་ལ་སོགས་པ་རྣམས་ཇི་ལྟ་བའི་རིམ་པས་མི་བསྐྱོད་པ་དང་རྣམ་པར་སྣང ་རང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་རྣམས་ཀྱིསོ།། ཆང་འཚོང་མ་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ།། ནང་གི་བདག་ཉིད་ཀྱི་བདུད་རྩིས་ཚིམ་པ་ཡང་གཏུམ་མོའི་རབ་ཏུ་དབྱེ་བ་བསྒོམ་པ་ཁོ་ནས་སོ།། དེ་ལྟར་རྡོ་རྗེ་རྣམ ་སྒེག་མ་བརྒྱད་ཀྱིས་བསྐོར་བའི་བཅོམ་ལྡན་འདས་ཧེ་རུ་ཀ་འདི་ཁོ་ན་ཨ་དྲྀ་ཤྭཱ་དང་ཐིགས་པ་དང་སོལ་བའི་སྦྱོར་བ་ནཱི་ས་ངྒ་དྷན་གི་ཧཱུ~ཾ་བྷྱོ་རྣཾ་ས་བྱའོ།། མོ་བྷ་ཤམ་ཁྲུས་བྱེད་པའི་སྦྱོར་བ་ལ་ནི་ཤེས་རབ་དང ་ས་པའོ།། རིག་པ་འཛིན་པའི་བྱེད་པ་ལ་ནི་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ། ཕྱོགས་བྲལ་གྱི་ལྷ་མོདྷིས་མོས།། མོ་གཽ་ཤ་མ་དང་ཐུང་མེང་བུ་ཤི་བའི་ཁྲུས་ཀྱི་ཆོ་ག་ལ་ནི་བཅོམ་ལྡན་འདས་འདི་ཤེས ་རབ་དང་བཅས་པའོ།། དེའི་ཚེ་ཤེས་རབ་མ་མེད་པ་ཉིད་ལ་སྦྱངས་གཞུང་ཇི་ལྟར་རིགས་པ་ཉེ་བར་བླང་བར་བྱའོ།། གཞལ་ཡས་ཁང་འདི་ཐམས་ཅད་ཀྱང་དུ་ཁྲོད་བརྒྱད་ཀྱིས་ཡེངསུ་བསྐོར་བ་རྣམ་པར་བསམ་པར་བྱའོ།། དེའི ་ཤར་ཕྱོག་སུ་གདུམ་དྲག་ཅེས་བྱ་བུའི་ངུར་ལྷོད་ཏེ། སྒྲུབ་པ་བཻ་རྗེས་སུ་འཛིན་པཾ་ཞེས་པ་མིང་གཞན་ནོ།། ཤིང་ཤི་རི་ཥྚ་སྟེ་ཡང་ན་པ་ཏ་ལིའོ།། རྫུ་འཕྲུལ་ཆེན་པོ་བོ་གླང་པོ་ཆེའི་གདོང་པ་ཅན་ནོ།། ཕྱོགས་སྐྱོང་པོ་དབང་པོ ་དབང་ངོ་།། ཀླུ་ནོར་རྒྱས་དཀར་པོའོ།། སྤྲིན་སྒྲོགས་བྱ་ཞེས་བྱའོ།། ། མིརྱེ་བྱུག་ཏུ་རྒོད་པའམ་མིང་གཞནི་རབ་འཇིགས་ཆེན་པོ་ཞེས་བྱ་བའི་དུར་ཁྲོད་དེ། ཤིང་ཀ་རནྟའམ་ཨུ་དུམྦྷ ་རའོ།། རྫུ་འཕྲུལ་ཆེན་པོ་བ་རའི་གདོང་པ་ཅན་རྣམ་ཁྱིའི་གདོང་པ་ཅན།། 9་། པདྨ་ཆེན་པོ་དཀར་པོ་དང་། སྤྲིན་སྡུག་པོ་ཞེས་བྱའོ།། ། ལྷོར་ཀེང་རུས་འཇིགས་པ་འམ་མིང་གཞན་འཇིགས་རུང་མུན ་པབཅན་ཞེས་པའི་དུར་ཁྲོད་དེ། ཤིང་ཨ་མྲ་འམ། ཤཱ་རི་ཥུ་དང་རྫུ་འཕྲུལ་ཆེན་པོ་པ་མ་ཧེའི་གདོང་པ་སྠཱ་ནི་སྟགདོན་། གཤིན་རྗེ་དང་པདྨ་དཀར་པོ་དང་སྤྲིན་འཁོར་བྱེད་དོ།། བདེན་བྲལ་དུ་ཀུ་ཅོ་ཅ་ཅོར་སྒྲོགས་པ་ཞེས་པ་འམ། མིང་གཞན་རྣལ ་འབྱོར་མང་དུ་འདུས་པ་ཆེན་པོ་ཞེས་པ་སྟེ། ཤིར་པརྐ་ཌཱིའི་མ་ཝེ་ཏ་དང་། རྫུ་འཕྲུལ་ཆེན་པོ་པ་རོའི་གདོང་པོ་ཅན་ནམ་བྱ་ནོད་གྲ་དང་། སྲིན་པོ་དང་། མཐའ་ཡས་སྟོན་པ་དང་། སྦྱིན་ནི་འགེངས་བྱེད་དོ།། ནུབ་ཏུ་འབར་བ ་འཁྲུགས་པ་འམ་མིང་གཞན་ཁྲོ་བོའི་མེ་ཞེས་པའི་དུར་ཁྲོད་ཏེ། ཤཱིང་ཀཾ་ཀཱི་ལློ་འམ་ཙཱུ་ཏྱཱ་དང་། རྫུ་འཕྲུལ་ཆེན་པོ་པ་ཆུ་སྔོན་གྱི་གདོང་པ་ཅན་ནམ། འུག་པའི་གདོང་པ་ཅན་དང་ཆུ་ལྷ་དང་། སྟོབས་ཀྱི་རྒྱུ་ལྗང་གུ་དང་། ་སྤྲིན་འཇིགས་རུང་ངོ་།། རླུང་དུ་འཇིགས་རུང་མུན་པ་ཅན་ནམ་སྭངྒེའི་སྒྲ་ཕྲེང་ཡིག་ཆེན་པོའི་སྒྲོགས་པུ་ཙེས་བྱའི་དུར་ཁྲོད་ཏེ། ཨརྫུན་འམ?་ཨཱ་ཤྭཏྠ་དང་། རྫུ་འཕྲུལ་ཆེན་པོ་པ་རི་དགས་ཀྱི་གདོད་པ་ཅན་ནམ། ཕག་གི ་གདོང་པ་ཙནྡྲ་དང་། རླུང་ལྷ་དང་། རིགས་ལྡན་ཁྲ་བོ་དང་། སྤྲིན་ཆར་འབེབས་སོ།། བྱང་དུ་ཀངྐ་རིའི་དུར་ཁྲོད་དམ་མིང་གཞན་གཉིས་མེད་བྱེད་ཅེས་པའོ།། ཤིང་ཨ་ཤྭཏྠ་འམ། ཀངྒེ་ཝི་དང་། རྫུ་འཕྲུལ ་ཆེན་པོ་བ་མིའི་གདོང་ཅན་དང་། བྱི་ལའི་གདོང་བ་ཅན་དང་། ལུས་ངན་དང་། ལོག་འདྲེན་དག་དང་། འཇོག་པོ་དམར་པོ་དང་སྤྲིན་འུར་འུར་སྒྲོགས་སོ།། དབང་ལྡན་དུ་ཕུན་ཚོགས་ནག་སམ་མིང་གཞན་མཚ ་སྐྱེས་དཔའོ་ཞེས་པའི་དུར་ཁྲོད་ཏེ། བ་ཊུ་འམ་ནཱ་ག་གེ་སར་དང་། རྫུ་འཕྲུལ་ཆེན་པོ་པ་གླང་གིས་གདོང་བ་ཅན་ནམ?། ཤ་ཟའི་གདོང་པ་ཅན་དང་། དབང་ལྡན་དང་། དུང་སྐྱོང་སེར་པོ་དང་། སྤྲིན་གཏུམ ་བྱེད་དོ།། ཐམས་ཅད་དུ་མཆོད་རྟེན་ལྟ་བུར་བྱའོ།། དེ་ལས་ས་སྲུང་དཀར་པོ་ལ་ཞོན་པ། རྡོ་རྗེ་ཅན་སྡེར་མིག་སྟོང་པའོ།། ནག་མོ་འཁོར་ལོ་དབྱུག་ཏོ་དུང་།། ཀཽ་སྟུ་བྷ་འཛིན་མཁའ་ལྡིང་གནས།། མེ་ལྷ་དམར་པོ་སྨིན་མ་དང་།། རལ ་ཙུག་སྨར་འབར་ཞིང་འཁྲུག། ཚོན་པོ་རབ་གནས་མི་འཇིགས་དང་།། བགྲང་ཕྲེང་རིལ་བ་དབྱུ་གུ་འཛིན།། གཡོན་བརྐྱང་བ་ཡི་རྐང་པ་ཅན།། དུས་ནག་མ་ཧེ་ལ་གནས་པ།། སྐྲ་ནི་གྱེན་དུ་འབར་ཞིང་ཁྲོས།། དབྱུག་པ་སྡིགས་མཛུབ་འཛིན ་པའི་ལག། དེ་འདྲའི་བདེན་བྲལ་རོ་ལ་གནས།། གཅེར་བུ་མི་རུས་ཀྱིས་བརྒྱན་པ།། ཞལ་ནི་མཆེ་བ་གཙིགས་པ་ཅན།། གྲི་གུག་ཐོད་པ་དག་འཛིན་པའོ།། ཆུ་སྲིན་ལ་ནི་ཆུ་ལྷ་དཀར།། གདེངས་ཀ་བདུན་པ་སྦྲུལ་ཞིགས་འཛིན།། ཨཱ་ཎཱ་ཡེ་སེར ་ལ་གནས་པའི་རླུང་ལྷ་ལྗང་གུ་རླུང་རས་ཅན། མེ་ལ་གནོད་སྤྱནི་ཆེན་པོ་སེར།། ན་ཀུ་ལ་བི་ཛ་པཱུ་ར་འཛིན།། བྱི་བཱར་གླང་ཆེན་གདོང་ཅན་དཀར།། ལ་ཕུག་དབྱུག་ཏོ་ལེ་དུ་ཕྲེང་།། དབང་ལྡནྡ་ཁྱུ་མཆོག་ལྀ་ཞོན་དཀར།། རལ་བའི་ཐོར་ཚུགས ་རུལ་རྒྱན་ཅན།། རྩེ་གསུམ་པས་མཚན་ཁ་ཊྭཱཾ་ག། ཅང་ཏེའུ་འཛིན་པའི་ཕྱག་ཅན་ནོ།། གདངས་ཅན་བརྒྱད་རྣམས་མོའི་གདོང་ཅན། རྒྱན་བཟངས་ཅན་གང་བྱེ་བྲག་མེད།། བརྒྱ་བྱིན་ལ་སོགས་འདི་བཅུ་དྲུག། གཡོན་པས་ཡིད་འོང་མ་ལ་འཁྱུད།། ་ཅིག་ཤོས་ཕྱག་ནི་སྒེག་བཅས་རྣམས།། ཤྲཱིང་དང་ཉེ་བར་ཤེས་པར་བྱ།། ཉི་མར་སྲིན་པོ་ག་ཤིན་རྗེ་མ།། གཞན་རྣམས་ཟླ་བར་ཟླ་བྱད་ཅན།། དབང་ལྡན་གཤིནྡ་རྗེ་སྲིན་པོ་རྣམས།། མ་གཏོགས་རིན་ཆེན་ཅོད་པན་འབྱར།། དབང་ལྡན་རིན་རྐྱེན་ཅོད་པན་ཙམ ་ཞེས་ཀྱང་རྫུ་འཕྲུལ་ཆེན་པོ་བརྒྱད།། ལུ་སྐྲོད་ཕྱེད་མཐོང་ཕྱག་རྣམས་ཀྱིས།། ཐོད་པ་འཛིན་པར་བྱེད་པ་སྟེ།། གཞན་གྱིས་བྱིན་པའི་གཏོར་མ་ལ།། གཡས་པས་འཛིན་པའི་ཚུལ་གྱིས་འབྲེལ།། སྤྲིནྡྲ་རྣམས་ཁ་དོག་སྣ་ཚོགས་པའོ།། བརྒྱུད་པོ་འདི་རྣམས་ནི། ་པབ་སྣ་ཚོགས་པའི་ཤིང་མཆོག་གཞན་གྱིས་ཀྱང་མཛེས་པར་བྱས་པས་བྱ་རོག་དང་། འུགོ་པ་དང་། བྱ་ནོད་དང་། ཁྱི་ང་ཅེ་སྤྱང་དང་། སེངྒེ་དང་། ཕག་དང་། སྟག་ལ་སོགས་པ་རྣམས་ཀྱིས་འཇིག་སུ་རུ་བ། གོ་ནཱ་ས་ལ་སོགས་པའི་སྦྲུལ ་རྣམས་ཀྱིས་ཤིན་ཏུ་བྱེད་འཇུག་པ་ཅན། ཀེང་རུས་དང་། གསལ་ཞིང་གིས་ཕུག་པ་དང་འཕྱང་བ་དང་། ཕྱེད་ཚིག་པ་དང་མགོ་བོ་དང་ཐོད་པ་དང་། པུས་མོ་དང་རོ་མགོ་མེད་པ་དང་། རུས་པ་དང་མགོ་བོའི་དུམ་བུ་ལ་སོགས་པ་རྣམས་ཀྱི ་འཇིག་སུ་རུང་བ་སྣ་ཚོགས་པའི་གྲུབ་པ་དང་། རིགས་པ་འཛིན་པ་རྣམས་དང་། དམ་ཚིག་སྤྱོད་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཀྱིས་དང་། ཙ་ནྡོ་སྒྲོགས་པའི་གནོད་སྦྱིན་དང་། རོ་ལྡངས་དང་། སྲིན་པོ་ལ་སོ་བྷ་རྣཾས་ཀྱིསྤྱི་དུང ་འདི་ད་ར་ནཱི་རྒྱུག་པ་དང་། གཡོ་བ་དང་། འགྲིང་བ་དང་། སྡོམ་པ་དང་། ཉལ་བ་དང་། ལྗང་རྣཾས་ཀྱིས་ཤིན་ཏུ་ངོ་མཚ་བ་བྱེད་པ་དུར་ཁྲོད་ཆེན་པོ་རྣཾ་སོ།། ཞེས་པ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔ་ཏ་ཡིས་མཛད་པ་འཇིགས་པ་མེད་པའི་གཞུང་འགྲེལ་སངྱས་ཐོང་བློ་རྒྱ་མོ་གྷོ་མྲྀ ་པ་ལེའུ་བདུན་པའོ།། །། ཐབས་ཀྱི་ཡན་ལག་རྒྱས་པར་སྟོན་པ་དེ་ནས་ཞེས་པ་ལ་སོགས་པའོ།། ཤིང་གིས་ཞེས་པ་རྒྱུད་གཞན་ནས་བཤད་པསོ།། མེ་ཏོག་གིས་ཞེས་མདོར་བསྟན་པ་རྒྱས་པར་སྟོན་ཏེ། མེ་ཏོག་ལྔ་ཞེས་པ ་འཆང་བར་འགྱུར་བའི་པདྨ་ལ་སོགས་པ་མེ་ཏོག་ལྔ་རྣམསོ།། འོ་མས་ཞེས་པ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་མར་ལ་སོགས་པ་རྣམས་ཀྱིསོ།། ནང་གི་སྦྱིན་སྲེག་ལ་ནི་ཤེས་རབ་མ་ལྔ་རྣམས་ཀྱིས་རྡུ་ལེ་རྣམས་མེ་ཏོག་ལྔ་དང་། འོ་མ་ནི་སྐྱེས་པའི་བྱང་ཆུབ ་ཀྱི་སེམས་ཏེ། སྙོམས་པར་ཞུགས་པ་ན་དེའི་རྡུལ་དང་སྲེས་པ་ཤེས་པར་བྱའོ།། ཞེས་གཞན་དུ་གསུངས་ཏེ། འདིར་སྐབས་མ་ཡིནོ།། ཞི་བ་ཞེས་པ་ལ་སོགས་པ་ལ། འདིར་ཐབས་གྲུ་བཞི་པ། རྒྱ་དང་ཟབསུ་སོར་བཅུ་གཉིས་པའོ།། དེའི་ཁའི་སྟེང་དུ་སོར་བཞིའི ་བར་དོར་རོ།། དེར་ཕྱོགས་བཞི་རྣམསུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁ་གྱེས་པའོ།། དེའི་ཕྱི་རོལ་ཏུ་རྒྱ་དང་པང་སུ་སོར་བཞི་པ་ཐབ་ཁུང་གི་དབྱིབས་ཅན་ཅུང་ཟད་ཁ་དམའ་བའི་ཀུན་ནས་ཁ་ཁྱེར་ཏེ། མཚམས་རྣམསུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཕྱི་ངོས་རྡོ་རྗེ་རྩེ་གསུམ ་པསྔོན་པོའི་ཕྲེང་བས་བསྐོར་བའོ།། ཐབས་ཀྱི་དབུས་སུ་ཆོས་འབྱུང་གི་དབུས་སུ་གནས་པའི་ཁང་པ་བརྩེགས་པར་པདྨ་སར་བརྒྱད་པ་རྡོ་རྗེ་ཕྲེང་བ་སྔོན་པོ་དང་དམར་པོ་དང་དཀར་པོ་གསུམ་གྱིས་བསྐོར་བའོ།། པདྨའི་སྟེང་དུ་རྡོ་རྗེ་རྗེ་ལྔ་པ་མགོ་ཤཱར་དུ་བསྟན་པ་ས ་བཞིའི་ཚད་ཙམ་པ་དཔང་སུ་སོར་གཅིག་པའོ།། དེའི་སྟེང་དུ་པདྨའོ།། དེའི་དབུས་ཉི་མའོ།། དེའི་སྟེང་དུ་ཧྲིའོ།། ཁང་པ་བརྩེགས་པའི་གྲཝ་རྣམསུ་རྡོ་རྗེ་རྩེ་དགུ་པ་སེར་པོ་རྣམ་སོ།། རྡོ་རྗེ་ཁ་གྱེས་པ་ལ་སོགས་པ་འདི་ཐམས་ཅད་རྡུལ་ཚོན་གྱི་བྲིས་པ་ཡང་ངོ་ཞེས་པ་སྡུས ་པའི་དོན་ཏོ།། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཧཱུཾ་ཡིག་བདག་ཉིད་བསྐྱེད་ནི་ཧཱུཾ་ལས་སྐྱེས་པའི་རང་བཞིན་དུ་མོས་པ་འམ་ཧཱུཾ་གི་སྙིང་པོ་ཅན་ནོ།། འཁོར་ལོ་ནི་གཞལ་ཡས་ཁང་ངོ་།། གྲུ་གསུམ་ནི་ཆོས་འབྱུང་།། ཨེ་ཝཾ་མཱ་ཡ་ཞེས་པ་ཡི་གེ་བཞི་ལས་སྐྱེས་པའི ་ས་ལ་སོགས་པ་འབྱུང་བ་བཞི་ཡོངསུ་གྱུར་པར་འཁོར་ལོ་མོས་པར་བྱའོ།། ལྟེ་བས་ཏེ་ལྟེ་བས་མཚོན་པའི་པདྨས་ཁྱད་པར་དུ་བྱས་པའོ།། ཉིས་འགྱུར་ནི་བཅུ་དྲུག་ལྷག་པའི་ཉིས་བརྒྱའོ།། ཁ་ལཱུ་ཀ་ཡིས་ཞེས་པ་གུར་གུམ་གྱི་བྱེ་བྲག་གིས་སོ།། འོག་ཏུ་པདྨ་ཞེས་པ ་རྡོ་རྗེའི་འོག་ཏུ་པདྨ་འདབ་མ་བརྒྱད་པའོ།། སོར་བཅུ་གཉིས་ནི་སློབ་དཔོན་གྱི་སོར་མོས་སོ།། དེར་ཞེས་པ་ཐབ་ཏུའོ།། རེ་རེའི་ཞེས་པ་ཨཱ་མྲ་ལ་སོགས་པའོ།། དམར་བའི་རྡོ་རྗེ་ཐོད་པ་འཛིན་ཞེས་པ་དམར་བའི་རྡོ་རྗེ་དང་ཐོད་པའོ།། ཞེས་ཕྱག་མཚན་ནོ།། ཁྲག་གི ་གང་བའོ།། སྟོང་པ་ཉིད་ཅེས་པ་ཐོབ་ཀྱི་དབུས་སུ་ཙཾ་ཡང་མི་བྲུ~ཾ་འོ།། ཤཱ་ཝཱ་ནི་གོ་གླུད་ཏུ་གསྷོ།། ནི་མ་བྷར་བཱ་མ+Wཱ་པའོ།། ན་བ་ལ་སོགས་པ་འདི་རྣམས་ཀྱི་ཁྱུད་པར་ཀུཞན་རྣམས་རྨི་ཁ་ཟས་བྱས་པའི་བྱིན་བྷྲཱུཾ།། ག་ཆོག་རྗོ་རྗེ་སྐྱེས ་བཤད་པའི་ཁྱད་པར་དང་མི་ཐུན་པ་སྤངས་ནས་གཟུང་བར་བྱའོ།། འདི་ཐམས་ཅད་ནི་ཀུན་རྫོབ་ཏུའོ།། དོན་དམ་པར་ནི་ཅི་ཡིས་བསྲེག་ཅེས་པ་ལ་སོགས་པའོ།། འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་བརྒྱད་པའོ།། །། རིམ་པ་གཉིས་པོ་མངོན་དུ ་གྱུར་པ་ན་ཡང་སྤྱོད་པ་དང་བྲལ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་དོ་ཞེས་པས་སྤྱོད་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། ལུས་དང་ངག་དང་ཡིད་རྣམས་ཀྱི་བྱ་བ་ཁྱད་པར་ཅན་ནི་སྤྱོད་པའོ།། རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་ཡས་འདས་པ ་ཉིད་ཀྱིས་ན་སྤྱོད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་མཆོག་གོ།། འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ན་སོན་པའོ།། ཁ་ཅིག་ཏུ་དུད་མེད་ཤིན་ཏུ་མཆོག་གྱུར་ཞེས་ཀློག་པ་དེའི་ཚེ་དེ་གཟུང་ནས་ཞེས་པ་ལྷག ་མའོ།། འདི་ནི་རྒོད་ཅིང་གཡེངས་པ་ལས་བབ་ཅོལ་དུ་མི་བྱའོ་ཞེས་གསུངས་པ་དངོས་གྲུབ་བརྒྱད་ཅེས་པ་ལ་སོགས་པའོ།། ས་འོག་དང་མིག་སྨན་དང་རྐང་པ་བྱུག་པ་དང་རི་ལུ་དང་མི་སྣང་བ་དང་རལ་གྲི་དང་རོ་དང་བཅུད་ལེན་གྱི་དངོས་གྲུབ ་རྣམས་སམ་དབང་ཕྱུག་གི་ཡོན་ཏན་བརྒྱད་རྣམ་སོ།། འདིས་ནི་ནུས་པ་ཐོད་པ་ལ་འདོད་པར་གྱུར་ན། སྤྱོད་པ་རྗེ་སུ་གནང་སྟེ། གང་ལས་རྣལ་འབྱོར་ལ་དགའ་བ་འདི་བག་མེད་པར་མི་གྱུར་ཞིང་། གླགས་འཆོལ་བ་རྣམས་ཀྱིས་ཀྱང་འདི་ལ་མི་ཚུགས ་ལ་འདི་རྣམས་ཚར་བཅོད་པ་དང་རྗེ་སུ་འཛིན་ནུས་པར་འགྱུར་ཞིང་། གྲང་བ་དང་ཚ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པས་མི་གནོད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་ཀུན་ལས་གྲོལ་བའོ།། གང ་གི་ཕྱིར་ན་མཁའ་མཉམ་པ་ཉིད་གྱུར་པ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པའོ།། སྟོང་པ་ཉིད་ལ་དགའ་ཞེས་པ་སློངས་མོ་སློང་བའི་དུས་སུ་སྟེར་བ་པོ་རྣམས་ཀྱི་མེད་ཅེས་དགག་པ་བྱས་པ་ན་ཆོས་ཐམས་ཅད་ཀྱི་དོན་དམ་པ་སྟོང ་པ་ཉིད་བསྒོམ་པར་བྱའོ་སྒོམ་པ་ཞེས་པ་ཐབས་སྒོམ་པའོ།། བླ་ན་མེད་པ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ།། ཆོས་ལ་མཆོག་ཏུ་གཞོལ་བ་ནི་གཉི་སུ་མེད་པའི་ཆོས་དེ་ལ་རྒྱུན་མི་འཆད་པར་མངོན་པར་སྦྱོར་བའོ།། རྫས་ཞེས་པ་ལ་སོགས་པ ་ཇི་ལྟར་ཚོགས་པ་ཟིལ་གྱིས་ཚིམ་པས་ཇི་ལྟར་འདོད་པའི་ཡུལ་དང་དུས་དང་སྐབས་ཀྱི་ཁྱད་པར་རྣམ་སུ་གོམས་པའི་ཁྱད་པར་ལས་རྣལ་འབྱོར་རྒྱུན་མ་འཆད་པར་འགྱུར་བས། མར་མོའི་སྡོང་བུས་ཡུན་རང་པོར་བསགས་པའི་ཕུག་གོ་མུན་པ ་བཞིན་དུ་ཡུན་རིང་པོར་བསགས་པའི་ཡང་རྣམ་པར་རྟོག་པའི་སྐྱོན་གྱི་ཚོགས་ཆེན་པོ་གསལ་ནས་ཕྱག་རྒྱ་ཆེན་པོ་སྔོན་དུ་བྱའོ།། ཞེས་པ་སྤྱིའི་དོན་ཏོ།། སྤྱོད་པའི་རྣལ་འབྱོར་དང་ལྡན་པའི་ཞེས་པ་དང་པོའི་དོན་ལ་དྲུག་པའོ།། རྒྱུད་དུ་ནི་སངས་རྒྱས་ཐོད་པའི ་རྒྱུད་སྟོང་ཕྲག་བཅུ་གཉིས་པར་རོ།། རང་བཞིན་གྱིས་དག་ཅེས་པ་ལོ་གལ་ཏེ་རང་བཞིན་གྱིས་འགྲོ་བ་དག་ན་དེའི་ཚེ་ཐམས་ཅད་ཀྱི་ཚེ་ཁོ་ན་འབང་པོ་མེད་པར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་ཞིང་། རྣལ་འབྱོར་གོམས་པས་ཅི་བྱ་ཞེ་ན། ཅི་རྣམ་པར་རྟོག་པས་ཉམས ་ཞེས་བརྗོད་པ་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཐ་མལ་རྣམ་རྟོག་འཇུག་ལས་གཞན།། སྲིད་པའི་སྡུག་བསྔལ་ཅི་ཡང་མེད།། དེ་དང་འགལ་བའི་སེམས་འདི་ཡིས།། མངོན་དུ་འདིར་ནི་བྱེད་པར་འགྱུར་ཞེསོ།། མི་འཇིགས་པའི ་གཞུང་འགྲེལ་དུ་ལེའུ་དགུ་པའོ།། གཞན་རྗེས་འཛིན་པ་ལྷུར་བྱེད་པ་ལ། དེའི་ཐབས་བཤད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། སེམས་ཅན་དེན་གཅིག་རབ་ངེས་པ་ཞེས་པ་གང་དུ་སེམས་ཅན་གྱི་དོན་གཅིག་པུ་ལེགས་པ ་ངེས་པར་བྱའོ།། གསེར་བྱེད་ཅིང་རབ་ཏུ་གསལ་བར་བྱེད་དོ་ཞེས་པ་གསེར་བྱེད་དོ།། བྷུ་རུ་འིརི་ནི་བྱུ་རུའོ།། གང་གིས་ཞེས་པ་གསེར་གྱིས་སོ།། མུ་ཏིག་ལ་སོགས་པའི་ནོར་རྣམས་ཀྱིས་ནོར་ལྡན་དུ་འགྲོ་སྟེ་འགྱུར་བའོ།། འདིའི་སྟེ་གསེར་དེའི་ཕྱི་རོལ་གྱི་སྨན་རྒྱུད་གཞན་དུ ་བཤད་པ་རྣམས་མེད་ཅེས་མདོར་སྟོན་པ་རྒྱས་པར་སྟོན་ཏེ། ཤུན་པགས་ཞེས་པ་ལ་སོགས་པའོ།། ལྕགས་གཞན་གྱི་ཞེས་པ་ལྕག་གཞནོ།། འོན་ཀྱང་གྲུབ་པའི་སྨན་གཞནོ།། དངུལ་གྱི་ནི་དངུལོ།། དེ་རྣམས་ཅི་ཞེས་པ་ནི་སྨན་ཆེན ་པོའི་མཆོག་དེ་ཅི་ཡིན་པའོ།། བཀླགས་པས་གྲུབ་པ་ཞེས་པ་གང་ལ་བཀླགས་པ་སྟེ་ནང་གི་བརྗོད་པས་གྲུབ་པའི་སྔགས་ཡོད་པ་དེ་ནི་དེ་སྐད།། དེ་ཡང་ཞེས་པ་དེ་ཡང་འགྲུའོ།། སྣོད་དུ་སྡེ་ཤེས་རབ་ཀྱི་པདྨ་རོ།། བཟང་བ་ནི་སྨ་ནོ།། བཅུད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས ་སོ། དབུས་སུ་པདྨའིའོ།། རོ་སྟེང་གི་གནས་ནས་འོག་ཏུ་འདྲེ་ནོ།། ཞེས་པས་རོ་བཅུད་མ་ནི་ཨ་ཝ་དྷཱུ་ཏཱི་སྟེ། དེར་གནས་པའོ།། གཞོན་ནུ་མ་ནི་དར་མ་སྟེ་ལོ་བཅུ་དྲུག་མའོ།། དེ་ཡང་ཞེས་པ་མོ་དེ་ཡང་ངོ་།། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོལ་མ ་རྣམ་སོ།། སྐྱུག་བྲོ་མེད་པའི་ཞེས་པ་ལ་སོགས་པ་མེད་པའོ།། ཀྱུག་བྲོ་སྲིད་པ་ནི་རྡུལ་དང་ལྡན་པ་ལ་སོ།། མི་འགྲུབ་ཅེས་པ་ཤེས་རབ་དང་། ཐབས་ཀྱི་ཁུ་བ་དག་མཉམ་པའི་དུས་སུ་འཕྲོས་པ་ནི་དངོས་གྲུབ་ཀྱི་རྒྱུའོ་ཞེས་དགོངས་པའོ།། སངས་རྒྱས་རྣམས ་ཀྱི་འདྲེན་པའི་གནས་ཞེས་འགྲེལོ།། དུས་ཅུང་ཟད་བཟུང་བས་མཉམ་པར་འཕོས་པས་ཀྱང་སྨན་ཆེན་པོ་སྟེ་གསེར་སྒྲུབ་པར་བྱེད་ཅིང་། བར་མེད་པར་བཟུང་བས་ནི་བདེ་བ་ཆེན་པོའི་རང་བཞིན་སངས་རྒྱས་ཉིད་དོ།། ཞེས་པ་སྙིང་པོའི་དོན་ཏོ།། བརྟན་པས་བསྐུལ་བར ་བྱ་སྟེ། སྨན་ཆེན་པོ་དེ་བྱ་བའོ།། ཟླ་བ་ནི་ཁུ་བའོ།། བྱུགས་པ་ནི་ཁྲག་གིས་ཀྱང་ངོ་།། དེར་ནི་སྟེ་ཟླ་བ་ལའོ།། རི་རབ་ནི་སུམ་ཡི་གོ། བྱ་བ་སྙོམས་འཇུག། བཞུག་བྱ་ནི་འཕང་པར་བྱ་བའོ།། དངོས་པོ་ནི་བྱང་ཆུབ་ཀྱི་སེམསོ་གཡོན་དང་གཡས་ནི་རྩ་གཉིས།། བསྐུམ་པ་ནི ་བྱ་བའི་ཁྱད་པའོ།། བསྐུམ་པ་ཡང་མྱུར་དུ་འཕོ་བ་འཛིན་པའི་ཐབས་གསུང་སོ།། འོན་ཀྱང་གདམས་ངག་ལས་གསལ་བར་ཤེས་པར་བྱའོ།། དེ་ལྟར་ནི་སྲོག་དང་མཐུར་སེལ་དག་ལྟེ་བར་བསྐུམ་ནས་མན་ངག་ཇི་ལྟ་བར་སེམས་བརྟན་པ་ལས་སེམས་ཀྱི་འཇུག་པ ་དབང་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་རང་གི་གནས་ནས་དབབ་པ་དང་། ཕྱིར་འགྲོ་བ་སྲུང་བ་ཉིད་དང་འཕེལ་བ་རྣམས་རིམ་པས་འགྱུརརོ།། དེ་ཁོ་ན་འདིར་རོ་རྩ་བར་བྱེད་པའོ།། གསེར་ལ་སོགས་པ་འདོད་པས་ནི་གཏོང་ངོ་།། དེ་ཉིད་ཀྱི་ཕྱིར་གསུངས་པ། ལྷན་ཅིག ་སྐྱེས་པ་ཅིག་ཅར་ཤེས་རབ་ཀྱིས་དང་ཐབས་ཀྱིས་ཀྱང་འཕང་།། ཟངས་སྲང་གཅིག་གིས་དངོས་པོར་བཅས་ཞེས་ཁ་ཅིགོ། ལོགསུ་ནི་ཤེས་རབ་མའི་གཡོན་པའི་གཞོག་སུའོ།། པདྨའི་ནང་ངོ་ཞེས་ཁ་ཅིགོ། རྒྱས་པར་སྟོན་པ་ཉིད་དེ་ནས་ལས་ཞེས་པ་སྙོམས་འཇུག། ་རི་རབ་ཅེས་པ་ལ་སོགས་པ་དང་པོའི་དོན་ལ་དྲུག་པའོ།། ས་བོན་རྒྱལ་པོ་ནི་ཧྲིཿཡི་གོ།། དྲིལ་བུ་ནི་ཟངས་ཀྱི་རྡོག་མའོ།། ཤེས་རབ་ཅན་ཏེ་ལྷའི་སྦྱོར་བ་དང་ལྡན་པས་སྙིང་པོ་ལ་སོགས་པའི་སྔགས་རྣམས་ཀྱིས་བསྲུང་བ་བྱའོ།། དོན་ནི་འདི་ཡིན་ཏེ། རང་ཉིད་བཅོམ་ལྡན ་འདས་ཀྱིས་གཟུགས་ཀྱི་བཅོམ་ལྡན་འདས་མའི་གཟུགས་ཀྱི་གཞོནུ་མ་ལ་འཁྱུད་པས། རང་གི་སྙིང་གར་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གྲུབ་པའི་བཅུད་མ་ལུས་པ་ཁྲག་དང་འདྲེས་པ་སྟེ། དེའི་སྟེང་དུ་ས་བོན་སུམ་དང་དེའི་སྟེང་དུ་ཧྲཱིཿཡིག་བསམ ་ནས་གསུམ་པོ་འདི་འདོད་ཆགས་ཆེན་པོས་ཞུ་བ་མཉམ་པར་དགའ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཞུ་ཞིང་འདྲེས་པར་གྱུར་ནས་པདྨར་ལྷུང་བ་ཤེས་རབ་མའི་བྱང་ཆུབ་ཀྱི་སེམས་དང་རྡུལ་དག་དང་འདྲེས་པ་སྟེ། དེ་དྲོན་པོས་ཟངས་མ་འམ ་ལྕགས་ལ་མྱུར་དུ་ཐུགས་ཏེ་མེ་ལ་འཕང་བར་བྱའོ་ཞེས།། སངས་རྒྱས་ཚད་མ་མིན་པ་ཡང་མ་ཡིནོ།། དེ་ཕྱིར་འདི་ཞེས་པ་ལ་སོགས་པ་སྟེ། དངོས་པོ་གང་དང་ཞེས་པ་བཤད་ཟིན་པ་དང་འཆད་པར་འགྱུར་བའོ།། ཚད་མིན་ནི་ཆད་མ་མ ་ཡིན་པར་སྒྲོ་བཏགས་པའོ།། དམྱལ་བ་ལས་མི་ཉམས་ཏེ་མི་འདོར་བའོ།། ཆོས་ཞེས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་གསང་ཆེན་བླ་ན་མེད་པའི་རྣལ་འབྱོར་མའི་རྒྱུད་འདིའོ།། གསེར་དང་དངུལ་དུའང་ཞེས་པ་ཟངས་ནི ་གསེར་དུ་དང་ཁབ་ལེན་གྱི་ལྕགས་ནི་དངུལ་དུ་འགྱུར་རོ།། འདི་ཁོ་ན་དྲོན་མོ་དངུལ་ཆུ་སྦྱངས་པ་ར་ཏི་གཅིག་དང་ལྷན་ཅིག་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་སྣར་བླུག་པར་བྱ་སྟེ། འདིའི་ཕན་ཡོན་ནི་འཚེའོ་ཞེས་པ་ལ་སོགས་པའོ།། ཡང་དག་སྦྱོར་བ་ནི་རྡོ་རྗེ་དང་པདྨ་དགོ་བཞི ་ཞེས་པ་རྣམ་པར་རྒྱལ་བའི་བུམ་པ་གཙོ་བོ་ཉིད་ཀྱི་ནམ་བརྗོད་ཀྱང་གྲུབ་པ་ཉིད་ཀྱི་ཕྱིར་རོ།། འདིར་བུམ་པ་ལྷག་པར་གནས་པ་ནི་ལེའུ་བཞི་པར་ཇི་སྐད་བཤད་པ་བཞི་ནོ།། ཁྱད་པར་གསུངས་པ། བདག་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ཀྱི་མིང་མེད ་ཀྱི་ཁྲག་མོ་གཤམ་གྱི་ཁམས་ཀྱི་གཙོ་བོ་དང་བསྒྲེས་པསོ།། ནག་པོ་དམར་པོ་འཇིགས་ཆེན་པོ་ཞེས་པ། ཁ་དོག་ནག་པོ་དང་། དམར་པོ་དེ་དག་གིས་འཇིགས་ཆེ་ནོ།། ནག་པོ་བཅོམ་ལྡན་འདས་དམར་བའི་སྣ་ཚོགས་སྡེ་མས་འཁྱུང་བ་སྟེ། འདིར་ལྷ་མོ ་བརྒྱད་ཀྱི་བསྐོར་བ་ཞེས་པའི་དོན་ཏོ།། བླ་མ་ཁ་ཅིག་ནི་ནག་པོ་ཡང་ཡིན་ལ་ཅུང་ཟད་དམར་བ་ཡངོ་ཞེས་པ་ཤེས་རབ་མེད་པ་ཁོ་ནའོ་ཞེས་གསུངངོ་།། དོན་འདི་ཡིན་ཏེ་འདིར་སློབ་དཔོན་འཁོར་དང་བཅས་པའི་ཧེ་རུ་ཀའི་བདག་ཉིད་ཀྱི་ཆོ་ག་ཇི་ལྟར་བཞེངས་པའི ་དཀྱིལ་འཁོར་རམ་རས་བྲིས་ཀྱི་དཀྱིལ་འཁོར་ཉེ་བར་སྤྱོད་པ་ལྔས་མཆོད་པའི་ཤར་གྱི་སྒོར་ཕྱོགས་བཅུའི་གཏོར་མ་བྱིན་པས་ཁྲག་དང་ཁམས་ཀྱི་གཙོ་བོས་ཁའི་ནང་བྱུག་པའི་བུམ་པ་ལྔ་ལྷག་པར་གནས་པ་བྱས་ནས་མོ་གཤམ་དཀྱིལ་འཁོར་ལ ་ཕྱོགས་པ་ལ་རྡུལ་གྱི་རྗེས་ཐོག་སུ་ཁྲུས་བྱེད་པའི་དུས་སུ། རང་ཉིད་ལངས་ནས་དང་པོར་རྣམ་རྒྱལ་བུམ་པས་སྙིང་པོའི་སྔགས་དང་ཧཱུཾ་ཡིག་བསྒྱིངས་པ་དང་བཅས་པར་བརྗོད་ཅིང་ཁྲུས་བྱའོ།། དེའི་ཚེ་ཁོ་ན་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲས ་པའི་དཔའོ་དང་དཔའ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་ལག་པའི་ཡལ་གས་གཟུང་བ་རྣམས་ཀྱིས་ཁྲུས་བྱེད་དུ་འཇུག་པར་མཛད།། དེའི་ཚེ་ཁོ་ན་སྐྱེས་བུ་གཏུམ་མོ་ཤེས་རབ་མེད་པའི་གཅིག་པུའི་བདག་ཉིད་ཀྱི་ཧེ ་རུ་ཀའི་གཟུགས་ཅན་རལ་གྲི་འཛིན་པ་བཞི་རྣམས་ཀྱིས་ཅིག་ཅར་རལ་གྲིས་ནམ་མཁའ་ལ་གདོན་ལ་སོགས་པའི་བདུད་རྣམས་བསོད་པའི་བསམ་པས་བརྡེག་པར་བྱའོ།། འདི་ལྟ་བུའི་རིམ་པོས་བུམ་པ་གཞན་རྣམས་ཀྱིས་རིམ་གྱིས་བཀྲུའོ།། དེའི་རྗེསུ ་འདོད་པ་སྤྱོད་པར་བྱའོ།། དེ་ནས་དེ་བུའི་མངལ་དང་ལྡན་པར་འགྱུར་ཞིང་། དེ་བཞིན་དུ་བུ་ཤི་མ་ནི་བུ་འཚོའོ།། ཞེས་པའོ།། མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་པའོ།། །། རིག་པ་འཛིན་པའི་སྦྱོར་བ་རྒྱས་པར་བསྟོན་པའི་ཆེད་དུ་གསུངས་པ། དེ་ནས ་ཞེས་པ་ལ་སོགས་པའོ།། ལེའུ་བཞི་པར་རི་སྐེགས་ཀྱི་བྱེད་པའི་ཆོ་གའི་སྔ་མ་ཐམས་ཅད་འདིར་རྟོགས་པར་བྱའོ།། ཁྱད་པར་གསུངས་པ། འདི་ཉིད་ཀྱི་ཞེས་པ་འཆད་པར་འགྱུར་བས་སོ།། ཟིན་པ་ཞེས་པ་ལ་སོགས་དུས་སུ་ཟིན་པར་གྱུར་པ་དུག་གསོ་བ ་པོ་ཐམས་ཅད་ཀྱིས་མི་ནུས་པས་གང་གི་ཚེ་དུས་སུ་བཟུང་བའོ་ཞེས་དོར་བ་དེའི་ཚེ་ལས་བརྩ་མོ།། ལུས་དཀར་རྣམས་ནི་ཞེས་པ་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ་སྟེ། མཚམས་ཀྱི་ལྷ་མོ་རྣམས་དམར་བའོ།། ་ཆོ་ག་བཞིན་དུ་ཞེས་པའི་ཏིངངེ་འཛིན་གསུམ་རྫོགས་པར་བྱེད་པསོ།། རལ་གྲི་ནི་སཱ་ལི་བཏགས་པ་ལས་བྱུང་བའོ།། དེ་སྟེ་རིག་པ་འཛིན་པ་གཉིས་ཀྱིའོ།། བྲི་སྟེ་གཞུག་གོ།། འདབ་མ་ནི་གྲོ་ག་ལ་སོགས་པའོ།། ལྕུག་མ་ནི་ཀ་ར་བཱི་ར་དཀར་པོའིའོ།། གཅིག ་ལ་ཞེས་པ་རིག་པ་འཛིན་པ་གཅིག། ལྟུང་བ་ནི་ཟིན་པའི་སྟེང་དུའོ།། དེའི་ཚེ་ཁོ་ན་ཟིན་པ་ལྡང་ངོ་།། དེ་ལྟར་རི་སྐེགས་ཀྱི་བྱེད་པ་དང་ཆུའི་བྱེད་པ་དང་། རིག་པ་འཛིན་པའི་བྱེད་པ་རྒྱས་པར་བཤད་དེ། གཞན་བྱེད་པ་བཅོ་ལྔ་རྣམས་ནི་སངས་རྒྱས་ཐོད་པའི་རྒྱུད་སྟོང ་ཕྲག་བཅུ་གཉིས་པར་རྒྱས་པར་བསྟན་པ་རྣམས་ཤེས་པར་བྱའོ།། ཞེས་པའོ།། མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་གཅིག་པའོ།། །། མིག་སྨན་གྱི་དངོས་གྲུབ་མདོར་སྟོན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། གཙོར་གྱུར་ཏེ་རྣལ ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱིའོ།། མཐོང་བ་ནི་མཐོང་བ་རྣམསོ།། གང་རྣམས་ཞེས་པ་གང་རྣམ་སུའོ།། མ་གསུངས་པ་ནི་རྒྱུད་གཞན་རྣམ་སུའོ།། སྐལ་པ་ཆེ་ནི་བསྔགས་པར་འོས་པ་སྟེ་སྒྲིབ་པ་མེད་པའི་སྟོབས་དང་མི་འཇིགས་པ་ཉིད་ལ་སོགས་པའི་ཡོན ་ཏན་ཆེན་པོ་སྟོན་པའི་ཕྱིརརོ།། སེམས་ཅན་དོན་ལ་བརྩོན་པ་ཉིད་ལས་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངསོ།། རྒྱུའི་གནས་སྐབས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་སྐྱེད་མའོ།། འབྲས་བུའི་ངོ་བོ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་མོའོ།། རྣལ་འབྱོར་པ་ནི ་རྣལ་འབྱོར་པ་རྣམ་སོ།། ཀུན་རྣམས་ཏེ་ཐམས་ཅད་ཀྱི་ངོ་མཚར་ཐོབ་པའོ།། གཞང་པའི་ནུས་པ་ངེས་པ་ཐོབ་ནས་ཞེས་པ་ལྷག་མའོ།། རྒྱལ་མཚན་ནི་རྒྱལ་མཚན་ལྟ་བུའི་མིའོ།། ཐབ་ཁུང་ནི་གྲུ་གསུམ་པའོ།། དེ་ཉིད་དུ་ནི་ཐབ་ཏུའོ།། མགོ་བོས་ནི་མགོ་བོར་ཏེ་ཐོང ་པར་རོ།། དེའི་ནི་ཤུའིའོ།། གཞན་ཡང་ནི་ཐོད་པ་གཞན་དུའོ།། བགེགས་ཀྱི་ཞེས་པ་བགེགས་རྣམ་སོ།། དུ་བ་ཞེས་པ་མ་ལུས་པའོ།། བཏུང་བར་བྱ་ཞེས་པ་རང་ཉིད་ཀྱི་སོ།། འཐུང་དུ་གཞུག་ཅེས་པ་ཤེས་རབ་མའོ།། འདིས་སངས་རྒྱས་ཐོད་པའི་རྣལ་འབྱོར་པས་དུར་ཁྲོད་དུ ་སྦྱངས་པའི་མིའི་རྐེད་པའི་རུས་པ་ལས་བྱས་པའི་ཐབ་ཁུང་གྲུ་གསུམ་པའི་སྟེང་དུ་དེའི་ཐོད་པར་དེའི་འཕོངས་ཀྱི་ཤའི་མར་ཁུས་གང་བར་དུར་ཁྲོད་ཀྱི་རས་ཀྱི་སྡོང་བུ་ལ་དུར་ཁྲོད་ཀྱི་མེས་སྦར་བཞག་ལ། སྟེང་དུ་སྦྱངས་པའི་མིའི་ཐོད་པ་གཞན་དུ་སྔགས་ཟློས་ཤིང ་དུ་བ་དབབ་པར་བྱའོ།། དུ་བ་དེ་ས་ལ་མ་རེག་པ་དང་པོར་ལག་པ་གཉིས་ཀྱིས་བཟུང་ནས། དེའི་རྗེ་སུ་ལག་པ་གཡོན་པར་བཞག་སྟེ། ཀི་ལི་མཱ་ལི་འཐུངས་པའི་བུ་མོ་སྐྱེ་གནས་མ་ཉམས་པ་རྡུལ་འབབ་མ་སྣ་ཚོགས་སྡེ་མའི་གཟུགསུ་མོས་པ་ལ་དལ་བུས ་འདོད་པ་སྤྱད་ནས་རྡུལ་དང་འདྲེས་པའི་གཉིས་གའི་བྱང་ཆུབ་ཀྱི་སེམས་ཅུང་ཟད་གཉིས་གས་མྱངས་ཏེ་ཆུ་གཞན་མང་པོ་དང་ལྷན་ཅིག་གཡས་པའི་མིང་མེད་དང་མཐེ་བོ་དག་གིས་མནྟ་རོ།། དེ་ནས་དེ་ཁོ་ནའི་རྡུལ་གྱི་རི་ལུ་བརྒྱད་ལྷག་པའི་བརྒྱ་བྱས་ཏེ། རི་ལུ་ས ་སོ་ལ་བརྒྱད་ལྷག་པའི་བརྒྱར་མངོན་པར་བསྔགས་ནས་སྔགས་འདོན་ཅིང་དེས་མིག་ལ་མིག་སྨན་དུ་བྱའོ།། ཞེས་པ་ཚོགས་པའི་དོན་ཏོ།། འདི་ཉིད་ཀྱི་ཞེས་པ་འདི་བྱུགས་ཞེས་པ་ལ་སོགས་པ་དང་འགྲེའོ།། དཔུང་པ་ཚེ་ནི་ཕྱག་ན་རྡོ་རྗེ་སྟེ། སེམས་ཅན་མ་ལུས ་པ་ཚིམ་པ་ལ་གཞོལ་བའི་ཕྱག་ཅན་ཉིད་ཀྱི་ཕྱིརརོ།། རྣལ་འབྱོར་མ་མཆོག་ནི་རྣལ་འབྱོར་མའི་རྒྱུད་དུ་རྙེད་བླའོ།། མིང་མེད་དང་མཐེ་བོས་ཞེས་པ་གཡས་པས་སོ།། དེ་བཞིན་དུ་འོག་གི་མིག་སྨན་ལ་ཡང་གཡས་པའི་བྱ་བའོ།། རྣལ ་མ་ཞེས་པ་མིག་མཉེས་པ་ལས་མིག་སྨན་མ་བྱུགས་པའི་གནས་སྐབས་བཞིན་དུ་འགྱུར་བའོ།། ཕེག་རྡོབ་བདུན་གྱི་ཚད་དུ་འགྱུར་ཏེ་ཧ་ཅང་ཆར་ཆེས་པ་བཟློག་པའི་དོན་དུའོ།། བདག་ཉིད་ཆེན་པོའི་ཞེས་པ་མཐུ་ལས་ཞེས་པ་ལྷག་མའོ།། རང་གི་གཟུགས ་ནི་སྦྱར་བའི་ཞེས་པ་དང་པོའི་དོན་ལ་དྲུག་པའོ།། སྦྱོར་བ་ཞེས་པ་རིག་པ་འཛིན་པ་ཉིད་ལ་སོགས་པ་འགྲུབ་པའི་ཆེད་དུ་སྦྱོར་བ་རྣམས་ཉུ་ངུའི་རྒྱུད་དུ་མ་གསུངས་ཤིང་རྒྱས་པར་ནི་གསུངས་པ་རྣམས་བླ་མའི་ཞལ་ནས་ཤེས་པར་བྱའོ།། སྔགས་བཟླས་པའི་བྱེ ་བྲག་ལ་བགྲང་ཕྲེང་གི་བྱེ་བྲག་བརྗོད་པའི་ཆེད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། གླང་ཆེན་རུས་པས་ཏེ་གླང་པོ་ཆེའི་རུས་པས་མངོན་སྤྱོད་ཀྱི་དུས་སུ་བཟླས།། རུས་པ་ཆེན་པོ་ནི་མིའི་རུས་པའོ།། བྱའི་རུས་པ་ནི་བྱ་རྒོད་ཀྱི་རུས་པའོ།། ལྕགས་ཀྱིས་ནི ་ལྕགས་ཀྱི་བགྲང་ཕྲེང་གིསོ།། འདི་ཐམས་ཅད་ནི་སྐྱེད་པའི་ཕྱོགས་ལ་ཡང་སྤྲོས་པ་ཡིན་ཏེ། དེ་ལྟ་དེ་ལྟར་གདུལ་བྱའི་སྐྱེ་བོའི་དྨོར་གསུངས་པའོ།། རྫོགས་པ་རིམ་པ་ལ་ནི་འདི་ཡིས་ཅི་ཞིག་ཅེས་གསུངས་པ། སེམསྭཱ་གཎྜཱིག་ཅེས་པ་ལ་སོགས་པའོ།། སེམས ་གཅིག་པུ་ཁོ་ན་ནི་ཁམས་གསུམ་པའི་དྲི་མེད་མེ་ལོང་སྟེ། གང་ཕྱིར་དེས་གང་བསམ་པ་དེ་གཟུགས་བརྙན་པ་ཞོན་དུ་སྣང་བ་སོ།། འདི་ཐམས་ཅད་ནི་སེམས་ཀྱི་སྒྲོ་བཏགས་ཤིང་སེམས་དེ་ཡང་དེན་དམ་པར་རྨི་ལམ་གྱི་ངོ་བོ་སྤྲོས་པ་ཐམས་ཅད་སྤངས་པ་སྟེ། ཆོས ་པ་གང་རྣམས་ཀྱིས་མི་ཤེས་པ་དེ་རྣམས་ལ་རྣམ་པར་རྟོག་པ་ཆེན་པོ་མ་ཆང་བ་མེད་པ་ཡང་ཅང་། དེ་རྣམས་ཐོས་པ་ལ་སོགས་པ་ཤེས་པ་ཡང་སྟེ་དེ་ལྟ་ན་ཡང་དེ་རྣམས་རྣམ་པར་རྟོག་པས་བཟུང་བའོ།། ཞེས་པས་སྤྲོས་པ་མེད་པའི་དེ་ལ་ན་ཉིད་སྒོམ་པ་ལ་ཆེན་པོ ་སྦྱོར་དགོངས་པས་ཐུགས་བརྩེ་བར་གྱུར་པའོ།། མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་གཉིས་པའོ།། ། རིམ་པ་གཙུ་ག་ལ་ཡང་དེ་ཁོ་ན་ཉིད་ཁོ་ན་སྒྲིབ་པ་ཐམས་ཅད་རྣམ་པར་འདག་པའོ།། ཞེས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། རྣམ ་དྲག་ལེའུ་ཞེས་པ་ལ་དེ་ཁོ་ན་ཉིད་རྣམ་པར་དག་པ་ནི་རྣམ་དག་ཡིན་གྱི་དེ་ཁོ་ན་ཉིད་ནི་རྣམ་དག་མ་ཡིན་ཏེ། དེ་ཁོ་ན་ཉིད་ནི་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ན་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་རྣམ་པར་དག་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ཡང་ཐབས་ཀྱིས་དེ་ཁོ་ན་ཉིད ་མེད་པར་མངོན་དུ་བྱ་བར་མི་སྨྲའོ་ཞེས་པ་དེའི་ཐབས་དང་ལྡན་པ་ཇི་ལྟ་བས་རྡོ་རྗེ་ཐེག་པ་ལ་བརྟེན་པས་མངོན་དུ་བྱ་བ་དེ་སྟོན་པའི་ཆེད་དུ་གསུངས་པ། སྲིང་མོ་ཞེས་པ་ལ་སོགས་པ་སྟེ། རྣོན་པོ་ལ་སྒྲ་ཇི་ལྟ་བ་བཞི་ནོ།། ཡང་ན་སྲིང་མོ་ནི་རྡོ་རྗེ་ཐེག་པ་ལ་ཡང་དག ་པར་གནས་པའོ།། དེའི་བུ་མོ་ནི་ཚ་མོའོ།། དབང་བཀུར་སྟེར་བ་མོ་ནི་མའོ།། བུ་མོ་ནི་མཉེས་བཤིན་མ་འམ་དེར་བཞོག་པར་བྱའོ།། ཤེས་རབ་ཅན་ནི་རྣམ་པར་དག་པ་ཞེས་པའི་ཕྱིར་རོ།། ཕྱག་རྒྱ་ཆེན་མོ་ཞེས་པ་མངོན་དུ་བྱ་བར་རོ།། འདིས་ནི་ཐབས་ལས་བྱུང་བའི ་དེ་ཁོ་ན་ཉིད་གསུངསོ།། གཡུང་མོ་ནི་བསམ་གཏན་ལ་དགའ་བའོ།། གར་མཁན་མ་ནི་རབ་ཏུ་སྤྱོད་པ་མཁས་མའོ།། ཁྲུས་མཁན་མ་ནི་དཀར་པོའི་ཆོས་ལ་དགའ་བའོ།། གཏུམ་མོ་ནི་ང་རྒྱལ་ངེས་པར་བཅོམ་པ་ཉིད་ཀྱི་ཕྱིར་བཟོད་པའི་ངང་ཚུལ་མའོ།། དགེ་བའི་འདུ་བྱེད ་རྡོ་རྗེ་གསུམ་གྱི་ལུས་ཅན་ལ་དགའ་བ་པགས་པ་མཁན་མའོ།། ནང་གི་ཤྲེར་མོ་ནི་སྲིང་མོ་ནི་རྐྱང་མའོ།། སྲིང་མོའི་བུ་མོ་ནི་རོ་མའོ།། སྐྱེད་མ་ནི་ཨ་བཾ་དྷཱུ་ཏཱིའོ།། སྔ་མ་དག་ཕྱི་མ་དང་བླ་མའི་མན་ངག་ལས་སྦྱོར་བ་ནི་བུ་མོའོ།། ཤེས་རབ་དང ་ཐབས་གཉིས་མེད་པའི་རང་བཞིན་རྩ་གསུམ་པོ་དེ་རྣམས་ཡང་དག་པར་སྦྱོར་བ་ལས་སྐྱེས་པའི་བདེ་བ་ཆེན་པོ་ནི་ཆུང་མའོ།། དེ་གསུངས་པ། དེའི་བདེ་བ་འདྲེད་མར་བཤད་ཅེས་སོ།། སྒྲའི་རྣམ་པར་ཤེས་པ་གཱ་ཕྱུང་མོའོ།། རོའོ་རྣམ་པར་ཤེས་པ་གང་མའོ།། རེག ་བྱའི་རྣམ་པར་ཤེས་པ་ནི་འཁྲུང་མཁན་མའོ།། སྣའི་རྣམ་པར་ཤེས་པ་ནི་གཏུམ་མོའོ།། མིག་གི་རྣམ་པར་ཤེས་པ་ནི་ཀོ་པགས་མཁན།། ངེས་པའི་དོན་ནི་བླ་ན་མེད་པའི་ཤེས་རབ་མ་སྲིང་མོ་ལ་སོགས་པ་ནི་ལེའུ་དང་པོར་བཤད་ཟིན་ཏོ།། བསོད་ནམས་དང ་ཡེ་ཤེས་ཀྱི་ཚོགས་དག་གི་བསྩག་པར་བྱའོ་ཞེས་པ་ཆུང་མའོ།། སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་བློ་བུར་བའི་སྤྲོས་པ་རྣམས་ཐམས་ཅད་ཀྱི་རེག་བྱ་མ་ཡིན་པ་ཉིད་ཀྱིས་ན་གཡུང་མོའོ།། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས ་རྣམ་པ་སྣ་ཚོགས་སྒྱུ་མའི་ངོ་བོའི་སྦྲུལ་པོ་རྣམས་ཀྱིས་གདུལ་བྱ་རྣམས་ལ་གར་བྱེད་པའི་ཕྱིར་གོརོ་མའོ།། ཆུང་ངུའི་ཆུང་ངུ་ལ་སོགས་པ་རྟོགས་པའི་རིམ་པས་ཆེན་པོའི་ཆེན་པོ་ལ་སོགས་པའི་སྒྲིབ་པ་བག་ཚོགས་དང་བཅས་བྱའི་དྲི་མ་འཁྲུད་པའི་ཕྱིར་ཁྲུས ་མཁན་མའོ།། ཙཎྜ་ལི་ནི་ཤེས་རབ་རྫོགས་པའི་རང་གི་ངོ་བོ་ངེས་པར་རྟོག་པའོ།། ཨཱ་ལ་ནི་སྙིང་རྗེ་ཆེན་པོའོ།། དེ་དག་ནི་ཕུལ་དུ་དབྱུང་དུ་མེད་པའི་གོ་འཕང་དུ་འདྲེ་ནོ་ཞེས་པ་གཏུམ་མོའོ།། སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་རྗེསུ་སོང་བའི་མ་རིག་པའི་པགས་པ ་སྐྱེད་པའི་ཕྱུ་ག་བླགས་མ་ནམན།། ལ་བླན་མེད་དུ་ཧཱུ~ཾ་ཤེས་གྷུ། བྷྲྀ་ནྱང་གྶ་དག་ལ་རྣམ་ས་ཁོན་། ཞན་ང་རྫུན་པ་སནྣ་ན་རྣམས་ནས་བྱུང་བ་ཧཱུ~ཾ་བ་ཉིད་རྣམས་ར་བྷྱོ།། ཉིད་ཕྱིར། ་གསུང་བར་འགྱུར་བ། རྣམ་པར་མ་དག་སེམས་སྦྱངས་ལས་ཞེ་སོ།། འདིས་ནི་རྫོགས་པའི་རིམ་པཱ་ལ། ཕྱིའི་ཤེས་རབ་མ་ལས་ཀྱི་ཕྱག་རྒྱ་དང་། ནང་གི་ཤེས་རབ་མ་ཆོས་ཀྱི་ཕྱག་རྒྱ་དང་། བླ་ན་མྱོང་པའི་ཤེས་རབ་མ་ཕྱག་རྒྱ་ཆེན་མོའོ།། འོདི་ཁོ་ནས་དག་པོ ་མཐར་ཐུགས་པ་ལ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་སྟེ། དེ་ནི་བདེ་བ་ཆེན་པོའི་སེམས་ཀྱི་རང་པོ་ཞིན་ཉིད་ཀྱི་ཕྱིར་རོ།། ལས་ཀྱོཀྱི་ཕྱག་རྒྱ་དང་སྦྱར་བ་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྒྲ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། མཚན་པ་མེད་པར་སྣ ་ཚོགས་ཤིང་མཐའ་ཡས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་སྤྲུལ་པ་ནི་གདུལ་བྱའི་སྐྱེ་བོ་སྐལ་ལྡན་རྗེསུ་འཛིན་པའི་དུས་ལས་མི་འདའ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་དང་སྤྲུལ་པའི་སྐུའོ།། ཕྱག་རྒྱ་ཆེན་པོ་ཁྱབ་པར་བྱེད་པ་ནི་རང་བཞིན་པའི ་སྐུསྟེ་བཞི་པའོ།། ཡང་ན་ཕྱག་རྒྱ་ཆེན་པོ་མཚན་དང་དཔེ་བྱང་འབར་བ་ཕྱག་དཔ་ཞལ་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་ངོ་བོན་ལོངས་སྤྱོད་རྫོགས་པའི་སྐུའོ།། དམ་ཚིག་གི་ཕྱོག་རྒྱས་སེམས་ཀྱི་རིང་བཞིན་སོ་སོ་རང་གིས་རིག་པོར་བྱ་བ་ནི་ཆོས་ཀྱི་སྐུ ་སྟེ། དམ་ཚིག་ནི་ཡང་དག་པར་རྟོགས་པའོ་ཞེས་བྱས་ནསོ།། ཆོས་ཀྱི་ཕྱག་རྒྱ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བྱིན་བརླབས་ལས་སྣ་ཚོགས་པའི་རྣམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་གསུང་གི་བདག་ཉིད།། ལས་ཀྱི་ཕྱག་རྒྱ་ནི་བྱ་བ་སྒྲུབ ་པའི་ཇི་བོ་ཉིད་ཀྱི་ཕྱིར་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བྱ་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་སྤྲུལ་པའི་སྐུའོ།། སྤྱད་པའི་རིམ་པ་ལ་ནི་ཕྱི་རོལ་གྱི་ཤེས་རབ་མ་ཁོན་མངོན་པར་འདོད་པའི་ལྷ་མོའི་གཟུགསུ་བསྒོམས་པ་ནི་ལས་ཀྱི་ཕྱག ་རྒྱའོ།། རང་འདྲའི་བུད་མེད་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པའི་མིང་གཞནོ།། ལུས་ལ་བསྒོམས་པའི་ཧཱུཾ་ཡིག་ལ་སོགས་པ་ཡང་ཆོས་ཀྱི་ཕྱག་རྒྱའོ།། དམ་ཚིག་ཕྱག་རྒྱའི་ས་བོན་ལ་སོགས་པ་ལས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་འདུས་པའི་ལྷ་སྤྲོ་བ་དང་སྡུད་པ ་ལ་སོགས་པའི་བྱེད་པ་ཅན་རྣམས་ཏེ་མཚན་དེ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། དང་པོ་ནས་དག་པ་ཉིད་ཀྱི་ཕྱིརརོ།། འོ་ན་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་བསྒོམ་བྱར་ཡོད་དོ་ཞེས་ན་གསུངས་པ་དངོས་མེད་ཅི་འདྲ་ཞེས་པ་སྐྱེ་བ་མེད་པ་མེད་དེ། དོན་དམ་པར་རྟོགས་པ་དང་རྗེས་སུ ་མཐུན་པ་ཉིད་ཀྱི་ཕྱིར་ན་ནི་དོན་དམ་པ་དེ་ཁོ་ན་ཉིད་དུ་བརྗོད་དོ།། གང་ཡང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་དངོས་པོ་དེ་ཡང་བསྒོམ་བྱ་དངོས་མེད་མ་ཡིན་ཏེ། བདེན་པ་ཉིད་ཀྱི་ཕྱིར།། བདེན་པ་གཉིས་གཉིསུ་དབྱེར་མེད་པར་མཐོང་བ་ཙམ་གྱི་གྲོལ་བའི་ཕྱིར་བསྒོམ་བྱ ་སྒོམ་པ་པོ་དང་སྒོམ་པ་ཞེས་མངོན་པར་ཞེན་པ་ཟུང་འཇུག་གི་རིམ་པ་རྟོགས་པ་རྣམས་ལ་མེདོ་ཞེས་པ་དགོངས་པའོ།། དེ་དང་ལ་འདུས་པར་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད།། བསྒོམ་པ་བསྒོམ་པ་མིན་ནམ་ཉིད།། དེ་ལྟར་དངོས་པོ་དངོས་མེད་པ།། ་བསྒོམ་པ་དམིགས་པར་མི་འགྱུར་རོ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་ཉེ་བར་བསྡུད། ཅི་ལྟར་འགྱུར་ཞེས་པ་སྒོམ་པ་སྟེ། དེའི་ཕྱིར་ཉེ་བར་མི་དམིགསོ།། ཞེས་པ་དགོངས་པའོ།། དེ་ཅི་རྫོགས་པའི་རིམ་པ་ལ་སྒོམ་པ་ཆད་པ་ཁོ་ནའམ་ཞེན་ཆད་པ་མ་ཡིནོ།། འོ་ན་དེ་ཅི་འདྲ་བ་ཡིན ་ཞེ་ན། དེ་གང་འདྲ་བ་ཡིན་པ་ནི་འཆད་པར་འགྱུརརོ།། དེ་ལྟར་དོན་དམ་པར་བསྒོམ་པར་བྱ་བ་ལ་སོགས་པར་མངོན་པར་ཞེན་པ་བསལ་ནས། གཟུགས་ལ་སོགས་པར་མངོན་པར་བསལ་བར་འདོད་པས་གསུངས་པ། སྲིང་མོ་ཞེས་པ་ལ་སོགས་པའོ།། ཅི་ལྟར་ཏེ་གང་ན ་ཕྱིར་དཀར་མོ་ལ་སོགས་པའི་དབྱེ་བ་ཐ་དད་པ་གཟུགས་དང་ཡང་དག་པར་ལྡན་པ་དབང་པོ་དང་ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་ཀྱི་དངོས་པོ་ལས་འབྲེལ་པ་སེམས་མ་དག་པས་མཐོང་གི། སེམས་དག་པས་ནི་མ་ཡིན་ཏེ། དོན་དམ་པར་དབང་པོ་དང་ཡུལ་དང ་དེའི་ཤེས་པ་རྣམས་རང་བཞིན་མེད་པ་ཉིད་ཀྱི་ཕྱིརརོ།། དེ་བཞིན་དུ་ཕྱི་མར་རོ།། རྣམ་གསུམ་ཞེས་པ། ཡིད་དང་ཡིད་ཀྱི་ཤེས་པ་དང་མོ་སེམས་པི་བྱེ་བྲག་ལསོ།། འདི་འདྲའི་སྦྱོར་བ་དང་ལྡན་པ་ཡི་ཞེས་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་ལྡན་པའོ།། མནམ་པར་བྱའོ་ཞེས ་པ་མནམ་པ་སྟེ་དྲིའོ།། བལྟ་མིན་ཞེས་པ་བལྟ་བྱ་མ་ཡིན་ཞིང་ཤེས་བྱ་མིན་པའོ།། དེ་ཉིད་ཀྱི་ཕྱིར་དྲི་ལ་སོགས་པ་རྣམས་ལས་འདོད་ཆགས་དང་ཞེ་སྡང་ལ་སོགས་སྐྱེ་བ་མ་ཡི་ནོ།། མྱང་བའི་གཟུགས་ཀྱི་ཞེས་བྱ་བ་མྱང་བའི་གཟུགས་མེད་དེ། ལྕེ་དང་རོ་དག་མེད ་པའི་ཕྱིརརོ།། ཡིད་ཀྱིས་ཏེ་ཡིད་ཀྱི་ཉེ་བར་མཚོན་པ་ལུས་ཀྱི་དབང་པོས་བདེ་བ་རེག་བྱའི་ཡུལ་ལ་སྐྱེ་བ་དང་ཉེ་བར་མཚོན་པ་ལས་སྡུག་བསྔལ་དང་བཏང་སྙོམས་ལོངས་སྤྱོད་དེ། དེ་ཡང་ཅི་འདྲ་ཞིག་གོ།། ཡིད་ཀྱི་དབང་པོ་ནི་ཡིད་ཉིད་དོ།། བདེ་བ་དང་ཉེ་བར་མཚོན་པ་ལས ་སྡུག་བསྔལ་ཏེ། དགའ་བ་དང་སྐྱོ་བ་དང་བཏང་སྙོམས་ལོངས་སྤྱོད་པ་དེ་ཡང་ཅི་འདྲ་ཞིག་ཅེས་འབྲེལ།། འོ་ན་གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་དང་དེའི་ཡུལ་ཅན་དབང་པོ་ལྔ་རྣམས་དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཤེས་རབ་ལྔའི་རང་བཞིན་དུ་རྣམ་པར ་བླན་གཅོང་། ཡུལ་དང་དབང་པོ་དང་ཤེས་པ་དྲུག་པ་རྣམས་མི་བརྗོད་པ་ཇི་ལྟར་ཞེ་ན། ཡིད་ཀྱི་དབང་པོ་ནི་མིག་ལ་སོགས་པའི་དབང་པོ་བཞིན་དུ་ལོགས་པ་མེད་ཀྱི། འདས་མ་ཐག་པ་ཁོ་ནའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི ་ཁྱད་པར་ཕྱི་མ་སྐྱེད་པའི་བདག་པོ་ཉིད་ཀྱི་ཕྱིར་ཡིད་ཀྱི་དབང་པོར་བརྗོད་ཅིང་དེའི་བྱེ་བྲག་སེམས་ལས་བྱུང་བ་རྣམས་དང་དེའི་ཡུལ་དང་ཡིད་ཀྱི་རྣམ་པར་ཤེས་པའོ།། དེ་ལ་རྟོག་མེད་དག་ནི་ཡིད་ཀྱི་དབང་པོ་དང་དེའི་ཡུལ་དག་སྟེ། དབང་པོའི་ཤེས་པ་ལྔའི ་རང་བཞིན་དག་གོ།། སེམས་བྱུང་རྣམས་ཀྱང་སེམས་རྣམས་ལས་གཞན་པ་མ་ཡིནོ།། དེ་གསུངས་པ། སེམས་ལས་སེམས་བྱུང་གཞན་མ་ཡིན་ཞེསོ།། རྟོག་པ་ཅན་དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དག་གོ། ཡིད་ཀྱི་རྣམ་ཤེས་ནི་ཆད་དང ་མཚམས་སྦྱོར་འདོད་ཆགས་བྲལ། ཉམས་སམ་ཡང་།། རང་ཉིད་གཙོ་བོའི་ལྷའི་གཟུགས་ཅན་ནི་ཕྱག་རྒྱ་ཆེན་པོའོ།། ཞེས་གསལ་བར་བྱའོ།། ནང་གི་ཤེས་རབ་མ་ཁོ་ན་དབང་པོ་དང་ཉོན་མོངས་པ་དང་ཡུལ་གྱི་ངོ་བོར་བརྗོད་པའི་ཆེད་དུ་དེ་ནས་ཞེས་པ་ལ་སོགས ་པའོ།། རོ་ཞེས་པ་ལྕེའོ།། ཡིད་ཅེས་པ་ཡིད་ཀྱི་ཉེ་བར་མཚོན་པ་འདིར་ལུས་ཀྱི་དབང་པོའོ།། སྲིང་མོ་གཟུགསུ་ཇི་ལྟར་འགྱུར་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་གསུང་གི་ཕྱིར་མིག་ལ་སོགས་པ་རྣམས་ཀྱི་ཉེ་བར་མཚོན་པ་ཉིད་ཀྱི་གཟུགས་ལ་སོག ་པའི་ཡུལ་རྣམས་ཀྱང་སྲིང་མོ་ལ་སོགས་པའི་ངོ་བོར་ཤེས་པར་བྱའོ།། གང་གིས་ཞེས་པ། གང་གཟུགས་ཡིན་པ་དེ་གཏི་མུག་གི་རྒྱུ་ཉིད་ཀྱི་ཕྱིར་གཏི་མུག་གཟུགས་ཏེ། འབྲེལ་པའི་ཕྱིར་ཞེ་སྡང་ལ་སོགས་པ་ཡང་།། འདོད་ཆགས་ཏེ་འདོད་ཆགས་ཀྱང་ངོ་།། ་བྷྱ་སྒྲུ་མ་། གྱུ་ག་ཀུ་མ་ས་ས་སྨྲ་ས་ག་གས་གས་སྤྱད་པ་ཏང་ཏུབྱུང་རྨུགས་པགས་གྱུ་ཧཱ། སྨྲབན་མ་མན་ནས་འད་།། སེམས་ཀྱིནས་གསུམས། ཁན་གནས་སྨྲས་། ་ཁྱད་པར་ནི་མིག་དང་གཏི་མུག་དང་གཟུགས་ལ་སོགས་པ་འདི་རྣམ་སོ།། སེམས་ཀྱང་མ་དག་པ་ཁོ་ན་སྟེ་གཏི་མུག་ལ་སོགས་པའི་དྲི་མ་རྣམས་ཀྱིས་སོ།། དེའི་ཕྱིར་མིག་ལ་སོགས་པ་རྣམས་ཀྱང་མ་དག་པའོ་ཞེས་དགོངས་པའོ།། འོ་ན་ཇི་ལྟར་སྲིང་མོ་ལ་སོལ ་པ་ཤེས་རབ་ཉིད་དུ་བཤད་ཅེ་ན་གསུངས་པ། དེ་ཕྱིར་ཞེས་པ་སྟེ་གང་གི་ཕྱིར་འདི་རྣམས་རྣམ་པར་དག་པ་ཁོ་ན་ཤེས་རབ་ཡིན་ཅིང་སེམས་རྣམ་པར་དག་པ་འདི་རྣམས་རྣམ་པར་དག་པ་ཡིན་པ་དེའི་ཕྱིར་སེམས་རྣམ་པར་དག་པར་བྱའོ།། སུས་ཤེ་ན ་གསུངས་པ་ཤེས་རབ་ཆེ་ལྡན་ཞེས་པ་ཤེས་རབ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཅིང་དེ་སྒོམ་པ་པོ་སྟེ། དེ་ཁོ་ནས་དྲི་མ་མ་ལུས་པ་འཁྲུད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཤིན་ཏུ་སྦྱོར་བའི་སེམས་ལྡན་པ་ཞེས་ཏེ། ཡོད་པ་དང་མེད་པ་ལ་སོགས ་པའི་མཐའ་ལས་ཤིན་ཏུ་འདས་པ་ཤེས་རབ་དང་ཐབས་གཉི་སུ་མེད་པར་རོ་གཅིག་པའོ།། གལ་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུརརོ།། གང་གི་ཚེ་ནི་གུས་པས་བར་མེད་པར་སྒོམ་པས་རང་རིག་པའི་བདེ་བ་ཆེན ་པོའི་རང་བཞིན་གྱི་དག་པ་ཁོ་ནར་འགྱུར་ན། དངོས་གྲུབ་འདི་ཁོ་ནར་སྟེ། མིའི་སྐྱོ་བ་ལའོ།། དངོས་གྲུབ་འདོད་པས་སྐད་ཅིག་ཀྱང་། གཞན་པའི་སེམས་ཀྱིས་མི་གན་སོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། གུས་པས་བར་ཆད་མེད་པར་སྒོམ་པ་ལས ་བྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོང་སུ་རྫོགས་པ་ནི་གཅིག་ལའོ།། རྣམ་པ་འདི་ལྟ་བུའི་སྒོམ་པ་དང་བྲལ་བ་ནི་སྲིད་པ་གཞན་ལ་སྟེ་གྲངས་སམ་ངེས་པ་ལ་སྐྱེ་བ་མི་ཁོམ་པ་བརྒྱད་ལས་གྲོལ་བ་གོམས་པ་དང ་རྗེསུ་མཐུན་པ་རྙེད་ནའོ།། དེ་ནས་གོམས་པ་ལས་རྣམ་པར་དག་པའོ།། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་བྱ་བའི་རང་བཞིན་གྱི་བསོད་ནམས་ཀྱི་ཚོགས་ལས་དང་ཐབས་ཀྱི་ཁྱད་པར་མེད་པ་ལས་བསྐལ་པ་གྲངས་མེད་པ་གསུམ་རྣམས་ཀྱི་རྣམ་པར་དག ་པར་གསུངསོ་ཞེས་པ་འགལ་བ་མེད་དོ།། འོ་ན་འདིར་བསྒོམ་པར་བྱ་བ་ཅུང་ཟད་ཀྱང་ཉེ་བར་བསྟན་པ་མེད་དེ། རྫོགས་པའི་ངོ་བོ་ཁོ་ནའི་ཕྱག་རྒྱ་རྣམས་རྒྱས་པར་སྟོན་པའི་ཕྱིར་དང་རྣལ་འབྱོར་པ་རྣམས་ཀྱང་དེའི་སྒོ་ནས་དེ་ལྟར་གསལ་བར་བྱེད་པའི་ཕྱི་རོ་ཞེས ་ན་བདེན་ཏེ་དེ་ཁོ་ན་ཉིད་དུ་བསྒོམ་པར་བྱ་བ་དང་བསྒོམ་པར་བྱ་བ་སྒོམ་པ་པོ་དང་སྒོམ་པ་མ་སྐྱེས་པའི་ཕྱིར་ཏེ། ཆོས་རྣམས་ཐམས་ཅད་གདོད་མ་ནས་ཞི་བ་ཉིད་ཀྱི་ཕྱིར་རོ།། དེ་སྟོན་པ་དངོས་པོ་མེད་པ་ཞེས་པ་ལ་སོགས་པ་སྟེ་དངོས་པོ་མེད་པ་ལ་སྟེ། དངོས ་པོར་སྒྲོ་བཏགས་པ་བཀག་པ་སྐྱེ་བ་མེད་པ་དོན་དམ་པའི་བདོན་པ་ལ་སྒོམ་པ་ཇི་ལྟར་དངའི་ཚེ་འཕོ་སྐྱེ་བོ་རྣམས། ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ཅེས་པའི་རིག་པ་ལ་གཙོ་བོ་ཉིད་ཀྱི་ཕྱིར་ཉེ་བར་ལོངས་སྤྱོད་པ་པོའོ།། ཞེས་པས་ཕན་འདོགས་བྱེད་ཉེ་བར་ལོང ་སྤྱད་བྱ་ཤེས་རབ་ཀྱི་ངོ་བོར་རྣམ་པར་བཞག་པ་མ་ཡིནོ།། བླ་ན་མེད་པའི་ཤེས་རབ་སྔར་རྣམ་པར་བཞག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོད་པ་ཁོ་ནའོ།། གང་ཡིད་ཅེས་གསུངས་པ་དེ་ནི་འདིར་དངོས་པོའི་གྲོང་ཁྱེར་མ་ལུས་པ་རྣམ་པར་དཔྱད་པ་ལ ་འཇུག་པའི་དོན་དུའོ།། དེ་ལྟར་ནི་རབ་ཏུ་འབྲེལ་པ་འདིས་ཁམས་བཅོ་བརྒྱད་རྣམས་གསུངས་ཤིང་། དེ་རྣམས་ཁོ་ན་བསྡུད་པ་ལས་སྐྱེ་མཆེད་བཅུ་གཉིས་རྣམས་ཏེ་ཤིན་ཏུ་འདུས་པ་ལ་ཕུང་པོ་རྣམ་སོ།། ཁམས་གསུམ་པ་ཡང་དེ་རྣམས་ཁོ་ནའོ།། དེ་ཡང་སེམས ་ཙམ་ཁོ་ན་སྟེ་དེ་ལང་ཀར་གཤེགས་པའི་མདོར་གསུངས་པ་ཀྱེ་རྒྱལ་བའི་སྲས་རྣམས་འདི་ལྟ་སྟེ། ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་སོ།། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། བྱང་ཆུབ་སེམས་འགྲེལ་དུ་གསུངས་པ། བདག་ཏུ་འཛིན་པ་ཟློག་དོན ་དུཕུང་པོ་ཁམས་སོགས་བསྟན་པ་སྟེ།། དེ་ཡང་སེམས་ཙམ་རྣམ་གཞག་པས།། བསྐུལ་པ་ཆེན་པོ་རྣམས་ཀྱིས་བཤིག་ཅེ་སོ།། སེམས་དེ་ཡང་ཀུན་རྫོབ་པ་སྟེ། དེ་ཉིད་དུ་གསུངས་པ། འདི་རྣམས་ཐམས་ཅད་སེམས་ཙམ་ཞེས།། ཐུབ་པ་རྣམས་ཀྱིས་གང ་བསྟན་པ།། བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ།། དེ་ནི་ཁོ་ན་ཉིད་མིན་ཞེསོ།། ཇི་ལྟར་སེམས་དེ་ཁོ་ན་ཉིད་མ་ཡིན་ཞེ་ན། གསུངས་པ། གཉིས་རྣམས་དཔྱད་ལས་ཞེས་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་རྣམ་པར་བརྟག་པ་ལསོ།། འོ་ན་རྣམ་པར་དཔྱོད་པ་པོ ་སེམས་དོན་དམ་པར་ཡོད་དོ་ཞེ་ན་གསུངས་པ། རྣམ་དཔྱོད་ཅེས་པ་སྟེ། རྣམ་པར་དཔྱོད་དུ་འཇུག། ཞེས་པས་རྣམ་དཔྱོད་དེ་རྣམ་པར་དཔྱོད་པ་པོའི་རྣམ་ཤེས་ནི་དེར་ནི་སྟེ། གཉིས་རྣམ་དཔྱད་པར་གྱུར་མ་ཡིནོ།། དེ་འཕགས་པ་ཞི་བ་ལྷའི་ཞབས་ཀྱིས་གསུངས་པ། ་དཔྱད་བྱ་རྣམ་པར་དཔྱད་པ་ན།། རྣམ་དཔྱིད་ལ་ནི་རྟེན་ཡོད་མིན།། རྟེན་མེད་ཉིད་ཉིད་ཕྱིར་མི་སྐྱེ་སྟེ།། དེ་ཡང་མྱ་ངན་ལས་འོངས་པར་བརྗོད་ཅེསོ།། དེ་བཞིན་དུ་གང་ཚེ་དངོས་དང་དངོས་མེད་པ།། བློ་ཡི་མདུན་ན་མི་གནས་པ།། དེ་ཚེ་རྣམ་པ་གཞན་མེད་པས།། དམིགས་པ ་མེད་པར་རབ་ཏུ་ཞིའོ།། ཞེས་གསུང་སོ།། རྒྱལ་པོ་ལ་རིན་པོ་ཆེ་ཕྲེང་བར་ཡང་གསུངས་པ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི།། མེ་ཡི་བུད་ཤིང་ཉིད་དུ་འདོད།། དེ་རྣམས་ཇི་བཞིན་རྣམ་དཔྱོད་པའི།། མེ་ཡི་སྲེག་པ་ཉེར་བཞིའོ་ཞེསོ།། ཇི་ལྟར ་གཉིས་རྣམ་པར་དཔྱོད་ཅེས་ན་གསུངས་པ་དངོས་པོ་ལ་ཞེས་པ་ལ་སོགས་པ་སྟེ་དངོས་པོ་མེད་པ་དག་ཕན་ཚུན་དེའི་བདག་ཉིད་དུ་མེད་དེ་འགལ་བའི་ཕྱིརརོ།། ཐ་དད་དུ་ཡོད་དོ་ཞེ་ན་གསུངས་པ། དངོས་པོ་དངོས་མེད་གཉི་ག་སྟོང་ཞེས་ཏེ། དངོས་པོ་དང་དངོས་པོ ་མེད་པའི་རང་བཞིན་དག་སྟོང་པ་དག་སྟེ། སེམས་ནི་གཅིག་དང་གཅིག་མིན་གྱི་རང་བཞིན་དང་བྲལ་བ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་ཀྱི་ཕྱིརརོ།། དེ་ལྟར་ནི་དེ་གཅིག་མ་ཡིན་ཏེ། གཅིག་ཉིད་ནི་སྔོན་པོ་དང་སེར་པོའི་ངོ་བོ་ཉིད་དུ་ཁྲོ་བོར་སྣང་བའི་མྱོང་བར་མི་འགྱུར ་ཞིང་། སེར་པོ་ལ་སོགས་པ་མཐའ་དག་སྔོན་པོའི་ནང་དུ་འདུས་པར་རྟོགས་པར་ཐལ་བར་འགྱུར་བའི་ཕྱིརརོ།། སྔོན་པོ་ཡང་སྔ་མ་དང་ཕྱི་མོ་དང་བར་མ་ཐ་དད་ན་རགས་པར་སྣང་བ་ཉིད་ཀྱི་རྟོགས་པར་མི་འགྱུར་གྱི། གང་ལ་ཕྱོགས་ཆ་དབྱེ་བ་ཡོད། དེ་ནི་གཅིག ་ཏུ་མི་རུང་།། ཞེས་པའི་རིག་པ་ལས། རྡུལ་ཕྲ་རབ་ཙམ་ཉིད་དུ་སྣང་བར་འགྱུར་རོ།། གཅིག་མིན་ཡང་མ་ཡིན་ཏེ། སེམས་གཅིག་མིན་ཉིད་ནི་རྡུལ་ཕྲ་རབ་ཏུ་ཐ་དད་པའི་ཕྱིར་ན་དེ་ལས་གཞན་པ་ཡང་དག་པར་མྱོང་བ་མེད་ན་རྡུལ་ཡང་ཕྲ་རབ་སོ་སོར་རང་རིག་པའི ་ངོ་བོ་ཉིད་ཀྱིས་ན་དེ་ཁོ་ན་རྡུལ་ཕྲ་རབ་སོ་སོར་སྣང་བར་ཐལ་བར་འགྱུརརོ།། གཉིས་ཀ་ངོ་བོ་ཉིད་དུ་ཡང་མི་རིགས་ཏེ། དེ་ལྟ་བུའི་རྣམ་པ་མྱོང་བ་མེད་པའི་ཕྱིར་རོ།། ཐམས་ཅད་ལ་ཁོ་བོ་ཅག་གི་ལྟ་བ་ཚད་མའི་ཕྱིར་རོ།། ལྡོག་པའི་ངོ་བོ་ལྷན་ཅིག་པ་འམ་ལོགས ་བདྡྷེསྒྲ་རྟགས་པར་བྱ་བ་མངོན་སུམ་དུ་མྱོང་བ་ཡཱང་བར་དམིགས་པ་མ་ཡིནྡྲ་ཞིང་རྗེས་དཔག་པའི་བདག་ཉིད་ཀྱང་སྟེ། དྲན་ལྡན་མ་ཅན་ཏད་ཀྱི་ཕྱིརོ།། མ་དམིགས་ཤིང་ཆང་མ་མེད་པའི་ལྡོགས་པའི་ང་བ་ཉྀད་རྗེས་རྟགས་པར་བྱ་བ་ཇི་ལྟར་རྟ། ཎ། ་ཁྲོ་བོ་ཉིད་ཀྱིས་རགས་པའི་རྣམ་པ་རང་རིག་པའི་ངོ་བོ་མྱོང་བ་ནི་བསྐྱོན་མི་ནུས་ཤིང་དེ་ཙམ་དུ་ཡོད་ལ། དེ་ཡང་ལྡོག་པའི་ངོ་བོ་ཉིད་རྗེསུ་རྫོགས་པར་བྱ་བ་མེད་ན་མི་འགྱུར་ཞེས་པས། དེ་ནི་དེ་ཡོད་པ་ལས་གཞན་དུ་མི་འཐུད་པས་ཡོངསུ་བརྟག་པར་བྱའོ་ཞེན་ཏོ ་ནི་མ་ཡིན་ཏེ་གཉི་ག་མ་ཡིན་པའི་ངོ་བོ་ཉིད་ཁོ་ནས་སྤྲོས་པ་མེད་པ་ཉིད་དུ་ཆེས་གསལ་བར་འཐད་པ་ལས་དོན་གྱི་གོ་བར་ཟད་པའི་ཕྱིར།། དེའི་ཕྱིར་སྐྱེ་བ་ཡང་མི་རིགས་ཏེ། འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིརརོ།། སྔ་མ་དང་ཕྱི་མ་ཉིད་ཀྱིས་ཚད་མ ་འཇུག་པ་ནི་འབྲས་བུ་དང་རྒྱུའི་དངོས་པོ་རྣམ་པར་བཞག་པ་ཡིན་ན་རྣམ་གཉིས་དང་བྲལ་བ་གཉིས་མེད་པར་མྱོང་བ་ནི་སྔ་མ་དང་ཕྱི་མར་འཇུག་པ་དང་ལྡན་པ་ཡང་མེད་ཅིང་དེ་ལས་གཞན་པའི་ཡང་དག་པར་རིག་པ་ཡང་ཡོད་པ་མ་ཡིན་ཏེ། ཚད་མ་མེད ་པའི་ཕྱིར་རོ།། ཞེས་བསྒྲུབས་ཟིན་ཏོ།། གང་གི་ཚེ་དེ་ལྟར་འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་སྐྱེ་བོ་མེད་པ་ཁོ་ན་ཡིན་པ་དེའི་ཚེ་ག་ལས་རང་ལས་ས་གཞན་ལས་སམ་གཉི་ག་ལས་སམ་རྒྱུ་མེད་ལས་ཡིན་དེ་ལྟར་སྐྱེ་བ་མེད་པའི་ཕྱིར་སེམ ་ནི་དངོས་པོའི་ངོ་བོ་ཉིད་དུ་ཡང་མེད་དེ། འབྱུང་ཞེས་པས་ན་དངོས་པོ་སྟེ། མེད་པ་སྔོན་མ་ཅན་གྱི་འབྱུང་བ་ཁོ་ན་ལ་རྣམ་པར་བཞག་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་ཉམས་པའི་ངོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མེདོ།། དངོས་པོ་དང་དངོས་པོ་མེད་པའི ་རང་བཞིན་མེད་པའི་ཕྱིར་ཡང་སྤྲོས་པ་ཐམས་ཅད་མེད་པ་སྟེ་དེ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟེན་ཅན་ཉིད་ཀྱིས་ན་དེ་དག་གི་ཁྱབ་པ་ཉིད་ཕྱིར་ཁྱབ་བྱེད་མེད་ན། ཁྱབ་བྱ་ཡང་མེད་པའི་ཕྱིརརོ།། དེས་ན་རྣམ་པར་དཔྱད་པ་འདིས་སྤྲོས ་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་རྟོགས་པར་བྱའོ།། །། འདི་ཁོ་ན་ཡང་དེ་ཁོ་ན་ཉིད་མཐོང་བ་སྟེ་གང་ཤེས་རབ་ཀྱི་མིག་གི་ངེས་པར་དཔྱད་པ་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བྱུང་བ་ན་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་པའོ།། ཇི་སྐད་དུ་བཅོམ་ལྡན་འདས ་མར་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་ཅི་ཞེ་ན། གང་གི་ཅུང་ཟད་ཀྱང་མི་མཐོང་བའོ།། དེ་བཞིན་དུ་དོན་དམ་པ་མཐོང་བ་ཅི་ཞེ་ན། གང་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེསོ།། དེས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཀྱང་ཆོས་རྣམས་ཐམས་ཅད་མཐོང་ཡད་མཐོང་བ་མེད་པའོ།། འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་དགོངས་ཀྱི་གཉིད་ལོག་པ་དང་མིག་བཙུམས་པ་དག་གི་མིག་བཞིན་དུ་གང་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ།། དེ་ལྟན་ནི ་བག་ཆགས་མ་སྤངས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལངས་པ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པར་མངོན་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བའི་ཕྱིར་རྣལ་འབྱོར་པ་མ་གྲོལ་བ་ཁོ ་ནར་འགྱུར།། ཀློག་མ་མེད་པའོ་དུས་ཅན་གྱི་གཟུགས་ལ་མགས་པ་མངོན་པར་ཞེན་པ་ཡིད་ལ་བྱེད་པ་ཡོངསུ་པར་བ་ཙམ་ལམི་སྦེང་བ་ཡང་མ་ཡིན་ཏེ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ཀྱང་སྤངས་པར་ཐལ་བར་འགྱུར ་ཕྱིར་རོ།། གཟུགས་ལ་སོགས་པའི་ཡུལ་ལ་ཐེ་ཚོམ་སྤོང་བ་མེད་པར་དེ་ཡིད་ལ་བྱེད་པ་ཡོང་སུ་སྤོང་བར་ཡང་ནུས་པ་མ་ཡིན་ཏེ། མེ་མ་སྤངས་ན་ཆབ་མི་སྤོངས་པ་བཞིནོ།། དེར་ཕྱིར་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན ་པོར་ཞེན་པ་གསལ་བར་བྱའི་ཚེར་མ་གདྲོན་པར་བྱ་བ་བཞིན་དུ་ནི་མ་ཡིནོ་ཞེས་བྱ་བ་ངེས་བྱའོ།། དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པར་ཡིད་ལ་བྱེད་པ་གསལ་བས་ཐམས་ཅད་ལས་ཡིད་བསྡུས ་ཏེ་ཅུང་ཟད་ཀྱང་མི་བས་མོ།། དེ་དེ་ལྟར་མི་སེམས་པ་ལས་སྔོན་རྣམ་པར་སྤྱོད་པོའི་དུས་ཁོ་ནར་བླ་མ་བསྙེན་བཀུར་བའི་རྣལ་འབྱོར་པའི་གང་བླ་མའི་དྲིན་ལས་རྟོགས་པ་ཁོ་ནའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་སྟེ་ཚད་མ་དང་གཞ ་བྱ་དང་འབྲས་བུའི་ཆ་དང་ཡང་དག་པར་བྲལ་བ་ཉིད་ཀྱིས་ན་རང་གསལ་བའི་རང་བཞིན་སྤྲོས་པ་མེད་པ་ཉིད་ཀྱིས་ན་སྤྲོས་པའི་བདག་ཉིད་ཅན་འཁོར་བའི་རང་བཞིན་གྱི་སྡུག་བསྔལ་གྱི་ཚོགས་དང་བྲལ་བ་ལས་མཆོག་ཏུ་དགའ་བའི་རང་གི་ངོ་བོ་ཉིད ་མཐོང་བ་མེད་པའི་ཚུལ་གྱིས་མངོན་དུ་རྟོགས་ཏེ། དེའི་མཐུ་ལུས་ཀྱེ་མ་མ་ལ་གཏི་མུག་གི་ནུས་པ་གང་གི་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པ་ཡིན་ཡང་བདག་ཉིད་མ་རྟོགས་ཏེ། འདི་རྣམས་ཇི་ལྟར་རྟོགས་པར་བྱ་ཞེས་རྣམ་པར་བསམས་ཏེ། ་དེའི་བདག་ཉིད་ཁོ་ནར་འགྲོ་བ་མཐའ་དག་ལ་དམིགས་ཏེ། དམིགས་པ་མེད་པའི་ངོ་བོའི་སྙིང་རྗེ་ཆེན་པོ་སྐྱེའོ།། དེའི་བདག་ཅན་ཁོ་ནའི་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོ་བདག་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ནི། བཅྡོཾས ་མ་ཤེས་རབ་མ་མིང་གཞན་ཕྱག་རྒྱ་ཆེན་མོ་དང་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད་པའི་རང་བཞིན་དུ་ལྟའོ།། དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་དག་དེའི་བདག་ཉིད་ཏེ། དེ་ཡང་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ།། དེ་ཁོ་ན་སོ་སོར་སྡུད་དང་དེ་བཞིན་དུ། ་བསམ་གཏན་སྲོག་སྡོམ་འཛིན་པ་དང་།། རྗེ་སུ་དྲན་དང་ཏིང་འཛིན་ཏེ།། རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད།། ཅེས་འདུས་པ་ཕྱི་མར་གསུངས་པའི་ཡན་ལག་དྲུག་གི་རྣལ་འབྱོར་རེ།། དེ་ལྟར་ནི་གཞོནུ་མའི་པྲ་ཕབ་པ་ན་མཐོང་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད ་དང་རོ་གཅིག་པས་རང་གི་ཡུལ་ལས་འཛིན་པ་སོ་སོར་སྡུད་པའོ།། དེ་ལས་བསམ་གཏན་ཏེ། དེ་ཡང་རྟོག་པ་དངོས་པོ་ངེས་པར་རྟོག་པ་དང་། དཔྱོད་པ་དངོས་པོ་སྟོང་པ་ཉིད་དུ་རྣམ་པར་དཔྱོད་པ་དང་། དེ་ལྟར་དཔྱད་པ་ལས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་དུ ་ཕྱོགས་པས་གང་ཡིན་པ་དེ་བ་ཉིད་དེ་དགའ་བ་དང་དེ་ལས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པ་བདེ་བ་ཆེན་པོ་དང་དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པ་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ཉིད་སེམས་རྩེ་གཅིག་པ ་ཉིད་ཅེས་པ་རྣམ་པ་ལྔའོ།། དེ་ནས་རྐྱང་མ་དང་རོ་མ་དག་འགགས་པའི་ཀུན་དར་མའི་ལམ་ཁོ་ནར་འཇུག་པ་དང་གནས་པ་དང་འབྱུང་བའི་བདག་ཉིད་ཅན་གྱི་སྲོག་གི་རླུང་འཇུག་པ་ནི་སྲོག་སྡོམ་པའོ།། དེ་ནས་ཀུན་དར་མ་ལས་ཕྱིར་མ་བྱུང་བར་བྱང་ཆུབ་སེམས ་ཀྱི་ཐིག་ལེ་ལ་སེམས་ཀྱི་གཞོན་པ་སྲོག་རླུང་འཇུག་པ་སྟོང་པ་ཉིད་དང་རོ་གཅིག་པ་ནི་འཛིན་པ་སྟེ། དེའི་ཚེ་ཡང་གཏུ་མོ་ལས་ངེས་པར་བྱུང་བ་ཆེར་འབར་ཞིང་རི་བོང་ཅན་ཡང་དེས་ཆེར་གདུངས་པས་ཤིན་ཏུ་ཆེས་འཛག།། དེའི་ཚེ་རྡོ་རྗེ་ནོར་བུའི་ནང་དུ་ཆུང ་པའི་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་རིམ་གྱིས་རྒྱུ་མཐུན་པ་ལ་སོགས་པའི་བདེ་བས་རྫོགས་པ་དྲི་མ་མེད་པ་ཉིད་ཇི་སྲིད་པར་འགྱུ་རོ།། དེ་ནས་འཛིན་པ་ལས་སེམས་རབ་ཏུ་ཞུགས་པ་ན་མཚན་མ་སོ་སོར་སྣང་བ་སྔོན་མ་ཅན་རྫོགས་པའི་དཀྱིལ ་འཁོར་གྱི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་མེད་པ་དེ་ལས་འོད་ཟེར་དུ་མ་འཕྲོ་ཞིང་། དེ་ལས་ཁམས་གསུམ་པ་སྤྲོ་བ་ཞེས་པ་དྲན་པའོ།། དེ་ནས་དེ་ཁོ་ན་རྣམ་པར་མི་རྟོག་པའི་རྣལ་འབྱོར་མི་འགྱུར་བའི་བདེ་བ་ཆེན་པོའི་རང ་བཞིན་ཟུང་འཇུག་གི་བདག་ཉིད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནི་ཏིང་འཛིན་ནོ་ཞེས་པའོ།། དེ་ལྟར་རྣལ་འབྱོར་པ་གང་གི་ཚེ་སྤྲོས་པ་མེད་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་དེའི་ཚེ་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་དང ་ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་ལྷ་མཐའ་དག་གི་བདག་ཉིད་དང་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་རང་བཞིན་དུ་མགོན་པོ་རྣམས་ཀྱི་རྣམ་པར་བཞགོ།། དེ་གསུངས་པ། འདི་དེ་རྣལ་འབྱོར་དམ་པ་སྟེ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། ་གང་ལ་རྣལ་འབྱོར་པ་གནས་པ།། ཀུན་མཁྱེན་བཅོམ་ལྡན་དངོསུ་འགྱུར།། འདི་དེ་དེ་ཉིད་དམ་པ་སྟེ།། ཤེས་རབ་ཐབས་ཀྱི་རང་བཞིན་ཞི།། འདི་ཉིད་གཉིས་མིང་ཡེ་ཤེས་ཏེ།། འདི་ནི་བྱང་ཆུབ་སེམས་མཆོག་གོ།། ཞེས་སོ།། འཕགས་པ་ཀླུ་སྒྲུབ་ཞབས ་ཀྱིས་ཀྱང་གསུངས་པ། མི་གང་སྐད་ཅིག་གཅིག་ཙམ་དང་།། བྱང་ཆུབ་སེམས་ནི་རབ་བསྒོམ་པ།། དེ་ཡིས་བསོད་ནམས་ཕུང་པོ་ནི།། འདི་ཙམ་ཞེས་པ་བགྲང་མི་ནུས།། ཉོན་མོངས་མེད་པའི་རིན་ཆེན་སེམས།། འདི་ནི་ནོར་མཆོག་གཅིག་པུར་བརྗོད།། ་ཉོན་མོངས་བདུད་སོགས་ཆོམ་རྐུན་གྱི།། གཞོམ་དུ་མེད་ཅིང་དབྲོག་ཏུ་མེད་ཅེས་སོ།། འདི་ཐམས་ཅད་ལ་དགོངས་ཏེ། གསུངས་པ། འདི་དག་སེམས་ཀྱི་དག་པ་ཉིད་ཅེས་པ་སྟེ། འདི་རྣམས་ནི་འདོད། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་ངོ་བོ ་རྡོ་རྗེ་འཛིན་པའི་ས་ནི་འདི་ཁོ་ན་སྒྲུབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འདི་ཁྱད་པར་རོ།། འོ་ན་འདི་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཁོ་ན་སྟེ། འདི་འདིའི་ཁྱད་པར་ཅི་ཡིན་ཞེ་ན། ཁྱད་པར་ཡོད་དེ་དེའི་ངོ་བོ་ཉིད་དུ་བསྒྲུབ་པ་ཁོ་ནའོ།། ཇི་ལྟར་དངོས ་པོར་ན་སྟོང་པ་ཉིད་དང་རོ་གཅིག་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཉན་ཐོས་ཀྱི་ཚུལ་ལ་རྟོགས་པ་རྣམས་ཀྱང་སྟོང་པ་ཉིད་དུ་མ་བསྒྲུབས་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྒྲུབ་པའི་ཕྱིར་ཁྱད་པར་ཆེན་པོ་སྒྲོགས་པ་བཞི་ནོ།། འོ་ན ་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོ་སྒྱུར་བ་རྣམས་བཞིན་དུ་བདེ་བ་ཉེ་བར་སྟོན་ན། བདག་མེད་པ་གཉི་ག་རྟོགས་པས་ཅི་བྱ། དེ་ལྟར་ནི་དགའ་བ་ལྷོག་པ་ཁོ་ན་ལས་དང་པོ་ས་ནི་རབ་ཏུ་དགའ་བར་བརྗོད་དོ་ཞེ་ན་བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི ་བདེ་བ་ནི་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ལ། ལས་དང་པོ་པའི་གནས་སྐབསུ་ཐབ་སུ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་བུག་པ་ནི་བུ་ག་ཞེས་པ་ན་མཁའ་དང་མཉམ་པ་ཉིད་དུ་ཉམ་སུ་མྱོང་བ་མ་ཡིན་པསོ།། འོ་ན་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པར་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ།། ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་གསུངས་མོད། འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབ་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི ་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་ཡང་རིམ་པ་འདི་ཁོ་ནས་གོ་བར་བྱའོ།། དེ་ཅི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བྱང་ཆུབ་མེད་དམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲི་ཡང་ཅི་ལས་ཡིན། ་མཐར་ཐུག་པ་ན་ཡང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱའོ།། ཞེས་པ་ཤིན་ཏུ་རྒྱ་ཆེ་བས་ཆོག་སྟེ། མན་ངག་རིག་པ་རྣམས་ཁོ་ནས་ཁྱད་པར་འདི་ཡོངསུ་གསལ་བར་ཤེས་པར་འགྱུར་རོ།། བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་གཙོ་བོར། ཡུལ ་རེག་བྱ་དང་དབང་པོ་དང་དེའི་རྣམ་པར་ཤེས་པ་སྙིང་རྗེ་ལ་སོགས་པའི་ངོ་བོར་དང་ཤེས་རབ་ལྔའི་ངོ་བོར་ཡང་སྒྲུབ་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། ཕྱི་རོལ་གྱི་ཤེས་རབ་མའི་ལུས་ཡུལ་དང་། དེ་དང་སྦྱོར་བ་ལས་ནང་གི་ལུས་དང ་ཡེ་ཤེས་དག་སྦྱོང་བའི་ཕྱིར་རོ།། གང་འགྱུར་བ་དེ་ནི་འཆད་པར་འགྱུརརོ།། ལྷ་དང་ལྡན་པ་ཞེས་པ་བུད་མེད་མཆོག་མཐོང་བ་ནི་སྙིང་རྗེ་སྟེ། སྡུག་བསྔལ་དང་བྲལ་བའོ།། འཁྱུད་པོ་བྱམས་པ་སྟེ་བདེ་བ་དང་ལྡན་པའོ།། དབང་པོ་གཉིས་དྲུད་པ་ལས་དགའ་བ་སྟེ། ་བདེ་བ་དང་མི་འབྲེལ་བའོ།། བྱང་ཆུབ་སེམས་འགྱུར་བ་ལས་བཏང་སྙོམས་ཏེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ།། དེ་བཞིན་དུ་ནི་ནིང་གི་ལུས་དང་ཤེས་པ་དགེ་སྙིང་རྒྱོལ་སོགས་པའི་ངོ་བོ་དགེ་གོ།། དེ་ལྟར་གྱུར་པའི་རྣལ་འབྱོར་ལྡན་ཞེས་པའི ་སྙིང་རྗེ་ལ་སོགས་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་དང་ལྡན་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་འཆིང་བ་མ་ཡིན་ནོ།། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མིང་ན་འགྲོ་བ་འཆིང་ངོ་ཞེས་གསུངས་པ། མཐོང་བ་ལས་ཞེས་པ་ལ་སོགས་པའོ།། ཅུང་ཟད་ལྷག ་པ་ནི་དེའི་འབྲས་བུའོ།། ཀུན་གྱི་མཐའ་སྟེ་འགྱུར་བ་ལས་སོ།། དེ་ལྟར་དགའ་བ་དང་སྐྱོ་བ་འབྲས་བུར་གསུང་སོ།། ཁམས་གསུམ་པ་སྐྱེས་པ་ནི། སྟོང་པ་ཉིད་ཀྱིས་སྙིང་རྗེ་ལ་སོགས་པ་རྣམས་ཡང་གྲོལ་བའི་རྒྱུའོ་ཞེས་པ་དགོངས་པའོ།། ་ཉེ་བར་སྡུད་པ་སྟེ། ཡང་དག་དག་པ་ཞེས་པ་ལ་སོགས་པའོ།། དངོས་པོ་གསུམ་ཞེས་པ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཀྱིས་སོ།། དེ་ལྟར་གོམས་པ་ལྷུར་ལེན་པས། ཇི་ལྟར་ཚེགས་པའི་བཟའ་བ་འདུས་བྱ་བ་གསུངས་པ། གང་ཞེས་པ ་ལ་སོགས་པ་བཤང་བ་དང་། གཅི་བ་ལ་སོགས་པ་བདུད་རྩི་དང་སྒྲོན་མ་ལྔ་ལ་རང་བཞིན་གྱི་བདུད་རྩིར་བརྟག། འབའ་ཞིག་ཏུ་མ་ཟད་ཀྱི་དེའི་དགའ་རྩེད་ལ་སོགས་པ་ཡང་ངོ་།། ཕྱག་རྒྱ་ཆེན་པོ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོར་བལྟ་བར་བྱ་སྟེ། འདི་འདྲའི ་སྒོམ་དང་ལྡན་པ་ནི་འགྲུབ་བོ།། ཇི་ལྟར་ཞེ་ན་གསུངས་པ། ལྔ་ཞེས་སྲིང་མོ་ལ་སོགས་པ་རྣལ་འབྱོར་མ་རྣམསོ།། དཔལ་དང་ཕྱག་རྒྱ་ཆེ་སྟེར་བྱེད། ཅེས་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མོ་ཚན་ཉིད་ནི་དཔལ་ཏེ་ཕྱག་རྒྱ་ཆེན་པོ་ཁོ་ན་སྟེར་ཏེ། ་མཆོད་པ་རྣམས་ལའོ།། དེའི་ཕྱིར་གསུངས་པ། མཆོད་པར་བྱ་ཞེས་སོ།། ཇི་ལྟར་ཞེ་ན་གསུངས་པ་འདོད་པར་བྱའོ།། འོ་ན་འདི་རྣམས་མཆོད་པ་མཆོག་ནི་འདོད་པ་བྱེད་པ་ཁོ་ན་སྟེ། དེ་ཡང་སྐྱོན་ཡིན་ནོ།། ཞེ་ན་སྐྱོན་མིན་ཏེ་གང་གི་ཕྱིར་མི་གོས་པ་སོ།། འོ་ན་འདོད ་པ་བྱེད་པ་ཁོ་ན་གོས་པའོ།། ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ཕྲག་དོག་ལ་སོགས་པ་རྣམས་དང་། ལྡན་པ་ནི་གོས་པར་བརྗོད་ན། རྣལ་འབྱོར་པ་དེ་ལ་ཕྲག་དོག་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱི་འདི་ལ་གནོད་པ་མ་ཡིན་ནོ།། འོ་ན་ཇི་ལྟར་འདི་འདྲ་བའི་མཆོད ་པ་ནི་ཆེས་མཆོག་ཏུ་གྱུར་པ་དང་། རྗེསུ་འབྲེལ་པ་ཅན་ཡིན། སྒྲོ་བཏགས་པའི་ཁྱད་པར་ཡིན་པའི་ཕྱིར་རོ།། ཞེས་ན། སྒྲོ་བཏགས་པ་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་དང་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོའི་དེ་ལ་དེ་ཁོ་ན་ཉིད་ཀྱིས་ངོ་བོའི་བདག་ཉིད་ཀྱིས ་སྒྲོསྒོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་བཞོན་དུ་བརྒྱུད་ནས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར་ཉེས་པ་མེདོ།། འོ་ན་འགའ་ཞིག་གི་ཉམ་སུ་མྱོང་བ་ཡང་བཀག་པ་ཉིད་ཀྱི་ཕྱིར་འགལ་བར་འགྱུརརོ་ཞེ་ན་མ་ཡིན་ཏེ། ལས་ནི་རྣམ་པ་གཉིས་ཏེ། ་ཀུན་ནས་བསླང་བར་བྱ་བ་དང་། ཀུན་ནས་སློང་བ་པོའི་དབྱེ་བས་སོ།། དེ་ལ་ལུས་དང་ངག་གི་ལསོ་ཐམས་ཅད་ཀུན་ནས་བསླང་བར་བྱ་བ་སྟེ། ཡིད་ཀྱིས་ནི་ཀུན་ནས་སློང་བ་པོའོ།། དེ་ཡང་རྣམ་པ་གཉིས་ཏེ། མ་ཆགས་པ་ལ་སོགས་པའི་ངོ་བོ་དང་། དེ་ལས ་ཅིག་ཤོས་སོ།། དེ་ལ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་མི་དགེ་བ་སྟེ་དེ་ཡང་བཀག་པའོ།། མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཁོ་ནའོ།། ཕྱག་རྒྱ་ཆེན་པོ་གཉིསུ་མེད ་པའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་ནི་མཐའ་དག་མ་ཆགས་པ་ལ་སོགས་པའི་བདག་ཉིད་འགྲོ་བ་ལ་སྣང་བར་བྱེད་དོ།། དེས་ན་འདི་སྤྱོད་ལམ་ཐམས་ཅད་དང་ལྡན་ཡང་མི་དགེ་བ་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་དགེ་བའི་བདག་ཉིད་ཁོ་ནའོ།། ཞེས ་གསུངས་པ། རྣལ་འབྱོར་པ་དེ་ཞེས་པ་ལ་སོགས་པའོ།། དེ་ཁོ་ན་ཉིད་ནི་ཕྱག་རྒྱ་ཆེན་པོའི་རང་བཞི་ནོ།། དེའི་ཕྱིར་འཁོར་བའི་ཉེས་པ་རྣམས་ཀྱི་མི་གོས་སོ།། དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིསུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཁོ་ན ་སྡིག་པ་ཐམས་ཅད་རྣམ་པར་སྤྱོད་པ་ལེགས་པ་ཐམས་ཅད་བྱེད་པའོ།། དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུངས་པ། འདི་ནི་ཐེག་པ་ཆེ་མཆོག་སྟེ།། འདི་ནི་བྱང་ཆུབ་སེམས་མཆོག་གོ།། མཉམ་པར་བཞག་རྣམས་འབད་པ་ཡི།། ་བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས།། འཁོར་བ་རང་གཞན་དོན་སྒྲུབ་ལ།། བྱང་ཆུབ་སེམས་ལས་མ་གཏོགས་པའི།། ཐབས་གཞན་སངས་རྒྱས་རྣམས་ཀྱིས་ནི།། སྔོན་ཆད་གཟིགས་པ་ནམ་ཡང་མེད་ཅེསོ།། འདི་དེ་རྣལ་འབྱོར་མཆོག་དེའི་ཕྱིར།། དེ་བཞིན་གཤེགས ་རྣམས་ཀྱིས་ཕྱག་འོས།། དེ་ལས་བྱུང་བའི་རྣལ་འབྱོར་ནི།། མཐའ་ཡས་པ་རྣམས་རབ་ཏུ་བསྒྲགས།། དེ་ཁོ་ན་ལས་ཏིངེ་འཛིན།། མཐའ་ཡས་པ་ལས་ཡང་དག་འབྱུང་།། ཕྱག་རྒྱ་དཀྱིལ་འཁོར་སྔགས་རྣམས་ནི།། རྣལ་འབྱོར་དེ་ལས་རྣམ་དག་ཉིད།། ཞི་བ་རྒྱས་པ ་ཉིད་ཀྱི་ལས།། སྔགས་ལས་སྐྱེས་པ་གཞན་གང་ཡང་།། ཛ་ཧཱུའི་བུ་མོའི་བྱེ་མའི་གྲངས།། ཇི་སྙེད་དངོས་གྲུབ་ཕྲ་རྣམས་དང་།། ཕྱག་རྒྱའི་དངོས་གྲུབ་གཞན་ཉིད་རྣམས།། ཇི་སྙེད་ས་ལ་རྣམ་གྲངས་པ།། རྣལ་འབྱོར་འདི་ལས་སྐྱེས་པ་རུ།། ཐུགས་ཀྱི་རྡོ་རྗེས་གསུངས ་པ་ཡིན།། གང་ཡང་ངེས་འབྱེད་ཆ་མཐུན་པ།། རྣམ་པ་བཞི་དང་ས་བཅུ་དང་།། འབྲས་བུ་ལ་གནས་དེ་ཐམས་ཅད།། རྣལ་འབྱོར་འདི་ལས་ཡང་དག་སྐྱེས།། བྱུང་དང་གང་ཡང་འབྱུང་འགྱུར་བ།། འབྱུང་བཞིན་པ་ཡི་རྒྱལྔ་བའི་སྲས།། འཇིག་རྟེན་དབང་སོགས་སེམས ་དཔའ་ཆེ།། དེ་རྣམས་ཀྱང་འོའདི་ཁོ་ནར་གནས།། འདས་དང་མ་བྱོན་སངས་རྒྱས་དང་།། ད་ལྟར་བྱུང་བར་འདོད་གང་དང་།། བ་སེ་རུ་ཉན་ཐོས་དགེ་འདུན་ཏེ།། དེ་རྣམས་ཀྱང་ནི་འདི་ལས་བྱུང་།། རྣལ་འབྱོར་སྤྱོད་དང་བྱ་བ་ཡི།། དབྱེ་བས་ཇི་སྙེད་སྤྲུལ་པ་འབྱུང་།། དེ་སྙེད་ཐ~ཾང ་རྣལ་འབྱོར་ནི།། འདི་ཁོ་ན་ལས་ངེས་པར་འབྱུང་།། ཀུན་ཏུ་བརྟགས་པའི་ངོ་བོ་ནི།། བག་ཆགས་སྟོབས་ལས་བྱུང་རྣམས་དང་།། ཇི་སྲིད་བརྟན་དང་གཡོ་བའི་དངོས།། དེ་སྙེད་དེ་ལ་བརྟེན་པའོ་ཞེས།། འདོད་པ་ལྔ་རྣམས་མེད་ན་སྟོང་པ་ཉིད་ནི་རོ་བྲོ་བ་མེད་པ་ཁོ་ནར་འགྱུརརོ།། ཞེས ་གསུངས་པ་ཇི་སྲིད་ཅེས་པ་ལ་སོགས་པ་སྟེ། ཇི་སྲིད་དུ་ཡུལ་གྱི་བཅུད་རྣམས་ཀྱི་བྱང་ཆུབ་ཀྱི་མྱུ་གུ་སྐྱོད་པར་མི་བྱེད་པ་དེ་སྲིད་དུ། སངས་རྒྱས་ཀྱི་དཔག་བསམ་གྱི་ཤིང་འབྱུང་བར་མི་འགྱུར་ཏེ། ཆུ་བྲན་པ་དང་བྲལ་བའི་མྱུ་གུ་ལས་ཤིང་ཕུན་སུམ་ཚེགས་པ་བཞིན་ནོ།། ་དེ་ས་ར་ཧའི་ཞབས་ཀྱིས་གསུངས་པ། སེམས་ཀྱི་མྱུ་གུ་ཤིན་ཏུ་ཆུང་བ་ནི།། ཡུལ་བཅུད་དག་པས་གལ་ཏེ་མི་འབྲན་ན།། ན་མཁའ་ཁྱབ་པར་འབྲས་བུ་སྦྱིན་པ་ཡིས།། དཔག་བསམ་ཤིང་ཉིད་ཇི་ལྟར་ཐོབ་པར་འགྱུར།། ཞེས་སོ།། འཇིགས་པ་མེད་པའི་གཞུང་འགྲེལ་དུ ་ལེའུ་བཅུ་གསུམ་པའོ།། །། མངོན་པར་འདོད་པའི་བླ་ན་མེད་པའི་དོན་བསྟན་པས་རབ་ཏུ་དང་བ་ཕུལ་དུ་བྱུང་བ་སྐྱེས་པས་ཇི་ལྟར་སྟོང་པ་སྟོན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། བདེ་བ་ཆེན་པོས་རྣམ་པར་བརྩེ་བའི་ཕྱིར་ལྷ་མོའོ།། སྐྱེད ་བྱེད་མ་ནི་ལམ་གྱི་ངོ་བོའོ།། དཔལ་མོ་ནི་རྟོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་འབྲས་བུའི་ངོ་བོའོ།། རིགས་མེད་པ་རྣམས་ཆེར་སྐྲག་པའི་གནས་ཉིད་ཀྱི་ཕྱིར་འཇིགས་པའོ།། གྲགས་ཆེན་མ་ནི་རྣམ་པར་ཐོས་པའི་གྲགས་ཅན་ནོ།། བྱམས་པའི་རང་བཞིན་ཉིད ་ཀྱི་ཕྱིར་མཉེས་ཤིན་མའོ།། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཕྱིར་ལྷ་མོའོ།། སྙིང་རྗེ་ཆེན་པོ་དང་ཤེས་རབ་ཆེན་པོ་དག་ལས་ཐ་དད་མ་ཡིན་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་སྟེ་འདི་དག་གིས་རང་དོན་ཕུན ་སུམ་ཚོགས་པའོ།། དོན་ཆེན་འབྲས་བུ་སྟོན་མཛད་མ།། དོན་ཆེན་ནི་རྡོ་རྗེ་འཛིན་པ་ཉིད་དོ།། དེ་ཁོ་ན་ལམ་གོམས་པའི་འབྲས་བུ་དམ་པ་སྟེ། དེ་གདུལ་བྱ་རྣམས་ལ་སྟོན་ནོ།། ཞེས་པ་གཞན་དོན་ཕུན་སུམ་ཚོགས་པས་བསྟོད་པར་བྱེད་དོ།། བསྟན་པའི།། ་ཡུལ་གྱི་སྒོ་ནས་བསྟོད། སངས་རྒྱས་ཞེས་པ་ལ་སོགས་པའོ།། སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིསོ།། གང་རྣམས་ཀྱི་ཞེས་པ་དངོས་གྲུབ་གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པའོ།། ལྷ ་མོ་ཞེས་པ་ལྷ་མོས་སོ།། གསུང་གཅིག་གིས་ཞེས་པ་ཐོག་མར་གོ་དཀའ་བ་བརྗོད་ནས་ཚིག་གཞན་གྱི་གསལ་བར་བྱས་པ་ནི་མ་ཡིན་པའོ།། ཆེན་པོའི་སྣོད་ནི་ཆེན་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་སྣོད་དོ།། ཀུན་ཞེས ་པ་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་ངོ་བོའོ།། གང་རྣམས་དེ་རྣམས་ནི་གང་དངོས་གྲུབ་དེའོ།། གསུངས་པ་ནི་སྣ་ཚོགས་སྡེ་མ་སོ།། འདི་ནི་ཞེས་པ་འདིའིའོ།། སངས་རྒྱས་ཡོན་ཏན་རྣམས་ནི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱང་བདག་ལ ་བཟོད་མཛོད་ཅིག་སྟེ། གང་གི་ཕྱིར་དེ་རྣམས་ཀྱི་རྒྱུ་དང་འབྲས་བུའི་བདག་ཉིད་ནི་རྒྱལ་བ་མཆོག་རྣམས་ཀྱི་གདུལ་བྱ་རྣམས་ལ་སྦས་པའོ།། ཤིན་ཏུ་རྙེད་དཀའི་དོན་ཤིན་ཏུ་སྦས་པའི་སྤྱོད་ཡུལ་ཅན་གྱི་རྒྱུད་འདིར་བདག་གིས་གསལ་བར་བྱས་པའོ།། དེའི་ཕྱིར་བདག་གི ་སྒོ་ནས་དེ་རྣམས་ཁོ་ནས་འདི་བསྟན་པའོ།། ཞེས་དགོངས་པའོ།། བདག་ལ་ཡང་ཕྱིན་ཅི་ལོག་ཏུ་བསྟན་པའི་གནོད་པ་སྒྲོ་བཏགས་པ་ལས་མི་བཟོད་པ་བྱ་བ་མིན།། ཞེས་གསུངས་པོ་རྒྱལ་བ་མཆོག་རྣམས་བཟོད་མཛོད་ཅིག། ཅེས་རྣམ་དབྱེ་བ་བསྐུར་བའོ།། རྒྱུད ་ཐམས་ཅད་གསུངས་ནས། དབང་བསྐུར་རྣམས་ཁོ་ན་འདི་ལ་དབང་དུ་བྱའོ།། ཞེས་བསྟན་པའི་ཆེད་དུ་དབང་བསྐུར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། གསོལ་བ་གང་བ་སྟེ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་དོན་དུའོ།། ལྷ་མོ་ཆེན་མོ་ལའོ།། བཅང ་ཅེས་པ་ཁྱོད་ཀྱིས་སྷོ།། གཡོགས་ཞེས་ཀློག་པ་ལ་ནི་ཁྱབ་པར་བྱེད་པ་སྟེ། བདག་ལའོ།། དེའི་ཞེས་པ་མོ་དེའིའོ།། ཅེས་འདི་ལྟར་ཤེས་རབ་མ་མགུ་བར་བྱ་བ་ལ་འབད་ཅེས་ན་གསུངས་པ། སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། རྒྱུ་དང་འབྲས་བུའི་གནས་སྐབས་དག ་ཏུ་ལས་ཀྱུ་ཕྱག་རྒྱའི་རྣལ་འབྱོར་ཁོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ་ཞེས་པ་མན་ངག་གོ།། ཇི་ལྟར་ན་འདི་ལྟར་ཡིན་ཞེས་གསུངས་པ་འདི་ཁོ་ན་ལ་སྟེ་ཤེས་རབ་མ་ལ་སངས་རྒྱས་ལ་སོགས་པ་རྣམས་བཞུགས་ཏེ། དེ་རྣམས་བདེ་བ་ཆེན་པོའི་རང་བཞིན ་རྣམས་ཡིན་ཞིང་། དོའི་རྟེན་ཡང་ཤེས་རབ་མ་སྟེ། དེ་ལས་ཆོ་ག་ཇི་ལྟ་བར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བླང་བར་བྱའོ།། དེ་ཉིད་ཀྱི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་རང་གི་ངོ་བོ་གསལ་བར་བྱེད་དེ། དབང་པོ་ཞེས་པ་ལ་སོགས་པ་དབང་པོས་ཉེ་བར་མཚོན་པ་ལས ་ཡུལ་ལ་སོགས་པ་ཡང་ངོ་།། བདག་ཅེས་པ་བདག་གི་སེམས་ཏེ། སེམས་ནི་བདག་ཅེས་བརྟགས་པའོ།། ཞེས་པའི་གསུང་ལས་སོ།། ཡང་ན་བདག་ཏུ་གདགས་པའི་ཡུལ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་བདག་འདི་ཐམས་ཅད་རང་བཞིན་མེད་པ་སྟེ། ་གང་དུ་ཉེ་བར་མི་དམིགས་པ་དེ་མཆོག་ཏུ་དགའ་བ་རྟོགས་པའོ།། མཆོག་དགའ་ནི་འདིར་ལྷན་ཅིག་སྐྱེས་པའི་དགའ་ཁོ་ན་དང་མིང་གཞན་ཤེས་རབ་ཡེ་ཤེས་ཏེ། དབང་པོ་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བའི་ཕྱིར་རོ།། དེ་བརྟག་པ་གཉིས་པའི་རྒྱུད་དུ ་གསུངས་པ། མཆོག་ཏུ་དགའ་བ་ཐོབ་ན་ནི།། སྣ་ཚོགས་སྤངས་པའི་སྐད་ཅིག་ལ་ཞེས་སོ།། འཆར་པའི་རིམ་པ་ཁོ་ནས་འདིའི་ཡང་དག་འཐོབ་རྟོགས་པར་བྱའོ།། དེའང་ལེའུ་དང་པོར་དཔྱད་ཟིན་ཏོ།། མཆོག་ཏུ་དགའ་བ་ཁ~ཾ ་ན་ལ་རྒྱུ་ཉིད་ཀྱིས་ཕྱག་འཚལ་ཏེ། དེ་ལ་ཞེས་པ་ལ་སོགས་པའོ།། གང་ཞིག་ཤར་བས་ནི་ལྷན་ཅིག་སྐྱེས་པ་གང་ཤར་བས་སོ།། འབྲས་བུ་ཉིད་ཀྱིས་ཕྱག་འཚལ་ཏེ། གང་ཡང་གོམས་པ་ལས་ངེས་པར་འབྱེད་པའི་ཆ་ལ་ཕན་པ་ལ་སོགས་པ ་རྟོགས་པའི་རིམ་གྱིས་མངོན་དགའ་སྟེ། ཀུན་ནས་མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཕུལ་དུ་བྱུང་བའི་ཡོན་ཏན་རིན་ཆེན་རྣམས་ཡང་དག་པར་འབྱོར་པ་ནི། རྒྱལ་བ་རྣམས་ཀྱི་ཉོན་མོངས་པའི་རྙོག་པ་མ་ལུས ་པ་དང་བྲལ་བའི་ཕྱིར་མཛེས་པ་ཀུན་ཏུ་བཟང་པོ་མཆོག་ཏུ་དགྱེས་པར་གནས་པའི་སྐུ་སྟེ་སྐུ་བཞི་པ་རྡོ་རྗེ་འཆང་མཁས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ། དེའི་བདག་ཉིད་དུ་རྣམ་པར་རྟོག་པའི་གཡེང་བ་མ་ལུས་པ ་སྤངས་པའི་ཕྱིར་སྦས་ཏེ། ཚིག་དང་བློའི་སྤྱོད་ཡུལ་ཅི་ཡང་མ་ཡིན་པའོ།། དེ་ཉིད་ཀྱི་ཕྱིར་འདི་རྟོགས་ནས། སྣ་ཚོགས་སྡེ་མ་ལ་སོགས་པ་རྣམས་མི་སྨྲ་བར་གྱུར་ནས་གནས་པར་འཆད་པར་འགྱུརརོ།། གཅིག་པུ་ནི་གཉི་སུ་མེད་པའི་མཆོག་ཏུ་དགའ ་བ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་ལྷག་མའི་གཉིད་དང་བྲལ་བའི་ཕྱིར་སད་པ་སྟེ། དེ་ལ་ཕྱག་འཚལོ།། དེ་ནས་ཚིགསུ་བཅད་པ་འདིས་ཤེས་རབ་ཡེ་ཤེས་དེ་ཉིད་ཁྱད་པར་བའི་ངོ་བོར་ཆུའི་རླབས་ཀྱི་ངོ་བོ་བཞིན་དུ་བྱུང་བ་ནི་དབང་བཞི་པ་ཞེས ་གསུང་སོ།། དེ་འདྲི་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞིའོ་ཞེས་པའོ་འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་བཅུ་བཞི་པ་རྫོག་སོ།། ། ཧེ་རུ་ཀ་དཔལ་དཔའ་བོའི་ལམ་ནི་རྣམ་པར་བཀྲལ་ལས་དགེ་བ་ཆེར་བྱུང ་བས། འཁོར་བའི་འཁྲུལ་མང་བཅད་ནས་འགྲོ་འདྲི་དེ་ཡིས་དཀྱིལ་འཁོར་དུ་ནི་འདུ་བར་ཤོག། བདག་ནི་ཐུབ་པ་འདི་ཡི་མཐའ་ཡས་སྤྱནི་ཡུན་རིང་རྣམ་པར་འཛིན་བྱེད་ཅིང་། སྲོག་རྨུགས་སོ་སོ་ལ་གཞོལ་ཆེ་བའི་དདེ་བ་སྤྲོས་པ་འཇིགས་པ་འཛིན་གྱུར་ཅིག། ་རྣམ་གནོན་ཚུལ་གྱིས་མཁས་པ་ནི། འཇིགས་པ་མེད་པས་གནང་རེག་ཚིག། དགའ་བ་སྐྱོང་གི་རྒྱལ་སྲིད་ལོ།། ཉི་ཤུ་ལྔ་ལ་འདི་བྱས་སོ།། སྲིད་གསུམ་རྣམ་རྒྱལ་ཕུན་ཚོགས་སྣ་གཞི་མ་ཉམས་སྐུ་ཅན་གྱིས།། འགྲོ་ལ་ཆུང་མིན་ཕན་བྱའི་ཆེད་དུ་བསགས་པ ་ཡི། མ་ག་དྷ་དག་སྲས་པོ་དཔལ་ལྡན་གནོད་སྦྱིན་སྐྱོང་གི་མཐུ།། བརྟན་པ་ཡོངས་འགྱུར་ཆད་དུ་ངེས་དོན་གཉེར་ལས་འདི་གཞུང་བྱས།། དགའ་བའི་བདེ་སྦྱིན་གཉིས་མེད་དམ་པའི་བཅུད་ཀྱི་རོལ་པ་ལས།། འཕྲུལ་པའི་ས་གཞི་རྡོ་རྗེ་བཙུན་མོ་ནི།། རྩེན་པ་ཤས ་རབ་དཔལ་འདིས་ཐུགས་པའི་ཚོགས་ཀྱིས་བཀོད་པ་བསྒྲིགས་པའི་ཐམ་སྐས་ཕྲེང་བ་གང་གི་གནས།། མ་བྱས་བྱས་དོན་དོན་གཉེར་ཡང་དག་རྟོག་པའི་སྟོབས་ཅན་དུ་ནི་རྒྱལ་མཛད་གྱུར་ཅིག་དེ་ཡིས་ཡང་།། ཁོ་བོས་བཀྲལ་བས་མཉམ་མེད་དགེ་བ་བདུད་རྩིས ་གང་བ་དོན་དུ་གཉེར་བྱའི་ཚིམ་པ་འབྱུང་གྱུར་ཅིག། ཚིགས་བཅད་བརྒྱ་ཕྲག་བཅུ་དྲུག་ནི།། རྐང་བཅད་འདི་ནི་བསྡོམས་པའི་ཚད།། མཁས་པ་རྣམས་ཀྱི་རྒྱན་ཆེད་འདིའི།། ཚད་བཞིན་སྙིང་ལ་དངོས་པོ་ཉིད།། ཅེས་པ་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི ་འགྲེལ་པ་མི་འཇིགས་པའི་གཞུང་འགྲེལ་གནས་བརྟན་མཁས་པ་ཨ་བྷཱ་ཡཱ་ཀ་ར་ཀུ་པ་ཏ་ཡིས་མཛད་པ་རྫོགསོ།། ། འདི་ནི་སྔོན་ལོ་ཙ་བ་མཁས་པ་ཞིག་གིས་བསྒྱུར་བ་ལ། བར་སྐབསུ་དཔེ་སྟོར་བས་མ་ཚང་བ་ལས། ་དབང་ལོ་ཙ་བ་དགེ་སློང་བློ་གྲོས་བརྟན་པས། སྤྱི་བོ་ལྟས་པ་མཁན་པོ་འཇམ་དཔལ་སེར་པོའི་གསུང་གི་བསྐུལ་ཏེ། ལེའུ་དང་པོར་དེར་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཞེས་པ་ནས། འོག་གི་ལམ་ནས་བྱུང་ཞེས་པའི་བར་དང་། ལྷའི་སྐུ་སྒོམ ་པ་ཁོ་ན་གསུངས་ཏེ། གང་གསུངས་པ་ཞེས་པ་ནས་བརྟན་པ་ས་གཞི་ལ་སོགས་པ་རྣམས་དང་གཡོ་བ་ཅེས་པའི་བར་དང་། ལེའུ་གསུམ་པའི་མཇུག་ཧེ་རུ་ཀའི་གཟུགསསུ་བསྒོམ་པ་རྫོགས་པས་ཞེས་པ་ནས་ལེའུ་བཞི་པའི་ཐ་མལ་ནི་འདིར་མ་རིག་པ་སྟེ ་དེས་ཞེས་པའི་བར་དང་། ལེའུ་བཅུ་གསུམ་པའི་དབུའི་དེ་ཁོ་ན་ཉིད་ནི་ཐམས་ཅད་ལ་ཞེས་པ་ནས་ལེའུ་བཅུ་བཞི་པའི་མཇུག་ན་གང་ཞིག་ཤར་བས་ནི་ཞེས་པའི་བར་དང་། སྲིད་གསུམ་རྣམ་རྒྱལ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་རྣམས་ཧོར་ཀོང ་བས་བས་ཤིང་ལྷག་མ་རྣམས་ལ་ཞུ་ཆེན་བགྱིས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། འདིས་འགྲོ་བ་ཐམས་ཅད་ལ་ཕན་པར་ཤོག། འདིའི་འགྱུར་སྔ་མ་ནི་ལོ་ཙ་བ་ཆེན་པོ་དིང་རི་ཆོས་གྲགས་ཞེས་བྱ་བ་ཡིན་ཞེས་ཐོས་སོ།། ་