| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བུད་དྷ་ཀ་པཱ་ལ་ཏནྟ་ཏཏྟྭ་པཉྩི་ཙིནྡྲ་ཀ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལོ།། དངོས་པོ་ཀུན་གྱི་རང་བཞིན་ཏེ། ་ལྡན་ཅིག་སྐྱེས་པའི་རང་བཞིན་དང་། ཚིག་དང་བྲལ་བ་སྒྲ་བརྙན་འདྲ། རྡོ་རྗེ་སེམས་དཔའདྲེ་ལ་འདུད།། ཤིན་ཏུ་ཟབ་པའི་རང་བཞིན་རྒྱན།། སངས་རྒྱས་ཐོད་པའི་རྒྱུད་ཀྱི་ནི།། ཀུན་ནུས་བསྡུས་པའི་ཚིག་རྣམས་ཀྱིས།། ཇི་ལྟར་དྲན་པ་རྣམ་པ་བཤད།། ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སྩོགས་པ་ལ་བདག་གིས་ཐོས་པ་ནི་བདག་གིས་འདི་སྐད་ཐོས་པ་སྟེ། དཀྱིལ་འཁོར་ཆེན་པོ་འདུས་པའི་དུས་སུ་བཅོམ་ལྡན་འདས་ཀྱིས་པ་ཤད་པ་ཕྱག་ན་རྡོ་རྗེས་ཐོད་པ་ལ་བྱའོ།། དུས་ཇི་ཙམ་ཞེ་ན། དུས ་གཅིག་ཏུ་སྟེ། དུས་ཞེས་བྱ་བ་ནི་དུས་ཚོད་དོ།། དུས་གཅིག་ཅེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པའི་དུས་ཏེ། གང་གི་དུས་ན་བདག་གིས་ཡིད་བསམ་པ་གཞན་དག་ཏུ་ཡེངས་པར་མ་གྱུར་པསོ་ཞུས་པའི་བྱ་བའི་དོན་ཏོ།། དུས་ཞེས་བྱ་བ་ནི་འཁོར་བ ་ན་རྣམ་པ་གསུམ་ཡིན་ཏོ་བདེ་བའི་དུས་དང་། སྡུག་བསྔལ་བའི་དུས་དང་། བསམ་དུ་མོད་པའི་དུས་སོ།། དེ་ལུས་རབ་ཏུ་སྡུག་བསྔལ་བར་མངོན་དུ་གྱུར་པའི་གནས་སྐབས་ན་གང་ཅུང་ཞིག་ཐོས་ཤིང་གློ་བ་དེ་ཕྱིས་ཇི་བཞོན་པ་དེ་དྲན་པར ་འགྱུར་ན་མ་ཡིན་པ་དེ་ཁོ་ན་སྟེ་ཡིད་སྡུག་བསྔལ་བར་མངོན་དུ་གྱུར་པ་ཕྱི་འོ།། ཙྪ་ཙུ་ལས་རྫུ་ག་ན་མ་ཤྱེ་གཞན་ངག་ཇི་ལྟར་དྲན་པར་འགྱུར་བ་ཡིན་ཏེ་མ་ཡིན་ནོ།། དེའི་ཕྱིར་ན་དེ་དག་གཉི་པོའི་གནོས་སྐབས་དང་། གང་རྣམ ་པར་བྲལ་བའི་སྐད་ཅིག་མ་དེ་མ་ཐག་པའི་གཞན་པ་དེ་ཉིད་ལ་ཇི་ལྟ་བའི་རྟོགས་པའི་དྲན་པ་སྐྱེ་བའོ།། དེ་ཉིད་དུས་གཅིག་ཅེས་པ་བསམ་པ་གཉིས་པོ་དག་མེད་པའི་དུས་ཏེ། དོན་གྱི་དངོས་པོ་ཐམས་ཅད་དུ་འགྲོ་བའི ་སེམས་དང་། རྣམ་པར་བྲལ་བའི་སྡུད་པ་པོ་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེའི་རང་བཞིན་འདི་སྐད་དུ་བདུག་སྨྲའོ།། ཞེས་སྡུད་པར་བྱེད་པའི་དགོངས་པའོ།། འོ་ན་སེམས་བསམ་པ་ཐམས་ཅད་དང་རྣམ་པར་བྲལ ་བའི་དུས་གང་ཞིག་ཅེ་ན། ཐོས་པ་ལ་སོགས་པའི་མཚན་ཉིད་ཡང་དག་པར་རིག་པར་གྱུར་པ་དེ་མ་འོངས་པའི་དུས་ན་དྲན་པ་སྐྱེ་བའི་གནས་སྐབསུ་ཇི་ལྟར་འགྱུར། ཇི་སྲིད་དུ་དྲན་པ་ཞེས་བྱ་བ་ནི་བསམ་པའི་ཆོས་ཡིན་པས་བསམ་པ ་མེད་པའི་དྲན་པ་སྐྱེ་བར་སྲིད་པ་མ་ཡིན་ནོ།། དེའི་ཕྱིར་ན་དུས་གཅིག་ན་ཞེས་པ་བསམ་གྱིས་མི་ཁྱབ་པའི་དུས་སུ་ཇི་ལྟར་འཐུང་ཅེ་ན། འདི་ལ་བརྗོད་པར་བྱ་སྟེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལས་བཟུང་བར་བྱེ། ་བསྡུ་དུས་གང་ཞིག་ཏུ་ངེས་པར་རབ་ཏུ་གནས་པའི་དངོས་པོ་ལ་ཡིད་འདུ་བྱེད་པ་ལས་མ་གཏོགས་པའི་གཞན་ཚིག་དང་དོན་རྣམས་ལ་བསམ་པ་མེད་པ་ཡིན་ནོ།། དེ་ལྟར་དངོས་པོའི་དོན་རྣམས་ངེས་པ་གང་ཡིན་པ་ལ་ཡིད་ནན ་ཏན་དུ་གྱུར་པ་གང་ན། དངོས་པོའི་དོན་མང་པོ་རྣམསུ་གནས་གང་གི་ཚེ་ཡང་དེར་གནས་པར་གྱུར་པ་དེའི་ཚེ་དངོས་པོ་གཅིག་པུར་ཇི་ལྟར་གྱུར་པའི་ཡང་དག་པར་རིག་ཅིང་དྲན་པ་སྐྱེ་བ་མ་ཡིན་ནོ།། དེའི་ཕྱིར་ན་བསམ་གྱིས་མི ་ཁྱབ་པའི་དུས་ནི་ངེས་པའི་དངོས་པོ་ངེས་པར་ཡོངསུ་འཛིན་པའི་དུས་ཀྱི་ཡིད་ལ་གཟུང་གི་བསམ་གྱིས་མི་ཁྱབ་པ་དོན་དམ་པ་ལ་དགོངས་པ་ནི་མ་ཡིན་ཏེ། གང་དེའི་དུས་ན་ནི་གཟུང་བ་དང་འཛིན་པ་ལ་སོགས་པར་རིག་པ་ཐམས་ཅད་རབ་ཏུ ་ཞིག་པ་དང་། དེ་ལ་རང་དང་གཞན་དུ་ཡང་དག་པར་རིག་པ་དང་རབ་ཏུ་བྲལ་བའི་ཕྱིར་ན་དྲན་པ་ལ་སོགས་པ་ཡང་དག་པར་འབྱུང་བར་འགྱུར་བ་ཇི་ལྟ་བུ་ཞིག། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་རང་བཞིན་གྱི་ཡི་གེ་ལམ་གི་དཀྱིལ་འཁོར་ཆེན་པོའི་དབུས་ཞེས་པ་འབྱུང་བ་ཆེན་པོའི་དཀྱིལ་འཁོར་གྱི་དབུསུ་བཅོམ་ལྡན་འདས་བཞུགས་ཏེ། འདི་དག་བཤད ་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལྔ་སོགས་པ་ནི་དེ་དག་དང་ལྷན་ཅིག་སྡུད་པ་པོ་བདག་གིས་མངོན་སུམ་དུ་ཐོས་པ་དེ་བརྗོད་པར་བྱས་ན། དེ་དག་དང་ལྷན་ཅིག་པའི་དུས་སུ་ཙི་ཡང་རུང་བ་འགའ་ཞིག ་བརྗོད་པ་ན་འཇིག་རྟེན་པ་རྣམས་བདེན་པ་དང་ཡིད་ཅེས་པ་ཡིན་ནོ།། དེས་ན་དེའི་འཁོར་ན་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་དང་། དེ་བཞིན་དུ་མཱ~ཾ་མ་ཀཱི་ལ་སོགས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱང་བཞུགས་ཤིང ་དེ་བཞིན་དུ་འཕགས་པ་ཀུན་དགའ་བོ་ལ་སོགས་པ་དེ་དག་དཀྱིལ་འཁོར་ན་བཞུགས་པ་ཡིན་ནོ།། དེ་ལ་འཕགས་པ་ཞེས་བྱ་བ་སྡིག་པ་ལས་འཕགས་པས་ན་འཕགས་པ་སྟེ། སྡིག་པོ་མི་དགེ་བ་རྣམས་ཚར་བནང་ངོ་།། ་ཅེས་པ་ཇི་སྲིད་པའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཕྱག་བརྒྱད་ཅུ་དང་། ཐབས་གཅིག་ཏུ་བཞུགས་པ་ན། དེ་ལ་སངས་རྒྱས ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་སྐད་དུ་བཤད་པ་དེ་དག་གི་སེམས་རྩེ་གཅིག་པས་རྟོགས་པར་བྱས་པ་དེ་དག་ཉིད་བདག་གིས་བརྗོད་པར་བྱའོ་ཞེས་པའོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ལ ་གང་གི་སེམས་སེམས་པ་དེ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའོ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་དུས་ཇི་ཙམ་ཞིག་ཏུ་བཀའ་སྩལ་པ་དེ་བརྗོད་པ། དེ་ནས་ཞེས་བྱ་བ་ལ་སྩོགས ་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པར་རོ།། བཅོམ་ལྡན་འདས་ནི་འབྲས་བུའི་རྡོ་རྗེ་འཛིན་པ་ཆེན་པོའོ།། རྡོ་རྗེའི་གོ་འཕངས་ཆེན་པོས་ཤེས་པར་བྱ་བ་ནི་རོལ་རྩེད་མཛུད་པའོ།། བཤད་པས་ཞེས་བྱ་བ་ནི་དེ་ལྟ ་བུར་རོ།། གང་ལྟ་བུར་ཞེ་ན། བརྫུན་མོའི་བྷ་གར་ཡོངསུ་ཞུ་བར་གྱུར་ཏོ་ཞེས་བྱ་བའི་དོན་འདིའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་སུསྲྀ་རྡོ་རྗེ་བཙུན་མོའི་བྷ་གར་མཆོག་ཏུ་བདེ་བའི་གོ་འཕང་ལ ་གནས་པ་ན་བཅོམ་ལྡན་འདས་དེར་བཞུགས་པ་ཞེས་བྱའོ།། བྷ་ག་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡོངསུ་འཇོམས་པའི་གནས་ཡིན་པས་ནའོ།། མཆོག་ཏུ་དགའ་བའི་རོ་ཁང་དུ་ཆུད་པར ་བྱེད་པའི་ཕྱིར་ན་དེ་བཞིན་གཤེགས་པ་རྣམས་ཉིད་བཙུན་མོའི་རང་བཞིན་དུ་གནས་པ་ཡིན་ནོ།། ཡུལ་གྱི་བགུ་ཆགས་ཀྱིས་སེམས་ཅན་རྣམས་ཀྱི་སེམས་ཡོངས་ཉོན་མོངས་པརུ་གནས་པ་དག་རྗེསུ་བཟུང་བའི་དོན་དུ། གསང་སྔགས་ཀྱི ་ཚུལ་འདི་དག་བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་ཡང་བསྟན་པ་ཡིན་ནོ།། དེའི་ཕྱིར་ན་བཙུན་མོའི་བྷ་གའི་ངོ་བོར་རྣམ་པར་འཕྲུལ་བར་མཛད་པ་ནི། འདོད་ཆགས་ཆེན་པོའི་རྗེསུ་ཞུགས་པ་ཉིད་ཀྱིས་ཡུལ་ལ་ཆགས་པས་བསྲེགས ་པའི་སེམས་ཅན་དེ་རྣམས་ཡང་དག་པར་གདོན་པར་བྱ་བའི་ཕྱིར་འདི་ཉིད་མཆོག་ཏུ་བསྟན་ཏོ་ཞེས་བྱའོ།། དེའི་ཕྱིར་ན་ཡུལ་དེ་རྣམས་ཀྱི་མཆོག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག ་བར་མི་བྱ་སྟེ། དེ་རྣམས་ལ་མོས་པ་དང་བྲལ་བ་ནི། དགེ་བྱ་མོ་ཡིན་པའི་ཕྱིར་དང་། དེ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་མཆོག་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ནའོ།། དེའི་ཕྱིར་ནོ་གང་གི་ཡུལ་རྣམས་རང་བཞིན་ཉིད་ཀྱིས ་རྗེསུ་འབྲེལ་བཱའི་སེམས་ཅན་རྣམས་ལ་དེ་ཉིད་ཀྱི་ཆོས་སྟོནྡ་པཱར། བཅོམ་ལྡན་འདས་ཀྱང་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ། ཡང་ན་ཡུལ་རྣམས་ཉིད་ནི་འཁོར་བའི་རྒྱུ་ཉིད་ཡིན་ནོ།། དེའི་ཕྱིར་ན། འདི་རྣམས་ཀྱི་དེ་ཁོ་ན་ཉིད་རང ་བཞིན་གྱི་རོ་ཡོངསུ་ཤེས་ན་ཡང་དེ་ཡོད་པའི་ཤེས་པའི་ཕྱིར་ན། དེ་མྱ་ངན་ལས་འདས་པའི་ཡང་རྒྱུ་ཡིན་ནོ།། དེའི་ཕྱིར་ན་ཡང་། དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བར་ཉམ་སུ་མྱོང་བར་བྱས་ན་ཞེས་སོ།། དེ་སྐད་དུ་ཡང་སྲིད་པ་ཉིད ་ནི་ཡོངས་ཤེས་ན། མྱ་ངན་ལས་འདས་པ་ཞེས་བྱར་བརྗོད་ཅེས་སོ།། གང་དང་གང་ཉིད་བཅིངས་པར་འབྱུང་བྱ། དེ་དང་དེ་ཡང་བདེ་བ་ཆེན་པོར་འབྱུང་བ་སྟེ། དཔེར་ན་མེ་ཡིས་ཚིག་བློ་ལ་བསྒོས་པ་ཉིད་སྨན་གྱི ་མཆོག་ཡིན་གྱི་གཞན་ནི་མ་ཡིན་ནོ།། དེ་བཞིན་དུ་ཡུལ་རྣམས་བརྟེན་པས་ཚིག་པོའི་སེམས་ཅན་འདི་རྣམས་ཀྱང་ཡུལ་རྣམས་ལ། རོ་མྱང་བ་བོར་ནས་བྱང་ཆུབ་ཆེན་པོ་ལ་རབ་ཏུ་གནས་པར་ནུས་པ་ཡིན་ནོ།། དེ་ཉིད་ཀྱིས་ན་བཙུན་མོ ་བྷ་གྲ་ལ་མཆོག་ཏུ་མྱ་ངན་ལས་འདས་པར་གྱུར་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་པའི་བཅོམ་ལྡན་འདས་ལ་བལྟ། ་བ་སྟེ། གང་ཞིག་བདུན་པ་ཡིན་པ་དེ་བཞིན་ན་ཡང་དྲུག་པ་ཉིད་དུ་བལྟ་བ་ཡིན་ཏེ། དྲུག་པ་དང་བདུན་པ་དག་པ་ནི་གནས་སྐབས་འགར།། དབྱེར་མེད་པ་ཡིན་པས་སོ།། ཡོངསུ་ཞུ་བའི་རྒྱུ་གསུངས་པ། རྡོ་རྗེ་དང་པདྨ་ཞེས་བྱ་བ་ལ ་སོགས་པ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་བཙུན་མོའི་བྷ་ག་དེར་བཅོམ་ལྡན་འདས་ཞུ་ནས་བཞུགས་པ་ཡིན་ནོ།། ཞུ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གནས་སྐབསུ་གནས་པ་ཙམ་མོ།། དེ་ལྟ་བུར་བཅོམ་ལྡན་འདས་བདེ་བ ་ཆེན་པོའི་ངོ་བོར་སྙོམས་པར་ཞུགས་པར་ཡོངསུ་སྣང་བ་ན་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ངོ་མཚར་རྨད་དུ་གྱུར་པ་ཡིན་པར་བལྟའོ།། དེ་མྱ་ངན་ལས་འདས་པ་མཐོང་སྟེ། ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས ་དཔའ་ལ་སོགས་པ་རྣམས་དམ་པ་སྐྱེས་པར་གྱུར་ན་ནི་དེ་ཁོ་ན་ཉིད་ཀྱི་མཆོག་ཏུ་གསལ་བར་རབ་ཏུ་འབྱེད་པར་མཛད་པས་སོ།། གཅིག་ལ་གཅིག་བགྲོས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འདི་མཆོག་གི་ཆོས་ཇི་འདྲ་བ་ཞིག་སྟོན་ཞིག ་གུ་ཞེས་པའོ།། དེ་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ངོ་མཚར་གྱི་རྣམ་པར་གྱུར་པཱར་སྣང་བ་ན་ཕྱག་ན་རྡོ་རྗེ་ཆོས་ཉིད་རབ་ཏུ་གསལ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཡུམ་རྣལ་འབྱོར་མི་རི་མོ་ཅན་གྱི་སྡེ་ལ ་ཞུས་པའི། ཚིག་ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་བསྒྲལ་བར་བྱ་བའི་ཕྱིར། ཤིན་ཏུ་མཆོག་ཏུ་གྱུར་པའི། ཐབས་གཞན་འགའ་ཞིག་ཡོད་དེ། དེ་བས་ན་བཅོམ་ལྡན་འདས་དེ་ལྟ་བུའི། ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས་གནསོ།། ཐབས་གཞན་པ་གང་གིས་སེམས་ཅན་བསོད་ནམས་དམན་པ་རྣམས་ཀྱང་མཐུ་དང་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའི་དོན་དུ་དེ་ལྟ་བུ་འདི་བཅོམ་ལྡན་འདས་ཀྱི། ཁྱད་པར་ཅན་གྱི་རྒྱུད་གཞན་དག ་དང་། གཞན་ནའང་འཆང་བར་མཛད་པ་ཡིན་ནོ།། འོ་ན་རྣལ་འབྱོར་པའི་རྒྱུད་རྣམས་དང་། རྣལ་འབྱོར་མའི་རྒྱུད་རྣམས་དང་།། ཕ་རོལ་ཏུ་ཕྱིན་པའི་ཚུལ་རྣམས།། ཅི་བཅོམ་ལྡན་འདས་ཀྱིས་མ་བསྟན་ནམ།། འདི་དག་གི་དེ་ཁོ་ན་ཉིད ་ཡོངསུ་ཤེས་པ་ལས་སེམས་ཅན་རྣམས་དངོས་གྲུབ་དང་། རྫུ་འཕྲུལ་ཐོབ་པར་མི་འགྱུར་ཅིང་།། གང་ཡང་གཞན་ལས་ཁྱད་པར་དུ་འོདི་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཆེན་པོར་འགྱུར་བར་སྟོན་ཅིང་འཆང་ཅེ་ན། འདི་ལ་གསུངས ་པ་རྣལ་འབྱོར་མའི་རྒྱུད་ཉིད་བྱེ་བ་ཕྲག་དྲུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ནི་གྲུང་ཡང་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་པའི་རྒྱུད་ལ་སོགས་པ་མང་པོ་གཞན་དག་བསྟན་པ་དེར་ཡང་དངོས་གྲུབ ་དང་རྫུ་འཕྲུལ་རྣམས་བསྟན་ཅིང་བརྗོད་པ་ཉིད་དོ།། གཞན་ཡང་གང་དེ་རྣམས་ཀྱི་སྔགས་རྣམས་གསུངས་པ་གང་ཡིན་པ་དག་ཀྱང་དངོས་གྲུབ་རྣམས་སྩོལ་བ་ཡིན།། དེ་ལྟར་བཤད་མོད་ཀྱི་ཡང་བཤད་པའི་དེ་ཁོ་ན་ཉིད་ལས་ཁྱད་པར ་ཉིད་ནི་དྲི་རྣམསུ་ཇི་སྲིད་པའི་སྔགས་རྣམས་གསུངས་པ་ལས་དེ་རྣམས་ཁ་ཅིག་ཏུ་ནི་འབུམ་བཟླས་པས་སོ།། ཁ་ཅིག་ཏུ་ནི་བྱེ་བ་བཟླས་པས་སོ།། ལ་ལར་ནི་འབུམ་ཕྲག་ལྔ་དང་བཅུ་བཟླས་པས་དངོས་གྲུབ་ཀྱི་ཆར་འགྱུར་རོ་ཞེས་པ ་སྟེ། དེས་རྒྱུས་གཞན་པ་དེ་རྣམསུ་སེམས་ཅན་རྣམས་ཉོན་མོངས་པར་འགྱུར་བ་ཡིན་ལ། ཡང་འདིར་ནི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་འདི་བཀླགས་པ་ཙམ་གྱིས་དངོས་གྲུབ་ཏུ་འགྱུར་བ་ཡིན་ན་ནི། གང་གིས་འདིར་སྔགས་རྣམས ་ཐམས་ཅད་བཀླགས་པས་འགྲུབ་པར་འགྱུར་རོ།། ཞེས་པ་འདིའི་དགོངས་པ་ནི་འདི་ལྟ་སྟེ། རྒྱུད་ཀྱི་ཡང་དང་པོར་ནི་སྔགས་རྣམས་གཙོ་བོ་ཡིན་ཏེ་དངོས་གྲུབ་ནུས་མཐུ་རྣམསུ་བྱེད་པ་ནི་སྔགས་རྣམས་ཀྱི་ཡིན་པའི་ཕྱིར་ནའོ།། ། ་དེའི་ཕྱིར་སྔགས་རྣམས་དངོས་གྲུབ་མྱུར་དུ་སྟེར་བ་ཡིན་པའི་ཕྱིར་ན། རྒྱུད་གཞན་པ་དེ་རྣམས་ཀྱང་མཆོག་ཏུ་བླང་བར་བྱ་བ་ཡིན་ནོ།། དེ་ཉིད་ཀྱང་རྒྱུད་ཁ་ཅིག་ལས་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། དེ་ཉིད་ནི་བྱེ་བར་བཟླས་པ ་ཞེས་བྱ་བ་ལ་སོགས་པ་རྒྱུ་ཡིན་པར་གསུང་སོ།། སེམས་ཅན་བསོད་ནམས་དམན་པ་ཅེས་བྱ་བ་ལ་སོགས་པ་ལ་བསོད་ནམས་དམན་པས་ནི་བྱེ་བར་བཟླས་སོ་ཞེས་བྱ་བར་ཉེ་བར་གན་སོ།། བརྩོན་འགྲུས་ཆུང་བ་རྣམས་ལ་ནི་འབུམ་དུ་བཟླ་སོ།། ་བསོད་ནམས་ཀྱི་སྣོད་ཅན་བསྒོམ་པ་ལ་འབད་པ་ལ་ནི་ཁྲི་ཕྲག་གཅིག་གིས་སོ།། ད་ནི་འདི་རྒྱུད་གཞན་རྣམས་ལས་ཇི་ལྟ་བ་བཞིན་དུ་ཁྱད་པར་དུ་གྱུར་པ་དེ་ཉིད་རབ་ཏུ་གསལ་བར་བྱ་བའི་ཕྱིར་སེམས་ཅན་འདོད་ཆགས་ཀྱིས་བཅིངས ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདོད་ཆགས་ཀྱིས་བཅིངས་པ་རྣམས་ཀྱི་སེམས་ནི་སྔགས་ཟློས་པར་བྱུད་ནུས་པ་མ་ཡིན་ཏེ། ཤིན་ཏུ་འདོད་ཆགས་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ།། དེ་བཞིན་དུ་སེམས་ཅན་འོན་པ་དང ་ལྐུགས་པའི་རིགས་རྣམས་ཀྱི་ཡང་སྔགས་ཀྱི་བཟླས་པ་བྱེད་པའི་ནུས་པ་མེད་པ་ཉིད་དེ། དེ་རྣམས་ལ་ཡི་གེ་གསལ་པོར་བརྗོད་པ་དང་། གྲངས་ངེས་པར་བཞག་པ་མེད་པའི་ཕྱིར་ནའོ།། སྔགས་བརྗོད་ལུགས་ནི་ཤིན་ཏུ་མྱུར་བ་མ ་ཡོན། ཤིན་ཏུ་ངལ་བ་མ་ཡིན། ཤིན་ཏུ་ཐུང་བ་མ་ཡིན། ཤིན་ཏུ་རཱི་བ་ཡཱི་མ་ཡིན། བྱར་སྔགས་བཟླས་པ་ཅུང་ཁྲིག་ཟོས་པ་ཙམ་དུ་བརྗོད་པར་གསུངས་སོ།། དེ་བཞིན་དུ་ཡང་ཤིན་ཏུ་ཡང་སེམས་ཐིམས་པར་གྱུར་ན། ཡིད་ཀྱིས་ཀྱང་སྡུག ་ཀྱིས་ཀྱང་བཟླས་པ་བྱ་བ་མ་ཡིན་ནོ།། དེ་ལྟར་ན་ཡང་ཇི་ལྟར་ཕན་ཚུན་འདུས་ཤིང་ཚོགས་པ་ནི་ཟློས་པ་དང་། དེ་བཞིན་དུ་ཡང་སེམས་སྐྱོ་ཞིང་ཞུམ་པས་དེར་བཟླས་པར་ནི་བསྐལ་པ་བྱེ་བ་བརྒྱར་བཟླས་པ་བྱེ་བ་ཕྲག་བརྒྱ་བྱས་ཀྱང་འགྲུས ་པར་འགྱུར་བ་མ་ཡིན་ཏེ། གུས་པའི་སེམས་དང་། རྩེ་གཅིག་པའི་སེམས་མེད་པའི་ཕྱིར་ནའོ།། དེའི་ཕྱིར་ན་རྒྱུད་གང་རྣམས་སུ་བྱེ་བར་བཟླས་པ་ལ་སོགས་པའི་འགྲུབ་པར་གསུངས་པ་དེ་རྣམས་དེ་རྣམས་འགྲུབ ་པར་ཇི་ལྟར་འགྱུར། འོན་པ་ལ་སོགས་པ་རྒྱུད་འདིར་ནི་སྔགས་ལན་ཅིག་བཟླས་པ་ཙམ་གྱིས་ཀྱང་དངོས་གྲུབ་ཏུ་འགྱུར་བའོ།། དེ་ནས་གང་ཡང་འདོད་ཆགས་ཀྱི་ཤིན་ཏུ་བཅིངས་པ་ཡང་ངག་སྔགས་མང་དུ་བཟླས་པ་ལ་མངོན་པར་སྤྲོ་བ་མེད ་པ་རྣམས་ཀྱང་འགྲུབ་པར་འགྱུར་བ་ཡང་། དེ་བཞིན་དུ་སྔགས་གསལ་པོར་བརྗོད་པ་ལ་སོགས་པ་འདིར་ནི་རྒྱུ་ཡིན་པ་ལས་འདྲིས་ནི་ལྐུགས་པ་ལྔ་སོགས་པ་ཡང་དངོས་གྲུབ་ཀྱི་སྣོད་དུ་འགྱུར་བ་དང་། སྔགས་རྣམས་མེད་ཀྱང་སྒོམ་པ་དང་། ་རབ་ཏུ་སྦྱོར་བ་ཙམ་ལས་ཀྱང་འདིར་དངོས་གྲུབ་ཀྱི་སྣོད་དུ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ནུས་པ་མེད་པ་དང་། འདོད་པ་མེད་པཱ་དེ་རྣམས་ཀྱིས་ཀྱང་སྔགས་བཟླས་ན་ཐམས་ཅད་འགྲུབ་བོ།། གཞན་ཡང་དམན་པའི་སེམས་དང་ལྡན ་པ་ལ་སོགས་པ་ཡང་འདིར་དངོས་གྲུབ་ཀྱི་རྒྱུའི་དངོས་པོ་ཡིན་ནོ།། དེས་ན་སེམས་ཅན་གྱི་ཕུང་པོ་ཐམས་ཅད་ཡང་དག་པར་སྨྲ་བའི་ཕྱིར། རྒྱུད་གཞན་རྣམས་ལས་སངས་རྒྱས་ཐོད་པའི་རྒྱུད་འདི་ཕུལ་དུ་བྱུང་བ་ཡིན་ནོ།། འོ་ན་ནི་བཅོམ ་ལྡན་འདས་ཀྱིས་རྒྱུད་གཞན་དང་གཞན་རྣམས་ཡང་དག་པར་གསུངས་པ་མ་ཡིན་ཏེ། ཇི་སྲིད་དུ་རྒྱུད་འདིར་སེམས་ཅན་ཐམས་ཅད་མཆོག་ཏུ་ཡང་དག་པར་བསྡུས་ནས་དངོས་གྲུབ་མྱུར་བར། འགྱུར་བར་བརྗོད་པ་དེའི་ཕྱིར་ན།། ་རྒྱུད་གཞན་པ་རྣམས་ཡང་དག་པར་མ་ཡིན་པར་རབ་ཏུ་གསལ་བར་འགྱུར་རོ།། ཞེ་ན། དེ་ནི་མ་ཡིན་ཏེ་རྒྱུད་དེ་རྣམས་ཡང་དག་པར་མ་ཡིན་པར་གནས་པ་ནི་མ་ཡིན་ཏེ། དེ་འདྲ་བའི་དེ་ཁོ་ན་ཉིད་རྣམས་བསྟན་པ་ནི་སྣོང་དུ་གྱུར་པའི་སེམས ་ཅན་རྣམས་ལ་རྒྱུད་དེ་རྣམས་བསྟན་པའི་ཕྱིར་རོ།། གང་ཞིག་སངས་རྒྱས་ཐོད་པའི་རྒྱུད་ཀྱི་མཚན་ཉིད་བསྟན་པའི་སྣོད་ཀྱི་སེམས་ཅན་དེ་རྣམས་ལ་ཡང་འདི་ཉིད་བསྟན་པའི་ཕྱིར་ཏེ། སེམས་ཅན་དེ་དག་ཐམས་ཅིད་ནི། བསྟན་པ་ཐམས ་ཅད་ཀྱི་སྣོད་དུ་སྐྱེ་བ་མ་ཡིན་པས་དམུན་པ་དང་འབྲིང་དང་མཆོག་གི་རིམ་པས་སེམས་ཀྱི་བྱེ་བྲག་ལས་ལྷག་པའི་བསོད་ནམས་དང་བསོད་ནམས་མེད་པའི་ཁྱད་པར་ལུས་སོ།། ཕྱག་ན་རྡོ་རྗེའི་ཚིགས་དེ་དག་ཉིད་ཐོས་ནས་རྣལ་འབྱོར ་མུམ་རི་མོ་ཅན་གྱི་སྡེ་བདག་ཉིད་སྔགས་ཀྱི་དོན་དེ་ཉིད་ཉམསུ་མྱོང་བར་འདོད་ནས་བཅོམ་ལྡན་འདས་ཀྱི་ཞལ་དུ་རེག་པ་དང་བཅས་པས་བལྟ་ཞིང་བཞུགས་པ་དེ་ཉིད་སྟོན་པ་དེ་སྐད་དུ་ཐོས་རྣལ་འབྱོར་མ་རི་མོ་ཅན་གྱི་སྡེས་ཞེས་བྱ་བ་ལ ་སྩོགས་པ་གསུངས་པ་ལ། ཆགས་པའི་ལྟ་བ་ནི་བཅོམ་ལྡན་འདས་ལ་རྗེསུ་ཆགས་པས་མཆོད་པ་མཛད་པ་ཡིན་ནོ།། མཆོད་པ་དེ་བྱས་ནས་ཇི་ལྟར་རེ་བའི་དོན་འགྲུབ་པར་འདོད་པའོ།། འཇིགས་མུ་ཤིན་ཏུ་གཤེ་ནས་ཞེས་བྱ་བ ་ནི་དེ་ལྟ་བུའི་ཆོས་མཆོག་གི་དངོས་གྲུབ་སྩོལ་བའི་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་དེ་བཅོམ་ལྡན་འདས་ཀྱིས་གསལ་པོར་མ་མཛོད་པ་ལ་གཤེ་བ་སྟེ། བཅོམ་ལྡན་འདས་ཡུམ་དེ་སེམས་ཅན་གྱི་དོན་ཉིད་ལ་གཤེ་བ་ཕུན་སུ ་ཚོགས་མའོ།། དེ་ཡང་འཁོར་བའི་སྡུག་བསྔལ་ལས་ཡོངསུ་བསྒྲལ་བའི་ཕྱིར་མཆོག་གི་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་བསྟན་པས་སེམས་ཅན་འདི་དག་མྱུར་དུ་དངོས་གྲུབ་ཐོབ་པར་ནུས ་འགྱུར་བར་བྱ་བ་ལའོ།། འོ་ནྡ་ནི་བཅོམ་ལྡན་འདས་ཡུམ་དེ་ཉིད་རང་གིས་ཅི་དེ་ལྟ་བུའི་དེ་ཁོ་ན་ཉིད་མི་མཁྱེན་ནམ། གང་གིས་ན་བཅོམ་ལྡན་འདས་ལ་ཞུ་བ་མཛད་པ་ཡིན་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། གང་གིས་ཡང་ངོམ ་པབའི་དོན་ནི་མཁྱེན་པ་མ་ཡིན་པ་དེ་ལྟ་མོད་ཀྱང་སེམས་ཅན་རྣམས་རྗེ་སུ་བཟུང་བར་བྱ་བའི་རྒྱུས་དེ་ལྟ་བུའི་དེ་ཁོ་ན་ཉིད་བསྟན་པའི་དོན་གྱི་སྤྱོད་པ་མཛད་པ་ཡིན་ནོ།། དེ་ལྟ་བུའི་དམ་ཚིག་གི་དབངོ་བོ་དམ་པ་རྣམས་ཀྱིས་རང ་བཞིན་དང་ལྷན་ཅིག་ཏུ་སྟོན་པར་འགྱུར་བ་ནི་ཤིན་ཏུའང་ཚད་མ་ཡིན་པར་འགྲོའོ།། དེ་ལྟ་བུའི་དམ་ཚིག་ཉིད་ནི་བཅོམ་ལྡན་འདས་ཀྱི་རྟོགས་པའི་དགོངས་པའི་དབུའི་ཟད་པ་ལས་སྔགས་འབྱུང་བ་ཡིན་པ་ཡིན་ནོ།། ་དེས་དེ་ལ་གཟིགས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་སྔགས་བསྟནྟ་ཏེ། ཨོཾ་བུད་དྷཱ། སིད་དྷི་ཞེས་བྱ་བཱ་ལ་སོགས་པཱ་སྟེ། སྔགས་དེ་ཉིད་ཀྱི་ནུས་མཐུ་སྐད་ཅིག་ཙམ་གྱིས་གསལ་བྱེད་པའོ།། དེ་ལྟ་བུའི་སྔ ་ཀྱིས་མཆོག་སོང་བས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུར་བྱུང་བ་ཙམ་གྱིས་སྔགས་ཀྱི་མཆོག་དེ་ཉིད་ཀྱིས་སའི་འོག་རིམ་པ་བདུན་ན་གནས་པའི་ཀླུ་ཐམས་ཅད་ཕྱེ་མར་བྱས་ནས་སླར་འོངས་ཏེ། བཅོམ་ལྡན ་འདས་རི་མོ་ཅན་གྱི་སྡེའི་ཞལ་ནས་ཞུགས་ནས་པདྨའི་ནང་ནས་བྱུང་སྟེ། སླར་ཡང་བཅོམ་ལྡན་འདས་ཉིད་ཀྱི་དབུའི་ཐོད་པར་ཞུགས་སོ།། དེ་ལྟ་བུའི་རིམ་པ་འདི་ནཱི་རྣལ་འབྱོར་པུས་ཀྱང་སྔགས་འདོན་པའི་དུས་སུ་ཡང་བྱ་བ་ཡིན་པར་བལྟ ་བར་བྱ་སྟེ། རང་གིས་ཁ་ནས་ཞུགས་ནས་རྡོ་རྗེའི་ལམ་ནས་འབྱུང་བར་འགྱུར་བའི་སྔགས་བཟླས་པའོ།། འོ་ན་ཡང་འདི་ལྟ་བུ་ཞིག་ཡིན། གང་ཡང་སྔགུས་འདི་རི་མོ་ཅན་གྱི་སྡེའི་ཞལ་ནས་ཞུགས་ནས་པདྨར་བྱུང་སྟེ།། ཞེས་བྱ་བ་ཇི་སྲིད ་པ་འོད་ལྟ་བུར་སུས་ཡང་དག་པར་རིག་པར་ཇི་ལྟར་འགྱུར་བ་དང་། གང་ཞིག་ཞལ་དུ་ཞུགས་ནས་པདྨའི་ནང་དུ་ངེས་པར་འགྲོ་བ་ཞེས་བྱ་བ་ནི་གང་གི་ཕྱིར་སྔགས་དེ་སྲིད་པ་ནི་སྒྲའི་བདག་ཉིད་ཡིན་ལ། སྒྲ་དེ་སྦྲིང་པ་ནི་ནཱི་བས་མཉན་པར ་བྱ་བ་ཡིན་པ་གླང་གི་ཚེ་སྣ་བའི་སྤྱོད་ཡུལ་དུ་སྐུ་དེ་དག་མ་སྐྱེས་ཏེ། འདི་ལྟར་ཐམས་ཅད་ཀྱི་བདག་ཉིད་ཁྱེར་རབ་ཏུ་ཞུགས་པའི་ཕྱིར་རོ།། དེའི་ཚེ་ཇི་ལྟར་ནི་བདག་གི་ཁར་རབ་ཏུ་ཞུགས་པ་དེ་རྣ་བ་ལ་གསལ་ན་ནི་དབང་པོ་གཞན་གྱིས་འ ་པས་དབང་པོའི་གཟུང་བའི་དབྱེ་བ་མེད་པར་འགྱུར་ཏེ། གང་གིས་ན་རྣ་བའི་གཟུང་བར་བྱ་བའི་སྔགས་རོ་ལྡན་གྱི་དབང་པོའི་གཟུང་བར་བྱ་བར་འགྱུར་ལ། དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་ཡང་རྣ་བའི་གཟུང་བར་བྱ་བར་གནས་སོ།། ་དེ་ལྟ་ན་ནི་དབང་པོའི་དབྱེ་བའི་ཚོགས་དོན་མེད་པར་འགྱུར་བ་ཡིན་ཏེ། དབང་པོ་གཅིག་གིས་སྣ་ཚོགས་པ་ཀུན་རྟོགས་པའི་ཕྱིར་རོ།། འདི་མི་རྟོགས་པ་དེ་ལྟ་ན་ནི་དེ་བཞིན་དུ་རྟོགས་པ་མིན་ནོ།། ཞེས་བྱ་བར་རིགས་ཀྱི་ཐམས་ཅད་རྣ ་བའི་རྟོགས་ན་ནཱི་ཧ་ཅང་ཐལ་བར་འགྱུར་རོ།། དེས་ན་རྣ་བས་རྟོགས་པར་བྱས་ཏེ་ཕྱིས་ཁཱར་ཞུགས་ནས་པདྨའི་ནང་དུ་བྱུང་ངོ་།། ཞེས་བྱ་བ་ལ་ནི་སུན་དབྱུང་བར་བྱ་བ་མེད་དོ་ཞེས་པ་དེ་དག་ཀྱང་བཟང་པོ་མ་ཡིན་ལ། ་གང་གི་ཚེ་དེ་སྲིད་པའི་སྔགས་ཀྱི་བདག་ཉིད་རྣ་བའི་སྤྱོད་ཡུལ་དུ་གྱུར་པ་དེའི་ཚེ་སྔགས་དེ་ཉིད་མཆོག་ཏུ་རྟོགས་པར་རིགས་ན་ཇི་ལྟར་ན་ཁྱད་པར་དུ་ཁར་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པར་རྟོགས་པར་དེའི་ཚེ་མི་རིགས་ཏེ་རྣ་བ་ཙམ་ལ ་མངོན་དུ་གནས་པའི་ཕྱིར་རོ།། གང་གི་ཚེ་ཁ་ལ་སོགས་པར་ཞུགས་པ་ཡིན་པ་དེའི་ཚེ་སྣ་བས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་དེ་ཇི་ལྟར་དེ་བཞིན་པར་རྟོགས། དེ་ནས་ཡང་རྣ་བས་གཟུང་བར་བྱ་བ་མ་ཡིན་ནའང་ཡིད་ཀྱིས་སྔགས ་ཀྱི་བདག་ཉིད་རང་རིག་པ་ཡིན་པར་གྱུར་པ་ཡིན་ཏེ། ཡིད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་འགའ་ཡང་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་ན་འདི་ཡང་མ་གྲུབ་པ་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་ཉིད་ནི་ཡིད་ཀྱི་ཡང ་དག་པར་རིགས་པར་བྱེད་པའི་ཕྱིརརོ།། སྔགས་འདི་དག་ནི་རྣ་བའི་དབང་པོའི་གཟུང་བར་བྱ་བ་ཡིན་ན་ཡིད་ཀྱིས་ཇི་ལྟར་རྟོགས་པར་བྱེད་པ་ཡིན་ཏེ། དེ་རྟོགས་ན་ནི་སྔོན་པོ་ལ་སོགས་པ་ཡང་དབང་པོ་གཞན་གྱིས་གཟུང་བར་བྱ་བ་ཡིན ་པར་འགྱུར་བས་དེ་རྣ་བའི་གཟུང་བར་བྱ་བར་ཡང་འགྱུར་རོ།། དེ་ལྟར་གྱུར་པ་ཡིན་ན་འོན་པ་ལ་སོགས་པས་ཀྱང་སྒྲ་ལ་སོགས་པ་རྣམས་འཛིན་པར་ཐལ་བར་འགྱུར་ཏེ། དེ་དག་ལ་ཡང་ཡིད་ཡོད་པའི་ཕྱིར་རོ།། དེ་ལྟར་ཡིན་ན་ནི་འོན ་པ་དང་ལོང་བ་ལ་སོགས་པ་མི་སྲིད་པར་གནས་པར་འགྱུར་རོ།། དེ་ལྟ་ན་ནི་འགའ་ཞིག་ཏུ་ཡང་སྔགས་རྣམས་རྣ་བས་རབ་ཏུ་རྟོགས་ཤིང་ཁོང་དུ་ཆུད་པ་མ་ཡིན་ཏེ་ཡིད་ཀྱིས་བཟུང་བའི་ཕྱིར་ནའོ།། ཡོངས་ནི་ཡུལ་གྱི་དངོས་པོ་གཅིག་ལ ་དབང་པོ་གཉིས་ཀྱིས་འཛིན་པར་འགྱུར་བ་མི་སྲིད་དེ། སྔོན་པོ་ལ་སོགས་པ་ཡང་རྣ་བའི་གཟུང་བར་བྱ་བར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལྟར་ཡིན་ན་ཡང་སྐྱོན་དུ་མི་འགྱུར་ཏེ་དབང་པོ་གཉིས་ཀྱིས་ཡུལ་གྱི་དངོས་པོ་གཅིག་འཛིན ་པར་ཡང་འགའ་ཞིག་ཏུ་མི་འགལ་ཏེ། ཇི་ལྟར་མེའི་དངོས་པོ་ལ་མིག་གི་དབང་པོས་འཛིན་པ་དང་། ལུས་ཀྱི་རེག་པར་བྱེད་པ་ཉིད་དོ།། དེ་ལྟ་བུ་ཡང་ཡིད་དགའ་བར་བྱེད་པ་མ་ཡིན་ཏེ། དེ་ལ་འདིར་མེའི་སྐྲག་པར་བྱེད་པའི་རྡུལ་ཕྲ ་རབ་ཀྱང་གཞན་ཡིན་ལ་བལྟ་བར་བྱ་བའི་རྡུལ་ཕྲ་རབ་ཀྱང་གཞན་ཡིན་པ་དེ་བལྟ་བར་གནས་སོ།། དེ་ལྟ་བུའི་མེའི་དངོས་པོ་ལ་འདིར་བལྟ་བར་བྱ་བ་དང་རེག་པར་བྱ་བོ་དག་གཅིག་པར་སྤྱོད་ཅིང་དངོས་པོའི་དོན་གཅིག་ཏུ་བསྡུས་པར ་བལྟ་བ་ནི་འཕྲུལ་པ་ཁོ་ནའོ་ཞེ་ན། དེ་ལ་འདིར་བརྗོད་ཕྲ་བྱ་སྟེ་ཡིད་ཀྱི་ཤེས་པ་འདི་ཉིད་ཀྱིས་ཤེས་པ་འདི་ཉིད་ཀྱི་སྔགས་རྣམས་རྟོགས་པ་ཡིན་པ་ལ་ནི་འདིར་སྐྱོན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འཁོར་བའི་སེམས་ཅན ་ཐུན་མོང་པའི་ཡིད་ལ་སྐྱོན་ཡོད་པ་དེ་ལྟར་བཅོམ་ལྡན་འདས་ཡུལ་གྱི་ཐུགས་གང་ཡིན་པས་སྙན་གྱིས་དབང་པོས་གཟུང་བར་བྱ་བའི་སྔགས་དེ་འཛིན་པར་མི་ནུས་པ་མ་ཡིན་གྱི་ཐུན་མོང་བ་རྣམས་ཀྱི་ཡིད་གང་ཡིན་པ་དེ་ནི ་དབང་པོའི་དབྱེ་བ་སོ་སོ་བ་རྣམས་རྟོགས་པ་མ་ཡིན་པ་ལྟར། ཁྱད་པར་ཅན་རྣམས་ཀྱི་ཡང་དེ་ལྟར་འགྱུར་བ་མ་ཡིན་ཏེ། དེའི་སྤྱོད་ཡུལ་ཐམས་ཅད་ཡིན་པའི་ཕྱིར་ནའོ།། ཡང་བརྒལ་བ་འདི་ལྟར་སེམས་ཏེ།། ་རང་ཡང་དག་པར་རིག་པའི་མཚན་ཉིད་ལས་མ་གཏོགས་པའི་ཡིད་གཞན་པའི་རང་བཞིན་ནི་འགའ་ཡང་མ་ཐོང་སྟེ། དེ་འདི་ལྟར་སོ་སོ་ཡང་དག་པར་རིག་པའི་བདག་ཉིད་ཙམ་གྱིས་རང་བཞིན་ཡིན་པའི་ཕྱིར་ན་ཡིད་ཀྱི་ཁྱད་པར ་འགའ་ཞིག་ཀྱང་མ་མཐོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ་འདིར་སྐྱེས་བུ་ཙམ་དུ་གཅིག་ཀྱང་ཐམས་ཅད་ཁ་དོག་སེར་པོ་ཞེས་རྟོགས་པ་མ་ཡིན་ཏེ། དེ་ལྟ་ཡིན་པར་གྱུར་ན་ནཱི་སྐྱེས་བུ་ཙམ་གྱིས་ཐམས་ཅད་ཁ་དོག་སེར་པོར་གྲུབ་པར་ཐལ ་བར་འགྱུར་རོ།། འདིར་ཡང་སྐྱེས་བུ་ཙམ་དུ་གཅིག་པར་ཁྱད་པར་འགའ་ཡང་མི་དམིགས་ན། དེ་ལྟར་ཇི་ལྟར་གཟུགས་ཀྱི་ཁྱད་པར་འགྲུབ་པ་འདི་ལྟར་མཐོང་སྟེ། ཁ་ཅིག་གི་ཡིད་ནི་བསྟན་བཅོས་ཐམས་ཅད་ཕྱིན་ཅི་མ་ལོག་པར ་ཤེས་པ་ཅན་ཡིན་ལ། ཁོ་ཅིག་གི་དེ་ལྟ་མ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐུགས་ནི་ཇི་ལྟར་དེ་ཁོ་ན་ཉིད་ཐམས་ཅད་མཁྱེན་པའི་རང་བཞིན་ཡིན་པ་དེ་ཇི་ལྟར་ན་ཐ་མལ་པའི་གནས་སྐབསུ་ཇི་ལྟར་གནས་པ་ཡིན་ཏེ། ་དེ་ལ་ཡང་དེའི་ཡིད་ཅེས་བྱ་བའི་སྒྲ་ནི་ཚིགས་མཐུན་པ་ཙམ་མོ།། གཞན་ཡང་དབང་པོ་སོ་སོའི་དབྱེ་བས་ཡུལ་རྣམས་ལ་ཡང་སྟེ། སྲོག་ཆགས་ཀྱི་དབྱེ་བས་དབང་པོའི་དབྱེ་བ་གཞན་གྱིས་གཟུང་བར་བྱ་བ་གཞན་པོ་ལ་བལྟ་བ་ཉིད ་དེ་ཇི་ལྟར་གདེངས་ཁ་ཅན་རྣམས་མིག་གིས་ཉན་པ་བཞིན་ནོ།། དེའི་ཕྱིར་ན་ཐམས་ཅད་དུ་མཐུན་པ་ཙམ་གྱིས་ཐུན་མོང་བར་དམིགས་པར་མི་བལྟ་སྟེ། ཡུལ་དང་དུས་དང་རྐྱེན་གྱི་བྱེ་བྲག་གིས་ཐམས་ཅད་ལ་ཁྱུད་པར་ཡོད་པའི་ཕྱིར་རོ།། འོ་ན ་ཡིད་འདྲིའི་ཁྱད་པར་ཇི་ལྟ་བུ་ཞིག་ནཱ་ཅི་ལྷ་རྣམས་ཀྱི་ཁྱད་པར་གྱིས་དེ་བཞིན་དུ་འདིའི་རང་བཞིན་ཉིད་དམ། འོན་ཏེ་གཞན་རྒྱུ་ལས་བྱུང་བ་ཞིག་གྲམ་ཅི་ཞིག་ཡིན། གལ་ཏཽ་གང་གི་ཚེ་འདི་རང་བཞིན་ཉིད་ཡིན་པ་དེ་སྲིད་ནི་ཡིད་ཀྱི་རང ་བཞིན་གྱི་གཟུགས་ཡིན་པ་ངའི་ཚེ་ནི་ཐམས་ཅད་ཀྱང་ཡང་དེ་བཞིན་དུ་རང་བཞིན་གྱི་ཁྱད་པར་གྱིས་མངོན་དུ་གནས་པའི་ཕྱིར་ན། ཡིད་ཀྱི་རང་བཞིན་ཡིན་པ་དེས་ན་དེ་བཞིན་དུ་ཁྱད་པར་འགའ་ཡང་མྱེད་པ་ཡིན་ཏེ། སྲོག་ཆགས་ཐད ་ཀྱི་ཡང་དེར་མཚུངས་པ་ཉིད་ཀྱི་ཕྱིར་རོ།། དེ་ནས་ཡང་རྒྱུ་ལས་བྱུང་བའི་ཁྱད་པར་ཡོད་པ་དེ་ལྟར་ན་ཡང་ཁྱད་པར་འགའ་ཡང་མེད་པ་ཡིན་ཏེ། གཞན་ལ་ཡང་རྒྱུ་དང་སྐྱེན་གྱི་བྱེད་པ་དང་ལྡན་པའི་ཕྱིརརོ།། དེ་ལ་རྒྱུ་དེ་ཡོད་ན་ཡང་རྒྱུའི་ཁྱད ་པར་གྱི་རང་བཞིན་ནི་སྲོག་ཆགས་ཐམས་ཅད་ཀྱིས་ནི་མི་རྟོགས་པ་དེས་ན་སྲོག་ཆགས་ཐམས་ཅད་ཀྱི་ཡང་ཁྱད་པར་ཅན་དུ་གྲུབ་པ་མ་ཡིན་ནོ།། འོ་ན་རྒྱུ་དེ་ཀུན་ལ་ཡོད་པ་ལ་རང་གི་ཡེ་ཤེས་སྐྱེ་བོའི་སྦྱོར་བ་མ་རྟོགས་པ་གང་ལ་ཡང ་མེད་པར་འགྱུར་ལ། དེ་ལྟར་གྱུར་པ་ཡིན་ན་ནི་ཅི་ཡོད་དེའི་ཁྱད་པར་དུ་བྱེད་པའི་རྒྱུ་ཅི་ཡིས་རྟོགས་པར་བྱེད། གང་གིས་ལྟ་བའི་ཁྱད་པར་དེ་རབ་ཏུ་རྟོགས་པ་ནི་ཡིད་ཁྱད་པར་ཅན་དུ་གྲུབ་པོ་ཞེས་བྱ་བ་ཡང་ཇི་ལྟ་བུ་རང་གིས་རང ་རྟོགས་སོ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་དེ། ཡོད་ན་ནི་དེ་བཞིན་དུ་གཞན་རྣམས་ཀྱང་དེ་ལྟར་རབ་ཏུ་རྟོགས་འགྱུར་བའི་ཕྱིར་རོ།། གཞན་མན་ངག་བརྒྱུད་ཅིང་བརྒྱུད་པ་གཞན་ལས་ཀྱང་མ་ཡིན་ཏེ། དེ་ཡང་ཇི་ལྟ ་ཞེ་ན། རང་གིས་རང་རབ་ཏུ་རྟོགས་པ་ནི་མེད་དེ་ཡོང་ན་ནི་སྐྱོན་བརྗོད་ཟིན་ཏོ།། དེ་ལ་བརྒྱུད་ཅིང་བརྒྱུད་པ་ལས་རྟོགས་པར་འགྱུར་ན་ཡང་ཐུགས་པ་མེད་པའི་སྐྱོན་དུ་འགྱུར་རོ།། དེའི་ཕྱིར་ན་བ་ཙམ་ལྡན་འདས་ཀྱི་ཡིད་ཁྱད་པར་དུ་འཕགས ་པར་གྲུབ་པ་ཇི་ལྟར་ཡིན་པ་དང་། རྒྱུ་གཞན་གྱིས་བྱེད་པ་ཡིད་ཁྱད་པར་ཅན་དུ་བྱས་པ་ཡི་ན་ན་ཡིད་བཞིན་དུ་དེ་ཐམས་ཅད་དུ་བརྟན་པ་མ་ཡིན་པར་འགྱུར་ཏེ། རྒྱུ་ལས་བྱུང་བའི་བུམ་པ་ལ་སོགས་པ་བཞིན་བརྟན་པའི་རང་བཞིན ་མ་ཡིན་པར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་ནཱ་ཡིད་ཁྱད་པར་ཅན་དུ་བརྟན་པ་མ་ཡིན་ཏེ་རེས་འགའ་བ་ཉིད་ཀྱི་ཕྱིར་རོ།། དེ་ལྟ་བུ་ནཱ་ཡང་ཁྱད་པར་ཅན་དུ་རབ་ཏུ་གྲུབ་པའི་དགོས་པ་དེ་ནི་འགའ་ཞིག་ཏུ་ཡང་གྲུབ་པ་མ་ཡིན་ནོ་ཞེ་ན། དེ་ལ ་བརྗོད་པར་བྱ་སྐྱེ་ཡོད་ཁྱད་པར་ཅན་འདི་ཉིད་ནི་རང་བཞིན་ཀྱང་ཡིན་ལ། དེ་བཞིན་དུ་གཞན་འདི་རྒྱུ་ཡང་ཡིན་པཱ་འདི་ལ་གནོད་པ་འགའ་ཡང་མེད་དེ། རྒྱུ་ནི་མངོན་པར་གསལ་བར་བྱེད་པའི་རྐྱེན་ཙམ་ཡིན་པའི་ཕྱིར། ་དང་། དེ་བཞིན་དུ་དངོས་པོའི་རང་བཞིན་ཉིད་ཀུན་ཏུ་སྣང་བར་གནས་པའི་ཡིད་ཉིད་ཡིན་ཏེ། འོན་ཀྱང་རང་རང་གི་བག་ཆགས་ཀྱི་དྲི་མས་གཡོགས་པས་དེ་བཞིན་པར་སྣང་བ་ཡིན་པ་དེས་ན་ཐམས་ཅད་ཀྱི་ཡིད་དོན་གྱི་དངོས་པོ། ་ཐམས་ཅད་རབ་ཏུ་གསལ་བར་འགྱུར་བ་མ་ཡིན་ཏེ། དཔེར་ན་ལིང་རྟོག་གི་སྐྱོན་དང་ལྡན་པའི་སྐྱེ་བ་ཅན་ལ་མེ་ལོང་ཤིན་ཏུ་གསལ་བ་ཡིན་ཀྲུང་གཡོགས་པ་ལྷུར་འགྱུར་བ་ཡིན་ནོ།། དེས་ན་རྒྱུ་ཡང་དེ་ལྟ་བུའི་དངོས་པོའི་ཕྱིར་ན ་དེ་ལ་སྒྲིབ་པའི་སྐྱོན་རྣམས་སེལ་བར་བྱེད་པ་ཉིད་མ་ཡིན་པས་ན། དེ་ཁྱད་པོར་ཅན་གྱི་རང་བཞིན་དུ་སྐྱེ་བ་མ་ཡིན་ལྔ། རྒྱུ་དེའི་ཁྱད་པར་ཅན་གྱི་རང་བཞིན་དུ་སྐྱེ་བ་མ་ཡིན་ལ། རྒྱུ་དེའི་ཁྱད་པར་ཙིནྡ་ནི་གློ་བུར་བའི་དྲི་མའི་སྐྱོ་ན་རྣམས ་སེལ་བར་བྱེད་པའི་མཚན་ཉིད་ཙམ་ཡིན་ལ། དེ་ཡང་ཀུན་གྱིས་ཁོང་དུ་ཆུད་པ་ནི་མ་ཡིན་ཏེ། དཔེར་ན་ཡོད་པ་ཡིན་ཡིད་མི་མཐོང་བ་ཉིད་ནི་ཁྲོན་པ་ཟབ་མོའི་ནང་ན་ཡོང་ཕྱིའི་རྫས་ཀུན་གྱི་མཐོང་ཞིང་རྟོགས་བྱ་མ་ཡོན་པ ་བཞིན་ནོ།། དེ་ལྟ་བུའི་རྒྱུ་དེ་ཡང་བླ་མུ་བརྒྱུད་ཅིང་བརྒྱུད་པར་ཁོང་དུ་ཆུད་པར་བྱེད་པ་ལ་ཐུག་པ་མེད་པའི་སྐྱོན་ཀྱང་འབྱུང་བ་མ་ཡཱི་ཏེ། ཐུག་པ་མེད་པའི་དངོས་པོ་དེ་ལྟ་བུའི་སྐྱོན་གྱིས་གནོད་པ་མེད་དེ་འཁོར་བ་ལ་ཐོག་མ་མེད་པ ་ཡིན་པའི་ཕྱིར་རོ།། དེ་ལྟ་བུའི་ཕྱིཪྵ་ནུ་ཙ་ཡང་དེ་ལྟར་མིན་ན་ཀུན་ཀྱང་མི་འགྲུབ་ཏེ་ཇི་སྲིད་དུ་འབྲས་དཀར་པོའི་མྱུ་གུ་འདི་ཡང་ཇི་ལྟར་སྐྱེ་བར་འགྱུར་ཞིག་ན་རང་གི་སྐུ་བོན་ལས་སོ་ཞེ་ན། དེའི་ས་བློན་ཡང་ཅི་ཞིག་ཅེ་ན། ་རང་གི་ས་བོན་ལས་སོ་ཞེས་བྱ་བ་ཡིན་ནོ།། འོ་ན་ཐམས་ཅད་ཐུག་པ་མེད་པར་འགྱུར་བ་ཇི་ལྟར་མིན་ཏེ་ཡིན་ནོ།། འོ་ན་བག་ཆགས་དེ་ཡང་གང་ལས་སྐྱེ་བ་ཞིག་ཡིན། གང་ཇི་སྲིད་པའི་སེམས་འདི་ཐམས་ཅད་དུ་གསལ་བ ་རང་བཞིན་ཡིན་ན་ཡང་ཀུན་ནས་བསྒྲིབས་པ་གང་གིས་ན་ཐ་མཱལ་བའི་སེམས་ཅན་དུ་གནས་པའི་ཡིད་ལྷའི་དངོས་པོ་ཇི་བཞིན་པ་མ་ཡིན་ན་དེ་ལ་གང་གི་ཚེ་ཇི་སྲིད་དུ་སེམས་ལས་མ་གཏོགས་པའི ་ལོགས་ཤིག་པའི་རྒྱུ་ལས་དེ་སྐྱེ་བ་ཡིན་ན་དེའི་ཚེ་དེ་སེམས་ལས་མ་གཏོགས་པའི་རྒྱུ་གཞན་ཞིག་ལས་ཀྱང་ཡང་རྒྱུ་གཞན་ཞིག་ཡོད་དགོས་པ་ངེས་ན་ཆོས་ཉིད་གཉི་སུ་མེད་པར་མི་འགྲུབ་ལ། དེ་ནས་ཡང་བག་ཆགས་དེ་ཉིད་སེམས་ཉིད་ལས ་སྐྱེ་བ་ཡིན་ན་ཡང་། དེའི་ཚེ་བགོ་ཆགས་རྣམས་འགའ་ཞིག་ཏུ་ཡང་གསལ་བར་མི་ཕྲེལ་བར་གྱུར་ཏེ། སེམས་དེ་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་ནའོ།། དེ་ཡང་ཅི་སྟེ་ཞེ་ན། མི་སྐྱེ་མཱི་སྲིད་པ་སྟེ། བྱེད་པ་ནུས་ཅན་རྣམས་ཡོད་བཞིན་དུ ་ཡང་བྱ་བ་རྣམས་སྐྱེ་བར་འགྱུར་བ་མེད་ན་ནི་ཐམས་ཅད་དུ་བྱ་བ་དང་འབྲས་བུ་ཀུན་སྐྱེ་བ་མེད་པར་ཐལ་བར་འགྱུར་རོ།། དེའི་ཕྱིར་ན་བག་ཆགས་རྣམས་དུས་ཐམས་ཅད་དུ་སྐྱེ་བར་འགྱུར་བ་ཉིད་དམ་ཡང་ན་དུས་ཐམས་ཅད་དུ་གདོད་ནས་མི ་སྐྱེ་བོར་གནས་པར་འགྱུར་རོ།། དེ་ལ་བག་ཆགས་སྐྱེ་བོ་གཏན་དུ་སྐྱེ་བ་མེད་ནི་ནི་དེ་དུས་ཐམས་ཅད་དུ་སྐྱེ་བ་མེད་པ་ཡིན་པས་འགའ་ཞིག་ཏུ་ཡང་སེམས་ལ་དྲི་མས་ཇི་ལྟར་བསྒོས་ཏེ་རྒོས་པའི་རྒྱུ་མེད་པ་དེས་ན་ཡིད་ཁྱད་པར་ཅན ་ཞེས་བྱ་བ་དང་། ཁྱད་པར་ཅན་མ་ཡིན་པ་ཞེས་བྱ་བ་འགའ་ཡང་མེང་པར་འགྱུར་བ་གང་གིས་ན་མྱ་ངན་ལས་འདས་པ་དང་། འཁོར་བ་ཞེས་བྱ་བ་དང་། གྲོལ་བ་དང་མི་གྲོལ་བའི་སེམས་ཀྱི་གནས་སྐབས་ཀུན་ལ་འཇུག་པར་ཇི་ལྟར ་འཐད། དེ་ནས་ཡང་བག་ཆགས་དུས་ཐམས་ཅད་དུ་རྒྱུ་བ་ཅན་ཡིན་ན་ཡང་དེའི་ཚེ་ཐ་མལ་པའི་སེམས་ཅན་དང་འདི་ལས་གཞན་པའི་ཁྱད་པར་དུ་མི་གྲུབ་པ་གང་གིས་ན་བཅིངས་པ་དང་གྲོལ་བའི་གནས་སྐབས་དང་བཞག་པ་མེད་པར ་འགྱུར་རོ་ཞེ་ན། གང་ཡང་ཡེ་ཤེས་ཉིད་ལ་བག་ཆགས་རྣམས་སྟེ་ཡང་འོན་ཀྱང་འཁོར་བ་ལ་འཆེལ་ཏེ་ཞེན་པར་གནས་པས་དེ་ལས་བྱུང་བ་ཙམ་གྱིས་དུས་ཐམས་ཅད་ཡོད་པར་འགྱུར་བ་འམ་མེད་པར་འགྱུར་བ་ཞེས་བྱ་བའི ་སྐྱོན་མེད་དེ། དེ་ཇི་སྲིད་དུ་འཁོར་བའི་རྗེས་སུ་འཇུག་པརྱ་གནས་པའི་སེམས་དེ་སྲིད་ཉིད་དུ་ནི་དེའི་རྒྱུན་དུ་འབྱུང་བའི་ཕྱིར་རོ།། དེ་ལྟ་བུའི་སེམས་དེ་ནི་འཁོར་བའི་ངོ་བོར་རྟོགས་པར་བྱ་བར་གནས་ཏེ། ཕྱིན་ཅི་ལོག་གི་ངོ་བོར་རབ་ཏུ་གསལ ་བའི་ཕྱིར་ན་དེ་ལྟ་བུའི་བག་ཆགས་ཀྱི་བདག་ཉིད་ཡིན་ནོ།། དེས་ན་ཐམས་ཅད་ནས་ཐམས་ཅད་དུ་ཡིད་ཐུན་མོང་པའི་སྐྱོན་མེད་དོ།། ཐམས་ཅད་ཀྱི་ཡིད་འཁོར་བ་ལས་འཆེལ་པོས་དུས་ཐམས་ཅད་དུ་གནས་པ་མ་ཡིན་པ་དེ་སྲིད་དུ ་འཁོར་བ་དང་མྱ་ངན་ལས་འདས་པའི་ལུགས་ངག་ཡོད་པ་ལས་ཀྱང་མོད་དེ་མི་འདོད་ཀྱང་ཁས་བླང་བར་བྱའོ།། གཞན་དུ་ན་ནི་དུས་ཐམས་ཅད་ནས་མྱ་དྲན་ལས་པ་འབྲའ་ཞིག་དུ་གནས་པ་འམ། ཡང་ན་སྲིད་པ་ཉིད་འབྲུའ་ཞིག་ཏུ ་གནས་པར་འགྱུར་རོ།། དེའི་ཕྱིར་ན་འཁོར་བ་དེ་སྲིད་པར་དུ་ཐམས་ཅད་དུ་ཡོད་པ་ཉིད་དེ་དེ་ཡང་བག་ཚོགས་ཀྱི་བདག་ཉིད་ཅན་གྱིས་སེམས་ཀྱི་རང་བཞིན་ཉིད་དོ།། དེའི་ཕྱིར་ན་བག་ཆགས་ཀྱི་བདག་ཉིད་ཅན་གྱི་ཡིད་འཁོར་བའི་རྗེས་སུ ་མཐུན་པའི་རང་བཞིན་བྱེད་པ་སྟེ། དེ་ནི་ཡིད་དེ་ཉིད་ཀྱི་རྣམ་པའི་དངོས་པོར་རྟོགས་པར་བྱ་བ་ལ་འཁོར་བ་དེ་ཡང་ཐོག་མ་མེད་པའི་ཕྱིར་ན་སྔོན་དུ་བསགས་པའི་ལས་ཀྱི་བག་ཆགས་ཀྱི་སྟོབས་ལས་མིག་འཕྲུ ་མཁན་གྱིས་སྤྲུལ་པའི་དངོས་པོ་རྣམས་བཞིན་དུ་བག་ཆགས་དང་ཡོངསུ་ལྡན་པའི་ཡིང་གང་གང་གིས་འཛིན་པ་ནི་འཁོར་བར་གྱུར་པ་ཡིན་ལ། མིག་འཕྲུལ་མཁན་གྱིས། སྐུལ་པ་དང་འདྲ་བར་བྱུང་བའི་འཁོར་བ་ཡང་བསམ་གྱིས་མི་ཁྱབ ་པ་ཡིན་ནོ།། དེས་ན་འཁོར་བར་ཀུན་ཏུ་འཇུག་ཅིང་ཆགས་པས་འཁོར་བ་ཡིན་པར་ཁས་བླང་བ་ལྟ་ལོས་ཀྱང་མོད་དེ། བག་ཆགས་ཀྱི་རང་བཞིན་ཅན་གྱི་ཡིད་ཀུན་ཏུ་སྐྱེ་བ་གང་ཡིན་པ་དེ་ཉིད་ནི་འཁོར་བཅེས་བྱའོ།། དེའི་ཕྱིར་ན་སྔོན་གྱི་ལས ་ཀྱིས་བསྐྱེད་པའི་སྟོབས་ཀྱིས་བཅིངས་པའི་ཡིད་ཀྱིས་བག་ཆགས་ཀྱི་རང་བཞིན་དུ་འབྱུང་བ་ནི་འཁོར་བའི་མཚན་ཉིད་དུ་འབྱུང་བ་ཡིན་ནོ།། གང་གི་ཚེ་འཁོར་བའི་གནས་སྐབས་ལ་མཆོག་ཏུ་མི་བྱེད་ནོ་དེའི་ཚེ་བགྲོ་ཆགས་ཀྱི་རང ་བཞིན་འོགར་ཡང་གནས་པ་མྱ་ཡིན་པས་ཡིད་འོད་གསལ་ཞེས་བྱ་བ་དང་། འོད་གསལ་མ་ཡིན་ཞེས་བྱ་བ་ཡང་མེད་པས་ཁྱད་པར་མེད་པར་འགྱུར་རོ།། དེའི་ཕྱིར་ན་མིག་འཕྲུལ་མཁན་གྱིས་སྤྲུལ་པ་བཞིན་དུ་འཁོར་བ་ལུགས།། ་སུ་འབྱུང་བར་ཁས་བླང་བར་བྱའོ།། གཞན་ཡང་མིག་འཕྲུལ་མཁན་གྱིས་སྤྲུལ་པ་མཐོང་བ་ཡིན་ཞེ་ན། ཇི་སྲིད་དུ་དྲི་མ་མེད་པའི་དབང་པོ་བདེན་པའི་དངོས་པོ་དེ་སྲིད་པ་དེ་ལྟ་བུའི་ཤེས་པས་ནི་དེ་བྱེད་པ་མ་ཡིན་ཏེ། དེ་བྱེད་ན ་ནི་དུས་ཐམས་ཅད་དུ་བདེན་པར་གྱུར་པ་ཡང་དག་པར་ཤེས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ།། དེའི་ཕྱིར་ན་དེ་དག་ཀྱང་བརྫུན་ཙམ་དུ་འབྱུང་བར་ཙི་ལུས་སྐྱེ་བར་འགྱུར་སྙམ་དུ་སེམས་སོ་ཞེ་ན། དེ་ནི་སྔགས་དང་སྨན་གྱིས་ནུས་མཐུས་དབང་པོའི ་ཡོན་ཏན་དང་བྲལ་བར་བྱས་པ་ལས་སོ་ཞེའོ།། འོ་ན་དུས་ཐམས་ཅད་དུ་དེ་ལྷ་མོནི་པ་ཅི་སྟེ་ཞོ་ན། དེ་བཞིན་དུ་ཡང་རབ་ཏུ་སྦྱོར་བའི་དངོས་པོ་དུས་ཐམས་ཅད་དུ་མེད་པས་ནའོ།། རབ་ཏུ་སྦྱོར་བ་དེ་ཉིད་ཀྱང་དུས་ཐམས་ཅད་དུ་མེད་པ་ཅི་སྟེ། ་ཞེ་ན། དེ་ནི་ངའི་ཚེ་ལས་ཀྱི་རྣམ་པར་སྨིན་པ་མེད་པར་གྱུར་པས་དེ་བཞིན་ནོ་ཞེའོ།། ལས་ཀྱི་རྣམ་པར་སྨིན་པ་མི་མཐུན་པ་དེ་ཉིད་ཀྱང་གང་ཞིག་ལས་སྐྱེ་བར་འགྱུར་ཞེ་ན། འཁོར་བས་བསྒོས་པའི་ཡིད་དེ་བཞིན་པའི་ནུས་མཐུས་སྤྲུལ ་པཱ་ཡིན་ནོ་ཞེ་ན། ཡིད་དེ་ཉིད་དེ་ལྟ་བུའི་མཐུ་ཅནྡྲ་དུ་མི་འདྲ་བར་གང་གི་ཕྱིར་སྐྱེ་ཞེ་ན་སྲིད་པའི་ངོ་བོ་ཉིད་དུ་གནསྔ་པའི་སེམས་ནི་ནུས་མཐུ་རྣམ་པ་སྣ་ཚོགས་པ་དང་ལྡན་པར་ཡིན་པར་རྗེ་སུ་གཏོག་སོ་ཞེས་སྨྲའོ།། འདིས་ན་དེ་ཉིད ་སྲིད་པའི་རྗེསུ་འཇུག་པའི་ཡིད་དང་ལྡན་པས་ཡིད་ཐོག་པ་མེད་པ་ནས་ལས་ཀྱི་སྲིད་པར་རབ་ཏུ་འཇུག་པའི་ཕྱིར་ལས་མི་འདྲ་བ་རྣམས་ཀྱིས་སྤྲུལ་པའི་དངོས་པོར་གནས་པ་ནི་བསམ་གྱིས་མི་ཁྱབ་པར་སྐྱེ་བ་འདི་ལ་གནོད་པ ་འགའ་ཡང་མེད་དོ།། དེས་ན་སེམས་དེ་ཉིད་བག་ཆགས་ཀྱི་སྤྲུལ་པར་སྐྱེ་བ་ལ་འགའ་ཡང་ཡོད་པ་མ་ཡིན་ནོ།། དེ་ལྟ་བུའི་སྔགས་ཀྱིས་མཐུ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟ་བུའི་སྔགས་དེ་ཇི་སྐད་དུ་བརྗོད་པ་དེའི་མཐུ ་ལས་ནོར་རྒྱས་ལ་སོགས་པའི་ཀླུ་ཆེན་པོ་རྣམས་འོངས་ནས་རི་མོ་ཅན་གྱི་སྡེ་ལ་བཀའ་ནོད་ཅིང་ལྷ་མོ་ཇི་ལྟར་བགྱི་ཞེས་སོ།། དེ་ནས་རི་མོ་ཅན་གྱི་སྡེས་དེ་དག་ལ་བཀའ་བསྒོ་བ་སངས་རྒྱས་དང་རྗེས་སུ་མཐུན་པར ་བྱོས་ཤིག་ཅེསོ།། དེ་ལྟར་སྔགས་ཀྱི་མཐུ་གསུངས་ནས་རྒྱུད་ཀྱི་དོན་ཇི་ལྟར་ཡིན་པའི་གླེགས་པ་མ་ཕྱུང་བ་གསུངས་པ། དེ་སྐད་ཐོས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མའི་བླ་ན་མེད་པ་ཞེས་བྱ་བ་ནི་རྣལ་འབྱོར་མའི ་རྒྱུད་བླ་ན་མེད་པ་སྟེ། གང་གི་ཕྱིར་འདྲི་ལས་མཆོག་མེད་པ་དེ་བས་ན་རྒྱུད་འདི་དང་མཚུངས་པ་མེད་དེ། རྒྱུད་འདི་ནས་སངས་རྒྱས་ཐོད་པ་ཞེས་བྱ་བར་བརྗོད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབུའི་ཐོད་པ་ལས་སྔགས་ལ་སོགས ་པི་རྣམས་གཏོན་པས་ན་དེའི་བདུག་ཉིད་ཀྱི་རྒྱུད་ལ་ཡང་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་དབུའི་ཐོད་བྱ་ལས་བྱུང་བའི་རྒྱུད་ནི་བྱ་བ་དང་། བྱེད་པར་ཉེ་བར་སྤྱོད་དོ།། བྱ་བ་དང་བྱེད་བྱ་དེ་ལྟར་ན་སངས་རྒྱས་ཐོད་པར་ཞེས་བྱ་བར་བརྗོད་དོ།། ཡང ་ན་སངས་རྒྱས་ཞེས་བྱ་བའི་སྒྲ་ནི་རྡོ་རྗེའི་རྣམ་གྲངས་སོ།། ཐོད་པ་ཞེས་བྱ་བ་ཡང་གྲུ་གསུམ་གྱི་ངོ་བོ་ལ་བྱ་བས་ན། རེ་ཤེས་རློབ་དང་ཐབས་ཀྱི་བདག་ཉིད་ཀྱིས་ནི་སངས་རྒྱས་ཐོད་པ་ཞེས་བྱ་བར་བརྗོད་དོ།། དེ་ཉིད་ཀྱིས་ནུ་གླེགས་བུམ ་ལ་སོགས་པ་རྣམས་སེམས་ཅན་རྣམས་རྗེསུ་གཟུང་བར་བྱ་བའི་ཕྱིར་རི་མོ་ཅན་གྱིས་སྡེས་ཕྱག་ན་རྡོ་རྗེ་ལ་གཏད་བ་ཡིན་ནོ།། གསང་དང་མཆོག་དང་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་དེ་ཁོ་ན་ཉིད་གང་ཡིན་པ་སྟེ་དེ་ནི་མཆོག་ཏུ ་གསང་བའི་ཡང་མཆོག་ཏུ་གསང་བ་འདི་ཉིད་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་བཞུགས་པ་ཡིན་ནོ་འོ་ན་དེ་ཁོ་ན་ཉིད་ཀྱི་མཆོག་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཡང་ལུས་ལ་གནས་པ་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་སྡུག ་བསྔལ་ལ་སོགས་པ་རྣམས་ཀྱང་གཅིག་གི་དངོས་པོར་རིག་པར་འགྱུར་ཏེ། དེའི་དེ་ཁོ་ན་ཉིད་དེ་ནི་དོན་དམ་པའི་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་དང་། ཡང་སེམས་ཅན་ཐམས་ཅད་འཁོར་བར་བཅིངས་པ་མེད་པར་ཡང་འགྱུར་ཏེ། ཐམས ་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་གཅིག་པ་ཉིད་ཙམུ་གྱི་ཕྱིར་དང་། ཡང་འཁོར་བ་ཞེས་བྱ་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བར་བཞག་པོའི་ལུགས་ཀྱང་མེད་པར་འགྱུར་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཇི་ལྟར་འབྲེལ ་ཅེ་ན། འདི་ལ་བརྗོད་པར་བྱ་སྟེ་གང་ཐམས་ཅད་ཀྱི་དྲན་དམ་པ་དེ་ཁོ་ན་ཉིད་ནི་རང་བཞིན་གཅིག་པོ་ཁོ་ན་སྟེ། དེ་ལྟར་ན་ཡང་འཁོར་བའི་བག་ཆགས་ཀྱིས་ཡོངསུ་གཟུང་བའི་ཕྱིར་དང་། ཐོག་མ་མེད་པའི་དུས་ན་སེམས་ཅན་རྣམས་ཀྱི་བློ ་རང་དང་གཞན་དུ་དམིགས་པས། གཟུང་བའི་ཕྱིར་ན་དེ་ལྟ་བུ་དེ་གསལ་བར་མ་གྱུར་ཏོ།། འདིས་ན་ཇི་སྲིད་དུ་འཁོར་བའི་གནས་སྐབས་ངག་ཏུ་ལྟ་བ་ཡོད་པ་དེ་སྲིད་དེ་བཞིན་པར་གྱུར་པའི་དྲི་ཁོ་ན་ཉིད་དེ་ཇི་ལྟར་རྟོག་ས། འདིས་ན ་འདི་མི་ཤེས་པའི་རྒྱུད་འདིའི་ཕྱིར་ན་བདག་དང་གཞན་དུ་ཡང་དག་པར་རིག་པའི་ཡིད་ནི་འཁོར་བར་བཅིངས་པ་ཡིན་པས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་གཅིག་གི་དངོས་པོ་མ་ཡིན་པར་མང་པོར་སོ་སོར་རིག་པར་འགྱུར ་བ་ཡིན་ཏེ། ཐོག་མེད་པའི་བག་ཆགས་ལས་ཡོངས་སུ་གྱུར་པའི་ཕྱིར་རོ།། དེ་ཡང་དཔེར་ན་ཟླ་བ་ནི་གཅིག་ཉིད་ཡིན་ཡང་སོ་སོའི་མིག་གི་སྐྱོན་གྱིས་ཁ་ཅིག་ལ་རྣམ་པ་སྣ་ཚོགས་པར་འགྱུར་བ་བཞིན་དུ་དེ ་རྣམས་ཀྱི་ཡང་དག་པར་རིག་པ་ཡང་དངོས་པོ་སྣ་ཚོག་སུ་སྐྱེ་བ་དང་། ཆུ་ལྟེང་དྲང་བ་མྱང་ན་ནི་ཟླ་བ་གཅིག་པོའི་གཟུགས་བརྙན་ཡང་མང་བྱོར་དམིགས་པར་འགྱུར་བ་དེ་བཞིན་དུ་མི་ཤེས་པ་ཡང་ཀུན་ཏུ་སྣང་བར་གནས་པ་ཉིད་ཀྱི་ཕྱིར། ་ན་རྣམ་པར་བཅིངས་པ་ཡང་བརྫུན་ཙམ་གྱིས་ཀྱང་སྡུག་བསྔལ་གྲུབ་པ་ཡིན་ཏེ། དཔེར་ན་མཁའི་ཁོ་ཟིལ་ལ་ཐག་པ་ལ་སྦྲུལ་གྱི་དངོས་པོར་གཟུང་བ་དེས་འཇིགས་པ་ལས་ཤིན་ཏུ་སྡུག་བསྔལ་བ་མངོན་དུ་ཉམ་སུ་མྱོང་བ་ཡིན་ཀྱང ་དེ་ཡང་དག་པར་ནི་སྡུག་བསྔལ་དེ་སྦྲུལ་ཉིད་ཀྱིས་བསྐྱེད་པ་མ་ཡིན་ནོ།། དེའི་ཕྱིར་ན་བརྫུན་ཙམ་གྱིས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་ཏེ། གང་གི་ཚེ་ཡང་དེ་འདྲ་བའི་བྱག་ཆགས་ལས་སྐྱེ་བུའི་འཁོར་བ་བཅོམ་ནུ་ནི་དེའི་ཚེ་འགའ ་ཞིག་ཏུ་ཡང་འཁོར་བར་བཅིས་པའི་སྡུག་བསྔལ་འིམ་འགྱུར་བསོ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཡང་མེད་པར་འགྱུར་རོ།། བདག་དང་གཞན་དུ་སོ་སོར་རིག་པ་དག་དེའི་ཚེ་ནུབ་པར་གྱུར་པའི་ཕྱིར་ནའོ།། ནམཁྭ ་ལྡིང་དང་ཆར་འབབ་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་ནི་དངོས་གྲུབ་གང་ཡང་རུང་བ་དེ་ཐམས་ཅད་བསྐྱེད་པའོ།། དེ་བཞིན་དུ་ཧེ་རུ་ཀའི་དེ་ཁོ། དེ་ཆེན་པོ་དེ་ཉིད་འདིར་བསྒྲུབ་བྱ་བར་གསུངས་སོ།། དཔའ ་ཆེན་པོ་ཧེ་རུ་ཀ། ཞེས་བྱ་བ་ལ་སོགས་པ་ལ། སྐྱེད་དང་གནས་པའི་རྒྱུ་དང་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་གཅིག། པུ་སྟེ། དཔེར་ན་སྦྲུལ་གཅིག་ཁོ་ན་རེས་དགའ་ནི་ཀྱག་ཀྱོག་ཏུ་འདུག། རེས་འགའ་ནི་དྲང་པོར་འདུག་ཀྱང་འདིའི ་ངོ་བོ་ཉིད་ནི་སོ་སོར་དབྱེ་བས་གནས་པ་མ་ཡིན་ནོ།། དེ་བཞིན་དུ་བཅོམ་ལྡན་འདས་འདི་ཡང་གཅིག་ཉིད་ཡིན་ན་ཡང་འཁོར་བའི་གཟུགས་སྣ་ཚོགསུ་སྣང་བར་བལྟའོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་ཉིད་དངོས་པོ་དང་དངོས་སོ ་མེད་པའི་རང་བཞིན་དུ་ཡང་རྟོགས་པར་བྱའོ།། འོ་ན་གང་གི་ཚེ་བཅོམ་ལྡན་འདས་དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་རང་བཞིན་ཡིན་ན་འདི་ཀོ་ཇི་ལྟར་ན་དེ་གཉི་སུ་མྱེད་པའི་དངོས་པོར་འབྱུང་ཞི་གུ་སྟེ། དངོས་པོ་ཀུན ་གྱི་རང་བཞིན་ཡིན་པ་ཉིད་ཀྱིས་ན་གཟུང་བ་དང་འཛིན་པ་དག་གི་སྐྱོན་གྱི་དངོས་པོ་དེ་ལྟར་དེ་ལྟ་གནས་སོ་ཞེས་ན། འདི་ལ་གསུངས་པ་སྤྲོས་མེད་དང་གོས་མེད་ཅེས་བྱ་བ་སྟེ། དོན་དམ་པར་ན་བཅོམ་ལྡན་འདས་འདི་ལ་སྤྲོས ་པ་མེད་པས་དངོས་པོ་དང་དངོས་པོ་མེད་པའི་སྤྲོས་པས་མྱི་རིག་གོ། ཅི་སྟེ་ཞེ་ན། གོས་པ་མེད་པའི་ཕྱིར་ཏེ་དངོས་པོ་མེད་པའི་རང་བཞིན་གོས་པའོ།། འདིས་ན་གོས་པས་འདི་ལ་གཟུང་བ་མེད་དེ་གཉིས་པོ་རྣམས་ནི་སྐྱོན་དང ་བཅས་པ་ཡིན་པའི་ཕྱིར་ནའོ།། ཅི་སྟེ་དེ་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་ཉིད་དོ་ཞེས་བརྗོད་པ་དེ་ཇི་ལྟར་ཡིན་ཞེ་ན། འདི་ལ་སྲིད་པར་སྤྱོད་པ་དང་། ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་དེའི་འཁོར་བོར་ཀུན ་ཏུ་སྤྱོད་པའི་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་གྱི་སྒོ་ནས་དེ་སྐད་ཅེས་བྱ་བ་བརྗོད་དེ། སེམས་ཅན་འཁོར་བ་ལ་སྤྱོད་པར་བརྩོན་པ་དེ་དག་རྣམས་ལྔ་སྟོན་པ་མཛད་པའི་དངོས་པོ་ཡིན་པར་དགོངས ་སོ།། འོ་ནཱ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་གཅིག་པུ་འཁོར་བའི་རྗེ་སུ་གནས་པའི་ཕྱིར་ན་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དོན་དམ་པ་དེ་གཉིས་ཀྱི་རང་བཞིན་དང་བྲལ་བ་ཡིན་ན་འདི་དེ་ཇི་ལྟར་རིག་པ་ཡིན། ཇི་སྲིད་དུ་བཅོམ་ལྡན ་འདས་དེའི་རང་བཞིན་སྲིད་པའི་རྗེ་སུ་འཇུག་པར་རབ་ཏུ་ཤེས་པས་སམ། འོན་ཏེ་མིན་ན་གང་གི་ཚེ་མི་ཤེས་ན་ནི་མི་ཤེས་དེ་སྲིད་དུ་དེའི་རང་བཞིན་གྱི་སྲིད་པ་དངོས་པོ་དང་དངོས་པོ་མེད་པའི་འགྲོ་བ་ཀུན་གྱི་རང་བཞིན་དུ་རྣམ་པར་གནས ་པ་འདི་ཡང་ཇི་ལྟ་བུ་ཞིག་སྟེ། གང་ཡང་ཤེས་པ་དེ་སྔོན་པོའི་དངོས་གཞི་ཙམ་དུ་མ་སྐྱེས་ན་ནི་སེར་པོའི་རང་བཞིན་དུ་ཤེས་པ་སྐྱེ་བའི་རིགས་པ་མེད་པ་དང་། ཟླ་བ་གཅིག་པོ་མེད་ན་གཉིས་ཀྱི་གཟུགས་དེས་ཇི་ལྟར་རིག་པར ་འགྱུར། དེ་ནས་ཡང་བཅོམ་ལྡན་འདས་འདྲི་ཤེས་ནས་སྲིད་པར་འཇུག་ན་ནི་དེའི་ཚེ་ངོ་རང་རིག་པའི་རང་བཞིན་གྱིས་འཇུག། དེ་ལ་གལ་ཏེ་རང་གི་རང་བཞིན་ཉིད་ཀྱི་རིག་པས་འཇུག་ནཱ་ནི་སྲིད་པ་འདི་ཡང་དེ་ལྟར་རིག་པས་ན་སྐྱིད ་པཔ་འདི་ཡང་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་ཀུན་ཏུ་སོ་སོར་གསལ་བར་འགྱུར་ཏེ། དེའི་རང་བཞིན་ལ་འདི་དག་ལྟ་བུའི་རང་བཞིན་དང་བྲལ་བའི་ཕྱིར་ན། སྔོན་པོའི་རང་བཞིན་ཉིད་དུ་གསལ་བ་ན་སེར་པོའི་དངོས་པོར ་བློ་སྐྱེ་སྲིད་པ་མེད་པ་ཉིད་དོ།། དེའི་ཕྱིར་ན་སྣ་ཚོགས་པའི་སྲིད་པ་འདི་ཡང་ཇི་ལྟ་བའི་རང་བཞིན་གྱིས་རབ་ཏུ་གསལ་བས་ན་བཅོམ་ལྡན་འདས་འདྲི་ཡང་དངོས་པོ་དང་། དངོས་པོ་མེད་པའི་འགྲོ་བ་ཀུན་གྱི་རང་བཞིན་དེས་རབ་ཏུ་གསལ་བར་མི ་འགྱུར་ཏེ་དེའི་རང་བཞིན་གཉིས་པོ་རྣམས་དང་རྣམ་པར་བྲལ་བ་དེའི་ཕྱིར་ནའོ།། དེ་ནས་ཡང་དེ་བཞིན་གྱི་རང་བཞིན་དུ་རིག་པར་འཇུག་གོ།། ཞེས་སྨྲ་ན། དེའི་ཚེ་སྲིད་པ་རྣམས་འདིར་རིག་པར་མི་འགྱུར་ཏེ། འགའ་ཞིག་ཏུ་ཡང་གཞན་ཉིད་དུ ་རིག་པར་སྐྱེས་ན་ནི་དེ་ཁོ་ཉིད་དུ་སྐྱེས་པ་མིན་ཏེ། གཞན་གྱི་རང་བཞིན་དུ་རིག་པ་ནི་དེ་དེའི་ངོ་བོ་མ་ཡིན་ཏེ་ཇི་ལྟར་བུམ་པའི་ཤེས་པ་ནི་སྣམ་བུའི་ཤེས་པར་གྱུར་པ་རིགས་པ་མ་ཡིན་ནོ།། ཞེས་པ་འདི་དག་ནི་བརྒལ་བའོ།། དེ་ཁོ་ན་ཉིད ་དེའི་རང་བཞིན་ཤེས་པ་ཡིན་པས། འདི་ལྟར་སྲིད་པ་སྟེ་འདིར་ཤེས་པའི་ངོ་བོ་ཡིན་ན་ཡང་འོན་ཀྱང་རང་གི་ངོ་བོ་དེས་དེ་བཞིན་དུ་རང་མ་ཤེས་པའི་རྒྱུ་ཡིས་གཡོགས་པས་གཞན་དག་ཏུ་གསལ་བར་ཤེས་པ་ཡིན་ནོ།། དེ་ཉིད་ཀྱི་ན་ཀུན ་རྫོབ་ཅེས་བྱ་སྟེ་འཁོར་བ་ལ་བྱ་བར་བརྗོད་ལ་དེ་ཡང་འདིས་དེ་ཁོ་ན་ཉིད་ལ་ཀུན་ན་བཀབ་ཅིང་བསྒྲིབས་པས་ན་ཀུན་རྫོབ་ཅེས་བྱའོ།། གང་གི་ཚེ་ཡང་དེ་ཁོ་ན་ཉིད་འདི་ངེས་པར་རིག་པར་གྱུར་ན་ནཱི་རང་གི་རང་བཞིན་ཉིད་དུ་གྱུར་པས་ན་དེའི་ཚེ ་ཇི་ལྟར་འཁོར་བར་ཀུན་ཏུ་འཇུག་དེའི་ཕྱིར་ན་གང་ཡང་གཞན་དང་གཞན་གྱི་རང་བཞིན་དུ་དེ་རིག་པ་འདི་ནི་ལོག་པའི་ལྟ་བོའི་སྐྱོན་གྱི་འཁོར་བའོ།། དེ་ཡང་དཔེར་ན་རབ་རིབ་ཅན་གྱི་མོག་གིས་ན་མཁའ་དྲི་མ་མེད་པ་ལ་ཡང་སྐྲ་ཤད ་འཛིངས་པ་ལ་སོགས་པ་དང་ལྡན་པར་སྨང་བ་བཞིན་ནོ།། དེ་ལ་གཞན་པའི་རང་བཞིན་དེས་དེ་རབ་ཏུ་ཤེས་ན་དེ་ཇི་ལྟར་ཤེས་པ་ཡིན་ཏེ་གང་གིས་ནི་དེ་ཉིད་དུ་ཤེས་པ་ཞེས་བྱ་བ་འདི་དོན་ཇི་ལྟ་བ་བཞིན་མ་ཡིན ་པས་སྔོན་དུ་བརྗོད་པ་དེ་དགྲ་སུན་དབྱུང་བར་བྱ་བར་གནས་པ་མ་ཡིན་ནོ་ཞེ་ན། མིན་ཏེ་གཞན་དུ་རབ་ཏུ་ཤེས་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་འདི་ནི་རང་བཞིན་གྱིས་ཐམས་ཅད་དུ་དེ་ལྟར་རབ་ཏུ་ཤེས་པས་ཁས་བླངས་སྔམ་ཅི་གང་གིས་གཞན ་རབ་ཏུ་ཤེས་ན་ཇི་ལྟར་དེའི་རང་བཞི་ནི་རབ་ཏུ་ཤེས་ན་ཇི་ལྟར་དེའི་རང་བཞིན་རབ་ཏུ་ཤེས་པ་ཅི་ཞེས་བྱ་བའི་སྐྱོན་དུ་འགྱུར་རོ།། གལ་ཏེ་དེ་བཞིན་དུ་གྱུར་ན་ནི་དེ་སྲིད་པར་ཡང་ཇི་ལྟར་འགྱུར། དེའི་ཕྱིར་ན་དེ་ཇི་ལྟ་བའི་རང་བཞིན་དུ་མ་ཤེས ་པས་འདི་སྲིད་པའི་ངོ་བོར་འགྱུར་ཏེ། སྲིད་པ་ལུགསུ་འབྱུང་བ་འདི་དག་ཀུན་ཀྱང་བག་ཆགས་ཀྱི་ལིང་རྟོག་གིས་ལག་པས་བྱས་པ་བཞིན་དུ་བརྫུན་གྱི་རྣམ་པར་ཀུན་ཏུ་འབྱུང་ངོ་།། དེ་ལྟ་བུ་དེ་དག་དང་ཅི་ཞིག་ལས་ཤེ་ན། སྔོན་གྱི ་ས་ཀྱི་རྣམ་པར་སྙན་པའི་སྟོབས་ལས་སྐྱེ་སྟེ། དེ་ལྟར་ཁས་ལེན་པ་ལས་ཀྱང་མེད་དེ་ཇི་སྲིད་དུ་འཁོར་བའི་རྗེསུ་འཇུག་པས་ཡང་རྗེས་འཇུག། དེའི་ཕྱིར་ན་སྨིག་རྒྱུ་བའི་དངོས་པོ་ལ་ཆུའི་རྣམ་པར་ཤེས་པ་ལྟར་འདིར་དེ་ཁོ་ན་ཉིད་རང ་བཞིན་སྲིད་པའི་དངོས་པོར་སྣང་བ་ལ་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ནོ།། དེས་ན་དེ་འཁོར་བ་ཡིན་པར་གྱུར་པ་ན་དེས་ཇི་ལྟ་བུའི་སྨིག་རྒྱུ་ལ་སོགས་པའི་རང་བཞིན་མ་ཤེས་པས་བརྫུན་གྱི་ངོ་བོར་རྟོགས་པ་འགའ་ཞིག་ཏུ་སྐྱེ ་བར་འགྱུར་བ་བཞིན་དེ་ཁོ་ན་ཉིད་ལ་དེ་ཇི་ལྟར་རིག་པ་ཡིན་པ་ཞིག་ན་སྟེ་དེ་ཇི་སྲིད་དུ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་པར་ཁས་ལེན་པ་ལྟ་ལྟོས་ཀྱང་མོད་ཀྱི་གཞན་བདག་གིས་ཀྱང་ནི་འགའ་ཞིག་ཏུ་མྱ་ངན ་ལས་འདས་པར་འགྱུར་རོ།། དེས་ན་ཇི་ལྟ་བའི་རང་བཞིན་རབ་ཏུ་མ་ཤེས་པས་ཀྱང་དེ་རང་རིག་པ་ཙམ་ཉིད་ལས་ཇི་བཞིན་པ་དེ་བཞིན་པས་རང་རང་གི་མྱ་ངན་ལས་འདས་པའི་གྲོ་འཕང་ཐམས་ཅད་ཐོབ་པར་འགྱུར་ཏེ། ཇི་ལྟར་ཡུལ་ན་རི ་ཀཱི་ལའི་གླིང་ནས་འོངས་མ་ཐོབ་པའི་མིས་མེ་འདིའི་རང་བཞིན་ནི་སྲེག་པར་བྱེད་པ་ཡིན་ནོ།། ཞེས་བྱ་བར་མི་ཤེས་ཀྱང་དུ་ཡང་དག་པར་རིག་ཅིང་མྱོང་བ་ན་གྲངས་པ་སེལ་བར་མི་འགྱུར་རམ?། དེའི་སྟེང་དུ་ཡང་དག་པར་རེག་ན་སྲེག་པར་ཡང ་མི་འགྱུར་རམ་ཅི་དེ་བཞིན་དུ་བཅའ་སྒྲ་འདྲ་བར་རིག་ནས་དུག་དུ་མ་ཤེས་པོས་ཟོས་ན་ཁ་ཆུ་འཛག་ཅིང་བརྒྱ་ལ་བ་ལ་སོགས་པའི་བྱ་བ་རྣམས་བྱེད་པར་མི་འགྱུར་རཱམ་ཅི། དེའི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་ཇི་ལྟ་བའི་རང་བཞིན ་དུ་དེས་མ་ཤེས་པས་འཁོར་བ་ཡིན་ལ་གཞན་ནི་རང་བཞིན་ཁོང་དུ་ཆུད་པས་སོ་ཞེས་པ་འདི་རིགས་པ་མ་ཡིནྡ་ནོ་ཞེ་ན། དེ་ནི་མིན་ཏེ་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་དེ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཡང་རང་རང་གི་དགོས་པས། འབྱུང་བར ་འགྱུར་བ་ཉིད་དེ་ཅི་མིང་གི་ཚིག་དེ་གང་ཞིག་གཞན་རབ་ཏུ་གསལ་བ་ན་གཞན་པོ་དེ་རང་རབ་ཏུ་གསལ་བ་དེ་དེའི་དགོས་པར་འབྱུང་བ་མིན་ནམ་ཅི་འོ་ན་དེའི་ཚེ་ཐམས་ཅད་ལ་ཁོ་ན་ཉིད་རིག་ཡོད་པས་སྲིད་པ་རྣམ་པར་བཅད་མི་དགོས ་པར་འགྱུར་རོ་ཞེ་ན། མིན་ཏེ་དེ་ཁོ་ན་ཉིད་ཉམ་སུ་མྱོང་བ་ཙམ་གྱིས་སྲིད་པའི་དངོས་པོ་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པར་འགྱུར་བར་བརྗོད་པ་ནི་མོན་ཏེ། གང་དེ་ཙམ་གྱིས་ནི་མྱ་ངན་ལས་འདས་པར་སྦྱོར་བར ་བྱེད་པ་མ་ཡིན་ནོ།། དེ་ཁོ་ན་ཉིད་ཤེས་པས་མྱ་ངན་ལས་འདས་པར་མི་འགྱུར་རོ།། མི་འགྱུར་བ་གང་གི་ཚེ་གང་ཞིག་གང་གིས་འགྱུར་བ་ཡིན་ཞེ་ན། དེ་ཁོ་ན་ཉིད་དུ་རིག་པ་དེ་ཉིད་ལས་སོ།། ཅི་ཞིག་ན་དེའི་ཚེ་ཡང་ཐམས་ཅད་དུ་སྲིད་པ་མེ་བྷྱོ་འགྱུར ་རོ་ཞེ་ན། མིན་ཏེ་ཇི་བཞིན་པའི་རང་བཞིན་དུ་དེ་ངེས་པར་རིག་པར་མ་བྱས་པས་ཏེ། ཇི་ལྟ་བའི་རང་བཞིན་དུ་རྟོགས་པ་གང་གི་ཚེ་དེ་ཁོ་ན་ཉིད་དུ་རྟོགས་པ་དེའི་ཚེ་མྱ་ངན་ལས་འདས་པ་ཞེས་བྱ་བར་བཞག་པར་བརྗོད་ཀྱི་སྲིད་པོའི་རྒྱ་མཚོར།། ཞུགས ་པའི་སེམས་ཅན་རྣམས་ཀྱིས་ནི་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཡོད་པ་མིན་གང་གི་ན་ཐམས་ཅད་མྱ་ངན་ལས་འདས་པར་མ་གྱུར་པ་ཡིན་ཏེ། གཉིས་སུ་མེད་པའི་དངོས་པོ་ཉིད་ལ་གཉིས་ཀྱི་རྗེ་སུ་ཞུགས་པོའི་ཕྱིར་ན ་དེབརྫུན་པའི་བློར་གནས་པ་ཅི་སྟེ་མིན་དེས་ན་ཇི་ལྟར་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡོངསུ་མ་རིག་པའི་སེམས་ཅན་རྣམས་ལ་ཇི་ལྟར་ཡོད་པར་བརྗོད། འོ་ན་མྱ་ངན་ལས་འདས་པ་ལས་མཱ་གཏོགས་པའི་དེ་ཁོ་ན་ཉིད་ཀྱིས་དགོས་པར་བྱ་བོ་ཇི་ལྟ ་བུ་ཞིག་འཐོབ། གང་ཡང་དེ་ཤེས་པ་ལ་མྱ་ངན་ལས་འདས་པ་མི་འབྱུང་ན་གཞན་ཞིག་ལས་དགོས་པ་དེ་འབྱུང་བར་བཞག་གམ་ཞེ་ན། མིན་ཏེ་དེ་ལས་གཞན་པ་དེ་ཡང་ཡོད་པ་ཡིན་ལ་ཐུན་མོང་བའི་དགོས་པའི་མཚན་ཉིད་རིང་རིག ་པའི་རང་བཞིན་ཞེས་བྱ་བ་ཐམས་ཅད་པ་ཉིད་ཀྱི་ཡེ་ཤེས་རང་རིག་པ་ཞེས་བྱ་བ་ཐུན་མོང་བའི་དགོས་པ་ཉིད་སྔོན་པོ་དང་། སེར་པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་རྟོགས་པའི་ཁྱད་པར་ཉིད་དོ།། དེས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རང་རིག་པ་ནི་དངོས་པོ་དང ་དངོས་པོ་མེད་པ་སྣ་ཚོགས་པའི་གཟུགས་ཀྱིས་ཡོད་པ་ཉིད་དོ།། དེའི་དགོས་པ་ཁྱད་པར་ཅན་ནི། མྱ་ངན་ལས་འདས་པའི་མཚན་དེ་དོན་གྱིས་རང་བཞིན་པ་ཁྱད་པར་དུ་རྟོགས་པ་ཡིན་པ་འདི་ལ་ཐེ་ཚོམ་མེད་དོ།། འོ་ན་ཅི་མྱ་ངན་ལས་འདས་པའི ་རང་བཞིན་རང་རིག་པ་མིན་པ་གང་གིས་ན་རང་རིག་པའི་མཚན་ཉིད་ཀྱི་དགོས་པ་ལས་འདི་ཁྱད་པར་དུ་སོ་སློར་བརྗོད་པ་དེ་བཞིན་དུ་ཡིན་ན་ནི་བརྒྱལ་ལན་འགའ་ཞིག་ནའང་མྱ་ངན་འདས་པ་ནི་རྟོགས་པའི་བདག་ཉིད་དུ་མི་འགྱུར་ཏེ་རང་རིག ་པའི་རང་བཞིན་མེད་པའི་ཕྱིར་ཏེ། རང་རིག་པ་ལས་གཞན་པ་གང་ཞིག་ནི་འགའ་ཞིག་དུ་ཡོད་དེ་ཇི་ལྟར་རིག་པར་བྱེད་པ་འདི་ཅི་རིགས་དེས་ན་བུམ་པ་ལ་སོགས་པ་ཡང་རང་བཞིན་གྱིས་རིག་པ་མེད་དེ་བེམས་པོ་ཙམ་གྱིས་གསལ་བར ་སྐྱེ་བ་མེད་པ་ཉིད་དམ་ཅི་མྱ་ངན་ལྔས་འདས་པ་འདི་ཡང་དེ་བཞིན་ཡིན་ནོ།། ཞེ་ན། མིན་ཏེ་མིག་དང་རྣ་བ་དང་ཡིད་ལ་བྱེད་པ་དང་ཡུལ་རྣམས་ཀྱི་རྐྱེན་གྱིས་བུམ་པའི་རྣམ་པའི་ཤེས་པ་ཡང་དག་པར་སྐྱེས་ནས་རིག་པ་ལས་བུམ་པར་རིག ་གོ། ཤེས་སོ་ཞེས་ཟེར་ཡང་དེ་ཉིད་བེམས་པོ་ཡིན་པའི་ཕྱིར་ན་གཞན་དག་བྱེད་པའི་དངོས་པོའི་གནས་པ་མེད་པོ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཡིན་ནོ་ཞེ་ན་མིན་ཏེ་དེ་ནི་ཡེ་ཤེས་ཀྱི་རོང་བཞིན་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི ་བདག་ཉིད་ལ་ཡང་ཡེ་ཤེས་གཞན་ཞིག་གིས་ཤེས་པར་བྱེད་པ་ནི་རིགས་པ་མ་ཡིན་ཏེ། དེ་ལ་ཡང་གཞན་པའི་ཡེ་ཤེས་ཤིག་དགོས་ལ། དེ་ལ་ཡང་གཞན་པ་ཞིག་དགོས་བྱས་ཐུག་པ་མེད་པའི་སྐྱོན་དུ ་གནས་སོ།། དེ་ནས་ཡང་གལ་ཏེ་མྱ་ངན་ལས་འདས་པ་ཡང་ཡེ་ཤེས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་ཟེར་ན། ཅི་ད་ནི་མྱ་ངན་ལས་འདས་པ་ཡང་བེམས་པོའི་ང་དག་ཉིད་དུ་སྨྲ་འམ་དེ་ལྟ་བུ་ཉིད་ཡིན་པར་སྨྲ་བའོ་ཞེས་ན། འོ་ན་ནི་བུམ་པཱ་ལ ་སོགས་པ་བེམས་པོའི་བདག་ཉིད་ཐམས་ཅད་ཀྱང་མྱ་ངན་ལས་འདས་པ་ཡིན་པར་འགྱུར་རོ།། དེ་ལྟར་གྱུར་ན་ནི་འགྲོ་བ་ཐམས་ཅད་འབད་པ་མྱི་དགོས་པར་ཡོངསུ་གྲོལ་བར་འགྱུར་ཏེ། བུམ་པ་ལ་སོགས་པ་ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་ཀྱི ་རང་བཞིན་དུ་གནས་པ་དང་། བེམས་པོའི་རང་བཞིན་དུ་གནས་ན། བུམ་པ་ལ་སོགས་པ་དང་། མྱ་ངན་ལས་འདས་པ་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ།། དེ་ནས་ཡང་མྱ་ངན་ལས་འདས་བྱ་ཡེ་ཤེས་ཀྱི་རང་བཞིན་ཡིན་ན། ་ཡང་སྲིད་པའི་དངོས་པོ་དུས་ཐམས་ཅད་དུ་ཡེ་མེད་པའི་སྐྱོན་དུ་གནས་པ་ཉིད་དེ་སྟོན་པོ་ལ་སོགས་པའི་ཤེས་པ་རྣམས་དེ་བཞིན་བར་དུས་ཐམས་ཅད་དུ་ཡོད་པུ་སྟེ། ཡེ་ཤེས་ཉོད་ཡིན་པ་དེས་ནུ་སྔོན་པོ་ལ་སོགས་ཤེས་པ་དང་། ་མྱ་ངན་ལས་འདས་པའི་ཤེས་པ་དག་ལ་འགའ་ཞིག་དོང་ཁྱད་པར་དུ་འཇུག་པ་མེད་པས་ནའོ་ཞེ་ན། མིན་ཏེ་མྱ་ངན་ལས་འདས་པའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལས་སྐྱེ་བར་འགྱུར་གྱི་ཡེ་ཤེས་མིན་པ་སྐྱེ་མི་སྲིད་པ་དང་། ་ཤེས་པའི་བྱ་བ་ཤེས་པ་མ་ཡིན་པ་ནི་ཤིན་ཏུ་མི་རིགས་ཏེ་རྒྱུའི་བྱེ་བྲག་གིས་བྱེ་བྲག་ཏུ་བྱས་ན་འབྲས་བུ་བྱེ་བྲག་ཏུ་དབྱེ་བ་ཡིན་ཏེ། ཇི་ལྟར་སྐུད་པ་ནག་པ་བཏགས་པ་ལས་སྣམ་བུ་དཀར་པོར་གྱུར་སྲིད་པ་ནི་མེད་པཱ་དང་། མཛོབ་ལ་སྐུང ་དུ་བྱས་ན་ཟངས་ཀྱི་སྣོད་འགྱུར་བ་མེད་པ་དེས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དགོས་པ་རང་རིག་པའི་མཚན་ཉིད་དང་དེ་ལས་གཞན་ཡང་ཁྱད་པར་ཅན་གྱི་མྱ་ངན་ལས་འདས་པའི་མཚན་ཉིད་ཇི་ལྟ་བའི་རང་བཞིན་ཁོང་དུ་ཆུད་པའོ།། ། ་ཞེས་བཞག་པར་བྱ་བ་འདི་དག་ཇི་ལྟར་ཡིན་ཞེ་ན། འདི་ལ་སྨྲས་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དགོས་པ་རང་རིག་པ་ལས་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དགོས་པ་འདི་རང་རིག་པ་མ་ཡིན་པའི་རང་བཞིན་དུ་གཞན་དུ་འགྱུར ་པར་སྐྱེ་བ་མེད་པ་ཉིད་དོ།། ཅི་རང་རིག་པ་ལས་གཞན་པ་ནི་རང་རིག་པ་མ་ཡིན་པར་འགྱུར་བ་ཡིན་པས་འགལ་ལོ་ཞེ་ན། མིན་ཏེ་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དགོས་པ་དེ་ཉིད་ཀྱི་རང་རིག་པ་ཡིན་པ་ཁོ་ནའོ།། འདི ་ཇི་ལྟ་བུ་ཞིག་ན། རང་རིག་པའི་དགོས་པ་དང་ཞེས་དབྱེ་བར་ཡོད་པ་དེ་དང་། གཞན་པའི་དགོས་པ་འདི་ཡང་རང་རིག་པ་མ་ཡིན་པར་ཁས་བླངས་པ་འདིས་ན་གཉིསུ་དབྱེ་བ་འགལ་ལོ་ཞེ་ན། མིནྡ་ཏེ་རང་རིག་པ་ཞེས་བྱ་བ ་ཙམ་གྱིས་ཐམས་ཅད་རང་རིག་པ་ཞེས་བྱ་བའི་དངོས་པོ་གཅིག་ཏུ་གྱུར་པ་མ་ཡིན་ཏེ། རང་རང་གི་དབྱེ་བས་སོ་སོར་ཕྱེད་པའི་ཕྱིར་ན་སྔོན་པོ་དང་སེར་པོ་ལ་སོགས་པ་རང་རིག་པའི་ཤེས་པ་ཙམ་གྱིས་རང་རང་གི་ངོ་བོ་ངོ་གཅིག ་ཏུ་འགྱུར་བ་མ་ཡིན་ནོ།། དེའི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དགོས་པ་མྱ་དྲན་ལས་འདས་པའི་མཚན་ཉིད་ནི་རང་རིག་པཱ་ཙམ་ཐུན་མོང་བ་དེ་ལས་དབྱེ་བར་གནས་པ་ཉིད་དོ།། དེས་ན་རང་རིག་པ་ཙམ་གྱིས ་སྲིད་པའི་དངོས་པོ་ཡང་ཐམས་ཅད་དུ་རབ་ཏུ་དབྱེ་བར་གནས་པ་ཉིད་དོ།། དེས་ན་མྱ་ངན་ལས་འདས་པ་ཁྲོང་དུ་ཆུད་པ་ཡང་རང་རིག་པའི་རང་བཞིན་གྱི་ཕྱིར་ན་ཡོད་པ་ཉིད་དོ།། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པས ་ལས་མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ་ཞེས་སྨྲ་ན། ཅི་འདོད་པ་ཙམ་གྱིས་རབ་ཏུ་སྨྲ་བར་བྱེད་པ་འདིར་འགྱུར་ཏེ། དེ་ཁོ་ན་ཉིད་ཅེས་པ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། གྲོལ་བ་ཞེས་བྱ་བ་ལ་སོགས་ཇི་སྲིད་པ་དེ་དག་ནི་མིང ་གི་རྣམ་གྲངས་ཙམ་ཡིན་ནུ་བྱ་བ་དང་བྱེད་པ་གཉིསུ་བཞག་པ་དག་གིས་རབ་ཏུ་སྨྲས་པ་དེ་ཇི་ལྟར་ལེགས་པ་ཡིན་ཞེ་ན། གང་ཡང་དོན་དམ་པ་ལ་ནི་ཁྱད་པར་མེད་པ་དེ་བཞིན་ན་ཡང་ཀུན་རྫོབ་ལ་བརྟེན་ནས་ཀུན་རྫོབ་ཙམ་དུ་བཞག་པའི་རྟོག ་པཱཔཱ་ཉིད་བྱ་བ་དང་བྱེད་པ་ལ་སོགས་པ་དབྱེ་བ་ཐམས་ཅད་དུ་ཀུན་རྫོབ་ཙུམ་དུ་གནས་ཀྱི་དོན་དམཱ་པཱ་ལ་ནི་བྱ་བ་དང་བྱེད་པ་ཞེས་བྱ་བ་ལ་སོགས་པ་གཉིསུ་དབྱེ་བ་རྣམས་འགའ་ཡང་མེད་དེ། བཀའ་ལས་བློ་གྲོས་ཆེན་པོ་ཆོས་ཐམས་ཅད ་ནི་སྐྱེ་བོ་མེད་པ་སྟེ་བདེན་པ་བདེད་པ་མིན་པ་གཉིས་ཀར་མ་སྐྱེས་པའོ་ཞེས་གསུངསོ།། དེའི་ཕྱིར་ན་བག་ཆགས་དང་རྣམ་པར་བྲལ་བ་ལས་ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་ཡང་དག་པར་རིག་པའི་དེ་མ་ཐག་པར་མྱ ་ངན་ལས་འདས་པ་ལོས་ཀྱང་མོས་ཏེ་ས་བོན་དེས་དེ་བཞིན་དུ་ཀུན་རྫོབ་ཙམ་དུ་བྱས་པ་ལ་བྱའོ།། དེ་ཡང་ཇི་ལྟར་རབ་ཏུ་དགའ་བ་ལས་འདྲངས་པར་འགྱུར་རོ།། ཞེས་པའི་ཀུན་རྫོབ་ཏུ་གྲུབ་པ་དེའི་རབ་ཏུ་དགའ་བ་དང་འདྲངས་པ་དག་ནི་མྱ་ངན ་འདས་པ་ལས་གཞན་ན་འགའ་ཡང་མེད་ཀྱང་དེ་ལྟར་གྲུབ་པ་ཡིན་ནོ།། འོ་ན་མྱ་ངན་ལས་འདས་པའི་སྔོན་དུ་རྟོགས་པ་ཉིད་ཇི་ལྟར་སྐྱེ་ཞེ་ན། དེ་ལ་སྨྲས་པ། རང་རིག་པའི་རང་བཞིན་ནོ་ཞེ་ན། སྨིན་ཏེ་རང་རིག་པ་འདྲི་གང་གིས་དགོས་བྱས ་ཡེ་ཤེས་ཀྱི་རང་བཞིན་གང་དེ་སྲིད་པ་འདིར་འདིའི་རང་བཞིན་སྟོན་ཅིག། རིག་པའི་རང་བཞིན་དེ་མི་ཤེས་པས་འགྱུར་ཏེ། ཇི་ལྟར་བུམ་པའི་མགྲིན་པ་ལ་སོགས་པ་རྣམས་མི་ཤེས་པར་བུམ་པ་ཤེས་སྔོ་ཞེས་བྱ་བར་མི་འགྱུར་པས་འདིའི ་རང་བཞིན་དངོས་པོ་ཅན་ཞིག་ཏུ་དམིགས་པར་འགྱུར་བ་འམ། འོ་ན་ཏེ་དངོས་པོ་མེད་པ་ཅན་ཞིག་ཏུ་དམྱིགས་པར་འགྱུར་བ་སྟོན་ཅིག། དེ་ལ་དངོས་པོའི་ཕྱོགསུ་གནས་ན་ནི་གཅིག་དྲང་དུ་མའི་རང་བཞིན་དང་རྣམ་པར་བྲལ་བའི་སྦྱོར་བྱས ་དེ་ཁོ་ན་ཉིད་ཀྱང་རབ་ཏུ་མི་གནས་པ་ཁོ་ནར་འགྱུར་རོ།། དངོས་པོ་མེད་པར་རྗེ་སུ་གནས་ན་ཡང་དངོས་པོ་མེད་པ་ནི་དངོས་པོ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ན། དངོས་པོ་ཉིད་དེ་ལྟར་མེད་པས་དངོས་པོ་མེད་པའི་རང་བཞིན་ཇི་ལྟར་ཡོང ་པར་སྟོན། དེ་ནས་གཉིས་ཀའི་རང་བཞིན་རྣམ་པར་བྲལ་བ་ཞེས་བྱ་བ་དེ་དེ་ཁོ་ན་ཉིད་ཡིན་པར་སྟོན་ནོ་ཞེ་ན། དེ་ལྟར་ན་ཡང་རིག་པ་དང་ལྡན་པའི་དངོས་པོ་དེས་ན་ཡེ་ཤེས་དེ་སྐྱེ་བ་དང་ལྡན་པའི་ཕྱིར་དམིགས་པ་དང་བཅས་པའི་རང ་བཞིན་གྱིས་ན་དངོས་པོ་ཉིད་དུ་གྱུར་པས་ཐམས་ཅད་དུ་བྷཱ་བ་དང་བྱེད་པའི་དངོས་པོ་ཅན་གྱི་མཚན་ཉིད་ཡིན་ནོ།། དེ་ནས་ཡང་ཡེ་ཤེས་འདི་ལ་སྐྱེ་བ་མེད་དེ་དེ་ཉིད་རང་རིག་པའི་རང་བཞིན་གྱི་ཕྱིར་རན ་ན། དེ་ལྟར་ན་ད་ནི་ཡེ་ཤེས་འདི་བྱ་བ་རྣམས་ཅི་ཡང་མི་བསྐྱེད་ན་ན་དྲི་ཇི་ལྟར་ཡོད་པ་ཡིན་ཏེ། ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མོ་གཤམ་གྱི་བུ་བཞིན་ན་རིག་པ་ཡིན་པར་ཇི་ལྟར་འགྱུར་ཏེ། དེ་ནས་མྱ་ངན་ལས་པ་ནུས་པ་ཐམས ་དང་རྣམ་པར་བྲལ་བ་ཁོ་ནའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་རོ།། དེ་ལྟ་བུ་ཡིན་བཞིན་དུ་ཡང་དེ་ལ་རང་རིག་དེ་ངེས་པར་ཡོད་པ་ཡིན་ན་ནི་ཡེ་ཤེས་དེ་བྱ་བ་དང་བྱེད་པ་ལ་སོགས་ཅན་དུ་ཁས་བླང་དགོས་སོ།། དེ་དག་དེ་ལྟར་གྱུར ་ནན་སྔར་གྱི་བཞིན་དུ་དངོས་པོར་དམིགས་པའི་སྐྱོན་དུ་འགྱུར་ཏེ་དངོས་པོ་ནི་བྱ་བ་དང་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ།། དེ་ནས་དེ་བཞིན་དུ་གཉིས་ཀྱི་རྣམ་པ་དང་རྣམ་པར་བྲལ་བའི་རང་བཞིན་གྱི་ཕྱིར་ན་དེ་ཁོ་ན་ཉིད་དེ་ལ ་དེ་བཞིན་པའི་རང་བཞིན་དུ་རིག་པ་ཡང་མེད་པ་དེས་ན་ཡེ་ཤེས་བྱ་བ་དང་བྱེད་པ་ལོ་སོགས་པ་ཅན་གྱི་དངོས་པོར་དམིགས་པའི་སྐྱོན་དུ་གནས་པ་ཇི་ཙུག་ཡོད་ཅེ་ན། དེ་ལྟར་ན་ཡང་དེ་བཞིན་པའི་རིག་པའི་དངོས་པོ་མེད་པའི་ཕྱིར ་ན། ད་དེའི་མྱ་ངན་ལས་འདས་པ་ཇི་ལྟ་བུ་ཞིག་ཡོད་དེ། མྱ་ངན་ལས་འོངས་པར་ཡང་སོ་སོར་རིག་པ་མེད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མིན་ཏེ་ཅི་སྟོན་ཅིང་བརྗོད་པ་མེད་ཅེས་ཏེ། དེ་མེད་པས་རང་རིག་པའི་རང་བཞིན་ཡང་ཞིག ་སྟེ་མེད་དམ། ཇི་ལྟར་ལྐུགས་པ་ལ་སོགས་པས་རོ་མཆོག་མྱངས་པ་ན་སྟོན་པར་མི་ནུས་པའི་དངོས་པོ་ལས་རོ་མྱོང་བ་མེད་དམ་ཅི། ནུས་པ་རྣམ་པ་མང་གསུངས་པ་ཞེས་བྱ་བ་ལ་སྩོགས་པ་ནི་རྒྱུད་གཞན་དག་ལས་རྒྱུད་འདི་ཉིད་ཁྱད་པ ་དུ་འཕགས་པར་གསུངས་པ་ཡིན་ཏེ། རྒྱུད་འདིར་གང་གསུངས་པའི་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་ཐོས་པ་ཙམ་གྱིས་འགྲུབ་པར་བརྗོད་དེ། ལན་ཅིག་བརྗོད་པ་དེ་ཉིད་ཀྱིས་དངོས་གྲུབ་སྩོལ་བར་མཛད་པ་དང་། འདིར་སྟོན ་དུ་བསྙེན་པ་ཡང་མི་དགོས་ཤིང་དེ་བཞིན་དུ་བཟླས་པ་འབུམ་ལ་སོགས་པ་མེད་པར་ཡང་འགྲུབ་བོ།། སྐུ་གཟུགས་དག་ནི་དགས་པ་དང་། ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པས་ནུས་མཐུ་རྣམ་པ་སྣ་ཚོགས་པའོ ་རང་བཞིན་བརྗོད་པས་སེམས་ཅན་རྣམས་གཟུག་པར་བྱ་བྱར་བརྗོད་དོ།། དེའི་ཕྱིར་ན་སྐུ་གཟུགས་དྲུག་སྭཱ་པཱ་ལི་སོགས་བྱ་ནི་དེ་ལས་གཞན་པ་ཐུན་མྱོང་མ་ཡིན་པ་མཐོང་བས་གདུལ་དུ། འ་བའི་སེམས་ཅན་རྣམས་འདུལ་བར ་འགྱུར་ལ། དེས་ཆོས་བསྟན་པའི་སྣོད་དུ་འགྱུར་རོ།། རང་གི་གཟུགས་ནི་བསྒྱུར་བ་ཉིད་ཅེས་བྱ་བ་ནི་སོ་སོའི་མིང་གཟུགས་བྱོར་ནས་སེང་གེ་དང་སྟག་མོ་ལ་སོགས་པའི་གཟུགསུ་བྱེད་པའོ།། གཞན་གྱི་གྱོང་དུ་འཇུག་ཅེས་བྱ་བ་ནི ་རང་གི་ལུས་ཡོངསུ་བོར་ནས་གཞན་གྱི་ལུས་ཀྱི་ནང་དུ་རང་གི་རྣམ་པར་ཤེས་པ་འཇུག་པར་བྱེད་པ་སྟེ། དེ་དག་ལ་སོགས་པའི་ནུས་པ་ཐམས་ཅད་བྱེད་པར་ནུས་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་ཡིན་ནོ།། དེ་ནས ་གཞན་ཡང་བཤད་བྱ་ཅེས་བྱ་བ་ལ་སོགས་པ་ནི་དུག་གསལ་བ་དང་། ནུས་མཐུ་འཕྲུལ་དུ་དབྱུང་བ་འདིར་བརྗོད་ཅིང་བསྟན་ཏོ།། དེ་ནས་སྦྱོར་བ་བཅོ་བརྒྱད་གསུངས་ཞེས་བྱ་བ་ནི་ཟོས་ཏེ་མྱོས་པར་བསྲུང་བར་བྱ་བ ་གསུངས་པ། ས་ལི་ཀི་ཡིས་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གང་གི་ཚེ་དུག་ཟོས་མྱོས་པར་གྱུར་པ་དེའི་ཚེ་ཇི་སྐད་དུ་གསུངས་པའི་ས་ལི་ཀཱ་ལ་སོགས་པའི་སྦྱོར་བ་རྣམས་སྔགས་པས་བྱེ་བ་ཡིན་ནོ།། དེ་ནས་རབ་ཏུ་སྦྱོར་བ་བྱས་མ ་ཐག་ཏུ་ཟོས་པ་རྣམས་འཚོའོ།། རིག་པ་འཛིན་པོ་ནི་འབྲས་བཏགས་པ་ལས་རིག་པ་འཛིན་པ་གཉིས་བྱ་བ་ཡིན་ནོ།། རྒྱན་པོ་འགྱེད་དང་ཞེས་བྱ་བ་ནི་གང་དུ་ཟོས་པ་འདི་ཡོད་པ་དེ་ལ་བསམ་གཏན་དང་ལྡན་པའི་སྔགས་པས་རྒྱན་པོ་རྩེ ་བར་བྱས་པ་ལས་དེ་ནས་ཟོས་པ་འདི་འཚོ་བར་འགྱུར་རོ།། དེ་ནས་རྔ་བརྡུང་བའི་སྦྱོར་བ་ཡིས་ཏེ་དེ་དག་ལ་སོགས་པའི་རབ་ཏུ་སྦྱོར་བ་བཅོ་བརྒྱད་པོ།། སྔགས་པས་བྱའོ།། མཆོག་གི་ཡེ་ཤེས་ཧེ་རུ་ཀའི་དངོས་པོ་དེ་རབ་ཏུ་གསལ་བར ་གསུངས་པ། དེ་ནས་གནན་ཡང་རབ་བཤད་པ། ཅི་བཞིན་དེ་ཉིད་ཡེ་ཤེས་མཆོག། ཅེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཡེ་ཤེས་གང་ཡིན་པ་དེ་ཤེས་རབ་ཀྱི་པདྨའི་རྩའི་ནང་ན་ཁུ་བའི ་གཟུགས་ཀྱིས་རྒྱུ་བའི་གནས་དེ་ཡིན་མོད་ཀྱང་སེམས་ཅན་འདི་དག་ཐམས་ཅད་ནི་མ་རིག་པའི་མུན་པས་གཡོགས་པས་དམིགོས་པ་དང་བཅས་པར་གྱུར་པའི་རང་བཞིན་དེས་དེ་ལྟ་བུར་གཟུང་བར་འཁོར་བར་བཅིངས་པར་གྱུར་པ ་ཡིན་ནོ། དེཉཝ་ཤེས་རབ་ཀྱ་པདྷཱ་ལྡན་ཅག་སྐྱེས་པའི་ཡེ་ཤེས་དེ་བཞིན་པའི་ཚོགས་ཡང་དག་པར་རིག་པ་ལས་དཀྱིལ་གར་འབྱུ་མྦུའྀའི་ལྷུན་མས་ཆགས་པར་ཉས་སུ་མྱོང་བར་བྱ་བསྟྭ~ཾ། དེ་ཉྀད་དུ་དེ་བཞིན་པར་དམིགས་པ་མང་པའོ ་ཤེས་ཀྱི་མཆོག་ཡང་དག་པར་རིག་པ་ལྔས་བཅུད་ཀྱི་ལེན་ལ་སོགས་པ་ཐམས་ཅད་དུ་འགྱུར་ཏེ། དངོས་གྲུབ་ཐམས་ཅད་ཀྱི་གཙོ་བོ་ནི་ཡེ་ཤེས་དེ་ཉིད་ཡིན་པའི་ཕྱིར་རོ།། ལྟ་བུ་གྲོབ་པའི་ཡེ་ཤེས་ཀྱི་གང་བྱིན་གྱིས་བརླབས་པ་དེ་ཉིད་ནི ་དངོས་གྲུབ་ཀྵྨཱི་སྱ་གན་སུ་འགྱུར་བ་ཡིན་གྱི་དེ་ལས་གཞན་པའི་སྔགས་དང་སྨན་ལ་སོགས་པའི་སྦྱོར་བ་དེ་ལ~ཾ་མི་བལྟོས་ཏེ་དེ་ཐམས་ཅད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། ཞེས་དགོང་སོ།། སྦྱོར་བྱ་གསང་བོར་གནས་པའི་རྩི་ཞེས་བྱ་བ་ལ ་སོགས་པ་ནི་ནརྀ་མོ་ཅན་གྱི་སྠོནྠི་ན་ཛཱ་ལཱ་བུ་ཡིན་བུ་དྲིས་པ་ལུས་རིམྦྷ་ཅན་གྱི་སྡེའི་བྱང་བྱཞིན་ཇི་ལྟར་ཡིན་པ་བརྗོད་པ་སྟེ། གསང་བར་གནས་པའི་རྩ་ཞེས་བྷ་བ་ནི་རྩི་དེ་དག་ནི་བདེ་བ་མཆོག་གཱི་ནྡྷ་ས་རི་མོ་ཅན་ནམ་མཛེས ་མྦྷ་ཞེས་བྷ་བ་སྟེ་ངོ་མཚུར་བའོ།། བདེ་བའི་རང་བཞིན་གྱི་ཡེ་ཤེས་ནི་སྡེ་མཱ་ཞེས་བྱ་བྲུར་བརྗོད་དོ།། དྲི་ལྷ་དྲིའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དངོས་པོ་རྩཝའི་རྒྱུ་ལས་ཡོད་དག་པར་བྱུང་བ་དེ་ན་མོ་ནྡན་གྱི་སྡེ་ཞེས་བྱ་བར་བརྗོད་དོ།། དེ ་ཉིང་ཀྱང་ཐེག་པ་ཆེན་པོ་ཡིན་པ་གསལ་བར་མཛད་བ་གསུངས་པ། འདི་དེ་ཉིད་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་གནས་རྩ་ནི་རྣལ་འབྱོར་མ་ཞེས་བྱ་བ་ནི་འབྱུང་གནས་ཀྱི་རྩ་གང་དག་དགོའ་བ་ཆེན་པོའི ་ཤྭེསུ་གནས་པ་ནི་རི་མོ་ཅན་གྱི་རང་བཞིན་ཏེ་དེ་ཉིད་ནི་བྱེག་པ་ཆེན་པོ་ཞེས་བྱ་བ་ཡིན་པར་བརྗོད་དོ།། དེའི་ཕྱིར་ནི་དེ་ཉིད་ནི་མཆོག་གི་ཡེ་ཤེས་ཏེ་དངོས་གྲུབ་ཀུན་གྱི་སྒྲུབ་ཐབས་ཡིན་ནོ་ཞེས ་གསལ་བར་མཛད་དོ།། འདི་དག་ནི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པས་སངས་རྒྱས་ཐོད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་ལེའུ་དང་པོའི་འགྲོལ་པ་སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེ་ཞེས་བྱ་བ་དངོས་གྲུབ་ཆེན་པོ་བརྙེས་པས ་མཛད་པའོ།། ། ད་ནི་སྔགས་ཀྱི་དངོས་གྲུབ་གསུངས་བྱ། དེ་ནས་ཡང་དག་རབ་བཤད་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་རྣམས་གྲུབ་པར་བྱེད་པའི་སྤོས་ལ་སོགས་པ་སྦྱིན ་པའི་སྔགས་དེ་སྲིད་པ་གསུངས་པ། ཨོཾ་བུདྡྷ་ཀུ་པཱ་ལཱི་ནཱི་ཞེས་བྱ་བ་ལ་སོགས་པའོ།། ཨོཾ་ཧཱཾ་ཧཾ་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆའི་སྔགས་ཏེ། སྙིང་ག་དང་། འཚོགས་མ་དང་། སྤྱི་གཙུག་དང་། ཕྲག་པ་དང་། མིག་དག་དང ་ཡན་ལྡེག་ཐམས་ཅད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་འདི་རྣམས་ཀྱི་གོ་མ་བྱའོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཱཾ་ཁཾ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མུ་ར་མོ་ཅན་གྱི་སྡེ་སྤྱན་དྲངས་པའི་སྡེ་ཡང་དག་པར་བྱོན་ནུ་བྱིན་གྱིས་རློབ ་པའི་ཕྱིར་རོ།། དེ་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ཟིན་ནས་སླར་ཡང་གིཤེགསུ་གསོལ་བའི་སྔགས་གཞན་དག་གསུངས་པོ། ཨོཾ་མ་ཧཱ་ཀ་པཱ་ལི་ནི་བཛྲི་ཎི་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟ་བུ་དག་གིས ་ནི་རྣལ་འབྱོར་རམ་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་རོ།། ད་ནི་མི་སྣང་བར་བྱེད་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། སྦྱོར་བ་གང་གིས་རྣལ་འབྱོར་པ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་ཀྱང་མི་མཐོང་བའི་རབ་ཏུ་སྦྱོར་བ་དེ་ཉིད་གསུངས་པ་འབྲས ་དཀར་པོ་བླངས་ཏེ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་འབྲས་དཀར་པོ་བུ་མོ་གཞོན་ནུ་མས་ཞིབ་མོ་གཏགས་པ་བྱས་པ་ལས་གཟུགས་བརྙན་ནི་གཞོན་ནུ་མས་གཏགས་པ་ཞིབ་མ་ཐག་ཏུ་རང་ཉིད་ཀྱི་གཟུགས་བརྙན་བྱའོ།། གཟུགས་བརྙན་དེ ་ཡང་གདོང་པ་གཅིག་པོ་ལག་པ་བཞི་པ་བྱའོ།། དེའི་ལག་པའི་མཚོན་ཆ་གསུངས་པ། ཁ་ཊྭཱཾ་ག་དང་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ལས་བྱུང་ཞེས་བྱ་བ་མི་བསྐྱོད་པའོ།། ཇི་སྐད་དུ་གསུངས་པ་དེ་དག་ཉིད་ཆོ་ག་བཞིན་དུ་བླངས་ཏེ། རྣལ་འབྱོར ་མས་བརྒྱ་རྩ་བརྒྱད་དུ་སྔགས་ཀྱི་བཟླས་པོ་བྱའོ།། བཟླས་པར་བྱ་བའི་སྔགས་ཀྱང་གསུངས་པ། ཨོཾ་མ་ཧཱ་བཛྲེ་ཞེས་བྱ་བ་ལ་སོགས་པའོ།། དེ་ནས་ཚུལ་ལན་བདུན་ཡོངསུ་བཟླས་ནས་གཟུགས་བརྙན་བསྐུའོ།། དེའི་ལྷག་མས་རང་གི་ཁྱོ ་བཀྲུས་ན་མི་མཐོང་བར་འགྱུར་ཏེ། དེ་ནས་དེ་ལྟ་བུས་རྣལ་འབྱོར་པ་སྣ་ཚོགསུ་རོལ་པ་དྲུང་ཉིད་ན་བྱེད་ཀྱང་གང་གིས་ཀྱང་མི་མཐོང་ངོ་།། དེ་ནས་འོ་མས་རང་གི་ཁ་གདོང་བཀྲུས་ན་སླར་མཐོང་བར་ཡང་འགྱུ་རོ།། མཚོན་ཆ་རེངས་པར་བྱ་བའི ་རབ་ཏུ་སྦྱོར་བ་གསུངས་པ། གཟུགས་བརྙན་དེའོ་ཞེས་བྱ་བོ་ལ་སོགས་པ་སྟེ། ཇི་སྐད་དུ་གསུངས་པའི་གཟུགས་བརྙན་དེའི་སྙིང་གར་ཇི་སྐད་བསྟན་པའི་རབ་ཏུ་སྦྱོར་བ་དེ་དག་བྱ་བ་ཡིན་ཏེ། དུར་ཁྲོད་ཀྱི་མེས་ཤིང་བ་པོ་ལ་གཙོ་བོར་སྙིང ་གར་གླཅེར་ཏེ་རབ་ཏུ་སྦྱར་བར་ཚངས་པའི་རྡོ་རྗེ་སྟེ། རྣམ་པར་སྣང་མཛད་ཀྱིས་གཟུགས་བརྙན་ཡོག་པར་བསྐུས་ནས་བསྲེགས་པའི་ཐལ་བ་བླངས་པ་དང་། རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གས ་ལོ།། དེ་ལྟ་བུའི་ཐལ་བའི་སྦྱོར་བ་འདིས་གདུག་པ་ཅན་རྣམས་རྣམ་པར་འཇིག་པར་འགྱུར་བ་ཡང་བལྟ་ག། གདུག་པ་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་སྦྱོར་བས་བསྒྲུབས་པའི་ཐལ་བ་དེས་རྣལ་འབྱོར་པའི་ལུས ་བྱུགས་ནས་ཁྲོས་ཏེ་བལྟས་པ་ཙམ་གྱིས་དགྲ་བོ་སྟོང་ཡང་མགོ་འཆད་པར་འགྱུར་རོ།། དེ་བཞིན་དུ་སེམས་ཀྱིས་བྱས་པ་ཙམ་གྱིས་སྨྱོ་བར་བྱེད་དོ།། དེ་བཞིན་དུ་རབ་ཏུ་གྲུབ་པོའི་ཐལ་བ་འདི་ཉིད་ཏིལ་མར་བཟང་པོ་དོང་བསྲེས་ནས ་མིག་ལ་བྱུགས་ན་དཔག་ཚད་སྟོང་ན་གནས་པའི་དངོས་པོ་རྣམས་ཀྱང་མཐོང་བར་འགྱུར་རོ།། དངོས་པོ་དེ་རྣམས་མཐོང་བར་གྱུར་ན་རྣལ་འབྱོར་པ་ངས་སྦོམ་པོ་དང་ཐ་ལྟག་གོས་བརྡེགས་པ་ཙམ་གྱིས་དེ་དག་རང་ཉིད་འོངས་ནས་གམ་དུ ་བཔར་གནས་པར་འགྱུར་རོ།། དེ་བཞིན་དུ་ཐལ་བ་དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་གཞན་ཡང་གསུངས་པ། ཐལ་བ་དེ་གི་ཝང་གྲི་ཞེ་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་པས་རབ་ཏུ་སྦྱོར་བ་འདི་བྱས་ན་འདིས་ནི་དམག་གི་ཚིགས་སྟོང་ངམ་འབུམ་ཡང ་ཁས་བུབ་ཏུ་འགྲེལ་བར་འགྱུར་རོ།། བཀྲུས་པ་ཙམ་གྱིས་ཞེས་བྱ་བ་ནི་རྣལ་འབྱོར་པའི་མཐེ་བོས་དེ་འོ་མས་བཀྲུ་བར་བྱོས་ན་དགྲ་བོ་རྣམས་སླར་ཡང་འཚོ་བར་འགྱུར།། གཞན་ཡང་ཐལ་བའི་སྦྱོར་བ་དེ་ཉིད་ཀྱིས་གཞན་དུ་སྦྱར་བ་ལ ་གསེར་དུ་འགྱུར་བར་བལྟ་བ། ཡང་ཐུལ་བ་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ།། ཤིང་བླང་གའི་ཁུ་བ་ཞེས་ནི་ཤིང་བད་གའི་བཅུད་དོ།། དེ་ནས་རྡོ་རྗེ་ལས་བྱུང་བར་བཞུགས་གོ།། ལྕགས་ཀནྟ་ཞེས་བྱ་བ་ཕྱེ་མར་བྱས་པ་ཡང་དེར་བླུགས་སོ།། ་རྡོརྗེ་དབྱུག་པའི་བཅུང་ནི་མི་བསྐྱོད་པའོ།། མཁྲིས་ཆེན་གྱི་བསྣོས་ནས་ཞེས་བྱ་བ་ནི་མའི་མཁྲིས་བྱས་བསྒོ་བྱའོ།། ཤིང་བང་གིའི་ཁུ་བུ་ཞེས་ནི་ཤིང་བ་གའི་བཙུང་ངོ་།། དེ་ནས་གཞན་ཡང་གཞོན་ནུ་མྲའི་རྡོ་རྗེའི་རྩིས་ཀྱི་དོན་གྱི་རབ་ཏུ་སྦྱོར ་གཞན་དག་གསུངས་པ། ཡོང་ཐལ་བ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་བ་དེ་སྤྱི་བོར་བྱིན་ཏེ་རྡོ་རྗེ་ལས་བྱུང་བས་ཀྱང་གཞོན་ནུ་མུའི་དེར་རབ་ཏུ་བརླན་པར་བྱའོ།། གཞན་ཡང་ཐལ་བ་དེ་ཉིད་ཀྱིས་དེ་ལ་ཐིག་ལེ་ཡང་བྱའོ།། ་དེ་ལ་གདུག་པ་ལྔས་གདུགས་ན་ཞེས་བྱ་བ་ནི་གཞོན་ནུ་མུཾ་དེ་ལ་བདུད་རྩི་ལྔའི་བདུག་པས་བདུག་ནའོ།། རབ་ཏུ་སྦྱོར་བ་དེ་ལྟ་བུ་ལས་གཞོན་ནུ་མ་དེ་ཐམས་ཅད་སྨྲ་བར་འགྱུར་རོ།། གཞོན་ནུ་མ་དྲི་ལྟ་བུ་དེའི་རབ་ཏུ་སྦྱོར་བ་འོད་བྱས ་ནས། གཞན་ཡང་གྲུབ་བྱའི་རལ་གྲི་བདུན་པོ་ཁཱ་ནས་འཐོན་པར་འགྱུར་བའི་སྦྱོར་བ་གཞན་དག་སྦྱར་བར་བརྗོད་པ། དོན་འགྲུབ་པའི་འབྲས་བུ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་འགྲུབ་པའི་འབྲས་བུ་ནི་ཡུངས་ཀར་གྱིས ་འབྲས་བུའོ།། རབ་ཏུ་སྦྱོར་བ་འདིས་རིག་པ་འཛིན་པའི་དངོས་གྲུབ་བསྐྱེད་པར་བྱེད་དོ།། གཞན་ཡང་ཐལ་བར་དེ་ཉིད་ཀྱིས་རི་ལུའི་དངོས་གྲུབ་བསྒྲུབ་པ་གསུངས་པ། ཐལ་བ་དེ་ཅེས་བྱ་བ་ལ་སོགས་པ་སྟེ། ལྕགས་གཅུ ་གྱིས་དཀྲིས་ནས་རཱི་ལུར་བྱས་ཏེ་ཞེས་བྱ་བ་ནི་ཟངས་མ་དང་། དངུལྭ་དང་། གསེར་གྱི་ཐལ་བ་དེ་པུར་ཏེ་རྣལ་འབྱོར་པས་རི་ལུའི་དངོས་གྲུབ་གྲུབ་པར་བྱ་བའི་དོན་དུ་རི་ཝཱར་བྱུ་བ་ཡིན་ནོ།། དེ་བཞིན་དུ་གཞན ་ཡང་གྲུབ་པའི་སྔགས་བསྟན་བྱ་དེ་ཡང་ཇི་ལྟ་བ་བཞིན་ཡིན་པས་ཁོང་དུ་ཆུད་པ་སླའོ།། འདི་དག་ནི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་ལེའུ་གཉིས་པཱི་འགྲེལ་པ།། ་སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེ་ཞེས་བྱ་བ་དངོས་གྲུབ་ཆེན་པོ་བེརྙེས་པས་མཛད་པའོ།། བཀྲ་ཞིས། ་