| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲཱ་མྲྀ་ཏ་ཏནྟྲ་ནཱི་ཀཱ། བོད་སྐད་དུ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། གང་གིས་དངོས་གྲུང་གསལ་ཊ་དྲམ་མེད་ཅིང་ཡེ་ཤེས་དར་བ་འཁྲུལ་མེད་པ།། ཐབས། ་དང་ཤེས་རབ་ཐུགས་རྗེ་ཆེན་པོའི་རོ་མཉམས་གཅིག་པ་ཡིན་ཡང་གཉིས་སྣང་བ།། མཱ་མ་ཀཱི་ལ་སོགས་པའི་སྤྱན་ཟུར་བུང་བ་མཆོག་གིས་འཇིབས་པའི་པདྨའི་ཞལ།། རྒྱལ་བའི་ངོ་བོ་དམ་པའི་བདེ་བ་དེ་ལ་བཏུད་ནས་རྡོ་རྗེ་བདུད་རྩི་དྲི།། གསང་བའི་གསང ་བ་སེམས་ཀྱིས་ནི།། བདག་གིས་རྒྱུད་དོན་ཀུན་བསྟན་ནས།། བདག་གཞན་ཕན་པའི་དོན་དུ་ན།། རྣམ་བཤད་གསལ་བར་བྱས་པའོ།། བསྡུས་ནས་འགྲེལ་པའི་རྗེས་འབྲང་སྟེ།། དད་པས་བོང་དཔེ་རྒྱས་པར་བྱས།། རྒྱུད་འདི་ལ་མཱ་མ་ཀཱི་ལ་སོགས་པས ་ཡོངསུ་བསྐོར་བའི་བཅོམ་ལྡན་འདས་མི་སྐྱོད་པ་ནི་དོན་ཏོ།། རྒྱུད་ནི་ཚིག་གོ། དགོས་པ་ནི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡེ་ཤེས་མངོན་དུ་བྱས་པའོ།། སྐྱེ་བོ་རྣམས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྤྱད་པ་ཉིད་ན་སྐྱོན་གྱིས་མི་གོས་ཏེ། རྣམ་པར ་གྲོལ་བའི་ལམ་དུ་གྱུར་པའོ།། དེ་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པའི་ཟེར་གྱི་ཀྱོ་བས་སེམས་ཅན་གསང་བའི་གནསུ་བཀུག་ནས་དབང་བསྐུར་བའི་མཐུས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གནས་དག་པ། ཡེ ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱ་རིགས་ལྔའི་སྐུར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པའི་ཡང་དགོས་པའོ།། ཆོས་ཀྱི་རྗེསུ་འབྲང་བའི་གང་ཟག་དད་པ་བསྐྱེད་པར་བྱ་བ་ལ་ཕན་པར་བྱེད་པའི་ཕྱིར་དེ་དག་ཀྱང་གདོན་མི ་ཟ་བར་བརྗོད་པར་བྱའོ།། འོ་ན་ཅིའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་སེམས་ཅན་རྣམས་ཀྱི་ཐབས་འདི་ལས་གཞན་ཏིང་ངེ་འཛིན་བཅོམ་ལྡན་འདས་ཀྱིས་མ་བསྟན་ནས། འཇིག་རྟེན་ལ་འགལ་བ་དེ་བསྟན ་ཅེ་ན། ཅིའི་ཕྱིར་འཇིག་རྟེན་གདོད་མ་མེད་པའི་དང་པོ་ནས་གོམས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་གྱི་དྲི་བས་འཁྲུགས་པའི་ཡིད་ཡིན་པས། ཡིད་ལ་ཆགས་པ་ལ་སོགས་པ་མེད་པར་གནས་མི་ནུས་པ་དེའི་ཕྱིར། དེ་ཉིད་རྫོགས་པ ་ལ་བྱང་ཆུབ་ཐོབ་པའི་རྒྱུ་ཉིད་དུ་དང་དུ་བླངས་ཏེ། སྔགས་དང་ཕྱག་རྒྱ་དང་། ཡེ་ཤེས་སེམས་དཔའ་འགུགས་པ་དང་ལྡན་པར་བྱས་ནས། བྱང་ཆུབ་གྲུབ་པར་བྱ་བ་ལ་ཤིན་ཏུ་ནུས་པ་སྐྱེ་བའི་ཕྱིར་རོ།། གཏན་དུ་འདོད་ཆགས་དང་། འདོད་ཆགས་ཅན ་བཅིང་བ་དང་བཅིང་བར་གྱུར་པ་དེ་གཉིས་དོན་དམ་པར་རང་གི་ངོ་བོར་མ་གྲུབ་པ་མ་ཡིན་ཏེ། རིག་པས་དཔྱད་ན་དོན་མེད་པའི་ཕྱིར་ཏེ། གང་དག་དུ་ཆགས་པ་འམ། གང་ལ་ཆགས་པ་འམ། གང་གིས་ཆགས་པ་དེ་དང་དེའི་ཆོས་ནི་དམིགས་པར་མི་བྱ ་སྟེ། མི་དམིགས་པའི་ཆགས་པ་ནི་སྐྱོན་མེད་ཅེ་ན་མི་སྐྱེ་སྟེ་ཆགས་པར་བྱ་བ་མ་ཡིན་ནོ།། འདོད་ཆགས་མེད་པའི་སེམས་འདིར་ནམས་ཀྱང་ཉོན་མོངས་པ་མ་ཡིན་ནོ།། གང་དག་དམིགས་པའི་བདག་ལ་ཞུགས་པའི་ལྟ་བ་བྱ།། དེ་དག་ཆགས་པས ་ངན་སོང་དུ་ནི་ལྟུང་བར་བྱེད།། འདོད་ཆགས་ཆོས་གང་དེ་ཉིད་སངས་རྒྱས་ཆོས་ཡིན་ཏེ།། དེ་གཉིས་ལ་ནི་ཁྱད་པར་འགའ་ཡང་ཡོད་པ་མིན།། ཡི་གེ་གཅིག་ཚུལ་གཅིག་གིས་མཚན་ཉིད་མེད་པ་སྟེ།། སྐྱེ་བོ་རྣམས་དང་བདེ་བར་གཤེགས་པ་ཉིད ་ཀྱང་བྱུང་བར་མིན།། ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་སྤྱོད་རྟོགས་ནས།། ཚུལ་ཁྲིམས་དྲེགས་པས་མྱོས་པ་གང་གིས་བསམ།། དེ་ལ་བྱང་ཆུབ་སངས་རྒྱས་ཆོས་ཀྱང་མེད།། དབྱར་དམིགས་པའི་ལྟ་བར་བཞུགས་སྦྱར། ཡང་གསུངས་། ་ཆགས་མིན་ཆགས་དང་བྲལ་བ་ན།། དབུ་མར་ཡང་ནི་མི་དམིགསོ།། ཞེས་པ་ལ་སོགས་པའོ།། རྒྱུད་འདིའི་སྟོན་པ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ།། རྒྱུད་འདི་ཞུ་མཁན་སྡུད་པ་པོ་ནི་མཱ་མ་ཀཱིའོ།། འཁོར་ནི་ལྷ་མོ་མཛེས་མས་དང་པོར་བཟུང་ནས་སྒོ ་སྲུངས་མའི་མཐར་ཐུག་པའོ།། འདི་སྐད་ཅེས་པ་ལ་སོགས་པ་ནི།། རྒྱུད་ཀྱི་མགོ་བརྩམས་པའོ།། འདི་སྐད་ཅེས་པ་ནི་ཕྱི་ནས་བརྗོད་པའི་རྡོ་རྗེ་བདུད་རྩིའི་རྒྱུད་དོ།། གཉིས་སུན་འདི་སྐད་ནི་རྒྱ་གུར་གྱི་ཚིག་ལ་ཨ་བཾ་སྟེ། ཨེ་གྲུ་གསུམ་ནི་པདྨའོ།། བེ་ནི་བཛྲ་སྭཱ ་རྡོརྗེ།། རྒྱུད་འདི་མགོ་མཇུག་རྡོ་རྗེ་དང་པདྨ་སྦྱོར་བས་འགྲུབ་པའི་དོན་ཡིན་པས།། འདི་ནི་པདྨ། སྱཱད་ནི་རྡོ་རྗེ་ཞེས་སྦྱར་བར་བྱའོ།། དེ་ལ་བདག་གིས་ཞེས་བྷ་ནི། སྡུང་བ་པོ་མཱ་མ་ཀཱིའི་ཚིག་སྟེ། བཅོམ་ལྡན་འདས་ཀྱི་ཞལ་ནས་བདག་གིས་མངོན་སུམ ་ཐོས་པར་བསྟན་ཏེ།། གཞན་ལས་གཞན་དུ་ཐོས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། དེ་ཡང་གཅིག་པུ་ཐོས་པ་ནི་མ་ཡིན་ཏེ།། ཕྱི་ན་འཁོར་གྱི་ཕུན་སུམ་ཚོགས་པ་དང་འགལ་བའི་ཕྱིར་རོ།། ཐོས་པ་ཞེས་པ་ནི། ཤེས་པའི་དོན་ཏེ། ཡིད་ཀྱི་རྣམ་པར ་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། རྣ་བའི་དབང་པོའི་སྤྱོད་ཡུལ་སྒྲ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཡིན་ནམ་ཞེ་ན་ཡིན་ཏེ། སྤྱོད་ཡུལ་ཐམས་ཅད་འཇུག་པ་དང་རྟོག་པའི་རྣམ་པར་ཤེས་པ་གཉིས་ཀྱི་ཐུན་མོང་གི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། ། ་དེ་བས་ན་ཐོས་པའི་དོན་ལ་ཤེས་པ་ཞེས་བྱ་བ་མི་འགལ་ལོ།། དུས་གཅིག་ན་ཞེས་བྱ་བ་ནི། དུས་གཅིག་གི་ཚེ་ན་སྟེ། གང་གི་ཚེ་བཅོམ་ལྡན་འདས་མི་བསྐྱོད་པ་གསང་བའི་པདྨ་ལ་ཞུགས་པའི་ཚེ་ཐོས་པའི་དོན་ཏོ།། ཡང་ན ་རྒྱུད་འདི་མགོ་མཇུག་ནཱི་ལོ་གྲངས་དང་ཚེས་གྲངསུ་ཐོས་པ་མ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཞེས་པ་ནི། བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པ་ལེགས་ལའི་ཡོན་ཏན་དྲུག་དང་ལྡན་པས། བཅོམ་ལྡན་འདས་ཞེས ་ཏེ། གསང་བའི་བྷ་གའི་པདྨ་ལ་རྟག་པར་གནས་པ་དང་ལྡན་པའི་དོན་ཏོ།། ཅིའི་ཕྱིར་བྷ་ག་ཞེས་བྱ་བ་ནི་གཉིསུ་མེད་པའི་ཤེས་རབ་ཡིན་པས། དེ་བས་བདུད་བཞི་གསང་བའི་བྷ་གར་གཞོམ་པའོ།། དེ་ལྟར་ཡང་གསུངས་པ། ཉོན་མོངས་ཤེས་རབ ་ཀྱིས་ཐུབ་སྟེ། དེ་ཕྱིར་ཤེས་རབ་བྷ་གར་གསུངས་ཞེས་པའོ།། དབང་ཕྱུག་ལ་སོགས་པའི་རྒྱུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བཅོམ་ལྡན་འདས་གསང་བའི་བྷ་གར་བཞུགས་པ་ལ་ལྡན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས ་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའོ།། དེ་དག་གི་སྐུ་དང་གསུང་དང་ཐུགས་ནི། སྐུ་དང་གསུང་དང་ཐུགས་ཞེས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང་། བདག་མེད་པའི་ཆོས་མཆོག་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་སོ།། དེ ་དག་ཁོ་ན་སྙིང་པོ་ཞེས་ཏེ། ལྷ་མོ་མཱ་མ་ཀཱི་ལ་སོགས་པ་སྟེ། འཇིགས་པ་མེད་ཅིང་འཚེ་བ་མེད་པའི་བདེན་པའི་རང་བཞིན་ཏེ། འདོད་པའི་འབྲས་བུ་སྦྱིན་པའི་ཕྱིར་རོ།། དེ་ཉིད་རྡོ་རྗེ་བདུད་རྩི་སྟེ་རྡོ་རྗེའོ།། བདུད་རྩི་གསང་བའི་ཞེས་པ་ནི། མཱ་མ་ཀཱི ་ལྔ་སོགས་པ་སྟེ། ཤིན་ཏུ་གསང་བའི་ཕྱིར་རོ།། དེ་ལྟར་ཡང་གསུངས་ཏེ། མུ་སྟེགས་རྣམས་ལ་ཕན་འདོགས་ཕྱིར།། སངས་རྒྱས་བཙུན་མོ་ཤིན་ཏུ་གཤིས་ཞེས་སོ།། དེ་དག་གི་བྷ་ག་ནི་པདྨ་ལ་ཞེས་པ་སྟེ། བྷ་གའི་དབུས་ལྷག་པའི་གནས་ལ་ནི།། ་གསང་བའི་བྷ་གའི་ནང་ན་ཡི་གེ་བྲུཾ་ལས་སྐྱེད་པའི་པདྨ་དང་ལྡན་པའི་ཕྱིར་རོ།། དེ་འདྲ་བའི་བྷ་ག་ལ་བཞུགས་སོ་ཞེས་པ་སྟེ། ལེགས་པར་གནས་སོ་ཞེས་བྱ་བའི་དོན་ཏོ།། དོན་ནི་འདི་ལྟ་སྟེ་ལྷ་མོ་མཱ་མ་ཀཱི་ལ་སོགས་པ་དེ་དག་གི་པདྨའི་བྷ་ག་ལ། བྱང་ཆུབ ་སེམས་རྡོ་རྗེ་བདུད་རྩིའི་གཟུགས་ཀྱིས། ཇི་སྲིད་སྲིད་པ་གནས་ཀྱི་བར།། ཤིན་ཏུ་དགའ་བ་དམ་པ་དང་།། རོ་མཉམ་པའི་ངོ་བོས་བཅོམ་ལྡན་འདས་གནས་པ་སྟེ། སྤྱོད་ལམ་རྣམ་པ་བཞི་ནི་མ་ཡིན་ནོ།། དེ་བས་ན་རྣལ་འབྱོར་པ་དག་གིས་ཀྱང་ལྷ་དང ་སྦྱོར་བ་མངོན་དུ་བྱེད་འདོད་པས། བསླབ་པར་བྱའོ་ཞེས་པའོ།། གཞལ་ཡས་ཁང་བརྩེགས་པ་ཞེས་པ་ལ་སོགས་ནི། མཱ་མ་ཀཱི་དང་ཐབས་གཅིག་ཏུ་སྙོམས་པར་བཞུགས་ཏེ།། ལྷ་མོ་མཛེས་མ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རོལ ་ཏོ་ཞེས་བྱའོ།། ཁང་པ་ན་ཞེས་པ་ནི་དཀྱིལ་འཁོར་ལའོ།། མཱ་མ་ཀཱི་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཞེས་པ་ནི་བཤད་ཟིན་ཏོ།། རྡོ་རྗེ་ཅན་ཞེས་པ་ནི་ཡེ་ཤེས་ལྔ་དང་རིགས་ལྔ་རྒྱུ་འབྲས་ནི་རྡོ་རྗེའོ།། ་དེ་དང་ལྡན་པའི་ཕྱིར་རོ།། དེ་བས་ན་ཕྱག་མཚན་ཡང་སྟེང་འོག་རྩ་ལྔ་པའི་རྡོ་རྗེ་རྣམས་སོ།། དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་པ། རྒྱུད་ལྔ་དག་པའི་འདྲས་དག་ནི།། རྡོ་རྗེ་ཞེས་ནི་བསྟན་པ་ཡིན།། ཞེས་སོ།། དོན་ནི་འདི་ལྟར ་གསུངས་པར་འགྱུར་ཏེ། མཱ་མ་ཀཱི་ལ་སོགས་པའི་ཆོས་ཀྱི་འབྱུང་གནས་ནི་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་དུ་དེའི་ཕྱེད་ཀྱི་ཚད་བརྟགས་པའི་པདྨ་འདབ་མ་བརྒྱད་ཀྱི་འདབ་མ་རེ་རེ་ལ། ལྷ་མ་མཛེས ་མ་ཞེས་བྱ་བ་ལ་སོགས་པ་བརྒྱད་གནས་པ། སྒོ་རྣམས་ལ་སྒོ་སྲུངས་ཁྲོ་ཉེར་མ་ལ་སོགས་པ་དང་། གྲཝ་རྣམས་ལ་ལྷ་མོ་མེ་ཏོག་མ་ལ་སོགས་པ་དང་། སྣམ་བུ་ལ་ལྷ་མོ་པི་ཝང་མ་ལ་སོགས་པ་ཐམས་ཅད་རང་རང་གི་ཕྱག་མཚན་འཛིན་པར་གནས་པར ་བྱ་བ་དང་། བཅོམ་ལྡན་འདས་མི་བསྐྱོད་པ་ཡང་མཱ་མ་ཀཱི་དང་སྙོམས་པར་ཞུགས་པ་དང་ལྡན་པས་པདྨའི་སྙིང་པོ་ལ་བཞུགསོ་ཞེས་པའོ།། འདི་ལྟ་སྟེ་བཅོམ་ལྡན་འདས་དབུས་ཀྱི་གཙོ་བོ་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་ལ། ཞལ་ནི་གཙོ་བོ་དང ་མཐུན། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་བསྣམས་ནས། གཙོ་བོའི་བརླར་བརྟེན་པ། འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི་བསྣམས་པ། གཡོན་པ་གསུམ་གྱིས་ཞགས་པ་དང་ལྕགས་ཀྱུ་དང་དྲིལ་བུ་བསྣམས་པ། ཤར་གྱི་འདབ་མ་ལ་མཛེས་པ་མོ ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་དཀར།། ཕྱག་དང་པོ་གཉིས་ཀྱིས་འཁྱུད་པའི་ཚུལ་ལོ།། གཡས་གཉིས་ཀྱིས་བགྲང་ཕྲང་དང་མངའ་འཛིན་པ། གཡོན་གཉིས་ཀྱིས་འཁོར་ལོ་དང་གཞུའོ།། ཞལ་གསུམ་ཕྱག་དྲུག་ཀུན་ལ ་ཤེས་པར་བྱའོ།། ལྷོའི་འདབ་མ་ལ་ཞི་བའི་ཞལ་གྱི་དབུས་ཀྱི་ཞལ་དང་སྐུ་མདོག་སེར་པོ།། གཡས་གནག་གཡོན་དཀར། ཕྱག་དང་པོ་འཁྱུང་བའི་ཚུལ། གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་ཞགས་པའོ།། ་ནུབ་ན་ཟླ་བ་མོའི་དབུས་ཀྱི་ཞལ་དང་སྐུ་མདོག་དམར་པོ་གཡས་གནག་གཡོན་དཀར་ཕྱག་གཉིས་ཀྱིས་འཁྱུད་པའི་ཚུལ། གཡས་གཉིས་བགྲང་ཕྲེང་དང་རྡོ་རྗེ། གཡོན་གཉིས་པདྨ་དང་གུརྦྷེ། བྱང་དུ་དུང་ཅན་མའི་དབུས་ཀྱི་ཞལ་དང་། སྐུ་མདོག་ལྗང་གུ། གཡས ་གནག་གཡོན་དཀར། ཕྱག་དང་པོ་གཉིས་འཁྱུད་པའི་ཚུལ། གཡས་གཉིས་ཀྱིས་རལ་གྲི་དང་རྒྱ་གྲམ། གཡོན་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པའོ།། དབང་ལྡན་གྱི་འདབ་མ་ལ་རི་བོང་འཛིན་མའི་དབུས་ཀྱི་ཞལ་དང་སྐུ་མདོག་དཀར། གཡས་གནག ་གཡོན་དམར། ཕྱག་གཡས་གསུམ་མཆོད་སྦྱིན་དང་རྡོ་རྗེ་དང་མདའོ།། གཡོན་གསུམ་གཞུ་དང་རིན་པོ་ཆེ་སྙེ་མ་དང་། སྡིགས་མཛུབ་བོ།། མི་མཚམས་ལ་རི་མོ་ཅན་གྱི་དབུས་ཀྱི་ཞལ་དང་སྐུ་མདོག་ནི་གནག། གཡས་དཀར་གཡོན་དམར། ཕྱག་གལ ་གསུམ་ན་སྐྱབས་སྦྱིན་དང་རྡོ་རྗེ་དང་མདའོ།། གཡོན་གསུམ་གཞུ་དང་སྡིགས་མཛུབ་དང་ཞགས་པའོ།། བདེན་བྲལ་མཚམས་ལ་ཡིད་དགའ་མའི་དབུས་ཀྱི་ཞལ་དང་། སྐུ་མདོག་ནི་དམར་བ་གཡས་གནག་གཡོན་དཀར་བ། གཡས་གསུམ་མི་འཇིགས ་པ་དང་རྡོ་རྗེ་མངའ།། གཡོན་གསུམ་གཞུ་དང་པདྨ་དང་བགྲང་ཕྲེང་ངོ་།། རླུང་མཚམས་ལ་ཡིད་ལ་བདེ་བར་བྱེད་མའི་དབུས་ཀྱི་ཞལ་དང་སྐུ་མདོག་ལྗང་གུ་གཡས་གནག་གཡོན་དཀར། ཕྱག་གཡས་མི་འཇིགས་པ་དང་རྡོ་རྗེ་དང་མདུའ། གཡོན་གཞུ་དང ་ཨུཏྤལ་དང་སྡིགས་མཛུབ། ཡང་ན་གོང་གི་རིག་མ་བརྒྱད་ཀྱི་ཕྱག་མཚན་ཀུན་གཙོ་བོ་དང་མཐུན་པར་བྲིས་ཀྱང་མི་འགལ་ཏེ། རྒྱུད་ཉིད་ལས་གཞན་གྱི་ཕྱག་མཚན་མ་གསུངས་པའི་ཕྱིར་རོ།། མེ་ཏོག་མ་དབུས་ཀྱི་ཞལ་དང་སྐུ་མདོག་དཀར། གཡས ་གནག་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་མེ་ཏོག་གི་གཞོང་པ་བསྣམས་པ། ཕྱི་མ་ཀུན་གཙོ་བོ་མཱ་མ་ཀཱི་དང་མཐུན་ཏེ། འོག་མ་ཀུན་ལཾའང་ཤེས་པར་བྱའོ།། སྤོས་མའི་ཞལ་དབུས་སེར་གཡས་གནག་གཡོན་དཀར། ཕྱུག ་དང་པོ་གཉིས་སྤོས་མེ་འཛིན་པའོ།། མེ་མར་མའི་དབུས་དམར། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་མེ་མར་འཛིན་པའོ།། དྲི་ཆབ་མའི་ཞལ་དབུས་ལྗང་། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་དྲིའི་དུང་བསྣམས་སོ།། གླིང ་བུམ་ཞལ་དབུས་དཀར། གཡས་གནག་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་གླིང་བུ་བསྣམ་སོ།། པི་ཝང་མའི་ཞལ་དབུས་སེར། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་པི་ཝང་འཛིན་པའོ།། རྔ་ཆེན་མ་ཞལ་དབུས་མར། གཡས ་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་རྔ་ཆེན་འཛིན་པ། རྫ་རྔ་མའི་ཞལ་དབུས་ལྗང་གུ། གཡས་དཀར་གཡོན་དམར། ཕྱག་གཉིས་ཀྱིས་རྫ་རྔ་འཛིན་པའོ།། ཁྲོ་གཉེར་མའི་ཞལ་དབུས་དཀར། གཡས་གནག་གཡོན་དམར། ཕྱག་དང་པོ་གཉི ་རྡོ་རྗེ་ལྕགས་ཀྱུ་འཛིན་པའོ།། འཇིགས་པར་བྱེད་མ་ཞལ་དབུས་སེརྱ། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་ཞགས་པ་འཛིན་པའོ།། རྟའི་གཟུགས་མ་ཞལ་གསུམ་ཕྱག་དྲུག་ལ། དབུས་གྱི་ཞལ་དང་སྐུ་མདོག་ནི་དམར། གཡས་གནག ་གཡོན་དཀར། ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པའོ།། ཚོགས་ཀྱི་འདྲེན་མ་མོ་ཞལ་གསུམོ་ཕྱག་དྲུག་ལ་དབུས་ཀྱི་ཞལ་དང་སྐུ་མདོག་ནི་ལྗང་ཀུ། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་དྲིལ་བུ་འཛིན་པའོ།། དེ་ལྟར་ཞལ ་མདོག་གི་རིམ་པ་གསང་བ་འདུས་པའི་ཀ་རི་ཀ་ལས་གསུངས་པ་ཐམས་ཅད་གཡོན་ནི་གནག་པ་མིན། གཡས་ཀྱི་ཞལ་ནི་དམར་བ་མིན།། ཡེ་ཤེས་ཞབས་ཀྱིས་རྗེས་འཕྲང་བས།། གསུང་འདུས་འདི་ལྟར་ཤེས་པར་བྱའོ་ཞེས་འབྱུང་། ད་ནི་བཅོམ་ལྡན་འདས ་ཁང་པའི་དབུས་ན་གནས་པ་དེ་ལ་ཤིན་ཏུ་དགའ་བའི་རོ་མཉམ་པར་བྱ་སྟེ། ལྷ་མོ་མཱ་མ་ཀཱི་དེས་འདོད་ཆགས་ལ་སོགས་པ་ལ་ཆགས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱང་བའི་དོན་དུ་ཞུས་པ། དེ་ལ་ལྷ་མོ་དེས་ཞུས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ ་ཞེས་པ་ནི་མཛེས་པ་མོ་ལ་སོགས་པའི་ལྷ་མོས་བསྐོར་ཞིང་མཱ་མ་ཀཱི་དང་ཐབས་གཅིག་ཏུ་བཅོམ་ལྡན་འདས་བཞུགས་པའི་ཁང་པ་ནའོ།། ལྷ་མོ་དེ་ཞེས་པ་ནི་སྡུད་པ་པོ་མཱ་མ་ཀཱི་སྟེ། ལྷའི་རིས་སུ་སྐྱེ་བར་མཛད་པའི་ཕྱིར་རམ། རང་གི་འོད་ཀྱིས་གསལ་བར ་བྱེད་པའི་ཕྱིར་རོ།། ཞུས་པ་ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པར་སྦྱར་ནས་ཞུས་པ་ཡིན་ཏེ། པུས་མོ་ལྷ་ང་སཾ་ལ་བཙུགས་ནས་ཞུས་པ་ལ་སོགས་པའི་ཚུལ་ནི་མ་ཡིན་ནོ།། གསང་ཆེན་ཞེས་བྱ་བ་ཞེས་པ་ནི། བདེ་བ་ཆེན་པོ་གཉིསུ་མེད་པའི་སོ་སོ་རང ་རིག་པའི་ཡེ་ཤེསོ།། དེ་ལ་ཆེར་གནས་པ་ཞེས་ཏེ་བདེ་བ་མྱོང་བའི་བདག་ཉིད་ཅེས་པའོ།། རྡོ་རྗེ་བདུད་རྩི་རྒྱུད་ཅེས་པ་ནི། རྒྱས་པ་དང་དགའ་བའི་སེམས་ཅན་གྱི་དོན་བྱེད་པའི་ཐབས་བླ་མའི་རྒྱུད་ཁྲི་ཉིས་སྟོང་པའོ།། དེ་རྣམས་སྟོན་ཅེ་ན། སྔོན་དུ་ཞེས་ནི ་བསྐལ་པ་དང་པོ་ན་ཀྱེ་ལྷ་མོ་ཁྱོད་ཀྱིས་ཐུགས་རྗེས་སྟོན་པར་འགྱུར་ཏེ། ད་ལྟར་ནི་སྡུད་པ་ལ་དགའ་བའི་སེམས་ཅན་གྱི་དོན་དུ་བཀའ་སྩལ་འཚལོ་ཞེས་པའི་དོན་དང་འབྲེལ་ཏོ།། བདུད་རྩིའི་ཞེས་པ་ནི། ལྷག་པའི་བྱང་ཆུབ་ཀྱི་སེམས་དེ་ཤི་བའི་ཆོས་དང ་བྲལ་བར་བྱེད་ནས། བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པ་ལ་རྐྱེན་གྱིས་གཙོ་བོར་གྱུར་པའོ།། ཅིའི་ཕྱིར། དེ་ཉིད་སེམས་ཙམ་དུ་བདག་ཀུན་ཏུ་བལྟས་ནས། ཕུང་པོར་གྱུར་པའི་ཁམས་གསུམ་དུ། གཉིསུ་མེད་པར་གྱུར་པ་མེད་པ ་ཡི། ཕྱི་ནང་གི་རྣམ་པར་རྟོག་པའི་དྲི་མའི་དྲ་བ་ངེས་པར་བསལ་བར་མཐོང་སྟེ། དེའི་འོག་ཏུ་བདེ་བ་ཆེན་པོའི་ཡེ་ཤེས་དང་རོ་མཉམ་པར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན། ས་བཅུ་གསུམ་པའི་ཆོས་ཀྱི་འབྱུང་གནས་ན། ན་མཁའ་དང་འབྱུང་བ ་བཞིའི་དཀྱིལ་འཁོར་ལྷའི་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཕྲོ་བ་འབར་བ་བུམ་པར་གྱུར་པ་ན་མཁའི་གཞིར་ཁྱབ་པ། ཡི་གེ་བྲུཾ་ལས་ཡོངསུ་སྤྲུལ་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཞལ་ཡས་ཁང་བརྩེགས་པ་གྲུ་བཞི་ལ་སོགས ་པས་བརྒྱན་པའི་དཀྱིལ་འཁོར་བྱས་པ་ལ་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེས་ཡི་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་སྟེ། འོག་ནས་འབྱུང་བའི་བསྟོད་པ་དང་མཆོད་ལ་བསྟོད་དེ་མཆོད་ནས་བཟོད་པར་གསོལ་ཏེ། ཡེ་ཤེས་སེམས་དཔའི་ཁ་ནས་བཅུག་ནས། ་རྡོ་རྗེའི་ལམ་གྱིས་ཕྱུང་སྟེ་ཟླ་བར་ཞུ་བ་མཐོང་ནས་བཅོམ་ལྡན་འདས་མཱ་མ་ཀཱི་དང་ཐབས་གཅིག་པ་བཅོམ་ལྡན་འདས་མངོན་སུམ་དུ་བྱའོ།། དེའི་འོག་ཏུ་རྗེསུ་སྦྱོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ནས། གཙོ་བོ་དབུས་སུ་བྱའོ།། རྡོ་རྗེ་བདུད་རྩི་འབྱུང ་དེ་ནི་མངོན་པར་བྱང་ཆུབ་པ་ལྔ་མདོར་བསྡུས་པར་ཟད་དོ།། དེ་ལྟར་ཡང་གསུངས་པ། སེམས་དང་སེམས་དཔའི་ཏིང་ངེ་འཛིན་ཡང་། བྱང་ཆུབ་སྤྱོད་པ་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པའོ།། ཡང་གསུངས་པ། དབང་པོ་གཉིས་ནི་སྙོམས་ཞུགས་ནས། ་མཁས་པས་རང་གི་ཁཱ་ཋ་ནི།། ཕྱུང་ནས་རྟག་པར་རྣལ་འབྱོར་པས།། དཀྱིལ་འཁོར་དཀྱིལ་འཁོར་རྒྱུན་དུ་བྱ།། ཞེས་སོ།། དེ་བས་ན་དོན་དེ་ཁོ་ནར་ངེས་པར་བྱའོ།། ཁྱད་བར་དུ་སྦྱར་བུའི་རྒྱུད་འདི་ལ་ཡང་དེ་ཁོ་ན་ག་ཏུ་བར་སྒྲུབ་པའི་ཐབས་ཡིན་ན།། གཞན་ནི་མྱ ་ཡིན་ནོ།། ཅིའི་ཕྱིར་འདི་ཁོ་ནར་གསུངས་པ། བདུད་རྩིའི་ཁུ་བ་ཞེས་གསུངས་ཏེ། འགྲོ་བ་གསུམ་ནི་དེས་སྐྱེད་དོ་ཞེས་པ་དང་། སྐུ་གསུང་ཐུགས་ནི་བསྒྲུབ་དོན་དུ། སྒྲུབ་པ་པོས་ནི་བདེ་བར་འདྲེན།། ཞེས་གསུངས་པའི་ཕྱིར། བདེ་བ་ཆེན་པོ་ཞེས་པ་ནི།། མི་བསྐྱོད ་པའི་མཚན་ཏེ། ཐབས་དང་ཤེས་རབ་རོལ་པའི་བདེ་བའི་བདག་ཉིད་དང་ལྡན་པའི་ཕྱིར་རོ།། བཀའ་སྔལ་འཚལ་ཏེ་ཞེས་པ་ནི་བདུད་རྩི་སྒྲུབ་པའི་ཐངས་ཞུས་པའོ།། ཅོམ་ལྡན་འདས་ཀྱིས་ལན་བཏབ་པས་གསུངས་པ། འདི་སྐད་ཅེས་པ་ལ་སོགས་པ་སྟེ། དེ་ལ་འ ་སྐད་ཅེས་པ་ནི་བསམ་མེད་ཅེས་པ་ལ་སོགས་པའི་འོག་ནས་འབྱུང་བའི་ཚིག་གོ།། བཅོམ་ལྡན་འདས་ལ་སོགས་པའི་ནི་བཤད་ཟིན་ཏོ།། དེ་ལ་ཡང་རེ་ཞིག་བདུད་རྩིའི་རང་བཞིན་གྱི་སྒོ་ནས་སྟོན་པ། བསམ་མེད་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་བདུད་རྩིའི་རྐྱེན་འ ་པ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་དུ་གསུངས་པའོ།། དེ་ལ་བསམ་མེད་ཅེས་པ་ནི།། དངོས་པོ་དང་དངོས་པོ་མེད་ཉིས་རྟོག་པའི་དྲི་མའི་དབ་བསལ་བའི་ཕྱིར་རོ།། ཟད་མེད་ཅེས་པ་ནི་རང་གི་རིགས་ཀྱི་བདེ་བ་ངོ་བོ་ལ་གྲངས་གཞན་སྐྱེ་བ་ཉིད་ཀྱི་ཕྱིར་དང་། རྒྱུད ་ཀྱི་འབྲལ་བ་མ་ལྷུང་བའི་ཕྱིར་རོ།། ཕྲ་མོས་ཏེ་ཞེས་པ་ནི་ཚིག་ཏུ་བརྗོད་པའི་སྤྱོད་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ།། དོན་ཡོད་ཅེས་པ་ནི་གྲངས་མེད་པའི་བསྐལ་པོ་མང་པོས་ཐོབ་པའི་མངོན་པར་རྫོགས་པའི་བྱང་ཆུབ་ཉིད་དུ་གྱུར་པར་བྱེད་པའི་ཕྱིར་རོ།། དབང་པོ་ལས ་འདས་ཞེས་པ་ནི། མིག་ལ་སོགས་པའི་སྐྱེ་མཆེད་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། དམ་པ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་གཙོ་བོར་གྱུར་པའི་ཕྱིར་རོ།། ཞི་བ་ཞེས་པ་ནི། འདོད་ཆགས་ལ་སོགས་པའི་ཉོན ་མོངས་པའི་དྲི་མས་མ་གོས་པ་ཉིད་ཀྱི་ཕྱིར་རོ།། རྣམ་དག་པ་ཞེས་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་ཞེས་པ་ནི་མི་འཇིག་པ་འཇིག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། བདུད་རྩི་ཞེས་པ་ནི། ཕྱིན་ཅི་ལོག་པའི་ལུས ་ཡོངསུ་འགྱུར་བའི་རྒྱུན་བདུད་རྩིས་སློང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། ད་ན་རྡོ་རྗེ་བདུད་རྩིའི་ངོ་བོ་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཡིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་བདུད་རྩིའི་རང་བཞིན་སྟོན་པའི་དེ་མ་ཐག་ཏུ་བདུད་རྩི་ཁོ་ནའི ་དངོས་པོ་སྦྱིན་པའི་མགོ་འཇུག་འབྲེལ་པའི་ཚིག་གོ།། གང་གིས་སྟོན་ཅེ་ན། བཅོམ་ལྡན་འདས་རྡོ་རྗེ་ཡིས་ཞེས་པ་སྟེ་བཤད་ཟིན་ཏྲ།། ཇི་ལྟར་སྟོན་ཅེ་ན། མཱ་མཱ་ཀཱི་དང་ཆགས་ལྡན་ནས་ཞེས་ཏེ། མཱ་མ་ཀཱི་དང་སྦྱོར་བ་བྱས་པའི་བདེ་བ་དང་ལྡན་པའོ།། དེ་ཉིད་རྗེ ་བདུད་རྩི་ཏིང་འཛིན་གྱིས་ཞེས་པ་སྟེ། དེ་ལ་གསང་བའི་རྡོ་རྗེ་ལས་བྱུང་བའི་ལྷག་པའི་བྱང་ཆུབ་སེམས་ནི་རྡོ་རྗེ་བདུད་རྩི་སྟེ། ཡེ་ཤེས་སེམས་དཔའ་ཁ་ནས་ཐིམ་ནས་ཟླ་བར་ཞུ་བ་གསང་བའི་ལམ་ནས་བྱུང་བ་བསྒོམ་པའི་སེམས་རྩེ་གཅིག་པའི་ཏིང་ངེ ་འཛིན་ལ་ཞུགས་ནས། གསང་ཆེན་མངོན་དུ་མཛད་ཅེས་པ་སྟེ། དེ་ལ་གསང་ཆེན་ཞེས་པ་ནི།། བདེ་བ་ཆེན་པོ་གཉི་སུ་མེད་པའི་ཡེ་ཤེས་རང་བཞིན་ལྷག་པའི་བྱང་ཆུབ་སེམས་ཏེ། རྒྱུད་གཞན་ལས་གསང་བའི་ཕྱིར་རོ།། མངོན་སུམ་དུ་མཛད་ཅེས་པ་ནི་ལྷག ་བའི་བྱང་ཆུབ་སེམས་རྫ་སུ་གསལ་བའི་འོག་ནས་འབྱུང་བའི་བདུད་རྩི་ཁུ་བ་ཞེས་བྱ་སྟེ། ཞེས་པའི་ཚིག་གིས་མཱ་མ་ཀཱི་ལ་སྟོན་པར་དགོངས་པའོ།། དེའི་ཕྱིར་གསུངས་པ། རྒྱུད་ཐམས་ཅད་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྒྱུད་ཐམས་ཅད་ནི་བྱ་རྒྱུད་དང་། ་སྦྱོར་བའི་རྒྱུད་དང་གསང་བའི་རྒྱུད་དང་ཁ་ཅིག་གོ།། གསང་ཆེན་ཞེས་པ་ནི་རྫས་སུ་མི་སྟོན་པའོ།། ཡེ་ཤེས་ཞེས་པ་ནི་བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་སོ།། དེ་ཉིད་རྡོ་རྗེ་བདུད་རྩི་ཞེས་ཏེ་བཤད་ཟིན་ཏོ།། དེ་ཡང་མཆོག་ཅེས་པ་སྟེ། མྱ་ངན་ལས ་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དོན་འདི་ནི་འདི་ལྟ་སྟེ། ཀྱེ་མཱ་མ་ཀཱི་རྒྱུད་ཀུན་ལས་གསང་བའི་རྡོ་རྗེ་བདུད་རྩི་ཡེ་ཤེས་གང་ཡིན་པ་དེ་བདག་གིས་བཤད་པར་བྱ་ཞེས་པའོ།། དེ་ལ་རེ་ཞིག་བདུད་རྩིའི་རྫས་ཉིད་སྒྲུབ་པའི་ཐབས་སྟོན་པ། ་བརྟན་པོར་འཁྱུད་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་བརྟན་པོར་འཁྱུད་པ་ནི་མི་ཤེས་པའི་འདམ་ལ་བྱིང་བའི་སེམས་ཅན་རྣམས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་དོན་དུ་འཇིག་ལས་འདས་པའི་སྙིང་རྗེ་ཆེན་པོ་དང་དུ་བླངས་ཏེ་བསྒོམས ་ནས་འཁྱུད་པའོ།། འོ་བྱེད་དང་ཞེས་པ་ནི་ནུ་མ་དང་ལག་རྩེ་དང་མགྲིན་པ་དང་མ་མཆུ་དང་མིག་དང་རྣ་བ་དང་སྣ་དང་སྤྱི་བོ་དང་གསང་བའི་ས་དང་དགུ་ལ་བྱའོ།། དགའ་བའི་རོལ་པ་ཞེས་པ་ནི། འོག་ནས་འབྱུང་བའི་པདྨར་འོ་བྱ་བ་དང་། ཚིག ་འཇམ་པོ་སྨྲ་བ་དང་། སེན་མོ་གདབ་པ་དང་། བྱེད་པ་བསྡམས་པ་ལྔ་ལ་སོགས་པའོ།། མཉམ་སྦྱོར་ཞེས་པ་ནི། རོལ་པ་ཟིན་མ་ཐག་ཏུ་འོག་ནས་ཏིང་ངེ་འཛིན་དང་ལྡན་པར་གསང་བའི་རྡོ་རྗེ་དང་པདྨ་སྦྱོར་བའོ།། དབྱངས་ཞེས་པ་ནི། ཕྱུང ་མཛད་ཕྱུང་མཛད་ཅེས་པ་ལ་སོགས་པའོ།། སིལ་སྙན་ཞེས་པ་ནི། བི་བང་ལ་སོགས་པའོ།། གར་བྱེད་པ་ནི། རྐེང་པའི་གར་ལ་སོགས་པའོ།། རྡོ་རྗེ་བདུད་རྩི་ཞུས་པ་ལ་སོགས་པ་ནི། དེ་ལྟར་འབྱུང་བ་ལ་སོགས་པ་བྱས་ནས། ཅུང་། ་ཀྱི་མཆོག་འདི་ལ་འབད་པ་དྲག་པོ་མི་དགོས་པས་མྱུར་བར་རྡོ་རྗེ་བདུད་རྩི་སྐྱེ་བ་འགྲུབ་པར་འགྱུར་ཞེས་པའོ།། དེས་འགྲུབ་པའི་བདུད་རྩི་བསྟན་པ། བདུད་རྩི་ཁུ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འགྲོ་བ་གསུམ་ཞེས་པ་ནི། འདོད་ཁམས་དང་གཟུགས་ཁམས ་དང་གཟུགས་མེད་པའི་ཁམས་གསུམ་སྟེ། འགྲོ་བ་རིགས་གསུམ་དང་སྟེ། འགྲོ་བ་རིགས་ལྔ་ཀུན་ལ་འོང་ཞིང་འགྲོ་བའི་ཕྱིར་རོ།། ངེས་བསྐྱེད་དོ་ཞེས་པ་ནི། བདུད་རྩི་དེས་འགྲོ་བ་རིགས་གསུམ་བསྐྱེད་དོ།། ཞེས་པའི་དོན་ཏོ།། དེ་ལྟར་བདུད་རྩིའི་རང་བཞིན་དང ་དངོས་པོ་བསྟན་ནས། དེས་བསྒྲུབ་པ་བསྟན་པ། ཁྱོད་ལ་དགའ་མ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁྱོད་ལ་ཞེས་པ་ནི་མཱ་མ་ཀཱིའོ།། དེའི་ཁྱད་པར་གསུངས་པ། དགའ་མ་ཞེས་པ་ནི་དགའ་བ་སྐྱེད་པའི་ཕྱིར་རོ།། ཞལ་བཟངས་མ་ཞེས་པ་ནི། བུད་མེད་ཀྱི་སྒྱུ་མ་དང ་མཛེས་པའི་ཞལ་ལོ།། རོལ་མོ་དང་བཅས་པའི་སྔགས་བུའི་ཚུལ་གྱིས་ལྟ་བའི་སྤྱན་དང་ལྡན་པའི་ཕྱིར་རོ།། དེ་ལྟར་ཡང་མཉམ་སྦྱོར་བདེ་མཆོག་ལས་གསུངས་པ།། བུད་མེད་མཁས་པ་སྒྱུ་མ་ཚོ།། མཛེས་པའི་བཞིན་ནི་རྣམ་པར་སྦྱར།། རོལ་མི་བཅས ་ཤིང་བཏེག་པའི་མཆོག། མཛེས་པར་ལྡན་པའི་གར་བྱས་པས།། ཞེས་པའོ།། དེ་ཡིས་ཞེས་པ་ནི་བདུད་རྩིའོ།། དེ་ཡིས་བསྒྲུབ་པ་ཞེས་པ་ནི་མི་བསྐྱོད་པ་དང་ཁམས་གསུམ་དང་སྐུ་གསུང་ཐུག་སོ།། དེ་བདག་གིས་བཤད་ཅེས་སྟོན་པས་དམ་བཅས ་པའོ།། ཇི་ལྟར་བཤད་ཅེ་ན། ཉོན་ཅིག་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཉོན་ཅིག་ཅེས་པ་ནི་མཱ་མ་ཀཱི་ལ་བོད་པའོ།། དེའི་སེམས་ཀྱི་ཚིག་ཁྱོད་ཀྱིས་གང་ལས་བརྩམས་ནས་དྲིས་པའི་ལན་ཚི་གོ།། མདོར་བསྡུས་ནས་ནི་ཞེས་པ་ནི་ཁྲི་ཉིས་སྟོང་པ་ལས ་མདོར་བསྡུས་ནས་བཤད་པར་བྱའོ་ཞེས་པའི་ཐ་ཚིག་གོ།། ལྷ་མོ་འམ་སེམས་ཅན་ཐམས་ཅད་དད་པ་བསྐྱེད་པར་བྱ་བའི་དོན་དུ། བསྒྲུབ་པའི་ཡོན་ཏན་གྱི་སྒོ་ནས་སྟོན་ཏེ། སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཅན་ཞེས་པ་ནི་འདི ་ལས་གཞན་དུ་ཕྱིན་པའི་རང་བཞིན་ནི། སེམས་དེ་དང་ལྡན་པ་ལ་སེམས་ཅན་ཞེས་སོ།། སེམས་ཅན་ཡང་དེ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་སེམས་ཅན་དུ། གྲངས་མེད་པའི་ཕྱོགས་བཅུའི་སེམས་ཅན་ནོ།། དེ་དག་ལ་ཕན་དོན་ཏུ་ཞེས་པ་ནི་སྡུག ་བསྔལ་དང་བྲལ་ཞིང་བདེ་བ་དང་ཕྲད་ནས་སངས་རྒྱས་པའོ།། རྣལ་འབྱོར་ཞེས་པ་ནི་སྒྲུབ་པ་པོ་སྟེ། ཐབས་དང་ཤེས་རབ་སྦྱོར་བ་དང་།། བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ།། འཁོར་བའི་ཞེས་པ་ནི་བར་མ་དེའི་སྲིད་པ་དང་། ་སྐྱེ་བའི་སྲིད་པ་དང་། སྔོན་དུས་ཀྱི་སྲིད་པ་དང་། ཤི་བའི་སྲིད་པ་དག་ལ་བརྟན་ཅིང་འབྲེལ་པ་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་ཕྱིར་རོ།། དེའི་བཅིངས་ལས་ཞེས་པ་ནི། འདོད་ཆགས་ཀྱིས་བཅིངས་པ་དང་། ཞེ་སྡང་གིས་བཅིངས་པ་དང་། གཏི་མུག ་གིས་བཅིངས་པ་དང་གསུམ་མོ།། མྱུར་བ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་སོ་ཞེས་འབྱུང་བ་དང་། མདོ་སྡེ་ཁ་ཅིག་ནས་གྲངས་མེད་པའི་ཡང་གྲངས་མེད་པས་སངས་རྒྱས་སོ། ་ཞེས་འབྱུང་བ་དང་། ཉན་ཐོས་ཀྱི་ཐེག་པ་ལ་མྱུར་བར་སངས་རྒྱས་པའི་ཚེ་གསུམ་གྱི་ཐར་པ་ཐོབ་པོ་ཞེས་འབྱུང་བ་དེ་དག་ལས་མྱུར་དུ་འགྲུབ་པ་རྡོ་རྗེ་ཐེག་པ་ཚེ་གཅིག་ལ་སངས་རྒྱསོ་ཞེས་བྱ་བའི་དོན་ཏོ།། དོན་ནི་འདི་ལྟ་སྟེ། ་རྣལ་འབྱོར་པ་གང་གིས་སེམས་ཅན་གྱི་དོན་དུ་དམིགས་ནས་ཐབས་དང་ཤེས་རབ་སྦྱོར་ནས་རྡོ་རྗེ་བདུད་རྩི་ཤེས་པ་རྟོགས་པ་དེ་ནི་བཅིངས་པ་ལས་མྱུར་དུ་གྲོལ་བ་ཡིན་ཏེ། འདོད་སྲེད་ཀྱི་དབང་གིས་ནི་གྲོལ་བ་མ་ཡིན་ནོ་ཞེས་པའོ།། ད་ནི་བསྒྲུབ་པའི་དངོས ་སྙན་པ། སྟོན་པ་དུ་མེད་ཅིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟོན་ཏུ་མེད་ཅིང་ཞེས་པ་ནི།། ཡོངསུ་གྲུབ་པའི་རང་བཞིན་བརྗོད་དུ་མི་ལང་བའི་ཕྱིར་རོ།། དེ་ལྟར་ཡང་སེམས་ཙམ་གྱི་ལྟ་བ་ལས་གསུངས་པ་དེ་ཡི་བློ་ཡིས་གཞན་མ་རྟོགས། དེ་ཡང་གཞན ་གྱིས་རྟོགས་པ་མིན།། གཟུང་འཛིན་རྣམ་པ་མེད་པའི་ཕྱིར།། བདག་རང་དེ་ཉིད་གསལ་བ་ཡིན་ཞེས་སོ།། དེ་གང་ཞེ་ན་ཡེ་ཤེས་ཆེན་པོ་ཞེས་ཏེ། མི་བསྐྱོད་པའི་རང་བཞིན་བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་མི་བསྐྱོད་པའི་རང་བཞིན་ནོ།། དེ་ལྟར་ཡང ་གསང་བ་འདུས་པ་ལས་གསུངས་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཆོག་ཆེན་པོ་ཞེས་སོ།། དེ་འདྲ་བའི་དངོས་གྲུབ་བདུད་རྩི་བསྒྲུབ་པའོ་ཞེས་པའི་དོན་ཏོ།། དངོས་གྲུབ་ཀྱི་ཡང་ཁྱད་པར་སྟོན་པ། འཇིག་རྟེན་གསུམ་འགྲུབ་ཅེས་པ་སྟེ། ་མཐོང་བསྒོམ་གྱིས་སྤངས་པའི་ཁམས་གསུམ་གྱིས་ཉོན་མོངས་པ་ཡང་བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་ཀྱིས་བསལ་ནས། ཕྱིན་ཅི་ལོག་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ་ཞེས་པ་ལ་སོགས་པ་དེས་ནི། ་རྡོ་རྗེ་བདུད་རྩིས་སྐུ་དང་གསུང་དང་ཐུགས་རྣམས་བསྒྲུབ་པ་སྟོན་ཏེ། བདེ་བ་ཆེན་པོའི་ངོ་བོར་བསྐྱེད་པར་འགྱུརརོ།། ཞེས་པའི་དོན་ཏོ།། བསྒྲུབ་པ་དེའི་ཐབས་གསུངས་པ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་པདྨ་ཞེས་པ་ནི་རང་གི་བསྒྲུབ་པ་སྟེ། ཡི་གེ་ཧཱུཾ་གིས ་ཡོངསུ་བརྟགས་པའི་རྡོ་རྗེའི་ཚུལ་ཡི་གེ་བྲུཾ་གིས་བསྐྱེད་པའི་ནོར་བུ་རྡོ་རྗེ་རྒྱ་གྲམ་གྱིས་མཐའ་བསྐོར་ནས་བརྒྱན་པའོ།། ལྷ་མོ་མཱ་མ་ཀཱི་གཟུགས་བསྐྱེད་པ་གདོལ་པ་ལ་སོགས་པའི་བུ་མོའི་བྷ་ག་ལཱ་ཡི་གེ་ཧྲི་ལས་ཡོངསུ་བསྐྱེད་པའི་པདྨའི་དབུསུ་ཡི་གེ་བྲུཾ་བཀོད ་ནས་དེས་གཞལ་ཡས་ཁང་རྩེགས་མ་བསམས་ནས་སྦྱོར་བ་བྱེད་པ་མ་ཡིན་གྱིས། གཞན་དུ་ན་ཉེས་པ་དང་བཅས་པར་འགྱུར་བ་ཡིན་ནོ།། དེ་ལྟར་རྡོ་རྗེ་དང་པདྨ་བསྒོམས་ནས། རྡོ་རྗེ་བདུད་རྩི་ཞེས་ཏེ་ལྷག་པའི་བྱང་ཆུབ་སེམས་ཕྱུང་བ་དེ་ནི་སྒྲུབ་པའི་རྣལ་འབྱོར་པ ་དང་། དེ་ལྟར་བདུད་རྩི་ཕྱུང་མ་ཐག་ཏུ་རྡོ་རྗེ་དང་པདྨ་ལའོ།། བཏབ་ནས་ལྷག་པའི་བྱང་ཆུབ་སེམས་བླང་བར་བྱའོ།། ཞེས་གསུངས་པ། བྷ་གའི་པདྨའི་འོ་བཏབ་སྟེ། རྡོ་རྗེ་མཱ་མ་ཀཱི་འི་བཏབ་ཅེས་པའོ།། དེ་བས་ན་མི་བསྐྱོད་པ་བསྒོམ་པའི་རྣལ་འབྱོར་མ་གཉིས ་ཀྱིས་ཀྱང་བླ་ན་མེད་པའི་འབྲས་བུ་འདོད་ན་དེ་བཞིན་དུ་བསྒྲུབ་པར་བྱ་བ་ཡིནོ།། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་གསུངས་སོ་ཞེས་པ་ནི། ཇི་སྐད་གསུངས་པའི་ཚིག་དོན་དེ་ནི་བཅོམ་ལྡན་འདས་ཁོ་ནས་གསུངས་པ་ཡིན་ཏེ། འདོད་ཀ་ཅན ་གཞན་གྱིས་གསུངས་པ་མ་ཡིན་པའི་བླངས་བསྟན་པའོ།། ད་ནི་ལྷའི་སྦྱོར་བ་དེ་མངོན་དུ་བྱེད་པའི་རྐྱེན་མཆོད་པ་དང་། དཀྱིལ་འཁོར་དེ་ཇི་ལྟར་ཡིན་ཞེས་ཡང་ཞུས་པ། བྷ་གའི་པདྨར་འོ་བཏབ་པ། ཞེས་པ་ལ་སོགས་པ་སྟེ། དེ་དགའ་བའི་ལྷ་མོ་ཞེས ་བ་ནི། པདྨ་ལ་བཅོམ་ལྡན་འདས་ཀྱིས་འོ་བཏབ་ནས་བྱང་ཆུབ་ཀྱི་སེམས་བྱིན་གྱིས་རློབ་པ་མཐོང་བས་དགའ་བའི་ཕྱིར་རོ།། རྡོ་རྗེ་བདུད་རྩི་ལས་བྱུང་བ་ནི་རྒྱུད་འདིའི་རིམ་པ་ལས་བྱུང་བའི་ཞེས་པའོ།། ཉམས་དགའ་བ་ཞེས་པ་ནི། ཡིད ་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་འདོད་པ་སྐོངས་པའི་ཕྱིར་ན་དཀྱིལ་འཁོར་ཉམས་དགའ་ཞེས་པའོ།། ཡང་ན་འདོད་ཆགས་ལ་ཞེན་པའི་སེམས་ཅན་ཀུན་དྷ་གའི་དཀྱིལ་འཁོར་བརྟེན་ནས་དགའ་སྟེ། མངོན་པར་རྟོགས་པ་མངོན་དུ་བྱ་བའི་ཕྱིར་རོ།། གསང་བ་ཞེས ་པ་ནི། མཛེས་མ་ལ་སོགས་པའི་ལྷ་མོའོ།། དེ་དག་གི་དཀྱོར་ནི་གསང་བའི་དཀྱིལ་འཁོར་ཞེས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་བསྐྱོད་པ་ལ་ལྷ་མོ་མཛེས་མ་ལ་སོགས་པས་གཡསུ་བསྐོར་བའི་ཕྱིར་རོ།། དོན་ནི་འདི་ལྟ་སྟེ། བཅོམ ་ལྡན་འདས་མཱ་མ་ཀཱིས་རྡོ་རྗེ་བདུད་རྩིས་སྒྱུ་མའི་དཀྱིལ་འཁོར་ཞུས་སོ་ཞེས་པའི་དོན་ཏོ།། ཞུས་པའི་ཚིག་གསུངས་པ། ཆོ་གའི་རིམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདི་ནི་ཞེས་པ་ནི། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རིམ་པའོ།། དགའ་བ་ཆེན་པོ་ཞེས་པ་ནི། གཉི་སུ ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རང་བཞིན་གྱི་བྱང་ཆུབ་བོ།། དེ་ཉིད་ཐོབ་དཀའ་བ་ཞེས་ཏེ། བསྐལ་པ་གྲངས་མེད་པ་ཡིས་ཀྱང་ཐེག་པ་འོག་མ་པ་ལ་ཞུགས་པ་རྣམས་ཀྱིས་མི་ཐོབ་པའི་ཕྱིར་རོ།། རབ་ཏུ་དགྱེས་ནས་ཞེས་པ་ནི་ཐུགས་དང་བའི ་སྒོ་ནས་སོ།། དེའི་ལན་གསུངས་པ། བཅོམ་ལྡན་འདས་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འོ་བཏབ་པས་ནི་དགའ་བར་འགྱུར་ཞེས་པ་ནི། མཱ་མ་ཀཱིས་གསང་བའི་རྡོ་རྗེ་ལའོ།། བཏབ་པས་དགྱེས་པའོ།། བཞད་ནས་ཞེས་པ་ནི། ཐུགས་རྗེ་ཆེན ་པོའི་ཕྱིར་རོ།། འདི་སྐད་ཅེས་པ་ནི། འོག་ནས་འབྱུང་བའི་ལན་གྱི་ཚིག་གོ། གང་བཀའ་སྩལ་པ་ཡིན་ཞེ་ན་སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཁོར་བའི་རྒྱ་མཚོ་ཞེས་པ་ནི། རྒྱ་མཚོ་དང་ཆོས་མཐུན་པའི་ཕྱིར་ན་རྒྱ་མཚོ་སྐྱེ། ཇི་ལྟར་རྒྱ་མཚོ ་ཆུས་གཤེར་བ་དང་། ཆུ་སྲིན་ལ་སོགས་པས་གང་སྟེ། གཏིང་ཟབ་ཅིང་བརྒལ་དཀའ་བ་དེ་ལྟར། ཟབ་པའི་ཆོས་ཉིད་ཀྱིས་གཤེར་ལ།། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཆུ་སྲིན་གྱིས་གང་ནས་ཟབ་ཅིང་མཐའ་ཡས་པའི་ཕྱིར་རོ།། དེ་བསྒྲལ ་བའི་ཕྱིར་ཞེས་ཏེ་འཁོར་བ་སྤངས་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་ཞེས་པའོ།། མཱ་མ་ཀཱིས་འདིར་དྲིས་པ་ཞེས་པ་ནི། མཱ་མ་ཀཱིས་བསྐབས་འདིར་གང་དྲིས་པ་དེ་ཁོ་ན་བཀའ་སྩལ་ཏོ་ཞེས་པའི་དོན་དང་འབྲེལ་ཏོ།། དེ་ལ་རེ་ཞིག་དཀྱིལ་འཁོར ་ཞུས་པའི་དོན་ཏོན་པས་གསུངས་པ། སྙམ་པའི་རྗེས་སུ་ཆགས་པ་བསྐྱེད་པར་བྱ་སྟེ། ཕྱི་ན་བུད་མེད་ཐམས་ཅད་བསྡམས་པས་རབ་ཏུ་བཅིངས་ཏེ། འདོད་པ་ཟིན་མ་ཐག་ཏུ་ནི་རྣལ་འབྱོར་མས་བདེ་བ་ཆེན་པོ་ཤིན་ཏུ་དགའ་བའི་རོ་མྱོང་བ་ཐོབ་པ་བསྐྱེད་པར ་འགྱུར་རོ།། ད་ནི་ལུས་ཉེ་བའི་དོན་དུ་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་རྣལ་འབྱོར་མ་དེ་དག་ཐམས་ཅད་ཀྱིས་སོ་སོ་རེ་རེའི་བསྡམས་པའི་ཕྱག་རྒྱ་གསུངས་པ། འདུས་དང་གྲུ་མོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདུས་ཞེས་པ་ནི་འདུས་པ་ཞེས་བྱ་བའི་བསྡམ ་པའོ།། ཡར་བཏེག་དང་ཞེས་པ་ནི་ཕུལ་བའི་བསྡམ་པའོ།། གྲུ་མོ་བརྐྱང་བ་དང་ཤིན་ཏུ་བརྐྱང་བ་ནི། ཇི་ལྟར་སྟོན་པ་མིང་གིས་བསྡམ་པའི་མིང་ཤེས་པར་བྱའོ།། དེ་ལ་ཡང་འདུས་པ་དང་ཞེས་བྱ་བའི་མཚན་ཉིད་བཤད་པ། བུད་མེད་མགུལ་བ་དམ ་འཁྲུད་དེ།། ཕོ་ཡི་དཔུང་པ་གཉིས་ཀ་ཡིས།། གྲུ་མོ་གཉིས་ལ་བཞག་པ་ཡང་།། དུད་མེད་རྗེ་ངར་འདུས་པར་བཤད།། ཅེས་པའོ།། གྲུ་མོའི་མཚན་ཉིད་ཤད་པ། དུད་མེད་པུས་མོ་བཀུག་པ་ནི།། ཕོ་ཡི་གུ་མོར་བཞག་བྱུ་།། དུས་མ ་གྲུ་མོར་བཤད་བྱ་སྟེ།། དེ་ལྟར་དག་པའི་རིམ་པར་འདོད་ཅེས་པའོ།། བརྐྱང་བ་ཞེས་བྱ་བ་ནི་མཚན་ཉིད་བཤད་པ་འདུག་པ་པོ་ཡི་བརླ་སྟེང་དུ། བུད་མེད་རྐང་མཐིལ་བཞག་པ་རྟག། གཉིས་ཀ་ཡིས་ཀྱང་མཐོང་ཀར་རྒྱབ།། རྐང་པ་རྐྱང་ཕྱིར་བརྐྱང་བ་ཡིན་ཞེས་པའོ།། ་ཡར་བཏེགས་པ་དང་ཞེས་པའི་མཚན་ཉིད་བཤད་པ། ཕོ་ཡི་ལྟེ་བའི་རྩ་རུ་ནི།། བུད་མེད་རྐང་ཟིལ་བཞག་བྱ་སྟེ།། ཕབ་པའི་མཐའ་ནི་ཕོ་ནི་ཡར།། ཕུལ་བ་བཏགས་པར་རབ་ཏུ་གྲགས།། ཞེས་པའོ།། ཤིན་ཏུ་བརྐྱང་ཞེས་པའི་མཚན་ཉིད་བཤད་པ། གཉི་གས ་རྐང་གཉིས་བརྐྱང་བས་ན།། ཤིན་ཏུ་བརྐྱང་བར་འདོད་པ་སྟེ།། བུད་མེད་ཕོ་ཡཽ་ཡ་རེས་ནི།། འོག་ཏུ་བལྟས་པའི་ལུས་སུ་གནས་ཞེས་སོ།། བྱེད་པའི་སྦྱོར་བ་ཡིས། ཞེས་པ་ནི་ཤིན་ཏུ་དགའ་བ་ལ་ཕན་པར་བྱེད་པའི་རྣམ་པར་རོལ་པ་ལ་སོགས་པའོ།། བསྡམ་པའི་སྦྱོར ་བ་ཡིས། ཞེས་པ་ནི། གོང་དུ་གསུངས་པའི་བསྡམ་པ་དང་སྦྱོར་བ་གང་དང་ལྡན་པ་དེ་ད་ལྟར་རོ།། ས་གསུམ་དག་ནི་བསྒྲུབ་པར་བྱ་ཞེས་པ་ནི། ས་འོག་ས་སྟང་ས་བླ་འགྲུབ་པའོ།། དེ་ནི་ཚོགས་ཀྱི་འཁོར་ལོའི་སྒྲུབ་པ་གསུངས་པ། ཤ་ཆེན་དང་ནི་ཁྲག་ཆེན་དང་། ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁྲག་ཆེན་ནི་པདྨའི་མཚལ་ལོ།། ཕྱི་མ་ནི་གོ་སླའོ།། བསྒྲུབ་པར་བྱ་ཞེས་པ་ནི། ཡི་གེ་ཨོཾ་ལས་ཡོངས་སུ་བརྟགས་པའི་པདྨ་བན་དའི་སྟེང་དུ་ཡི་གེ་ཧཱུཾ་གིས་ཡོངས་སུ་དག་པར་བྱ་བ་དང་། རྒྱས་པར་བྱས་ནས་བདུད་རྩི་བསྒོམ་པ་ནི། ་བསྒྲུབ་པར་བྱའོ།། དེ་ཟོས་པ་ཙམ་གྱིས་རབ་ཏུ་གྲགས་པའི་དངོས་གྲུབ་སྦྱིན་པར་བྱའོ།། རྡོ་རྗེ་བདུད་རྩི་བད་བ་ཆེ།། གལ་ཏེ་དངོས་གྲུབ་བདག་འདོད་ན། ཞེས་པ་ལ་སོགས་པ་སྟེ། དེ་ལ་དོན་རྣམས་ཐམས་ཅད་ན་ཞེས་པ་དང་། བདག་དོན་སངས་རྒྱས་པ་དང་། གཞན ་གྱི་དོན་ཞི་བ་ལ་སོགས་པའི་ལས་སོ།། དེ་གསལ་བར་བྱེད་པ་གསུངས་པ། སྒྲུབ་པ་པོས་ནི་མཆོག་ནི་འགྲུབ་ཅེས་པ་ནི། བདུད་རྩི་ངས་སྒྲུབ་པ་པོ་མཆོག་གི་དངོས་གྲུབ་མྱ་ངན་ལས་འདས་པ་འགྲུབ་པོ་ཞེས་པའི་དོན་ཏོ།། དབང་དང་དགུག་དང་ཞེས་པ་ལ་སོགས ་པ་ནི། གཞན་ལ་བྱ་བ་གསུངས་པའོ།། སོགས་པའི་སྒྲ་ནི་ཞི་བ་དང་རྒྱས་པ་ལ་ཤེས་པར་བྱའོ།། དེས་ནི་འདི་ལྟར་བཤད་པར་གྱུར་ཏོ།། ཤ་ཆེན་པོ་ལ་སོགས་པའི་དམ་ཚིག་བརྩམས་པའི་རྣལ་འབྱོར་པའི་མཐུ་ཆེན་པོ་བདེ་བར་གསུངས་པའི་བཅོམ ་ལྡན་འདས་ཀྱིས་བསྟན་ཅིང་བཤད་པའོ།། དེ་བས་ན་རྣལ་འབྱོར་རྣམས་ཀྱིས་ཀྱང་གདོན་མི་ཟ་བ་དེ་ལྟར་བྱའོ་ཞེས་པའི་དོན་ཏོ།། རྡོ་རྗེ་བདུད་རྩི་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི་འཇིག་རྟེན་གྱི་རྡུལ་ཕྲ་རབ་དང ་མཉམ་པའི་རྣམས་པར་སྣང་མཛད་ལ་སོགས་པའོ།། དེ་དག་གི་སྐུ་དང་གསུང་དང་ཐུགས་ཀྱི་ཞེས་ཏེ། དེ་བཞིན་གཤེགས་པའི་སྐུ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་སོ།། དེ་ཉིད་རྡོ་རྗེ་ཞེས་ཏེ། རྡོ་རྗེ་སེམས ་དཔའི་རང་བཞིན་ནམ་གཉིསུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་རོ།། དེ་དང་ལྡན་པ་ནི་ཅན་ཞེས་སོ།། དེ་གང་ཞེ་ན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཞེས་པའོ།། དེའི་རྡོ་རྗེ་བདུད་རྩི་རྒྱུད་ཀྱིས་རྒྱལ་པོ་ལས་ཞེས་པ་ནི། རྡོ་རྗེ་བདུད་རྩི་ཁོ་ནའི་རང་བཞིན་གྱིས ་ཀུན་ནས་ཀུན་ཏུ་སྣང་བའི་ཕྱིར་རོ།། རྒྱུད་དེ་ལས་གསང་བའི་དཀྱིལ་འཁོར་དང་བྱེད་པའི་ཚུལ་བསྟན་པའི་ལེའུ་ཞེས་པ་ན། གསང་བའི་དཀྱིལ་འཁོར་གྱི་དོན་དང་། བྱ་བ་བསྡམ་པའི་དོན་ཤས་ཆེ་བར་བཤད་པའི་ཚིག ་སྡེར་ལོངས་པའོ།། དང་པོ་ཞེས་པ་ནི་གཉིས་པ་ལས་གོང་མར་རྟོག་སོ།། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྣམ་པར་བཤད་པ་ལས། ལེའུ་དང་པོའི་རྣམ་པར་བཤད་པའོ།། །། ད་ནི་ཆོས་ཀྱི་སྐུའི་རང་བཞིན་བྱང་ཆུབ་སེམས ་མེད་པར་བསྒྲུབ་པ་རྣམས་འགྲུབ་པ་མ་ཡིན་པས་ན། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་ལེའུ་གསུངས་པ། དེ་ནས་མགུ་བའི་ལྷ་མོ་དེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་དང་པོ་དང་གཉིས་པ་མགོ་མཇུག་འབྲེལ་བའི་ཚིག་གོ།། ་མགུ་བའི་ཞེས་པ་ནི། ལེའུ་དང་པོ་ལྷག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དང་། གསང་བའི་དཀྱིལ་འཁོར་དང་། གསང་བའི་མཆོད་པ་དང་། ཚོགས་ཀྱི་དཀྱིལ་འཁོར་ཐོས་པ་སཱ་མཱ་མ་ཀཱི་དྭགའོ་ཞེས་པའི་དོན་ཏོ།། ལྷ་མོ་དེ་ཞེས་པ་ནི་སྡུད་པ་པོ་ཞེས ་པའི་དོན་ཏོ།། པདྨ་རྒྱས་པའི་ཞེས་པ་ནི། གསང་བའི་པདྨའི་ཡོན་ཏཱན་ཏེ། རུལ་གྱི་རྒྱབ་དང་འདྲ་བ་ལ་སོགས་པའོ།། མཱ་མ་ཀཱི་ཞེས་པ་ནི་མཚན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ།། བརྟན་པོར་འཁྱུད་པ་བྱས་ནས་སུ་ཞེས་པཱ་ནཾ་གོ་སླའོ།། ་དབང་པོ་ཐམས་ཅད་འི་བཏབ་པ་ཞེས་པ་ནི་རྩ་དགུའི་གནས་མིག་ལ་སོགས་པ་ལའོ་བཏབ་པ་ཡིས། སྤྱི་བོར་གནས་པའི་བྱང་ཆུབ་ཀྱི་སེམས་འཇུག་པར་འགྱུར་བའོ།། སྲིད་སྒྲ་སྔགས་ནི་བརྗོད་པར་བྱ་ཞེས་པ་ནི། སྲིད་སྒྲ་དང་ལྷན་ཅིག་པའི་ཡི་གེ་ཧཱུཾ་བཱཟླ་བའོ། ་རྡོརྗེ་བཅིངས་ཏེ་སྒྲ་ཡང་འཛིན་ཅེས་པ་ནི། རྡོ་ན་བཅིངས་པ་ཡིས་མགུལ་བ་ལ་འཁྱུད་དེ་ལག་པ་གཡས་པས་སྦྲུ་ལ་འཛིན་པའོ།། དེ་ལྟར་ཟིན་མ་ཐུག་ཏུ་ནི་འབད་རྩོལ་མེད་པར་རྡོ་རྗེ་འདྲར་མཉམ་པར་འདུག་པ་རྩམ་གྱིས་བདེ་བ་མྱོང་བའི་ཆོས་ཅན་རྣལ་འབྱོར་མ་རྣམས། ་སྐྱེ་བར་འགྱུརརོ།། རྡོ་རྗེ་ཅན་གྱིས་གསང་བྱས་ཏེ་ཞེས་པ་ནི། ཐེག་པ་འོག་མ་པ་རྣམས་དང་། གཞན་མུ་སྟེགས་ལ་སོགས་པ་ལ་གསང་བའི་ཕྱིར་རོ།། ཆགས་ནས་དགའ་སྟེ་འདོད་པ་བྱ་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། སེམས་ཅན་གྱི་དོན་ལ ་ཆགས་ནས་གོང་དུ་གསུངས་པ་བཞིན་དུ་རྡོ་རྗེ་དང་པདྨ་བསྒོམ་པ་ལ་དགའ་སྟེ་ཐབས་དང་ཤེས་རབ་ཀྱི་འདོད་པ་བྱ་བའོ།། སིང་སྒྲ་སྙན་པ་སྒྲ་རྣམས་དང་ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པ་ལ་སྔགས་བསྙེན་པར་བཟླ་བ་ལ་བྱའོ།། ཀོ་ཀི་ལ་སེམས་ཅན་གྱི་ཁྱད་པར ་ལ་བྱ་སྟེ། དེ་དང་འདྲ་བའི་སྐད་རྣལ་འབྱོར་མས་གསུངས་པའོ།། སོགས་ཞེས་པའི་སྒྲས་ནི་པི་བང་དང་དབྱངས་ལ་སོགས་པའོ།། ལྷ་མོ་མཱ་མ་ཀཱི་ཞེས་པ་ལ་སོགས་པ་ནི་གོ་སླའོ།། སེན་མོའི་རི་མོས་གདབ་པར་བྱ་ཞེས་པ་ནི་ལག་མཐིལ་དང་མིག་གཉིས་དང་དཔྲལ ་བ་དང་། ནུ་མ་དང་། མཆན་ཁུང་དང་། བྷ་གའི་དཀྱིལ་དང་། ལྟེ་བའི་པདྨ་ལ་སོགས་པ་ལ་སེན་མོས་རེག་ནས་བསྐུལ་བ་ཡིན་ཏེ། ལག་པ་ལ་སོགས་པ་ལ་སེན་མོས་རེག་ན་སྤྱི་བོར་གནས་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་གཞུ་སྟེ་འབབ་པའི་ཕྱིར་རོ།། ་དེའི་གོས་ནི་ཕུད་བྱས་ཏེ། ཞེས་པ་ནི་མཱ་མ་ཀཱིའོ།། སྟེང་འོག་ལ་ཡང་བལྟ་བར་བྱ་ཞེས་པ་སྟེ། སྟེང་ནི་ཞལ་གྱིས་པདྨའོ།། འོག་ནི་གསང་བའི་པདྨའོ།། ཅིའི་ཕྱིར་རྔོ་སུ་ཆགས་པས་དེ་གཉིསུ་བལྟ་བའི་ཕྱིར་འདོད་ཆགས་པ་ཟིན་ནས་ཤིན་ཏུ་མྱུར་བར ་བདེ་བ་མྱོང་བར་འགྱུར་རོ།། རྒྱས་པའི་པདྨར་འོ་བཏབ་ནས་ཞེས་པ་ནི་བཤད་ཟིན་ཏོ།། དཀའ་བའི་ཚིག་ཀྱང་བརྗོད་པར་བྱ། ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ལྷ་མོ་མཱ་མ་ཀཱི་དགྱེས་པའི་ཚིག་ཀྱང་བརྗོད་པའོ།། ཚིག་གང་ཞེ ་ན། གསུངས་པ། རྒྱས་མའི་པདྨ་མཱ་མ་ཀཱི་ཞེས་པ་ལ་སོགས་པ་སྟེ། ལེགས་སོ་ལེགསོ་ཞེས་པ་ནི། སེམས་ཅན་གྱི་དོན་ཏུ་རྡོ་རྗེ་བདུད་རྩི་ལེགས་པར་ཞུས་པ་དང་། བདག་ལ་གསང་བའི་མཆོད་པས་མཆོད་པ་ནི་ལེགསོ་ཞེས་པའི་དོན་ཏོ།། གང་ཞིག་འདོད་པ ་ཁྱོད་ཀྱིས་ཞུས་ཞེས་པ་ནི། སེམས་ཅན་གྱི་དོན་དུ་རྡོ་རྗེ་བདུད་རྩི་བདག་ལ་ཞུས་པ་དང་། མཱ་མ་ཀཱི་ཁྱོད་ཀྱིས་གང་བྱང་ཆུབ་ཀྱི་སེམས་ཀྱི་དོན་ལ་སོགས་པ། ཉན་འདོད་པ་དྲིས་ཤིག་དང་གནང་བའི་ཚི་གོ། མཆོག་ཀྱང་སྦྱིན་ཞེས་པ་ནི། སྨན་ལམ་གྱི་སྒོ་ནཱ་ན་མཁའ ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ལམ་མངོན་ཤེས་སམ་མཐུ་སྟོབས་དང་ལྡན་པར་བྱིན་གྱིས་བརླབས་པ་ནི་མཆོག་ཀྱང་སྦྱིན་ཞེས་པའོ།། ད་ནི་ལྷ་མོ་མཱ་མ་ཀཱིས་གཏན་དུ་རྗེ་སུ་ཆགས་པ་བཅོམ་ལྡན་འདས་ལ་དགོངས་ནས། དེ་བཞིན་ཉིད་ཀྱི་ཡེ་ཤེས ་ཉན་འདོད་པས་ཞུས་པ། དེ་ནས་ལྷ་མོ་མཱ་མ་ཀཱིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཅོམ་ལྡན་འདས་ཉིད་ཀྱི་དེ་བཞིན་ཉིད་ཅེས་པ་ལ་སོགས་པ། ནི་ཀྱེ་བཅོམ་ལྡན་འདས་རང་ཉིད་ཀྱི་དེ་བཞིན་ཉིད་གསུངས་ཤིག་ཅེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ཞེ་ན། ་རྣམ་པར་རྟོག་པའི་དྲ་བ་གཉི་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་རྡུལ་ཕྲ་རབ་ལས་ཤིན་ཏུ་ཕྲ་བ་གཟུགས་མེད་པའི་བྱང་ཆུབ་སེམས་ཁོ་ནར་ཐོས་ན་ཇི་ལྟར་རོལ་པ་དམ་པོ་གཉིས་སྙོམས་པར་འཇུག་པའི་བདེ་བ་མྱོང་བར་འགྱུར་བ་ཀྱི་བཅོམ་ལྡན ་འདས་ཇི་ལྟར་ལགས་ཞེས་གསོལ་བའི་ཐ་ཚིག་གོ། ཐེ་ཚོམ་ནི་བྱང་ཆུབ་ཟབ་པ་དང་སྤྲུལ་པ་ཐེ་ཚོམ་དུ་གྱུར་པའོ།། ངོ་མཚར་ཞེས་པ་ནི། སྔོན་དུ་ཐོས་པ་དང་མཐོང་བ་མ་ཡིན་པར་འབྱུང་བའོ།། ལན་གསུངས་པ། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་དེ་ཉིད་ཅེས་ན་ནི། རང་བཞིན་མི་འགྱུར་བའོ།། དེ་ཉིད་ཅི་འདྲ་བ་ཡིན་ཞེ་ན། ཡེ་ཤེས་སྦྱོར་བ་འབིགས་བྱེད་པ་ཞེས་པ་ནི། ཐབས་དང་ཤེས་རབ་སྦྱོར་བ་གཉིས་དང་ཆོས་ཐམས་ཅད་གཉིས་སུ་མེད་པར་འབྱེད་པ་ཡིས་འབིགས་པ་སྟོན་པ་ནི་ཡེ་ཤེས་སྦྱོར་བ ་འབིགས་བྱེད་པ་ཞེས་གསུངས་སོ།། གང་དེ་སིམ་པའི་རྣམ་པ་དབང་པོ་ལས་འདས་པ་བདེ་བ་ཆེན་པོའི་ངོ་བོ་གོང་ནས་གསུངས་པའི་སོ་སོ་རང་རིག་པ་མི་འགྱུར་བ་ནི་ཤིན་ཏུ་ཕྲ་བ་ཞེས་པ་སྟེ། འདི་དེ་ཡིན་ཞེས་ཡོངས་སུ་བརྟགས་པའི་ངོ་བོར་བརྗོད་དུ་ནུས་པ་ཉིད་མ་ཡིན ་པའི་ཕྱིར་རོ།། དེ་ཁོ་ན་ཉིད་ཀྱི་ཕྱིར་གསང་ཆེན་ཞེས་ཏེ། ཐུན་མོངས་མ་ཡིན་པའི་སྤྱོད་ཡུལ་ཉིད་དོ།། ཡེ་ཤེས་ཤེས་བྱ་ངོ་བོ་ཉིད་ཅེས་པ་ནི། དེ་ལ་ཞེས་བྱ་བ་ནི་ས་གསུམ་གྱི་ནང་དུ་གནས་པའི་རང་བཞིན་གྱི་ངོ་བོ་དང་གང་ལྡན་པ་དེ་ནི་ཤེས་བྱའི་ངོ་བོ་ཉིད་ཅེས་པ ་སྟེ། ཡེ་ཤེས་ཁོ་ན་དངོས་པོ་ཐམས་ཅད་རྒྱས་པའི་ཚུལ་གྱིས་རྣམ་པ་དང་བཅས་པ་བཞིན་དུ་ཕྱི་རོལ་གཟུགསུ་སྣང་བར་འགྲོ་བ་ཡིན་ནོ།། འོ་ན་ཡེ་ཤེས་གཅིག་ཏུ་གྱུར་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཉིད་ཇི་ལྟར་ཡིན་ཞེ་ན། དེ་ཁོ་ན་ཡང་ཐམས་ཅད་དུ ་འཇིག་རྟེན་གྱི་བདེ་བ་ངོ་བོས་གྲུབ་པ་འགྲུབ་པར་འགྱུར་བ་ལ་མ་རིགས་པས་འཁོར་བ་ལ་ནི་འཁོར་བའོ།། དེ་ཡང་སྣང་བ་དེ་ཤེས་རབ་ཀྱིས་སྤྱད་ན་རྣམ་པའི་དོན་མེད་འགའ་ཞིག་ཀྱང་ཕྱི་རོལ་མེད། འགའ་ཡང་བཟུང་བ་མེད་པའོ།། དེ་ལྟར་ཡང་གསུངས་པ། ་རང་གི་སེམས་ཀྱིས་གྲུབ་པའི་ཆོས།། ཐམས་ཅད་དུ་ནི་གནས་པ་སྟེ།། ཆོས་དེ་ན་མཁའི་རྡོ་རྗེར་གནས།། ཆོས་མེད་ཆོས་ཉིད་ཡང་མེད་དོ།། ཡང་གསུངས་པ། སྲིད་པའི་རྩ་བ་རྣམ་ཤེས་ཏེ།། ཡུལ་ནི་དེའི་སྤྱོད་ཡུལ་ཡིན་ཞེས་སོ།། སངས་རྒྱས ་བྱང་ཆུབ་ཅེས་པ་ནི། དེ་བཞིན་གཤེགས་པའི་དམ་ཚིག་ཆེན་པོ་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་བོ།། གདོང་མ་མེད་པའི་དུས་གཞན་གྲངས་གཞན་གྱི་རིམ་པར་རིགས་མཐུན་པའི་མཚན་ཉིད་བསྐྱེད་པར་བྱེད་པས་མི་ཟད་པའི་ཕྱིར་མི་འཇིགས ་ཅེས་པའོ།། སྐྱེད་པ་པོའི་བསྐྱེད་བྱ་ལྟར་ཟད་པར་མི་འགྲོ་བས་ཟད་མེད་ཅེས་པའོ།། རྟག་པ་ནི་ཞེས་པ་ནི་དུས་གསུམ་ལ། ཡང་ཚུལ་གཅིག་ཉིད་ཀྱི་ཕྱིར་རོ།། གདོང་མ་མེད་ཅིག་ཅེས་པ་ནི།། དང་པོ་དབང་ཕྱུག་ལ་སོགས་པས་བྱས་པར་རྟགས་པའི་རྐྱེན་གྱི་བྱེད་པ་པོ་དེ ་མེད་པའི་ཕྱིར་རོ།། དང་པོ་སྤོངས་ཞེས་པ་ནི། དང་པོ་ཡི་གེ་ཨ་མི་སྐྱེ་བ་རི་མོ་མེད་པའི་གཟུགས་སྤངས་པའི་ཕྱིར་རོ།། ཡོད་ཉིད་དང་ནི་ཞེས་པ་ནི།། བདེ་བའི་ངོ་བོས་སོ་སོར་རང་རིག་པ་སྟེ། བདེ་བའི་ངོ་བོ་མ་ཡིན་པའི་སྤངས་པའི་ཕྱིར་རོ།། ཡང་ན་བདེ་བའི་ངོ་བོ་ཉིད ་སོ་སོ་ཡང་དག་པར་རིག་པ་ཡིས་མངོན་སུམ་དུ་མྱོང་བ་ཉིད་སྤྱོད་ཡུལ་ཉིད་ཡིན་པའི་ཕྱིར་ཡོད་ཉིད་དང་ནི་ཞེས་པའོ།། མེ་ཉིད་ཡང་ཞེས་པ་ནི། འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་དཔྱད་པ་ལ་བློའི་སྤྱོད་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ།། དབང ་པོ་དང་བཅས་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལ་བྱིན་གྱིས་བརླབས་པ་ཉིད་ཀྱི་ཕྱིར་རོ།། དབང་པོ་མེད་ཅེས་པ་ནི། མ་མཐོང་བའི་ཕྱིར་རོ།། འབྱུང་བ་ཀུན་ཏུ་མཐོང་བ་ཞེས་པ་ནི། མིག་ལ་སོགས་པའི་འབྱུང་བ་ཐམས་ཅད་ལ་ལྟས་ནས་མི་རྙེད ་བའོ།། དེས་ན་འབྱུང་བ་ཀུན་ལ་མ་མཐོང་བར་འགྱུར་བའོ།། འོ་ན་དེའི་དངོས་གྲུབ་ཇི་ལྟར་ཐོབ་པར་བྱ་ཞེ་ན། གསུངས་པ། སྦྱོར་བའི་ལམ་གྱིས་མཐོང་བའོ།། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ཞེས་པ་ནི་རང་གི་ཤེས་རབ་མ་དང་གཅིག་ཏུ་གྱུར་པ་ལས། བདེ་བ ་ཆེན་པོ་གནས་པ་གཉིསུ་མེད་པའི་སྙིང་རྗེ་ཆེན་པོ།། བདག་ཉིད་རྣམ་པར་ཤེས་ཏེ། རྣམ་པར་རྟོགས་པའི་དྲ་བས་མ་གོས་པ་འདིར་འདོད་དོ།། དེ་ཉིད་ཀྱང་ལམ་གྱིས་ཤེས་པ་སྟེ། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་རྣམ་པར་རོལ་པ་གང་དག་ཕྱི་རོལ་གྱི་འབྱུང ་བ་དང་འབྱུང་བ་ལས་གྱུར་ལ། སྔོན་པོ་ལ་སོགས་པ་དེ་ལས་གཞན་དུ་གྱུར་པ་བདེན་པ་དེ་བཞིན་གཉིསུ་མེད་པའི་ཡེ་ཤེསོ།། སྦྱོར་བ་རྣམ་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་ནང་གི་སྦྱོར་བ་བསྟན་ནས། ད་ནི་ཕྱིའི་སྦྱོར་བ་བསྟན་པ། ཕྱིའི ་གཟུགས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྣམ་པ་ཀུན་རྫོབ་སྟེ། ཞེས་པ་ནི་རྣམ་པ་ཐམས་ཅད་དང་ཤེས་རབ་གཉི་སུ་མེད་པར་གྱུར་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཀུན་ཏུ་འཇུག་པར་བྱེད་པས་ན། རྣམ་པ་ཀུན་རྫོབ་སྟེ་ཞེས་པ་སྟེ། ཅིའི་ཕྱིར་ཕུང ་པོ་ལྔ་ནི་ཡེ་ཤེས་དེ་མེད་པར་མུན་པ་བསལ་བར་མི་འགྱུར་བའི་དོན་ཏོ།། དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ་ཅིའི་ཕྱིར་ལུསུ་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཕུང་པོ་ལྔའི་ངོ་བོ་ཉིད་ལྷའི་གཟུགསུ་བརྟགས་པ་དེ་ཉིད་བྷ་གའི་པདྨའི་དབུས་སུ་བསྒོམ ་པར་བྱས་པའི་ཡེ་ཤེས་སེམས་དཔའ་ཁོ་ན་ཕྱི་རོལ་ཏུ་གྱུར་པ་ཡིན་པ་ཇི་སྙེད་པའོ།། དེ་གཅིག་པུས་ནི་ཞེས་པ་ནི། ཕྱིའི་སྦྱོར་བ་ཀུན་རྫོབ་དེ་ཡང་ནང་གི་སྦྱོར་བ་ཡེ་ཤེས་གཅིག་པུ་ཁོ་ན་ལས་འབྱུང་བའོ།། ཞེས་པའི་དོན་ཏོ།། དེའི་དོན་གསལ་བར ་བྱེད་པས་གསུངས་པ། ཐམས་ཅད་རྣམ་ཤེས་ཁོ་ནའོ་ཞེས་པའོ།། ཡང་བཅོམ་ལྡན་འདས་ཀྱིས་དེའི་མཚན་ཉིད་ཁོ་ན་སྟོན་པས་གསུངས་པ། ཅི་ཕྱིར་སེམས་ཅན་བདག་མེད་རྣམས། རྣམ་ཤེས་ཕུང་པོར་རྟེན་པ་ཡིན་ཞེས ་བྱསྟེ། བདག་མེད་པའི་ཚིག་ཆོས་ལ་སེམས་ཅན་རྣམས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་བཞི་པར་མདོའི་སྲིད་པ་ནི། རྣམ་པར་ཤེས་པའི་ཕུང་པོ་ལ་བསྦྱིན་ན་དེའི་ཕྱིར་ན་བྱེད་བཆེན་པོ་གཉི་སུ་མེད་པའི་ཡེ་ཤེས་ནང་གི་སྦྱོར་བ་ལ་བྱའི་སྦྱོར་བ་བརྟེན་པ་ཡིན ་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་ནང་གི་སྦྱོར་བ་དེ་ཡང་སོ་སོ་རང་རིག་པར་སྣང་བ། དེ་རིག་པའི་ངོ་བོ་མངོན་སུམ་དུ་རྗེས་གྱུར་པ། ཁམས་གསུམ་ཡིད་ཀྱིས་ཁྱབ་པོ་ཕུང་པོ་ལྔའི་མུན་པ་བསལ་བ་ཡིན་པས་བླུན་པའི་བློ་ཅན་རྣམས་ཀྱིས་ནི་མ་ཤེས་པའོ།། ་དེ་ཁོ་ནའི་ཕྱིར་གསུངས་པ། བླུན་སེམས་སྙིགས་མའི་མི་རྣམས་ཀྱིས།། འགའ་ཡང་ཤེས་པ་མ་ཡིན་ནོ།། ཞེས་པའོ།། དེ་ནི་བདེ་བ་ཆེན་པོར་གནས་པ་གཉི་སུ་མེད་པའི་ཡེ་ཤེས་ཏེ་རྒས་པའི་བདག་ཉིད་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པའི་མཐུ ་དང་ཡང་ལྡན་སྟོན་པས་གསུངས་པ། སེམས་ལས་བསམ་འཐུང་སེམས་ཀྱི་དངོས་ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཞེས་པ་ནི་གང་ནང་གི་བདག་ཉིད་ཀུན་བརྟགས་ཀྱི་དྲ་བུ་མེད་པའི་སེམས་ཙམ་གཉིསུ་མེད་པར་ལྟ་བའོ།། དེ་ཉིད་ལས་བྱསམ ་འབྱུང་ཞེས་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་བྱེད་པ་ནའོ།། སེམས་ཀྱི་དངོས་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བསམ་བྱ་སྐྱེད་པར་བྱེད་པའོ།། ཡེ་ཤེས་ཞེས་པ་ནི་གང་ཁམས་གསུམ་གྱི་ཕྱི་རོལ་དངོས་པོ་གཟུགས ་སུ་བསྐྱེད་ནས། བདག་གཞན་གྱི་རྣམ་པ་གཞན་ལ་རྣམ་པར་ཤེས་པས་རྣམ་པར་ཤེས་པ་ལ་བྱའོ།། ཕྱིའི་གཟུགས་ཁམས་གསུམ་ནི་ཤེས་བྱ་ཞེས་པའོ།། གསུངས་པ་ལས་ནི་སེམས་ཀྱི་འདུས་བྱས་ཏེ།། ཡིད་ཀྱི་རྣམས་པར་རྟོག་རྟག་པ།། རྣམ་པར ་ཤེས་པས་ཤེས་གྱུར་ཏེ།། ལྔས་ནི་མཐོང་བར་བརྟགས་པ་ཡིན།། ངོ་བོ་ཉིད་ཅེས་པ་ནི་བསམ་པ་དང་སེམས་ཀྱི་དངོས་དང་། ཡེ་ཤེས་དང་ཤེས་བྱ་རྣམས་ཀྱི་ངོ་བོ་ཉིད་ནི་སེམས་ཙམ་ཡིན་ཏེ། དེ་གཅིག་པུ་ལས་བྱུང་བའི་ཕྱིར་རོ།། དེ་གསལ་བར་བྱེད་པས ་གསུངས་པ།། ཐམས་ཅད་རྣམ་ཤེས་ཞེས་པ་སྟེ།། དེ་ལ་རྣམ་ཤེས་ནི་སེམས་ཙམ་དུ་ཡོད་པའོ།། ཡང་ཉི་ཤུ་པ་ལས་གསུངས་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ནི་རྣམ་གྲངསུ་རྟོགས་པའོ།། གང་ཚེ་ལུས ་ལ་རྐྱེན་ཉིད་འགྱུར་ཞེས་པ་ནི། གང་གི་ཚེ་དོན་དང་རྐྱེན་དུ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་མ་མབྷྱོ་བ་དེ་དག་གི་དོན་འཁྲུལ་པ་ས་བོན་དང་མྱུ་གུའི་གཟུགས་ཀྱི་ཞེན་ནས་ཡོངསུ་བརྟགས་དེའི་ཚེ་ནའོ།། གང་ཚེ་དེ་ལས་ཡིན་པ་གང་ལས་ཀྱང་དེ་ལས ་ཡིན་པའོ།། དེའི་དོན་ཁོ་ན་ཡང་གསུངས་པ་ཆོས་རྣམས་དང་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆོས་རྣམས་དང་ཞེས་པ་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའོ།། དེ་དག་རུང་གི་མཚན་ཉིད་ཀྱི་ངོ་བོ་གཅིག་ཏུ་གྱུར་པ་ནི་ཆོས་གཅིག་ཅེས་པའོ།། དེ་བས ་ན་དངོས་པོ་དག་ནི་དེ་ཚེ་འགྱུར་ཞེས་ཏེ། གང་གི་ཚེ་སེམས་ཉིད་ཕྱིའི་སྦྱོར་བ་ཕུང་པོ་ལ་སོགས་པ་ཕྱིའི་དངོས་པོར་གྱུར་པ་དེའི་ཚེ་དངོས་པོ་དེ་འདྲའོ།། ཞེས་བྱ་བའི་ཐ་ཚིག་གོ།། དེ་གསལ་བར་བྱེད་པའི་གཏན་ཚོགས་དང་དཔེ་བསྟན་པ། ཅིའི་ཕྱིར་ན ་ཆོས་ཅན་གྱི། མང་པོ་ཉིད་དུ་ཆོས་རྣམས་ཀྱང་།། ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་མུ་ཡིས་ཡོངསུ་གང་བའི་རྫིང་པོ་ལ་ཤིན་ཏུ་མང་བའི་རླབས་དང་། བྱེད་པ་འདུས་པའི་གཟུགས་ཀྱིས་ཀླུང་གང་བར ་འགྱུར་བ་དེ་ལས་གཞན་མ་ཡིན་པ་དེ་ཁོ་ན་བཞིན་དུ། སེམས་རྩམ་ལས་ཀྱང་ཡོད་དང་ཤེས་བྱ་དོན་དང་རྐྱེན་དུ་ཡོངསུ་བརྟགས་པར་སྐྱེ་བར་འགྱུར་རོ།། ཆོས་དེ་ཁ་ཅིག་ན་རེ་ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ་ཞེས་པ་ནི་དོན་གཞན་དུ་ཤད་ཏེ། ཇི་ལྟར་རྣམ ་སྣ་ཚོགས་ཀྱི་རོའི་ཆུ་རྒྱུན་འབབ་པ་རྒྱ་མཚོ་ལ་ཞུགས་མ་ཐག་ཏུ་རོ་གཅིག་པར་གྱུར་པ་ཇི་ལྟར་ལོན་ཚྭའི་རོར་གྱུར་པ་དེ་ལྟར། ཐར་པར་རྟོགས་པའི་དངོས་པོ་དང་། དངོས་པོ་མེད་པར་རྟོགས་པ་ཡང་འདྲའོ།། དེ་བས་ན་ཐར་པ་ནི་སྒོ་རྣམ་པ་མང་པོ་ཉིད་དུ་མྱ ་ཡིན་པར་གསུངས་པ། ཐར་པ་ནི་ཚིག་ཁོ་ན་སྟེ་ཞེས་པ་ལ་སོགས་པ་སྟེ། དེ་ཁོ་ནའི་མཐའ་ལ་མང་པོ་ཉིད་དུ་ཞེས་པ་རྣམ་པ་སྣ་ཚོགས་ཀྱི་དོན་རིག་པས་མ་རྙེད་དོ་ཞེས་པ་སྟེ། ཕྱི་མོའི་ཚིག་དོན་རྣམ་པ་དེ་དག་གི་དོན་མེད་པའི་ཕྱིར་རོ།། དེ་ཁོ་ན་ཡང་དོན་དེ ་པ་ཡིས་གཏན་ལ་དབབ་ན་བདེན་པ་ཞེས་པས་བསྟན་ཏོ།། དེ་འདྲ་བའི་ཟབ་མོ་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཇི་ལྟར་ནང་དུ་ཞེས་པ་ལ་སོགས་པ་སྟེ་གོ་བླའོ།། ད་ནི་དེ་འདྲ་བའི་བཅོམ་ལྡན་འདས་བདེ་བ་ཆེན་པོ།། གསུངས་པ། བྷ་གའི་པདྨ་ཞེས་པ་ལ་སོགས ་པ་སྟེ། དེ་ལ་བྷ་གའི་པདྨའི་ཞེས་པ་ནི་ལྷ་མོ་རྣམས་ཀྱི་བྷ་གའི་དབུས་སུ་པདྨ་འདབརྒྱད་ཀྱི་སྙིང་པོ་དང་གེ་གསར་གྱི་བརྒྱན་པ་འོད་འབར་བ་ཡོད་པ་སྟེ། དེ་ལ་སོགས་པའི་རང་བཞིན་གང་སྣང་བར་སྟོན་པ་ནི་ན་མཁའ་ཞེས་པའོ།། ན་མཁའ་ལྔ་ཡིས་བརྒྱན་པ ་ནི་ཞེས་པ་ཡིས།། དབང་ཆེན་དང་མེ་དང་རླུང་དང་། ཆུ་དང་། ན་མཁའི་ངོས་ནི་དཀྱིལ་འཁོར་ལྔས་བརྒྱན་པའོ།། སྙིང་དང་སྙིང་པོ་ལ་སོགས་པ་ནི་པདྨའི་ཡན་ལག་སྟེ་གོང་དུ་འགྲེལ་ཟིན་ཏོ།། དེའི་དབུས་སུ་རྡོ་རྗེ་ཅན་ཞུགས་ཏེ། བྱང་ཆུབ་སེམས་ཞེས་པ་ནི། ཉི་མའི་དཀུར ་ལ་ཆེར་གནས་པའི་རྡོ་རྗེ་ཅན་ལྷག་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ།། བདུད་རྩི་དང་ཞེས་པ་ནི་མཱ་མ་ཀཱི་ལ་སོགས་པའི་ལྷག་པའི་བྱང་ཆུབ་སེམས་དང་ལྡན་པ་ཞེས་པ་སྟེ། དེ་དང་གཅིག་ཏུ་གྱུར་ཅིང་། གཉིས་སུ་མེད་པ་ཞེས་པའི་དོན་ཏོ།། བྱང་ཆུབ་སེཾས ་ནི་ཅི་འདྲ་ཞེ་ན། ཆ་ཤས་ཆ་མིན་རྣམ་གྲོལ་བ་ཞེས་ཏེ། དེ་ལ་ཆ་ཤས་ནི་ཡི་གེ་ཨ་ལ་སོགས་པ་བཅུ་དྲུག་གོ།། ཆ་མིན་ཞེས་པ་ནི་ཡི་གེ་ཀ་ལ་སོགས་པའོ།། དེ་དག་ནི་ཟླ་བ་དང་འདྲ་བ་ཆ་ཤས་བཅུ་དྲུག་ནི་བདག་ཉིད་དང་། ཀ་ལ་སོགས་པ་སྐར་མའི་གཟུགས ་དང་འདྲ་བ་དེ་དག་གིས་རྣམ་གྲོལ་བ་ཞེས་སོ།། འོ་ན་ཐིག་ལེ་རྩམ་ཞི་བ་དེ་ཁོ་ན་ཉིད་འདྲ་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཐིག་ལེ་དེ་ནི་རྣམ་པར་སྤངས་ཞེས་པའོ།། དེ་འདྲ་བའི་ཁྱད་པར་ཅན་ཡི་དམ་ལྷའི་གཟུགས་ནི། དེར་གནས་ཞེས་པ་སྟེ། བྷ་གའི་པདྨའི་དབུས་སུ ་བཞུགས་པའོ།། བདུད་རྩི་ཞེས་པ་ནི་ཤི་བའི་མཚན་ཉིད་མེད་པ་སྟེ། དེ་ནི་རྟག་ཏུ་ཟག་པ་ཞེས་ཏེ་འབྱུང་བའི་དོན་ཏོ།། དེའི་ཕྱི་རོལ་ཏུ་སྣང་བའི་ཁྱད་པར་གསུངས་པ། ཁམས་གསུམ་ཐམས་ཅད་ཀྱི་གཞི་ཡིན་པའི་ཞེས་ལ་སོགས་པ་སྟེ། དེ་ལ་ཁམས་ཐམས ་ཅད་ནི་གཟུགས་ལ་སོགས་པའི་ཁམས་གསུམ་རྣམསོ།། དེ་དག་རྣམས་ལ་རྣམ་པར་ཁྱབ་ཅེས་སོ།། ཡང་ན་ཁམས་ཐམས་ཅད་ཀྱི་ཞེས་པ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་རྣམས་སོ།། དེ་དག་ལ་རྣམ་པར་ཁྱབ་ཅེས་པ་ནི ་གསུམ་ཉིད་དུ་བྱིན་གྱིས་རློབ་ཅིང་ཁྱབ་པའོ།། དེ་ཡང་མིག་ལ་སོགས་པའི་སྤྱོད་ཡུལ་ལ་དམིགས་པར་བྱེད་པའོ།། ཞེས་སོ།། དེས་ནི་མཐོང་བ་ཞེས་པ་ལ་སོགས་པས་ནི། དོན་དེ་གསལ་བར་བྱེད་པ་གསུངས་ཏེ། གཟུགས་ནི་མཐོང་བ་ཞེས ་སོ།། སྒྲ་ནི་ཐོས་པ་ཞེས་པའོ།། གཞན་ནི་ཉལ་བ་དང་ཞེས་པ་ལ་སོགས་པ་ནི། བཅོམ་ལྡན་འདས་ཀྱི་རང་བཞིན་དེ་ཁོ་ན་ཉལ་བ་དང་ཞེས་ཏེ་གཉིད་ལོག་པའོ།། སད་པ་དང་ནི་ལོག་པ་དང་ཞེས་པའོ།། བག་ཆགས་ཀྱི་གཉིད་མཐུག་པར་ལོག་སྟེ། ལོག་པར་རྨོངས་པར་གྱུར ་ན་ཡང་རང་སད་པའོ།། གཞན་དང་དེ་བཞིན་ཆོ་དེ་དང་ཞེས་པ་ལ་སོགས་པ་ནི་གོ་བླའོ།། སྨྱོ་བ་དང་ཞེས་པ་ནི། ཁམས་འཁྲུགས་པ་དང་། མྱ་ངན་དང་འདྲ་བའི་དབང་གིས་སྨྱོ་བ་ལ་བྱའོ་མྱོས་པ་ཞེས་པ་ནི། ཆང་དང་འདོད་ཆགས་ལ་སོགས་པས་གྱུར་པའི་གཟུགས་ཞེས་སོ།། ་དེ་ཉིད་ཡང་འདོད་ཆགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏི་མུག་ཅེས་པ་ནི། བཅོམ་ལྡན་འདས་དེ་ཉིད་བླུན་པ་ཅན་འདོད་ཆགས་ལ་སོགས་པས་གྱུར་པའི་ཉོན་མོངས་པའི་བདག་ཉིད་དེ། དེ་ལྟར་འགྲོ་བ་དག་སྣང་བར་གྲུབ་པའོ།། འདོད་ཆགས་ཞེས་པ་ནི། སྤོང ་ཡུལ་ལ་ཡིད་ཞེན་པའི་མཚན་ཉིད་དོ།། གཟུགས་ལ་སོགས་པ་ལ་རོལ་པ་དང་བྲལ་བའི་ཆོས་ནི་ཆགས་པ་དང་བྲལ་བ་མ་ཡིན་པའི་ཆོས་སོ།། གཟུགས་མེད་ཅེས་པ་ནི་མིང་བཞི་ཕུང་པོ་དང་འདུས་མ་བྱས་ཀྱི་ཆོས་ཀྱི་རང་བཞིན་གྱི་ཕྱིར་རོ།། མང་པོའི་སེནས ་ཅན་ནི་ཞེས་པ་ནི། རྣམ་པ་སྣ་ཚོགས་མང་བ་ཐ་དད་པ་འདུལ་བའི་སེམས་ཅན་འདུལ་བ་མ་ལུས་གང་དང་ལྡན་པ་དེ་ལྟར་རོ།། དེ་ཉིད་ཀྱི་ཕྱིར་ན་དུ་མའི་གཟུགས་ཅན་ཞེས་པ་སྟེ། མ་ལུས་པའི་སྣོད་ཀྱི་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱིས་འདོད་པའི་དོན་བྱེད་པའི ་སྤྱོ་པ་ཉིད་ཀྱི་ཕྱིར་རོ།། དེ་ཁོ་ནའི་ཕྱིར་ན་ཡང་། སྣ་ཚོགས་གཟུགས་ནོར་བུ་ཡིན་ཞེས་པའོ།། དེ་ལྟར་ཡང་གསུངས་པ། གང་དང་གང་གི་རྫས་ཀྱིས་ནི།། མི་རྣམས་ཡིད་ནི་འབྱོར་འགྱུར་བ།། དེ་དང་དེ་ཡིད་དེ་དངོས་འགྲོ།། སྣ་ཚོགས་གཟུགས་ཀྱི་ནོར་བུ་ལྟར་ཞེས ་པའོ།། ཁྱབ་པའི་དངོས་ཀྱིས་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་ཉིད་དམ་པ་ཆེར་གནས་སོ་ཞེས་པ་ནི། སེམས་ཙམ་གྱིས་རང་བཞིན་བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་ཏེ། དེ་གོང་དུ་སྨོས་པའི་དངོསུ་སྣང་ཞིང་ཀྱེ་མཱ་མ་ཀཱིའི་གནས་སོ།། ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་ཉིད་དེ་ཞེས་པ་ནི། དོན་དམ་པར་མི་འགྱུར་བའི་གྲུབ་པའོ།། ཕྱིའི་རང་བཞིན་དེ་ཡིན་པར་དེ་མངོན་དུ་གྱུར་པའི་རྣལ་འབྱོར་པའི་ཚུལ་ནི་མི་དགོས་སོ་ཞེས་གསུངས་པ་བཟླས་མེད་པ་ཅེས་པ་ལ་སོགས་པ་སྟེ། དེ་ལ ་བཟླས་ཞེས་པ་ནི། སྔགས་ཀྱི་བདག་ཉིད་འཛིན་པ་ཡང་ཞེས་པ་ནི། ཏིང་ངེ་འཛིན་ལ་དབང་པོ་རྣམས་བསྡམས་པའོ།། དེ་ཉིད་ནི་དེ་ཁོ་ན་ཉིད་ལ་མེད་དེ་ཞེས་པའི་ཐ་ཚིག་གོ།། བགྲང་འཕྲེང་ཞེས་པ་ལ་སོགས་པ་ནི་གོ་བླའོ།། འོ་ན་གང་ཞེས་བྱ་བ་དེའི ་འགྲུབ་པ་ཡིན་ཞེ་ན་གསུངས་པ། བྷ་གའི་པདྨར་མཆོད་བྱས་ཏེ་ཞེས་པ་ལ་སོགས་པ་གོ་བླའོ།། དཱ་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་བདེ་བ་ཆེན་པོ་ཐོབ་པའི་རྐྱེན་དུ་རྩ་ལ་སོགས་པ་བརྟན་པས་གསུངས་པ། གང་དེ་བདུད་རྩི་འབབ་པའི་རྩ་ཞེས་པ་ནི ་ཁུ་བ་འཛག་པའོ།། དེ་ནི་ཤིན་ཏུ་མཆོག་ཅེས་ཏེ། དེ་ཉིད་ཅེས་པའི་དོན་ཏོ།། ཡང་ན་བདུད་རྩི་འབབ་པའི་རྩ་བྷ་གའི་དབུས་སུ་གནས་པ་ཞེས་པ་ནི་རྩ་དགུ་ཁོ་ན་སྟེ་མི་ལ་སོགས་པ་སྒོ་དགུ་ལ་བརྟན་པའོ།། དེ་དག་དགུ་ལས་རྩ་གཞན་ནི་སུམ་བཅུ་རྩ་གཉི ་ཞེས་པ་ལ་སོགས་པ་སྟེ། སྨིན་མ་དང་མགོ་དང་། ལུས་དང་ལག་པ་ལ་སོགས་པའི་ལུས་ལ་ཇི་སྲིད་པའོ།། དེ་དག་ལས་གཙོ་བོ་སྟེ་ཞེས་པ་སྟེ་རྩ་དགུའི་གཙོ་བོར་གྱུར་པ་ཡིན་ཏེ། གཞན་ཕྱིའི་ལུས་ལ་གནས་པའི་ཕྱིར་རོ།། ་དེ་ཉིད་ཀྱི་ཕྱིར་ན་རྩ་དགུའི་ལྷ་མོ་མཱ་མ་ཀཱི་ལ་སོགས་པ་དགུའི་བདག་ཉིད་བྷ་གའི་དབུས་སུ་བསམས་ནས་འགྲུབ་པ་སྐྱེ་བར་འགྱུར་རོ།། དེ་ལྟར་གསུངས་པ། གང་དེ་རྐང་པ་ལས་བྱུང་བ། གང་དེ་ལུས་ལས་བྱུང་བ་དག། དེ་དག་ཐམས་ཅད་བྱང་ཆུབ་ཡང་། གཅིག་ཏུ ་འདུས་པའི་གྱུར་པའོ།། ཞེས་པ་དང་དགུ་པོ་འཁྲིལ་བར་འགྱུར་བའི་རྩ།། དེ་ནི་ལྷ་མོ་འབབས་ཆེན་ཏེ།། བཤང་གཅི་འབབ་པ་རྩ་གང་ཡང་།། དེ་ནི་གསུངས་པ་མཐའ་དང་འབྲེལ་ཞེས་པའོ།། དེ་དག་ལས་གཞན་གཤིན་ཏུ་མཆོག། རྩཝ་དགུ་ལ་ནི ་རྣམ་པར་གནས་ཞེས་པ་ནི་བཤད་ཟིན་ཏོ།། ང་ནི་བཅོམ་ལྡན་འདས་ཀྱིས་མཱ་མ་ཀཱི་དེ་ལ་དེའི་བསྒོམས་པའི་དོན་བསྟན་པས། གསུངས་པ། སྒོ་དགུ་ལ་གནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྒོ་དགུ་ལ་གནས་རིག་མ་དག་ཅེས་པ་ནི། མིག་ལ་སོགས་པ་སྒོ ་དགུའི་རང་བཞིན་བྷ་གའི་པདྨར་གནས་པའི་རིག་མའི་ལྷ་མོ་རྣམས་བསྒོམས་ཏེ། འདོད་པ་རྣམས་པ་ལྔ་དང་གསང་བའི་མཆོད་པས་སྒྲུབ་པ་པོས་ནི་མཆོད་པར་བྱ་ཞེས་སོ།། འདོད་པ་ལྟས་ཇི་ལྟར་བསམ་ནས་མཆོད་པར་བྱ་བ་ཡིན་ཞེ་ན་གསུངས་པ་རྟག་ཏུ་རྡོ་རྗེ ་ཅན་མཉམ་བལྟ་ཞེས་པ་སྟེ། ཀྱེ་ལྷ་མོ་མཱ་མ་ཀཱི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་སྟོང་པ་ཉིད་དང་མཉམ་པར་རྟག་ཏུ་བལྟའོ།། ཞེས་བསྒོམ་པར་བྱ་བའི་དོན་ཏོ།། དེ་བས་ཤེས་པ་ཏེ་དེ་ལྟར་ཡིན་པའི་ཕྱིར་དེ་དག་རབ་བྱེད་ན། ཆགས ་བྲལ་ཞེས་གསུངས་ཀུན་རིགས་པས་ཤེས་ཏེ། སྟོན་པ་ཐམས་ཅད་མཁྱེན་པས་འདོད་པ་རྣམས་དེ་དག་རྡོ་རྗེ་སེམས་དཔའ་དང་རང་བཞིན་མཉམ་པར་བྱས་ཏེ། སྤྱད་ན་འདོད་ཆགས་དང་བྲལ་ལོ།། ཞེས་གསུངས་པ། ཡིན་ནོ་ཞེས་པའི་ཐ་ཚིག་གོ།། ཡང་སྟོན་པ་བཅོམ ་ལྡན་འདས་ཀྱིས་དེ་བཞིན་ཉིད་ཀྱི་སྦྱོར་བ་ཡེ་ཤེས་ཀྱི་ཆེ་བ་སྟོན་པ། དེ་དག་གསང་ཆེན་ཞེས་པ་ལ་སོགས་ཏེ། དེ་ལ་གསང་ཆེན་ཞེས་པ་ནི་བདེ་བ་ཆེན་པོ་གཉིསུ་མེང་བའི་ཡེ་ཤེས་སོ།། མཆོག་རབ་ནི་ཞེས་པ་ནི། ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་ཀྱི་ཕྱིར་རོ།། ཞལ ་བཟངས་མ་ཀྱེ་ཞེས་པ་མཱ་མ་ཀཱི་ལ་བོས་པའི་ཚིག་སྟེ། འཛུམ་པ་ལ་སོགས་པའི་ཞལ་འགྱུར་བའི་བཞིན་གྱི་ཕྱག་རྒྱ་དང་ལྡན་པའི་དོན་ཏོ།། སྦྱོར་བ་ཞེས་པ་ནི་ཆོས་ཐམས་ཅད་ཐངས་དང་ཤེས་རབ་གཉིསུ་མེད་པར་སྦྱོར་བའོ།། དེའི་དོན་མཱ་མ་ཀཱི་ཁྱོད་ལ་བདག་གིས ་བཤད་ཟིན་ཏོ་ཞེས་པའི་དོན་ཏོ།། སྣ་ཚོགས་རྣམ་སྣང་མཛད་ལ་སོགས་ཞེས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྐུ་མདོག་དང་རིགས་དང་ཡེ་ཤེས་དང་། ཕུང་པོ་དང་རང་བཞིན་དང་། འཕྲིན་ལས་ཐ་དད་ཅིང་སྣ་ཚོགས་པའི ་ཕྱིར་རོ།། དེ་བཞིན་གཤེགས་པས་ཞེས་པ་ནི་བཤད་ཟིན་ཏོ།། མི་ཤེས་ཏེ་ཞེས་པ་ནི། བྱ་བའི་རྒྱུད་དང་སྦྱོར་བའི་རྒྱུད་ཀྱིས་སངས་རྒྱས་པའི་རྣམ་པར་སྣང་མཛད་ལ་སོགས་པས་མ་ཤེས་པའི་ཕྱིར་རོ།། བདག་གིས་ཁྱོད་ལ་ནི་ཅི་ཕྱིར་བསྟན་པ་ཡིན་ཞེས་ན ་གསུངས་པ། གཏན་དུ་དགའ་བའི་ཡིད་བདེ་བས་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏན་དུ་དགའ་བའི་ཡོད་བདེ་བ་ཞེས་པ་ནི་མཱ་མ་ཀཱི་ལ་སྙེམས་པར་ཞུགས་པའི་བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་ཀྱིས་ཡིད་བདེ་བའོ།། སྦྱོར་བ་དམ་པ་ཞེས་པ་ནི། ་གནས་དང་ལྷག་མཐོང་གི་སྦྱོར་བ་འམ། ཡན་ལག་དྲུགག་སྦྱོར་བ་ལས་ཐངས་དང་ཤེས་རབ་དུ་གྱུར་པའི་ཕྱིར་\ུ0f7f།། དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། སྠཱ་མ་ཀཱི་གསང་བའི་བལྟམ་པ་ལ་སོགས་པའི་རོལ་པས ་དགའ་ཞིང་བདེ་བས་ན། དེ་བཞིན་ཉིད་ཀྱི་སྦྱོར་བ་སྟོན་ཏོ་ཞེས་པའི་ཐ་ཚིག། དེའི་དོན་གསལ་བར་བྱེད་པས་གསུངས་པ། གསང་བའི་པདྨ་མཐོང་བས་ན་ཞེས་པ་ལ་སོགས་པ་སྟེ་བ་ཤང་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། རྡུལ་ཕྲ་རབ་དང ་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ།། དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་ཏེ། དེ་ལ་སྐུ་ནི་ལོང་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཆེན་པོའོ།། གསུང་ནི་བདག་མེད་པའི་ཆོས་སོ།། ཐུགས་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས།། དེ་ཉིད་རྡོ། ་ཅན་ཞེས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་སེམས་དཔའི་རང་བཞིན་དང་ཐ་མི་དད་པའི་ཕྱིར་རོ།། རྡོ་རྗེ་བདུད་རྩི་བྲ་ཏུ་ཆེན་པོ་ཞེས་པ་ནི། ཤང་ཟིན་ཏོ།། རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ཞེས་པ་ནི། རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་། སྔགས་དང་ཕྱག་རྒྱ་དང་། ་བཞིན་ཉིད་དང་འཕྲིན་ལས་དྲང་བསྒོམ་པ་དང་རང་བཞིན་རྣམས་ཀྱི་ཆུ་རྒྱུན་ཆགས་པའི་ཕྱིར་རོ།། དེ་བཞིན་ཉིད་སྦྱོང་བ་ཡེ་ཤེས་ཞེས་པ་ནི། བབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་གཉི་སུ་མེད་པའི་ཡེ་ཤེས་སོ།། དེ་སྟོན་པའི་ཚིག་སྟེར་ལོངས ་པ་འམ། རིམ་པར་ཕྱེ་བ་ནི་ལེའུ་ཞེས་པའོ།། གཉིས་པ་ཞེས་པ་ནི། དབང་པོའི་འོག་མ་ཡིན་པའི་ཕྱིར་རོ།། རྡོ་རྗེ་བདུད་ནི་རྒྱུད་ཀྱི་ལེའུ་གཉིས་པ་རྣམ་པར་བཤད་པའོ།། ། ད་ནི་སྔགས་འབྱུང་བ་ཡོངས་སུ ་ཤེས་ང་སྩུ་བའི་དོན་དུ་རྫམ་ལྡན་འས་ལ་ནུ་འདོང་བ་ས་ས་ཤེས་རྒྱས་ཀྱིས་ཉེས་པར་བྱས་མ་ལུས་པ། དེནས་མཐུ་པའི་རྒྱུ་ཡོ་དག། ནས་པ་ལ་སོགས་པ་སྟེ། དེ་ལ་མགྲུ་བཞེས་པ་ནི་མ་མགྱིས་དཅན་ཉྀ་ཀྱི་སྦྱོར་བཟོས་པས་མཉེས་པའོ།། ར ་ནས་པཧཱུ~ཾ། ག་ག་ཅིའི་སྦྱིན་ན་ས་། རྣའི་གང་རྫས་ས་སྣ་ང་ལྡན་།། ཤེས་པ་ནྀ། སྒྱུ་ལ་མིགས་པ་པ་མ་ས་དང་ལྡན་པའོ།། འདི་དག ་ནྟེ། འོག་ནས་བཟུང་དའི་ཐུང་བདུད་ལ་སོགས་པའི་ཚག་།། མམ་རྫུན་ནི། འན་ལ་རྣས་པ་རྗེས་།། སེམས་པ་འཛིན་རྣམས་པ་མ་སྐྱེད་པ་སྟེ། སེམས་དཔའ་ཛིན་པ་རྣརྣམས་པའི་འབྲས་བུ ་པའི་ཕྱིར་རོ།། དེ་ལྟར་ཡང་རྡོ་རྗེ་སེམས་དཔའི་མཚན་བརྒྱ་རྩ་བརྒྱད་པ་ལས་འབྱུང་བ། སེམས་དཔའ་ཆེན་པོ་དང་པོའི་མཆོག། དགའ་བ་ཆེན་པོ་དགའ་བ་ཆེ།། ཞེས་པ་ལ་སོགས་པའོ།། དགྱེས་པར་བྱེད་ཅེས་པ་ནི་དབྱངས་ཀྱི་མཆོད་པས་བཅོམ་ལྡན་འདས ་ཐུགས་དགྱེས་པར་མཛད་པའོ།། དབྱངས་ཀྱི་ཚིག་གསུངས་པ། ཕྱུང་མཛད་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཕྱུང་མཛད་ཕྱུང་མཛད་ཆེན་པོ་རྡོ་རྗེ་ལས་ཞེས་པ་ནི། གསང་བའི་རྡོ་རྗེ་ལས་བདེ་བ་ཆེན་པོ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་འཕྲོས་ཤིག་ཅེས ་པའི་དོན་ཏོ།། ཅིའི་ཕྱིར་འཕྲོས་པ་ཡིན་ཞེ་ན། བདག་གིས་མཆོག་གི་ཡིག་འབྲུ་འཚལ་བར་བགྱི་ཞེས་པ་སྟེ། དེ་ལ་མཆོག་གི་ཡིག་འབྲུ་ན་གཉིསུ་མེད་པའི་མྱ་ངན་ལས་འདས་པའི་རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཟད་པ་མེད་པའི་ཕྱིར་རོ།། ་དེ་བདག་གིས་འཚལ་བར་བགྱི་ཞེས་མངོན་པར་བྱ་ཞེས་པ་ནི་ཐ་ཚིག་གོ། གང་དུ་འཕྲོས་པ་ཡིན་ཞེ་ན། བྷ་གའི་པདྨར་ཞེས་པ་སྟེ་བདག་གིས་པདྨར་འཕྲོས་ཤིག་ཅེས་གསོལ་བ་བཏབ་པའོ།། ཅིའི་ཕྱིར་བདེ་བ་ཆེན་པོ་སྟེ་ཞེས་པ་སྟེ། ་པདྨ་ནི་གཉིས་སུ་མེང་བའི་སོ་སོ་རང་རིག་པའི་གནས་ཀྱི་ཕྱིར་རོ།། རྡོ་རྗེ་ནི་མི་འཇོག་པའི་རང་བཞིན་ནོ།། ཡང་ན་གསང་བའི་རྡོ་རྗེའོ།། དེའི་དོན་ནི་བདེ་བ་ཆེན་པོ་ལས་ཞེས་པ་སྟེ། གཉིས་སུ་མེད་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་དེ་མངོན་དུ་གྱུར་པའོ།། ་དབྱིངས་ཀྱི་སྐད་གསུངས་པ། ས་འཛིན་པ་དང་ཞེས་པ་ལ་སོགས་ཏེ། ང་ལ་སོགས་པའི་སྒྲས་ནི་དྲང་སྲོང་ལྔ་པ་དང་། བམ་མ་དང་། སྟོབས་ལྔ་དང་། འཁོར་ཉན་རྣམས་སོ།། འཁོར་བའི་ཚུལ་ཞེས་པ་ནི། དེ་ལས་གཞན་པ་དེ་འབྱོར་གྱི་སྐད་ལ་ཤེས་པར་བྱའོ།། སྣ ་ཚོགས་ཐུན་མོང་རྣམ་ངག་གིས་ཞེས་པ་ནི། དབྱངས་ཀྱི་ཚིགས་བཅད་གཅིག་གིས་ཡིན་ཡང་སྐད་ནི་དེ་དག་དང་ཐུན་མོང་དུ་བྱས་ནས་བླང་བའོ།། ཇི་ལྟར་ཞེ་ན་སྙན་པའི་སྒྲ་ཡིས་བླང་བར་བྱ་ཞེས་པ་སྟེ། དུང་དང་གླིང་བུ་དང་། པི་བང་ལ་སོགས་པ་དང་མཐུན་པར་བླང ་བའོ།། དབྱངས་དེས་ཅི་འགྲུབ་པར་བྱ་ཞེ་ན་དེ་རྣམས་དབྱངས་དག་ཅེས་པ་ལ་སོགས་པ་སྟེ། དེ་དགའ་བའི་ཡིད་བང་རྣམས་སྦྲུལ་གྱིས་ཞེས་པ་ནི། ཡིད་དགའ་བ་དང་བདེ་བའི་རྒྱུར་གྱུར་པའི་རྣམ་པར་སྤྲུལ་པ་ནཱ་ཞེས་བྱའོ།། དེ་ལྟར་ཡང་སརྦ་བུ་ཏ་ལས་གསུངས ་གར་ནི་ཤིན་ཏུ་རྣམ་པར་སྤྲུལ་པའོ།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། ཞེས་པ་ནི་བཤད་ཟིན་ཏོ།། དེ་ཉིད་སངས་རྒྱས་བྱང་ཆུབ་ཅེས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་དམ་ཚིག་ཆེན་པོ་རྡོ་རྗེ་རྗེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་བོ།། དེ་བསྒྲུབ་པར ་བྲིས་པ་ནི། གར་དང་དབྱངས་ཀྱིས་ཀླུང་མྱ་ངན་ལས་འདས་པ་ལ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ།། དེ་ལྟར་མཱ་མ་ཀཱིས་དབྱངས་རང་གར་གྱིས་མཆོད་པ་བྱས་ནས་དོན་ཞུས་པ་གསང་བའི་དཀྱིལ་འཁོར་བཀའ་སྩལ་པ། དེ་བཞིན་ཉིད་ཀྱི་ཐེ་ཚོམ་གཅོད་ཅེས་པ་ནི། དེ་ལ ་ཐེ་ཚོམ་གཅོད་པ་དང་གྲང་ལྡན་པ་ནི་ཐེ་ཚོམ་གཅོད་པ་ཅེས་པའོ།། དོན་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དོན་དམ་པ་ཡིས་གསང་བའི་བྷ་གའི་དཀྱིལ་འཁོར་བཤད་པས་བདག་གི་ཐེ་ཚོམ་བསལ་ལོ་ཞེས་པའི་དོན་ཏོ།། ཐེ་ཚོམ་གང་གིས་གཅོད་པ་ཡིན་ཞེ་ན། རྡོ་རྗེ་ཅན ་ཁྱོད་བཀའ་དྲིན་གྱིས་ཞེས་པའོ།། ཡེ་ཤེས་པ་ནི། ཐབས་དང་ཤེས་རབ་གཉི་སུ་མེད་པའི་བདེ་བ་ལྡན་པའོ།། བྱ་བ་དེས་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་མཚན་ཉིད་བྱས་པ་ནི་བྱ་བ་བགྱི་ཞེས་པའོ།། བཅོམ་ལྡན་འདས་ནི་བོད་པའི་ཚིག་གོ།། ཆ ་པ་དང་བྲལ་བ་ནི་ཆགས་པ་རྟོག་པ་ལས་ཤིན་ཏུ་འདས་པའི་རྒྱུ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བའོ།། རྡོ་རྗེ་བདུད་རྩི་འབྱུང་བ་འདི་ཞེས་པ་སྟེ། རྒྱུད་འདིར་འདོད་པའི་ཡོན་ཏན་ལྔ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་སྟོན་པའི་ཕྱིར་རོ།། དེ་བས་ན་བདག་གིས ་མི་དམིགས་པའི་བདེ་བའི་ངོ་བོའི་སྒོ་ནས། རྡོ་རྗེ་ཐེག་པའི་འབྱུང་བའི་སྦྱོར་བ་སེམས་ཅན་རྣམས་ལ་བསྟན་པར་བགྱི་ཞེས་པའོ།། དེའི་དོན་ཁོ་ན་ཡང་བཤད་པ། རྡོ་རྗེ་ཐེག་དེས་ནི། བཅོམ་ལྡན་འདས་མཱ་མ་ཀཱིས་ཡེ་ཤེས་མཉམ་པ་ཉིད་དུ་གྱུར་པའོ།། ་དེ་ལྟར་མཱ་མ་ཀཱིས་དེ་བཞིན་ཉིད་ཀྱི་སྦྱོར་བའི་ཡེ་ཤེས་ཁོང་དུ་ཆུད་ནས་སོམ་ཉི་རུ་གྱུར་པའི་ཐ་ཚོམ་གཞན་ཞུས་པ། ད་དུང་བདག་ལ་ཐེ་ཚོམ་མཆིས་ཞེས་པ་ལ་སོགས་པ་སྟེ། དེ་ཕྱག་རྒྱ་གཉིས་ཀྱིས་རྣམ་སྤྲུལ་པ་ཞེས་པ་ནི། རྒྱུད་གཞན་ལ་ནང་གི་སྐུ་གསུང ་ཐུགས་ཀྱི་ཕྱག་རྒྱ་དང་། ཕྱིའི་ལག་པའི་ཕྱག་རྒྱ་གཉིས་སུ་འབྱུང་བ་འདིར་གང་ལ་ཤེས་པར་བགྱི་ཞེས་ཞུས་པའོ།། ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང་ཞེས་པ་ནི། ཕྱི་ནང་གི་ཕྱག་རྒྱའི་ནང་ན་ཡང་དག་པའི་ཕྱག་རྒྱ་གང་ཡིན ་པ་དེ་ཞུས་པའོ།། དེ་དག་གི་སྔགས་ཇི་ལྟར་ལགས་ཞེས་པ་ནི་གསང་བའི་དཀྱིལ་འཁོར་ལ་བཀོད་པའི་ལྷ་མོ་དེ་དག་གིས་བཟླས་པའི་སྔགས་ནི་ཇི་ལྟར་ལགས་ཞེས་ཞུས་པའོ།། སྔགས་རྣམས་གང་ལས་སྐྱེས་པ་ལགས་ཞེས་པ་ནི། ལྷ་མོ་རྣམས ་དེ་དག་ཡང་ས་བོན་གང་ལས་བསྒྲེད་པའི་ཞེས་ཞུས་པའོ།། ཁྱད་པར་དུ་ནཱི་ལྷ་རྣམས་ཀྱང་ཞེས་པ་ནི། གསང་བའི་དཀྱིལ་འཁོར་ལ་པོ་དང་མོའི་ལ་ཡང་ཁོ་ན་ལགས་ཞེས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། བཅོམ་ལྡན་འདས ་རྡོ་རྗེ་ཅན་གྱིས་གསུངས་ཞེས་པོ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱ་གཉིས་ཀྱིས་རྣམ་སྤྲུལ་པ་ཞེས་ཞུས་པའི་ལན་ནོ།། ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ། ཞེས་པའོ་དྲི་དག་གང་ཞེ་ན། སྐུ་དང་གསུངས་དང་ཐུགས་ལས་བྱུང་ཞེས་པའོ།། དེ་ཡང ་བཅོམ་ལྡན་འདས་ཉིད་ཀྱིས་འགྲེལ་པ་སྐུ་ནི་ཕྱག་རྒྱ་མཆོག་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱ་ཆེན་པོ་དང་། སྐུའི་རྡོ་རྗེ་བསྒོམ་པ་ནི་སྐུའི་ཕྱག་རྒྱ་སྟེ་ལས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ།། གསུང་གི་ཕྱག་རྒྱ་སྔགས་པའི་ལས་ཞེ ་པབ་ནི། གཟུང་འཛིན་གྱི་མཚན་མ་མེད་པའི་ཞི་བ་ལ་སོགས་པའི་སྔགས་ཀྱི་ལས་ཀྱི་ངོ་བོ་གསུང་གི་རྡོ་རྗེ་ནི་གསུང་གི་ཕྱག་རྒྱ་སྟེ། ཆོས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ།། ཐུགས་ཀྱི་མཚན་མའི་ཕྱག་རྒྱ་ནི་བསམ་གཏན་རི་མོ་གནས་མེད་གནས་ཞེས་པ་ནི ་གྲོབས་དང་འདོག་དམ་གཉིས་མང་བར་གནས་པའི་བས་གཏན་ཡང་གཟུགས་སྷོ་རྟེན་མནན་མའི་ག་རྒྱར་བྱསྟེ། དྲུག་ཏུ་རྣན་ན་བྱོར་རོ།། ད་ལྟར་ཡང་གསུང་བ་འདུས་པའི་སྒྲུབ་བབས་ལས་གསུངས་པ། ཆོས་དང་སངས་སློང་སྤྲུལ་པ་དང་།། ང། ་ཐུགས་སོགས་རྡོ་རྗེ་སྟེ།། དེ་དག་ཡེ་ཤེས་སེམས་དཔའི་ནི།། ཕྱག་རྒྱ་བཞིར་ནི་འདོང་བ་ཡིན་ཞེས་སོ།། ཇི་ལྟར་ཕྱག་རྒྱ་ལྔ་དག་འབྱུང་ཞེས་པའི་ལན་ནི། རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ཞེས་པ་ནི། ཆོས་ཐམས་ཅད ་གཉིསུ་མེད་པ་ཡོངས་སུ་ཤེས་པའི་མཚན་ཉིད་དོ།། དེ་ཉིད་ཕྱག་རྒྱ་ཞི་པ་ནི། བྱིན་ཅི་ལོག་པའི་ལུས་གསལ་བ་ཀུན་ཏུ་རྒྱས་བཏབ་པའི་ཕྱིར་རོ།། ཐབས་དང་ཤེས་རབ་སྦྱོར་བ་ནི་སྦྱོར་བའི་ཕྱག་རྒྱ་ཞེས་པ་སྟེ། དེ་ལྟརརོ་ཡང་གསང་བ་འདུས་པ་ལས་གསུངས ་པ། ཐབས་དང་ཤེས་རབ་སྙོམས་འཇུག་པ།། སྦྱོར་བ་ཞེ་ནི་བཤད་པ་ཡིན་ཞེས་སོ།། དེ་བས་ན་མཚན་མའི་ཕྱག་རྒྱ་མི་བྲིའོ་ཞེས་པ་སྟེ། ཡང་དག་པའི་ཡེ་ཤེས་ལ་ལག་པའི་ཕྱག་རྒྱ་ལ་སོགས་པ་ནི་ཕྱི་རོལ་ཉིད་དུ་ཡིན་པར་བཟུང་བར་བྱའོ།། ་དེངེ་འདྲ་བར་གྱུར་པའི་ཡང་དག་པའི་ཡེ་ཤེས་འདོད་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་གྲུབ་ཅིང་མངོན་དུ་བྱེད་པའི་ཐབས་གསུངས་པ། ཕྱག་རྒྱ་མངོན་སུམ་གཟུགས་ཡིན་ཏེ་ཞེས་ཏེ། སྐུ་གསུང་ཐུགས་མ་གསང་བའི་པདྨ་འམ། རྡོ་རྗེ་བསྒོམ་པའི ་མངོན་དུ་གྱུར་པའི་ཡེ་ཤེས་ནི་ཕྱག་རྒྱ་ཡིན་ཏེ། དེས་ཡང་དག་པའི་ཡེ་ཤེས་གྲུབ་པར་བྱའོ།། ཁྱད་པར་དུ་ནི་ལྷ་རྣམས་ཀྱང་ཞེས་ཞུས་པའི་ལན་གསུངས་པ། ལྷ་ནི་ལྷ་མོ་བུང་མེད་དོ་ཞེས་པ་སྟེ། ལྷ་མོ་ཡང་མཱ་མ་ཀཱི་ལ་སོགས་པ་ལྷ་དང་སྦྱོར་བའི ་བུད་མེད་ཡིན་གྱི་གཞན་ནི་མ་ཡིན་ནོ།། དེ་བས་ན་གསང་བའི་མཆོད་པ་ནི་སྦྱོར་བ་ཡིས་ཀུན་བྱའོ།། ཞེས་གསུངས་པ། དབང་པོ་ཐམས་ཅད་ཅེས་པ་ལ་སོགས་པའོ།། བྷ་གའི་པདྨོར་ལྷ་མོ་བསྒོམ་པ་གཅིག་པུ་ལས་བྱང་ཆུབ་གྲུབ ་དཔེ་དང་དོན་བསྟན་པ། ཇི་ལྟར་དཔག་བསམ་ཤིང་ཞེས་པ་ལ་སོགས་པ་སྟེ། རྩ་བ་དང་ལྡུམ་བུ་དང་ལོ་མས་བརྒྱན་པའི་དཔག་བསམ་གྱིས་ཤིང་ཆེན་པོ་སྐྱེ་བའི་རྐྱེན་ས་བོན་ཕྲ་མོའི་ཚད་ཡིན་ཡང་། དེ་འདྲ་བའི་གཟུགས་བསྐྱེད་པར་ནུས་པ་ཇི་ལྟ་བ་བཞིན ་དུ། དེ་ལྟར་བྷ་གའི་པདྨའི་རྩར་གནས་པའི།། བདུད་རྩི་འབབ་པའི་རྩ་དགུ་ལ་ལྷ་མོ་མཱ་མ་ཀཱི་ལ་སོགས་པའི་གཟུགས་ཀྱི་ཕྱག་རྒྱ་བསྒོམ་པ་ནི་བླ་ན་མེད་པའི་རྐྱེན་དུ་གྱུར་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱའོ།། སྔགས་དེ་རྣམས་ཀྱང་ཞེས་པ་ལ་སོགས་པ ་ཞུས་པའི་ལན་ནི། དེ་ནས་བཅོམ་ལྡན་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་བཅུག་ནས་ན། གསང་བའི་རྡོ་རྗེ་དང་པདྨར་སྦྱོར་ཏེ་སྔགས་འབྱུང་བ་ཞེས་པའི་ཐ་ཚིག་གོ།། དང་པོ་རྣམ་སྣང་མཛད་ཅེས་པ་ལ་སོགས་པ་ནི་སྔགས་འབྱུང་བ་སྟོན་པས་གསུངས་པ ་འདི་ལྟ་སྟེ། པདྨ་འདབ་བརྒྱད་བྲིས་ནས་འདབ་མ་རེ་རེ་ལ་ཡི་གེ་ཨ་ལ་སོགས་པ་སྡེ་བརྒྱད་བཀོད་དེ། རིམ་པ་དེ་ནི་སྔགས་དབྱུང་བར་བྱའོ།། དང་པོ་རྣམ་སྣང་མཛད་སྦྱོར་ཏེ་ཞེས་པ་ནི། ཡི་གེ་ཨོཾ་དང་པོར་སྦྱོར་བྱ་བ་སྟེ། ཡང་བཛྲ་ཨ་མྲི་ཏ་མ་ཧཱ་སུ་ཁ ་ཞེས་སྦྱོར་བའོ།། རྣམ་པར་སྣང་མཛད་ནི་ཡི་གེ་ཨོཾ་ཁོ་ན་ཡིན་ནོ།། དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། གང་དུ་དང་པོ་རྣམ་པར་སྣང་མཛད་ནི། དག་ཅིང་དྲི་མེད་བློ་ནི་ཨོཾ་དུ་སྤྲུལ་ཞེས་སོ།། ས་བོན་བཞི་དང ་ཞེས་པ་ནི་ཛཿཧཱུཾ་བཾ་ཧོཿརྣམས་སོ།། དེ་དང་མཉམ་ལྡན་ལ་ཞེས་སོ།། སྭཱ་ཧཱའི་ཡི་གེ་ཡང་སྦྱོར་རོ།། ནི་ཡི་གེ་སྭཱ་ཧཱ་མཐའ་མ་ན་སྦྱོར་བ་དང་ལྡན་ཞེས་པ་དང་འབྲེལ་ཏོ།། སྔགས་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཨ་མྲི་ཏཱ་མ་ཧཱ་སུ་ཁ་ཛྲཿཧཱུཾ་ཧཱུཾ་ཧོཿསྭཱ་ཧཱ། དེ་ནི་བཅོམ་ལྡན་འདས་མི ་བསྐྱོད་པའོ།། རྣམ་པར་སྣང་མཛད་ཡང་དབུལ་ཏེ་ཞེས་པ་ནི། མཱ་མ་ཀཱིའི་སྔགས་གསུངས་ཏེ། གོང་དུ་ཡི་གེ་ཨོཾ་ཞག་པའོ།། ཡི་གེ་གཉིས་པ་ནི་ཡི་གེ་ཨ་འབྱིན་པའོ།། བཞི་པ་སྟེ་ནི་ཡི་གེ་ཨིའོ།། བཞི་པ་སྟེ་ནི་མཉམ་ལྡན་ཏེ་ཞེས་པ་ཀའི་སྡེ་ཚན་དང་འབྲེལ་བའི་ཡི་གེ ་ནི་ག་སྟེ། དེ་དང་ལྡན་མ་ཐག་ཏུ་ལྷ་མོ་མཱ་མ་ཀཱིའི་སྙིང་པོ་སྟེ། ཨོཾ་གྲི་སྭཱ་ཧཱའོ།། ད་ནི་མཛེས་མ་ལ་སོགས་པ་རིག་མ་བརྒྱད་ཀྱི་སོ་སོ་རེ་རེའི་སྔགས་གསུངས་པ། བརྒྱད་དག་ཁོ་ནའི་ཞེས་པ་སྟེ། ཡི་གེ་ཀའི་སྡེ་ཚན་མ་ཡིན་པ་ལིཾ་གེ་ཨ་ལ་སོགས་པ་ཟུང་བརྒྱད་རྣམ ་སོ།། དབུས་པ་གང་ཞེས་པ་ནི་ཡི་གེ་རིང་བ་རྣམ་སོ།། བརྒྱད་ཀྱིས་རྣམ་པར་བརྒྱན་ཅེས་པ་ནི། བརྒྱད་ཀྱི་ཐིག་ལེའི་མིང་སྟེ་ཡི་གེ་བརྒྱད་ཀྱིས་བརྒྱན་པར་བྱའོ།། དེ་ནས་རིང་པོའི་ཡི་གེ་ཨ་ལ་སོགས་པ་འདབ་མ་བརྒྱད་ལ་སྦྱོར་བ་ཇི་ལྟ་བ་བཞིན་དུ་བཀོད་ནས། ཞལ ་མཛེས་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཕྱུང་ངོ་།། དེ་དག་ལ་ཡང་རྣམ་པར་སྣང་མཛད་དང་མཐའ་ན་ཡི་གེ་སྭཱ་ཧཱ་ཡང་སྦྱོར་བ་ནི་གོང་དུ་སྨོས་པ་ཡིས་འདིར་ཡང་འབྲེལ་པ་གདོན་མྱི་ཟ་བར་བྱའོ།། དེ་ལྟར་རྒྱུད་ཀུན་ལས་བཏུས་གསུངས་པ། ཕལ་དུ ་སྔགས་རྣམས་ཐམས་ཅད་ནི།། ཕྱག་འཚལ་སྭཱ་ཧཱ་སྦྱོར་བའོ་ཞེས་སོ།། ལྷོའི་འདབ་མ་ལ་ཞི་བའི་ཞལ་གྱི་སྔགས་ནི་ཨོཾ་ཨོཾ་སྭཱ་ཧཱ། ཤར་གྱི་འདབ་མ་ལ་མཛད་པའི་ལྷ་མོའི་སྔགས་ནི་ཨོཾ་ཨཾ་སྭཱ་ཧཱ།། ནུབ་ཀྱི་འདབ་མ་ལ་ཟླ་བ་མོའི་སྔགས་ནི་ཨོཾ་ཨུཾ་སྭཱ་ཧཱ། ་བྱང་གི་འདབ་མ་ལ་དུང་ཅན་མའི་སྔགས་ནི་ཨོཾ་རཾ་སྭཱ་ཧཱ། དབང་ལྡན་གྱི་འདབ་མའི་རི་བོང་འཛིན་དཀྱིལ་འཁོར་མའི་སྔགས་ནི་ཨོཾ་ལཾ་སྭཱ་ཧཱ། མེ་མཚམས་མ་རི་བོང་མའི་སྔགས་ནི་ཨོཾ་ཨཾ་སྭཱ་ཧཱ། བདེན་བྲལ་གྱི་འདབ་མ་ལ་ཡིད ་དགའ་བ་མའི་སྔགས་ནི་ཨོཾ་ཧཱུཾ་སྭཱ་ཧཱ། རླུང་མཚམས་ཀྱི་འདབ་མ་ལ་ཡིད་ལ་བདེ་བར་བྱེད་མའི་སྔགས་ནི་ཨོཾ་ཨཾ་སྭཱ་ཧཱ། བློ་བླུན་པོ་གཞན་དག་གིས་ནི་མི་ཤེས་ནས་རིག་པ་གཞན་དུ་སྔགས་ཕྱུང་བར་བྱེད་དོ།། དེ་ནི་མི་རིགས་ཏེ་དེ་བས་ན་འདིར་ཡང་མ་བྲིས་སོ།། སྔགས ་དབྱུང་བ་འདི་ཁོ་ན་ནི་དཀྱིལ་འཁོར་ལ་བཀོད་པ་འམ། གཞན་དུ་སྒོ་བ་ལ་སོགས་པ་ལ་སྦྱོར་བར་བྱའོ།། སྒོ་སྲུངས་དག་གིས་ཞེས་པ་ལ་སོགས་པ་ནི། སྒོ་སྲུངས་མའི་སྔགས་བཤད་འདོད་པས་གསུངས་པ། དེ་ལ་སྐལ་བཟངས་ཞེས་པ་ནི། ན་སོ་དང་བྱང་དང་། ་མདངས་དང་ཁམས་གསུམ་གྱིས་མཆོད་འོས་ཀྱི་ཕྱིར་དང་། སེམས་ཅན་གྱི་དོན་བྱེད་པའི་སྐལ་པ་དང་ལྡན་པའི་ཕྱིར་ན་མཱ་མ་ཀཱའི་སྐལ་བཟངས་ཞེས་སོ།། སྡེའི་མཐའ་མ་ཞེས་པ་ནི། ཡི་གེ་ཨ་ལ་སོགས་པ་སྟེ་གཅིག་པ་དང་། གཞན་ཀ་ལ་སོགས་པའི་སྡེ ་བདུན་ནོ།། དེ་དག་ནི་ཨ་ང་ཉ་ཎ་ན་མ་སྭཱ་ཧཱ་རྣམས་སོ།། དེ་དག་ས་བོན་བརྒྱད་ནི་སྔགས་ཞེས་པའོ།། སྤྲོ་བའི་ལྷ་ཡིས་ཞེས་པ་ནི་ཐིག་ལེས་མཉམ་པར་གནོན་པ་ཞེས་སོ།། རྣམ་པར་སྣང་མཛད་དང་ལྡན་པ་ཞེས་པ་ནི་མགོར་ཡི་གེ་ཨོཾ་དང་ལྡན་པའོ།། སྭཱཧཱའི་ཡི་གེ་མཉམ ་བར་ལྡན་ཞེས་པ་ནི། མཐའ་མ་ན་ཡོཾ་གེ་སྭཱ་ཧཱ་དང་ལྡན་པའོ།། བཞི་ནི་སྒོ་སྲུངས་ཀྱི་ཡིན་ཏེ་ཞེས་པ། སྔགས་བཞི་ནི་སྒོ་སྲུངས་མ་བཞིའི་ཡིན་ཏེ། ཨོཾ་ཨེ་སྭཱ་ཧཱ། ཤར་གྱི་སྒོ་སྲུངས་མའིའོ།། ཨོཾ་ངཾ་སྭཱཧཱ་ལྷོའི་སྒོ་སྲུངས་མའི་ལོ། ཨོཾ་ཉམ་སྭཱ་ཧཱུཾ། ནུབ་ཀྱི་སྒོ ་སྲུངས་མའིའོ།། ཨོཾ་ན་སྭཱདྷ་བྱུང་གི་སྒོ་སྲུངས་མཔའོ།། གཞི་ནི་མེ་ཏོག་སྦོས་མོ་ལ་སོགས་ཤེས་པ་ནི།། གཞན་སྔགས་བཞི་ནི་མེ་ཏོག་མ་ལ་སོགས་པ་བཞི་དང་སྦྱོར་ཏེ། ཨོཾ་ནི་སྭཱཏྨ། མེ་ཏོག་མདོའོ།། ཨོཾ་མ་སྭཱཧཱ་སྤོས་མྱེ་མའི་ཧཱུ~ཾ།། ཨོཾ་ཝ་སྱཱ།། མ་རཱ ་མི་མའིའོ།། ཨོཾ་ཧཱུཾ་སྭ་ཧཱུཾ་དྲི་ཆབ་མའིའོ།། ཡང་ན་གཞན་དགན་རེ། སྲུངས་སུ་ལ་སོགས་པའི་སྔགས་ནི་མིང་བཟུང་ནས་སྔགས་ཀྱི་ཡི་གེར་སྤྱོད་བར་བྱ་སྟྭ~ཾ། ཨོཾ་བཛྲ་ཨ~ཾ་ཀུ་ཤ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཤ་སཱ་ཧཱུ~ཾ། ཨོཾ་བཛྲ་སྥོཊ་སྭཱཧཱ། ཨོཾ ་ཤ་སྭཱ་ཧཱ། དེ་ལྟར་མེ་ཏོག་མ་ལ་སོགས་པ་ཡང་སྦྱོར་བར་བྱ་སྟེ། ཨོཾ་ནཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་མཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་ཝཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། ཨོཾ་ཧཾ་བཛྲ་གནྡྷེ་སྭཱཧཱ། ད་ནི་གླིང་བུ་མ་དང་། པི་བང་མ་དང་། རྔ་ཆེན་མ་དང་། རྫ་རྔ་མ་རྣམས་ཀྱི་སྔགས ་དབྱུང་འདོད་པས་གསུངས་པ། མ་ནིང་ཡི་གེ་ཞེས་ཏེ་རེ་རེ་ལེ་ལེའོ།། དེ་དག་བཞི་ལི་ཡང་སྭཱཧཱ། རྣམི་པ་སྣང་མཛད་ཡང་ཞེས་པ་ནི་བཻ་ཤང་ཟིན་ཏོ།། སྔགས་ནི་འདི་ལྟ་སྟེ། ཨོཾ་ར~ཾ་བཛྲ་པཾ་ཤེ་སྭཱ་ཧཱ། ཨོཾ་རཱྀ་བཛྲ་བི་ནི་སྭཱཧཱ། ཨོཾ་ལེ་བཛྲ་མུ་ཀུནྡེ་སྭཱ་ཧཱ། ་ཨོཾ་ལཱཾ་བཛྲ་མུ་ར་ཛེ་སྭཱ་ཧཱ། ལྷ་མོ་གསང་བ་ཞེས་པ་ལ་སོགས་པ་ནི་གོ་བླའོ།། དེ་བཞིན་གཤེགས་པ་ལ་སོགས་པ་ཡང་བཤད་ཟིན་ཏོ།། སྔགས་ཕྱུང་བ་བསྟན་པ་ཞེས་པ་ནི། སྔགས་སོགས་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་རོ།། གསུམ ་པ་ནི་གཉིས་པ་ཀྱི་འོག་པའོ།། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། ། ད་ནི་སྦྱིན་སྲེག་མེད་པ་ལྷ་བྱིན་ཆགས་པར་མི་འགྱུར་བས། སྦྱིན་སྲེག་གི་ལས་ཀྱི་ཆོ་ག་ལེའུ་བཞི ་པ་གསུངས་པ། དེ་ནས་སྦྱིན་སྲེག་ལས་དག་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆོ་གའི་རིམ་པ་ནི་འོག་ནས་འབྱུང་བའི་ལས་ཀྱི་རིམ་པས་ས་ཟུང་བ་དང་། ཧོམ་གྱི་དབྱིབས་དང་། ཁ་དོག་སྒྱུར་བ་དང་ཕྱོགས་དང་དུས་དང་སྲེག་རྫས་ལ ་སོགས་པ་བདག་གིས་བཤད་པར་བྱ་ཞེས་པའོ།། རྒྱུད་གང་གི་རིམ་པས་བཤད་པར་བྱ་བ་ཡིན་ཞེ་ན། སྦྱོར་བའི་རྒྱུད་ཀྱི་ཞེས་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བས་ན། གསང་བའི་རྒྱུད་ཀྱང་སྦྱོར་བའི་རྒྱུད་ཡིན་ཏེ། དེ་ཉིད་འདུས་པ་ལ་སོགས་པའི་རྒྱུད་ནི་མ ་ཡིན་ནོ།། དེའི་ཆོ་ག་ཡི་ཞེས་པ་སྟེ། གསང་བའི་པདྨ་ལ་བསྒོམ་ཞིང་གསང་བའི་པདྨ་དང་རྡོ་རྗེ་བསྐྱེད་ནས་ཐབས་དང་ཤེས་རབ་སྦྱོར་བ་ལ་སོགས་པའི་རིམ་པའོ།། དེས་གྲུབ་པའི་དོན་གསུངས་པ། སྐུ་གསུང་ཐུགས་ནི་འགྲུབ་པ་ཡིན་ཞེས་པ་སྟེ། ཆོས་ཀྱི ་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུ་གསུམ་འགྲུབ་པའི་ཕྱིར་རོ།། དེ་ལྟ་བུའི་ནང་གི་བསྒོམ་པའི་ཚོགས་དང་ལྡན་པས་ནི་ཕྱིའི་ལས་བྱ་བ་གསུངས་པ། ཞི་བ་དང་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞི་བ་ནི་གནོད་པ་དང་ནང་ལ་སོགས་པ་ཞི་བར ་བྱེད་པའི་ཕྱིར་རོ།། རྒྱས་པའི་ལས་ནི་ཚེ་དང་སྲིད་དང་ལོངས་སྤྱོད་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པའོ།། དེ་བཞིན་དབང་དང་ནི་ཕ་རོལ་གྱི་སེམས་དབང་དུ་འགྱུར་ཞིང་བདག་གི་ཅི་འདོད་བྱེད་པའོ།། མངོན་སྤྱོད་དང་ཞེས་པ་ནི། གཞན་ལ ་གནོད་ཅིང་ཕུང་བར་བྱེད་པའི་ལས་སོ།། འཐབ་པ་ནི་དཀོན་མཆོག་གི་དགྲ་བོ་དང་གཉིས་འཐབ་པར་བྱའོ།། བསྐྲད་པ་ནི་ཡུལ་གཞན་དུ་ཕྱུག་པའོ།། སྔགས་དང་ནི་ཞི་བ་ལ་སོགས་པའི་སྔགས་སོ།། ཕྱག་རྒྱ་ནི་ཞེས་པ་ནི། ཞི་བ་ལ་སོགས ་པའི་ལས་བྱ་བའི་སྐུ་མདོག་གི་ཁྱད་པར་ཅན་སྐུ་ཕྱག་རྒྱའོ།། དེ་རྣམས་འགྲུབ་པའི་རིམ་པ་རྣམས་ཏེ་དེ་ཀུན་བདག་གིས་བཤད་པར་བྱ་ཞེས་པའོ།། རྒྱུད་གང་གི་རིམ་པས་བཤད་པར་བྱ་བ་ཡིན་ཞེ་ན། རྡོ་རྗེ་བདུད་རྩི་འབྱུང་བའོ།། ཞེས་པ་སྟེ། རྡོ་རྗེ ་བདུད་རྩིའི་རྒྱུད་ཀྱི་རིམ་པས་བཤད་པར་བྱ་བ་གཞན་དུ་ནི་མ་ཡིན་ནོ།། རྡོ་རྗེ་སེམས་དཔའ་འགྱིང་བྱེད་པ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་སྒོམ་པའི་རྣལ་འབྱོར་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་འགྱིང་དག་དང་ལྡན་པའི་ལྷ་དང་སྦྱོར་བར་བྱའོ།། ཞེས་མདོར་བསྡུས་པའོ། ་དཀུ་རྟེན་བཅས་པར་གཉིས་ནི་རྡོ་རྗེ་དང་དྲིལ་བུ་གཉིས་འཛིན་པ་དང་ལྡན་པར་གནས་པ་ཞེས་ཏེ་འདུག་པའོ།། སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ་ཞེས་པ་ནི། གོང་དུ་གསུངས་པའི་ཏིང་ངེ་འཛིན་དང་ཆ་ལུགས་དང་ལྡན་པའི་སློབ་དཔོན་སྦྱིན་སྲེག ་གི་སའི་དཀྱིལ་འཁོར་ལ་འཇུག་པ་ཡིན་ཏེ། དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡང་འཇུག་པར་བྱའོ།། ཁམས་གསུམ་རྣམ་པར་རྒྱལ་གྱུར་ནས་ཞེས་པ་ནི། གཡས་བརྐྱང་བ་ལ་སོགས་པས་ས་སྦྱང་བའི་མདུན་དུ་ཁམས་གསུམ་རྣམ་པར ་རྒྱལ་བའི་ཏིང་ངེ་འཛིན་དང་འབྲེལ་པར་བྱའོ།། ཞེས་པའི་དོན་ཏོ།། རྐང་གཉིས་ཞེས་པ་ལ་སོགས་པ་ནི། གཡས་བརྐྱང་བ་དང་གཡོན་བརྐྱང་བ་དང་མཉམ་པོ་དང་ས་ག་རྣམས་ཀྱིས་ཤྭར་ལ་སོགས་པའི་ཕྱོགས་བཞི་ལ་སྦྱོར་བར་བྱའོ།། དེ་ལ་གཡ ་བརྐྱང་ན་ནི་གཡོན་པ་བསྐུམ་ནས་གཡས་པའི་རྐང་པ་བརྐྱང་བར་གནས་པར་བྱའོ།། དེ་ལས་བཟློག་པར་ནི་གཡོན་བརྐྱང་བའོ།། རྐང་པ་ཕན་ཚུན་བཤིབས་ནས་སོར་མོ་བཤིབས་པ་དེ་ནི་མཉམ་པོའི་སྟབསོ།། ཁ་ཅིག་ན་རེ་བར་གཅིག་ཏ་ག་ཏ་ཤེས ་བར་བྱའོ་ཞེས་ཟེར་རོ།། ཕྱིར་འགྱུར་སེར་མོ་རྐང་གཉིས་གནས།། པུས་མོ་གཉིས་ནི་ཡར་བསླངས་ཏེ། བར་ཐག་སོར་ནི་ཉི་ཤུ་དྷུ།། གནས་པར་གར་བཤད་པའོ་ཞེསོ།། དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། རྡོ་རྗེ་ཧཱུཾ ་མཛད་ཀྱི་ང་རྒྱལ་བྱེད་པའི་རྣལ་འབྱོར་པས་མིག་གཡས་གཡོན་ལ་ཡི་གེ་མཾ་གཉིས་ཀྱིས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་པུ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་འོད་ཟེར་འབར་བའི་སྡེ་ཡིས་བགེགས་ཀྱི་ཚོགས་ཀུན་བསྐྲད་པར་བྱ་སྟེ། རྐང་མཐིལ ་ཡང་ཡི་གེ་ཨས་ཡོངསུ་བསྐྱེད་པའི་རྡོ་རྗེ་རྒྱུ་གྲམ་གྱི་འོད་ཟེར་གྱིས་ས་གཞིར་གནས་པའི་བགེགས་ཀྱི་ཚོ་གས་གསལ་བར་བྱ་སྟེ། ཡི་གེ་ལཾ་ལས་བསྐྱེད་པར་བསྒོམས་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་གནས་པའི་སའི་ལྷ་མོ་གསེར ་གཉིས་ཀྱིས་བཟུང་བ་ལ་མཆོག་སྦྱིན་གྱི་དོན་དུ་རང་འོང་བ་བསྒོམ་སྟེ་སྔགས་འདིས་དགུག་པར་བྱའོ།། དེ་ལྟར་བཀུག་ནས་མཆོད་པར་བྱ་སྟེ། བཟོད་པར་གསོལ་ནས་ཧ~ཾ་ཁུང་བརྐོ་བར་བརྩམ་པར་བྱའོ།། ཞེས་པའི་དོན་ཏོ།། དེའི་དོན་སྟོན་པས ་གསུངས་པ། ས་ནི་སྦྱང་བ་བྱས་མ་ཐག་ཅེས་པ་ནས། སྦྱིན་སྲེག་ལས་ནི་གྲུབ་པར་མཛད། ཧྲི་ཧི་ཧི་ཧི་སྭཱ་ཧཱ་ཞེས་པའི་བར་དུའོ།། ཧཾ་ཁུང་བརྩམས་པའི་སྔོན་དུ་སྔགས་བཟླ་ཞིང་དྲི་ཆུས་གཏོར་བ་དང་སྤོས་བཏུལ་ནས་བྱིན་གྱིས་བརློབ་པར་བྱ་བའི་དོན ་གསུངས་པ། བཤད་གཅི་ཁྲག་དང་ཁུ་བ་ཡིས་ཞེས་པ་ནས། ཤ་ཆེན་གྱིས་ནི་དབུལ་བར་བྱ་ཞེས་པའི་བར་དུའོ།། ད་ནི་ཞི་བ་ལ་སོགས་པའི་ལས་བྱེད་ན། རྣལ་འབྱོར་མའི་ཤེས་རབ་མ་དཀྱིལ་འཁོར་གཞུག་པའི་རིམ་པ་གསུངས་པ། དེ་ནས་རིག ་མ་འཇུག་པར་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡན་ལག་ལྔ་ལ་ཡི་གེ་ཧྲི་ཞེས་པ་ནི། གདོལ་པ་མོ་ལ་སོགས་པའི་ལྷ་མོའི་བྷ་ག་ནི་ཡན་ལག་ལྔ་ཞེས་ཏེ། དེ་ལ་ཡི་གེ་ཧྲི་བཀོད་པའོ།། ཁ་ཅིག་ན་ཡན་ལག་རྣམས་ཁོ་ན་ལ་བཀོད་པ་བརྗོད་པའོ་ཞེས་ཟེའོ།། ། ་ཡང་ན་ཡན་ལག་ལྔ་དེ་ཁོ་ནའི་དབུས་སུ་ཡི་གེ་བྲུ་བསྒོམས་ཏེ། སྤྱད་མ་ཞེས་པ་ལ་སོགས་པས་ནི། གཟུགས་ཉིད་དུ་གོ་རིམ་སུ་གདོལ་བ་མོ་ལ་སོགས་པ་བསྒོམ་པར་བྱའོ།། དེ་ལ་ཡིད་དགའ་མ་ཞེས་པ་ནི། དབུས་ཀྱི་གཙོ་མོ་མཱ་མ་ཀཱི་དང་སྐུ་མདོག་དང ་ཕྱུག་མཚན་མཐུན་པ་དབང་ལྡན་གྱིས་མཚམས་ན་བཀོད་པའི་ལྷ་མོའོ།། དེ་ལྟར་བསྒོམ་པ་གཏན་ལ་ཕབ་ནས་བྷ་གའི་དབུས་སུ་སློབ་དཔོན་གྱིས་མེ་ཏོག་གཏོར་བར་བྱའོ།། དེ་ནས་ཞེས་པ་ནི་ཤེས་རབ་མ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་ནི་སྔགས་པ ་ཞེས་པའོ།། ཚད་མར་ཞེས་པ་ནི། འོག་ནས་འབྱུང་བའི་ཞི་བ་ལ་སོགས་པ་དང་མཐུན་པའི་ཧ~ཾ་ཁུང་གི་དབྱིབས་སོ།། བྲི་བྱས་ཏེ་ཞེས་པ་ནི། དཔག་ཚད་བྲིས་ཏེ་ཕྱི་ནས་བརྐོའོ་ཞེས་པའི་དོན་ཏོ།། ཚད་དང་དབྱིབས་དང་མདོག་གསུངས་པ། ཞི་བ་ཟླུམ་པོར ་བྱ་ཞེས་པ་ལ་སོགས་པ་རྣམས་ནི་གོ་བླའོ།། དེ་དགུག་པ་དང་དབང་གི་ཚད་ནི་དྲག་པོ་དང་མཐུན་ནོ།། དེ་ལྟར་ཞི་བ་ལ་སོགས་པའི་ལས་བྱ་བའི་ཧ~ཾ་ཁུང་གི་དབྱིབས་བསྟན་ནས། ཡང་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱོགས་བསྟན་པས་གསུངས་པ། ་ཧཾ་ཁུང་སྟོན་ནས་སུ་ཞེས་པ་ལ་སོགས་པའོ།། གོང་དུ་གསུངས་པའི་མངོན་སྤྱོད་ཀྱི་ཧོ་ཁུང་གི་མདོག་དང་དབང་ལ་སོགས་པའི་ཧོ་ཁུང་གི་མདོག་བསྟན་པ། མངོན་སྤྱོད་ཁ་དོག་ནག་པོ་སྟེ། དབང་ལ་སོགས་པ་ཚོན་ལྔས་བྲི་ཞེས་པ་སྟེ། དེ་ལ་སོགས་པའི ་སྒྲས་དགུག་པ་དང་། བསྐྲད་པ་ཡང་ཚོན་ལྔས་བྱའོ།། ད་ནི་ཞི་བ་ལ་སོགས་པའོ།། སྲེག་རྫས་སྟོན་པས་གསུངས་པ། འབྲས་དང་ཏིལ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་བདུན་རྩི་ལྔ་དང་ལྡན་པ་ཡིས་ཞེས་པ་ནི་གསང་བའི་རྒྱུད་ཀྱི་རིམ ་པ་ཡིན་པས་བདུད་རྩི་དང་ལྡན་པ་བསྲེག་རྫུས་ཀུན་ལ་བསྲེག་པར་བྱ་ཞེས་པའི་དོན་ཏོ།། དེ་ལ་ཡང་བསྲེག་རྫས་འདུལ་བའི་རིམ་པ་ནི་འདི་ལྟ་སྟེ། དང་ལ་ཡཾ་ཤིང་མར་དང་སྦྲང་རྩི་འདྲས་དང་ཏིལ་འོ་མ་སྣ་ཚོགས་ཟས་སམ་གཏོར་མ་ཡང་ཞེས་པ་ལ་སོགས ་པ་ནི། ཁྲག་མཐུང་གི་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་ཕྱེད་ཕྱེད་དེ། མཛུབ་མོ་གཉིས་དང་ཐེ་བོང་གཉིས་མཆེ་བའི་ཚུལ་དུ་བྱས་ཏེ། ཕྱག་རྒྱ་དེ་ཡིས་ཡི་གེ་བྷྱོ་བརྗོད་དེ་ཁྲག་མཐུང་གི་ང་རྒྱལ་དང་ལྡན་པར་བྱས་ནས། ཕྱོགས་དང་མཚམས་ལ་གཏོར་མ་སྦྱིན ་པར་བྱའོ།། ཞེས་པའི་དོན་ཏོ།། ལས་གཞན་ནི་བླ་བས་མ་བཤད་དོ།། ད་ནི་ཞི་བའི་ལས་བྱ་བའི་དུས་བསྟན་པ་དབྱར་གྱི་དུས་ན་ཞི་བ་སྟེ་ཞེས་པ་ལ་སོགས་པའོ།། དབང་གི་དུས་ལ་སོགས་པ་ནི་དཀྱུས་ན་མེད་དེ་སྟོན་གྱི་དུས་གང་དང་ལྡན་པ་ལ་ཤེས་པར་བྱའོ།། ཡང་ཉིན ་གཅིག་གི་དུས་བསྟན་པ། སྔ་དྲོ་ཞི་བར་རབ་ཏུ་གསུངས་ཞེས་པ་ལ་སོགས་པའོ།། ད་ནི་དེ་ལྟར་ཧ~ཾ་ཁུང་བརྩིགས་ནས་མི་འབར་བར་བྱས་ཏེ། དེའི་དཀྱིལ་དུ་བསྒོམ་པའི་ལྷ་བསྐྱེད་ནས་སྦྱིན་སྲེག་དབུལ་བར་གསུངས་པ། ཡི་གེ་ཧཱུཾ་གིས་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་ཡི་གེ་ཧཱུཾ་གིས་བསྐྱེད་ནས་སུ་ཞེས་པ་ནི། ཡི་གེ་ཧཱུཾ་གས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་སྟེ། དེ་འོང་དུ་ཞུ་བ་ལས་གྱུར་པའི་རང་གི་ཡིད་ཀྱི་ལྷ་བསྒོམ་པའོ།། ཡང་ན་ཡི་གེ་ཧཱུཾ་གིས་མི་བསྐྱོད་པ་བསྒོམ་པོའི་ཐ་ཚིག་གོ།། ཡི་དམ་ལྷ ་སེམས་དཔའ་བསྐྱེད་པར་བྱ་སྟེ་ཞེས་པ་ནི། སློབ་དཔོན་ལ་དམ་བཅས་པའི་ལྷའོ།། ཞལ་ནི་གདངས་པ་བསམ་བྱས་ཏེ་ཞེས་པ་ནི། ཡི་དམ་གྱི་ལྷ་གང་བསྒོམ་པའི་ཞལ་ནི་གདངས་པར་བསྒོམ་པའོ།། སྦྱིན་སྲེག་དེ་ལ་དབུལ་བར་བྱ་ཞེས་པ་ནི། གོང་དུ་བཤད་པའི ་སྲེག་རྫས་བླུགས་གཟར་དང་དགང་གཟར་གྱིས་ཞལ་གདངས་པ་དེ་ལས་བླུགས་ནས་མཆོད་པར་བྱའོ།། དང་པོ་མེ་ནི་འགུགས་བྱ་བ་ཞེས་པ་ལ་སོགས་པ་ནི། ཧ~ཾ་ཁུང་དུ་ཡི་དམ་གྱི་ལྷ་ལ་མཆོད་པའི་སྔོན་དུ་འཇིག་རྟེ་གྱི་ལྷ་ཐམས་ཅད་ཀྱི་མཆོད་གནས་མེའི་འོད་ཟེར ་འབར་བ་དྲག་པོའི་ཚུལ་དང་ལྡན་པ་བགྲང་ཕྲེང་དང་གུནྡྷེ་བསྣམས་པ་བུ་རིམ་གྱི་མདོག་སྐྲ་སེར་པོ་སངས་རྒྱས་བྱང་ཆུབ་བསྒྲུབ་པའི་མེ་ལྷ་མེའི་མཚམས་ནས་དགུག་པའི་མཆོད་པ་བྱའོ།། དེ་དགུག་པའི་སྔགས་དང་ཚིགས་བཅད་ནི། ཨོཾ་ཨེ་ཧྱེ་ཧི་ཚུར་སྐྱོན་ཚུར ་སྐྱོན་མེའི་ལྷ་ཞེས་པ་ནས། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའི་བར་དུའོ།། མེ་ལྷ་དང་ཡི་དམ་གྱི་ལྷ་ལ་མཆོད་པ་དབུལ་བའི་རིམ་པ་དང་སྔགས་དང་དབྱངས་གསུངས་པ། དང་པོ་ལ་ནི་ཞེས་པ་ལ་སོགས་པ་ནས་དྲིའི་སྔགས་སོ་ཞེས་པའི་བར་དུའོ།། ཞབས ་གཡོན་ཞེས་པ་ནི། བྱོན་མ་ཐག་ཏུ་ཞབས་ལ་དབུལ་བའོ།། རྡོ་རྗེ་ཅན་ཞེས་པ་ནི། རྡོ་རྗེ་སེམས་དཔས་ཀྱང་མཆོད་གནསུ་གྱུར་པ་ཁྱོད་ཅེས་པའི་ཐ་ཚིག་གོ།། ཡང་ན་བདག་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་བསྒོམས་པས་འབུལ་ལོ།། ཞེས་པའི་དོན་ཏོ།། ་གོང་མའི་དོན་དེ་གསལ་བར་བྱེད་པ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། དང་པོར་མཆོད་པའི་ཞེས་པ་ལ་སོགས་པ་སྟེ། དང་པོར་མེ་ལྷའི་ཞལ་དུ་བསྲེག་རྫས་ཐམས་ཅད་ལ་གཟར་བུ་གསུམ་གསུམ་ཕུལ་ནས་ཡོན་དང་དབྱངས་དང་གར་ལ་སོགས ་པས་ཀྱང་མཆོད་དེ་འབར་བའི་མེ་ལ་ཐིམ་ནས་དུ་གྱུར་པས་བསྒོམས་ཏེ། ཕྱི་ནས་རང་གི་ཡི་དམ་གྱི་ལྷའི་སྔགས་བརྗོད་ནས་བསྒོམས་ཏེ་མཆོད་པར་བྱའོ།། ཞེས་པའི་ཐ་ཚིག་གོ།། བརྗོད་པའི་སྔགས་ནི་ཨོཾ་བཛྲ ་མྲྀ་ཏ་མ་ཧཱ་སུ་ཁ་ཛཿཧཱུཾ་བཾ་ཧོཿསྭཱ་ཧཱ། ཞེས་པའོ།། དེ་བཞིན་དུ་རང་གི་ཡི་དམ་གྱི་ལྷའི་སྔགས་པར་ན་བཅུག་ནས་སྦྱིན་སྲེག་གི་སྔགས་ཤེས་པར་བྱའོ།། དེ་ལྟར་སྦྱིན་སྲེག་ཟིན་མ་ཐག་ཏུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་མཆོད་པས ་མཆོད་པ་གསུངས་པ། དབྱངས་དང་གར་དང་ཞེས་པ་ལ་སོགས་པ་ནས། ཚོགས་ལ་མཆོད་པས་མཉེས་པར་བྱ་ཞེས་པའི་བར་དུའོ།། དེའི་ཡོན་ཏན་བསྟན་པ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི། བདག་ལ་མྱུར་དུ་གྲུབ་པའོ་ཞེས་སོ།། ད་ནི་རྫོགས་པར ་བྱ་བའི་ཆོ་ག་གསུངས་པ། མེ་ལྷ་བླ་མ་རྡོ་རྗེ་འཛིན་ཅེས་པ་ལ་སོགས་པའི་སྟེ། དེ་ལ་བླ་མ་རྡོ་རྗེ་འཛིན་ཅེས་པ་ནི་དེ་བཞིན་གཤེགས་པའི་ཡི་དམ་ལྷ་སྟེ། དེ་ལ་མཆོད་ནས་ཏིང་ངེ་འཛིན་གྱིས་སླར་བཏང་བའོ།། དེ་ནས་མེ་ལྷའི་ཡང་གཟུགས ་སུ་བསམས་ཏེ། ལྷག་བསྲེག་རྫས་ཕུལ་ནས་མཆོད་ང་གསོལ་བ་བཏབ་པ་དང་། མེ་ལྷའི་ལ་གསོལ་བ་གདབ་པའི་ཚིག་ནི། ཨོཾ་མེ་ལྷ་ལས་ནི་གྲུབ་པར་མཛོད་ཅེས་པ་ནས་ཧཱུཾ་སྭཱ་ཧཱ་དང་ལྡན་པའི་བར་དུ་སྟེ། དེ་ལས་རྒྱུ་དང་ཞེས་ཏེ་ན་མཁའ་ལ་འཕུར་བ ་རྣམསོ།། མི་རྒྱུ་བ་ཞེས་ཏེ་ས་ལ་གནས་པ་རྣམསོ།། སྒྲུབ་པ་པོ་དང་ཞེས་པ་ནི་མི་སྣང་བ་སྒྲུབ་པ་རྣམས་སོ།། བསོད་ནམས་ཞེས་པ་ནི་གཙང་བར་བྱེད་པའོ།། སྔགས་ཀྱི་དངོས་གྲུབ་རབ་སྦྱིན་ཞིང་ཞེས་པ། སྔགས་ཞི་བའི་རང་བཞིན་ཡི་གེ་ཨོཾ་ལ་སོགས་པ ་སྭཱ་ཧཱའི་མཐར་ཐུགས་པའི་དངོས་གྲུབ་སྩོལ་ཅིག་ཅེས་པའོ།། ཨ་ཨ་ཞེས་པ་ལ་སོགས་པ་ནི། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་སྦྱིན་སྲེག་ཟིན་ནས་བརྗོད་པའོ།། དེ་བཞིན་གཤེགས་པ་ལ་སོགས་པ་བཤད་ཟིན་ཏོ།། སྦྱིན་སྲེག་གི་ཆོ་ག་བསྟན་པ་ཞེས་བྱ་བའི་ལེའུ ་ཞེས་བྱ་བ་ནི་སྦྱིན་སྲེག་གི་ཆེ་བ་སྟོན་པའི་ཚིག་གི་ཚོགས་སྡེར་ལོངས་པའི་ཕྱིར་རོ།། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ལེའུ་བཞི་པའི་རྣམ་པར་བཤད་པའོ།། ། ད་ནི་མིག་སྨན་ལ་སོགས་པ་བསྒྲུབ་པའི་དོན་དུ་ལེའུ་ལྔ་པ ་གསུངས་པ།། སྦྱིན་སྲེག་ཆོ་ག་བཤད་ཟིན་ནས། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁྱོད་ལ་ནི་མཱ་མ་ཀཱི་ལ་བོད་པའོ།། མིག་སྨན་ནི་འོག་ནས་འབྱུང་བའི་རྫས་ནི་སྣང་བ་མཐོང་བར་བྱེད་པ་དང་། ཞི་བ་ལ་སོགས་པའི་ལས་གྲུབ ་པར་བྱེད་པའོ།། ཚིལ་ཆེན་ནི་མིའི་ཚིལ་ལོ།། སྙིང་པོ་ཞེས་པ་ནི། པདྨ་དཀར་པོའི་བྱས་པའི་སྐུད་པའོ།། བ་དན་ལ་ནི་དུང་བ་བླང་ཞེས་པ་མཚོན་གྱིས་བརྒྱབ་ནས་ཤི་བའི་སྐྱེས་བུའི་ཐོད་པ་དུང་བླང་བར་བྱའོ།། འུག་པའི་མགོ་ནི་སྲེགས་ནས་སུ་ཞེས་པ་ལ ་སོགས་པ་ནི། འུག་པའི་མགོ་བསྲེགས་པ་དང་བུད་མེད་ཀྱི་ཁྲག་གཉིས་བསྲེག་ནས་བཏགས་ཏེ། བྱ་རྒོད་ཀྱི་ལྤགས་པས་དཀྲིས་ཏེ། བྱ་རྒོད་ཀྱི་རྗེ་ངར་གྱི་ནང་བཀང་ནས་བཞག་པའོ།། མིའི་རུས་པོའི་ཐུར་མ་ཡིས་ཞེས་པ་ལ་སོགས་པའི་མིའི་རུས་པ ་ལ་བྱས་པའི་ཐུར་མས་བྱ་རྒོད་ཀྱི་རྗེ་ངར་ལ་བཞག་པའི་མིག་སྨན་བླངས་ཏེ། རང་གི་མིག་ལ་བསྐུས་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྒྲུབ་པ་པོ་དང་། མཁའ་འགྲོ་མ་ལ་སོགས་པ་འཇིག་རྟེན་གྱི་ནང་ན་ཇི་སྙེད་སྣ་ཚོགས་ཀྱི་གཟུགས་ཀུན་ནི། རྟག་ཏུ ་རྣལ་འབྱོར་པ་ཡིས་མཐོང་བར་བྱེད་ཅེས་པའི་དོན་ཏོ།། མིག་སྨན་དེ་ཚེ་གང་དུ་བསྒྲུབ་པར་བྱ་ཞེས།། རྡོ་རྗེ་བདུད་རྩི་ལས་བྱུང་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ནག་པོ་ཞེས་པ་ནི་ཟླ་བ་མར་གྱི་ངོའོ།། དེའི་ཚེས་བརྒྱད་ཅེས་པ་ནི ་ཟླ་བ་མར་གྱི་ངོའི་ཚེས་ཉི་ཤུ་གསུམ་མོ།། བཅུ་བཞི་ལ་ཞེས་པ་ནི་ཉི་ཤུ་དགུའོ།། བྷ་གའི་དབུསུ་བསྒྲུབ་པར་བྱ་ཞེས་པ་ལ་སོགས་པས་ནི། རྣལ་འབྱོར་མའི་བྷ་གའི་དབུས་སུ་མིག་སྨན་བཞག་ནས་མཱ་མ་ཀཱིའི་སྔགས་བཏབ་ཏེ། མཱ་མ་ཀཱི་ལ་སོགས་པ་དང ་ལྡན་པའི་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམ་པ་ནས། ནག་པོ་དང་། དཀར་པོ་དང་དམར་པོའི་ཞལ་མཱ་མ་ཀཱི་བཞིན་དུ་གདོལ་པ་མོ་ལ་སོགས་པ་རྣལ་འབྱོར་མ་དེ་བསམས་ཏེ། ཕྱི་ནས་སྦྱོར་བ་བྱས་ཏེ་མིག་སྨན་བསྒྲུབ་ནས་སྣ་ཚོགས་ཆོ་གའི་ཁས ་བསྒྲུབ་པ་སྣ་ཚོགས་ལས་དེ་ཁོ་ན་བསྟན་པ། ཞི་བ་དང་ནི་རྒྱས་པ་དང་། ཞེས་པ་ནས། དེ་བཞིན་བགགས་ཀྱང་དགག་པར་བྱེད།། ཅེས་པའི་བར་དུའོ།། དོན་ནི་འདི་ལྟ་སྟེ། གྲུབ་པའི་མིག་སྨན་དུ་ཞེས་པ་རྣལ་འབྱོར་པའི་མིག་ལ་བསྐུས་ན་ཞི་བ་ལ ་སོགས་པའི་ལས་བྱས་ན་གང་བྱས་པ་འགྲུབ་པར་བྱའོ།། ཞེས་པའི་ཐ་ཚིག་གོ། ལྷ་མོ་མཱ་མ་ཀཱིའི་སྔགས་བསྟན་པ། ཨོཾ་འདོད་པའི་གཟུགས་ཅན་མིག་ཡངས་མ་ཞེས་པ་ནས་ཧཾ་ཧཾ་སྭཱ་ཧཱ་ཞེས་པའི་བར་དུའོ།། མཱ་མ་ཀཱི་བསྒོམ་པའི་ཞལ་གྱི་མདོག ་དང་ཕྱག་མཚན་གྱི་ཁྱད་པར་གསུངས་པ། དང་པོའི་ནག་པོ་སྟེ་ཞེས་པ་ནས། དེ་བཞིན་རྡོ་རྗེ་དྲིལ་བུ་ཡང་ཞེས་པའི་བར་དུའོ།། བྷ་གའི་དབུས་སུ་བསྒོམ་པར་བྱ་ཞེས་པ་ནི། སྤྱི་སྲན་རྣལ་འབྱོར་མའི་བྷ་གའི་དབུས་སུ་བཞག་ནས་མཱ་མ་ཀཱི་བསྒོམ ་སྟེ་ཚེས་ཉི་ཤུ་རྩ་གསུམ་མམ་རྩ་དགུ་དེ་ལ་མིག་སྨན་བསྒྲུབ་པར་བྱ། ཞེས་སོ།། བྷ་ག་གུར་གུམ་གྱིས་བཀང་ནས་ཞེས་པ་ལ་སོགས་པ་ནི། རྣལ་འབྱོར་དང་རྣལ་འབྱོར་མའི་སྐལ་པ་དང་ལྡན་པར་བྱ་བའི་སྨན་གསུངས་པ། དེ་ལ་བཀང་ནས་ཞེས་པ་ནི། རྣལ་འབྱོར་མའི ་བྷ་གའི་དབུས་སུ་གུར་ཀུམ་གཞག་པའོ།། ཕྱི་ནས་ལིང་པ་བཞག་པའོ་ཞེས་པ་ནི། རྣལ་འབྱོར་མཱ་མ་ཀཱི་དང་ལྡན་པར་བསྒོམ་པ་དང་། བདག་མི་བསྐྱོད་པར་བསྒོམ་པའི་ཕྱིར་ན་ཐབས་དང་ཤེས་རབ་སྦྱར་ནས་སྔགས་ཟླ་བར་བྱའོ།། བཟླས་པའི་སྔགས་གསུངས་པ། ་དེ་ལ་བརྗོད་པར་བྱ་བ་སྔགས་ནི། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨཽ་ཡིག་ཅེས་པ་ནི་དང་པོའི་ཡི་གེ་ཨོཾ་བཞག་པ་ཡིན་ཏེ། ཕྱི་ནས་སྒྲ་ཡིག་དང་ཚིག་འབྲུ་ལ་སོགས་པ་ཕྱི་ནས་བྱའོ་ཞེས་པའི་དོན་ཏོ།། སྒྲ་ཡིག་དང་ཡིག་འབྲུ་དེ་ཁོ་ན་གསུངས་པ། བཛྲ་ཨ་མྲི་ཏེ ་ཞེས་བྱ། སྒྲ་སྒྲོགས་སྤྲིན་དང་ཕཊ་ཡིག་གོ། ཞེས་པ་སྟེ། དེ་ལ་སྒྲ་སྒྲོག་སྤྲིན་ཞེས་པ་ནི་ཡི་གེ་ཧཱུཾ་ངོ་།། དོན་ནི་འདི་ལྟ་སྟེ། བཛྲ་ཨ་མྲྀ་ཏ་ཞེས་བྱ་བའི་སྔགས་ལ་ཡི་གེ་ཧཱུཾ་དང་ཕཊ་ལྡན་པར་བྱའོ།། སྔགས་ནི་འདི་ལྟར་འགྱུར་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ།། ་སྭཱ་ཧཱའི་སྒྲ་ནི་ཡིག་སྦས་ལ་མེད་ན་ཡང་དོན་གྱིས་ཤེས་པར་བྱ་སྟེ། ཕལ་ཆེར་སྔགས་རྣམས་ཐམས་ཅད་ནི། ཕྱག་འཚལ་སྭཱ་ཧཱ་དང་ལྡན་ནོ།། ཞེས་གསུངས་པའི་ཕྱིར་རོ།། བདུད་རྩི་དང་ནི་མཉམ་ལྡན་པ་ཞེས་པ་ནི། བདུད་རྩི་རྣམ་པ་ལྔ་དང་ལྡན་པར་བྱས་ནས ་བྷ་གའི་དབུས་སུ་འབྱུང་བར་བྱ་ཞེས་པ་བླང་བར་བྱའོ།། དེ་ལ་སྔགས་འབུམ་བཟླས་ནས་སུ་ཞེས་པ་ནི། རྣལ་འབྱོར་མའི་བྷ་ག་ནས་བླངས་ནས་ཕྱི་རོལ་དུ་ཡང་གོང་མོའི་སྔགས་འབུམ་ཕྲག་བཏབ་པའོ་ཞེས་པའི་དོན་ཏོ།། དེ་ཡིས་ཐིག་ལེ་ཁོ་ན་བྱ་ཞེས་བྱ་ནི། ་བུར་ཀུམ་དེ་ཡིས་རྣལ་འབྱོར་པའ།། རྣལ་འབྱོར་མའི་དཔྲལ་བར་ཅིག་ལེ་བྱའོ། པའི་ཐ་ཚིག་གོ། ཐིག་ལེའི་ཡོན་ཏན་གསུངས་པ། བུད་མེད་ཀྱིས་ཁྱོད་འ་རོལ་འགྱུར་ཏེ་ཞེས་པ་ལ་སོགས་པ་ཏེ། དེ་ལ་བུད་མེད་ཀྱིས་ཏུ ་འཁོལ་འགྱུར་ཏེ་ཞེས་པ་རྣལ་འབྱོར་མ་འམ། བུད་མེད་གང་གས་སུ་དགུམ་འདིས་ཐིག་ལ་བྱས་ནས་རང་གི་ཁྱོ་ཡང་འཁོལ་ན་ཞན་སྨོས་ཅི་དགོས་ཤེའོ།། མདུན་ན་འདྲོན་བཅས་རྒྱལ་པོ་ཡང་ཞེས་པ་ནི། རང་གི་ཁྱོ་གཅིག་པོ་ཁོ་ནར་མ་ཟད་དེ། རྒྱལ་པོའི་མདུན ་དུ་བསྟོད་སྒྲ་བྱེད་པའི་འཁོར་ལ་སོགས་རྒྱལ་པོ་ཡང་གུར་གུམ་གྱིས་ཐིག~ཾ་ལེ་བྱེད་པའི་རྣལ་འབྱོར་མས་འདུལ་ལོ།། ཞེས་པའི་ཐ་ཚིག་གོ།། སྐྱེས་པ་གང་གིས་དེ་བྱས་ན་ཞེས་པ་ནི། རྣལ་འབྱོར་པ་སྐྱེས་པས་གུར་གུམ་གྱི་ཐིག་ལེ་བྱས་ན། བུད་མེད་གང་ལ་སྐལ ་ཅན་འགྱུར་ཞེས་བྱའོ།། རྒྱལ་པོའི་ཁབ་ཅན་ནི་རྒྱལ་པོ་བརྫུན་མོ་རྣམས་ཏེ། དེ་དག་གིས་ཀྱང་གུར་གུམ་གྱིས་ཐིག་ལེ་བྱེད་པའི་རྣལ་འབྱོར་པ་ལ་ཆེན་པོར་མཆོད་ཅེས་པའོ།། དགྲ་བོ་རྣམས་ན་ཟད་བྱེད་དེ་ཞེས་པ་ན། གུར་གུམ་གྱིས་ཐིག་ལ་བྱས་ནས་མངོན་སྦེད ་བྱས་ན་དྲག་པོ་རྣམས་དབང་དུ་འགྱུར་ཞིང་གསོད་པར་འགྱུར་ཞེས་པའི་དོན་ཏོ།། ད་ནི་མིག་སྨན་བསྒྲུབ་པས་དཀོན་མཆོག་གི་དགྲ་བོ་གསོད་པ་གསུངས་པ། ད་དུར་ཨརྐའི་འབྲས་བླངས་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ད་དུར་ཞེས་པ་ནི་སྨྱོ་བར་བྱེད་པའི ་ཤིང་མི་ཏིག་ཆེ་ལ་འབྲས་བུ་ཆེར་མ་ཅན་ནོ།། ཨརྐ་ཏ་ཞེས་པ་ནི་མེ་ཏོག་དཀར་པོའོ་མ་འབྱུང་བའི་ཤིང་ངོ་།། དེ་ཀྱིས་ཀྱི་འབྲས་བུ་བླངས་ཏེ་བདུད་རྩི་དང་བསྲེ་ཞེས་སོ།། ཞལ་གསུམ་དྲག་པོ་གཟུགས་དང་ནི་ཞེས་པ་ནི། རྣལ་འབྱོར་པས་གཤིན་རྗེ་བཤད་ཀྱི ་གཟུགས་ཞལ་གསུམ་ཕྱག་དྲུག་ལ་གཡས་གཡོན་གྱི་ཞལ་ནི་དཀར་བ་དང་དམར་བ། དབུས་ཀྱི་ཞལ་དང་སྐུ་མདོག་གནག་པ། རལ་གྲི་དང་ཐོ་བ། རིན་ཆེན་དང་པདྨ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཐལ་བས་ལུས་བསླུས་པ། དགྲ ་རྐང་པས་ཆེར་གནོན་པ་བསྒོམ་པར་བྱའོ།། གཤིན་རྗེ་བཤད་ཁྲོས་བཟླས་ནས་མི་ཞེས་པ་ནི། འོག་ནས་འབྱུང་བའི་གཤིན་རྗེ་གཤེད་ཀྱི་སྔགས་སོ།། ཤ་ཆེན་དང་ནི་ཞེས་པ་ལ་སོགས་པ་ནི་གོ་སླའོ།། གཤིན་རྗེ་གཤེད་ཀྱི་བཟླས་པའི་སྔགས་སྟོན་པ། ་ཨུ་ཧྲིཿཥྚིཿཞེས་པ་ལ་སོགས་པའོ།། ཡང་བུད་མེད་རྣལ་འབྱོར་མས་སྐྱེད་པ་དང་། བུད་མང་དབང་དུ་བྱེད་པའི་ལས་གསུངས་པ། སྔགས་པས་གི་ཝང་ཞེས་པ་ལ་སོགས་པ་སྟེ། དེ་ལ་བྷ་ག་ལ་ནི་ཡིག་འབྲུ་བྲི་ཞེས་པ་ནི། རྣལ་འབྱོར་མ་འམ་བུང ་མེད་གཉིས་ཀྱི་བྷ་ག་ལ་གི་ཝང་གིས་ཡིག་འབྲུ་བྲི་བར་བྱའོ།། ཙན་དན་གྱིས་ནི་ཞེས་པ་ལ་སོགས་པ་གོ་སླའོ།། ཡང་བསྟན་པ་ལ་གནོད་པ་བྱེད་པ་དམ་ཚིག་མི་བསྲུང་བའི་སེམས་ཅན་ལ་མངོན་སྤྱོད་བྱ་བའི་དོན་བསྟན་པ། བཤང་གཅི་གཟུགས་བརྙན ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ།། ཡང་ན་དཀོན་མཆོག་གི་སྐུ་དགྲ་ཧ~ཾ་གྱིས་མངོན་སྤྱོད་བྱ་བ་གསུངས་པ། བཤད་གཅི་ཁྲག་དང་བསྲེས་པ་ཡི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁྲོ་ཆེན་གཤིན་རྗེ་གཤེད་པོའི་སྐུ་ཞེས་པ་ལ་སོགས་པ་ནི། ཞལ ་གསུམ་ཕྱག་དྲུག་ལ་སོགས་པར་བསྒོམ་པ་ནི་གོང་མ་དང་མཐུན་པར་བྱའོ།། སྔགས་ཀྱང་གོང་མ་ཁོ་ནར་ཤེས་པར་བྱའོ།། འདི་ལྟ་སྟེ། གཤིན་རྗེ་བཤད་སྒོམ་པས་བཤད་གཅི་ལ་སོགས་པས་གཟུགས་བརྙན་བྱས་ཏེ། དེ་ལ་གཡོན་བརྐྱང་བ ་གཡས་བསྐུམ་པས་མནན་ནས་བསྒྲུབ་བྱ་བཀུག་ནས་དེ་ལ་ཐིམ་སྟེ་གོང་མའི་སྔགས་བཟླ་ཞིང་མཚོན་རྣོན་པོས་བཅད་ཅིང་བཅད་ཅིང་དུར་ཁྲོད་ཀྱི་མེ་འབར་བ་ལ་སྲིན་པོ་ཁ་གདངས་པའི་ཁ་ལ་འབུལ་བར་བྱའོ།། རྡོ་རྗེ་བདུད་རྩིའི་རྒྱུད་བདེ་བ ་ཆེན་པོ་ལས་ཞེས་པ་ལ་སོགས་པ་བཤད་ཟིན་ཏོ།། ། ལས་ཆེན་པོ་བསྟན་པའི་ལེའུ་ཞེས་པ་ནི། སྨན་བསྒྲུབ་པ་ལས་ཞི་བ་ལ་སོགས་པའི་ལས་བྱ་བ་གཙོ་བོར་སྟོན་པའི་ཚིག་གི་ཚོག་སོ།། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་ལྔ་པའི་རྣམ ་པར་བཤད་པའོ།། ། ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པར་བྱ་བ་ལེའུ་དྲུག་པ་གསུངས་པ། རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས་ཞེས་པ་ལ་སོགས་པའོ།། དེ་ལ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞེས་པ་ནི། ཧཱུཾ་མཛད་ཀྱི་མཚན་ཉིད་དེ་ཡི་གེ་ཧཱུཾ་བརྗོད་པ་ཙམ་གྱིས ་དྲག་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་རྣམས་འདུལ་བའི་ཕྱིར་རོ།། དེའི་དཀྱིལ་འཁོར་གྱི་བསྒྲུབ་པ་མདོར་བསྡུས་ནས་བཤད་པར་བྱའོ།། དེའི་དཀྱིལ་འཁོར་ཞེས་བྱ་བ་ཞེས་པ་ནི། དབུས་ཀྱི་གཙོ་བོ་ཧཱུཾ་མཛད་ཀྱིས་བྱས་པའི་ཕྱིར་རོ།། དེ་ལྟར་ཡང་གསང་བ་འདུས ་པའི་སྒྲུབ་པས་ཟླ་བ་ལས་གསུངས་པ། གང་ཞིག་གང་དུ་བཞུགས་པར་འགྱུར་བ། དེའི་དཀྱིལ་འཁོར་དེ་ན་བྱ་ཞེསོ།། ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ཁམས་གསུམ་རྣམ་པར་རྒྱལ་བ་ཡིན་པ་སྟེ། དཀྱིལ་འཁོར་གྱི་ལྷ་དང་། རིགས་དང་སྒྲ་མདོག་དང་ཕྱག ་མཚན་དང་རང་བཞིན་གཅིག་པའི་ཕྱིར་རོ།། གྲཝ་བཞི་ལ་ཐིག་གཏོབ་སྟེ། ཞེས་པ་ནི། དཀྱིལ་འཁོར་གྱི་གྲཝ་བཞི་དང་སྒོ་བཞི་དང་རྣམ་བུ་དང་། རྡུལ་ཆེན་ལྔའི་ས་དང་པ་ཏྲ་དང་ཧ་ར་དང་། མུ་ཏིག་ཕྲེང་བ་དང་། མུ་ཏིག་ཧ་ར་ལ་སཽ། ལ་གྲུ་བཞི་པའོ།། དཀྱིལ་འཁོར་གྱི ་ཚད་གསུངས་པ། ཁྲུ་གང་ངམ་ཁྲུ་དོ་འམ་ཞེས་པའོ།། ནང་གི་དཀྱིལ་འཁོར་གྱི་དབྱིངས་གསུངས་པ། ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཞེས་པ་སྟེ། གྲུ་བཞི་པའི་ནང་དུ་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེ་ཕྲེང་བས་བསྐོར་བར་བྲིའོ།། འོད་ཟེར་འབར་བ་འཁྲུག་པ ་ལ་ཞེས་པ་ནི། དཀྱིལ་འཁོར་ལས་སེམས་ཅན་གྱི་དོན་དུ་འོད་ཟེར་ཕར་འཕྲོ་བ་དང་ཕྱིར་འདུལ་བའི་འཁྲུག་པའོ།། དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་བཞག་པ་ཅེས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡབ་ཡུམ་བཞག་པའོ།། ཞལ་གསུམ་ནི་སྟོང་པ ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་པ་གསུམ་གྱི་རང་བཞིན་གྱི་ཕྱིར་རོ།། དེ་བཞིན་ཕྱག་དྲུག་སྟེ། ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ཕྱིར་རོ།། རྒྱན་རྣམས་ཀྱིས་ནི་ཡོངས་རྫོགས་པར་ཞེས་པ་ནི། ་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ།། ཕྱག་རྒྱ་ཡིས་ནི་ཕྱག་བརྒྱན་པ། ཞེས་པ་ནི། ཕྱག་དང་པོ་གཉིས་རང་གི་ཕྱག་རྒྱ་དང་ལྡན་པའོ།། ཕྱག་རྒྱ་ནི་འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་ནི་སྦྱར་བར ་བྱ། ཟེའུ་ཆུང་སྦྲེལ་ནས་མཛུབ་གཉིས་ནི། བསྒྲེང་ནས་སྙིང་གར་བཞག་པའོ་ཞེས་པའོ།། རིག་མ་བཞི་དང་མཉམ་ལྡན་ཞེས་པ་ནི། སེམས་མའི་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་བཞི་ཡིན་པའོ།། སྐུ་མདོག ་ངང་ཕྱག་མཚན་ནི་འདི་ལྟ་སྟེ། སེམས་མ་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་པ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་སྔོ། གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅའ་བའོ།། རྡོ་རྗེ་བཅིང་བ་ལས་གུང་མོ་གཉིས་ཡཱ་ད་ནས ་སྦྲད་མ་ཙུན་པ་ཤག་སྒོ། སྐུ་ནྀ་རྡོ་མཱི་ཞལ་ག། སུཾ་ཕྱག་དྲུག་གང་དུས་ཀྱི་ཞལ་དུ་སྐུ་མདོག་ནི་སྟེ། གཝ་གནག་ག་དཀར་ག། ཕྱག་དྲུ་གཙི་ཀཱི་རིན་རྡོ་མཱི་ཕྱག་རྒྱ་ལིརྲ་ཏེ། གོག་ཕྱག་རྒྱ་འོན་ཁྭ་ནི་གསུ་ཀུག་ནྡ་རི་གྱི་ཚུ་བྱཱ་བློ།། རྡོ་རྡོབ་ཞལ་གསུཾ་ཕྱག་བྱ།། གསུས་རྐྱེན་ཡ་ཤཱུ་ར་ད། དམུགགལྦ་ཝཱག་ག། རྒྱག་དང་བྲན་ཏུ་སྱ་མཱི་ཕྱག་རྒྱབ་ངས་ཏེ། ་ཏེགོང་གི་ཕྱག་རྒྱ་དེ་ཁོ་ན་ལས་གུང་མོ་པདྨའི་ཚུལ་དུ་བྱས་པའོ།། ལས་ཀྱི་རྡོ་རྗེ་མའི་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་ལྗང་ཁུ། གཡས་གནག་གཡོན་དཀར་ཕྱག་དང་པོ་གཉིས་ཀྱིས་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ། ཕྱག་དང་པོའི་ཕྱག་རྒྱ ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་ནས་གུང་མོ་རྒྱབ་ཏུ་སྦྱར་བའོ།། ཀུན་གྱི་ཕྱག་མཚན་ལྷག་མ་ནི་གཙོ་མོ་དང་མཐུན་པའོ།། ཨུ་མའི་ནུ་མའི་བར་དུ་བཞུགས་ཞེས་པ་ནི། ཨུ་མའི་ནུ་མའི་སྟེང་དུ་གཡས་བརྐྱང་གིས་བཞུགས་པའོ།། ལྷ་ཆེན་པོའི་རྣམ ་བར་ཞབས་གཡས་པས་མནན་པ་ཡང་དོན་གྱིས་ཤེས་པར་བྱའོ།། ཅུང་ཟད་ཆེ་བ་ཞེས་པ་ལ་སོགས་པ་ནི་གོ་བླའོ།། འདི་ལྟ་སྟེ་དབུས་ཀྱི་ཞལ་ཆེ་བ་གཙིགས་པ་དང་། གཡས་ཁོ་བ་དང་། གཡོན་བཞད་པ་སྟེ། སྡང་བ་ཐམས་ཅད་འདུལ་བའི་ཕྱིར་རོ།། ་ཕྱག་བཞི་པར་ནི་བྲི་བ་ལ་ཞེས་པ་ནི། རང་གི་ལྷ་མོའི་ནུ་མ་གཉིས་བཟུང་བ་མ་གཏོགས་པ་གོང་མ་བཞི་ལ་བྱའོ།། ཕྱག་གཉིས་པས་ནི་ནུ་མ་བསྣམས་ཞེས་པ་ནི། ཞལ་ལ་སོགས་པའི་རང་རུང་དང་འདྲ་བའི་རིག་མ་ལ་ཕྱག་གཡོན་པས་རྒྱབ་མས་འཁྱུད ་ནས་ནུ་མ་གཡོན་པ་འཛིན་པ་གཡས་པ་མདུན་ནས་ནུ་མ་གཡས་པ་ལ་འཛིན་པའོ།། རིག་པ་ཐམས་ཅད་ཞལ་གསུམ་སྟེ་ཞེས་པ་ནི་ལྷ་མོ་མཛེས་མི་ལ་སོགས་པ་བརྒྱད་ཞལ་གསུམ་དང་། དོན་གྱིས་ཕྱག་དྲུག་དང་། རང་རང་གི་ཕྱག་མཚན་དང་། སྐུ་མདོག་ལ ་སོགས་པ་ལེའུ་དང་པོ་ལས་བཤད་པ་ལྟར་ལྡན་པར་བྱའོ།། དེ་བཞིན་སྒོ་སྲུངས་ལྕགས་གུ་དང་ཞེས་པ་ནི། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྗགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས།། དེ་བཞིན་མེ་ཏོག་མ་ཅེས་པ་ལ་སོགས་པ་ན་གོ་བླའོ།། སྒེག ་མོ་ཞེས་པ་ལ་སོགས་པ་ནི་མཆོད་པའི་ལྷ་མོ་བཞི་སྟེ། དེ་བཞིའི་སྐུ་མདོག་དང་ཕྱག་ནི་འདི་ལྟ་སྟེ།། སྒེག་མོ་ནི་སྐུ་མདོག་དཀར་བ་ཕྱག་དང་པོ་གཉིས་དགུ་ལ་བརྟེན་པའོ།། ཕྲེང་བ་མའི་སྐུ་མདོག་སེར་བ་ཕྱག་དང་པོ་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འམ་མེ་ཏོག་གི་ཕྲེང་བ་འཛིན ་པའོ།། དབྱངས་མ་ནི་མདོག་དམར་བ་ཕྱག་གཉིས་ཀྱིས་པི་བང་རྡབས་པའོ།། གར་མཁན་མ་ནེ་ལྗང་ཀུ་སྟེ་ཕྱག་དང་པོ་གཉིས་ཀྱིས་གར་བྱེད་པའོ།། ཕྱག་མཚན་གཞན་དང་ཞལ་གཞན་ནི་གོང་དུ་བཤད་པ་དང་མཐུན་ཏེ། གདན་ཟླ་བའི་དཀྱིལ་འཁོར་རོ།། དེ་དག་གྲའི་རེའུ་མིག ་ལ་དགོད་པའོ།། ཕྱག་དྲུག་ཉིད་ཅེས་པ་ནི། ལྕགས་ཀྱུ་མ་ལ་སོགས་པ་ལྷ་མོ་ཐམས་ཅད་ཀྱི་ཕྱག་དྲུག་དྲུག་སྟེ་དོན་གྱིས་ཞལ་གསུམ་གསུམ་དང་སྐུ་མདོག་དང་ཕྱག་མཚན་ཡང་ཤེས་པར་བྱ་སྟེ། ལྕགས་ཀྱུ་མ་ལ་སོགས་པ་ལེའུ་དང་པོ་ལས་ཤེས་པར་བྱའོ།། ། ་བསྐལ་པ་བཟང་པོ་ཡང་གཞན་ཏེ། ཕྱག་གཉིས་པ་དང་ཞལ་གཅིག་པ་ཞེས་པ་ནི། བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བཅུ་དྲུག་ནི་ཞལ་གཅིག་ཕྱག་གཉིས་པར་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་བྲི་བར ་བྱའོ།། འདི་ལྟ་སྟེ་བྱམས་པ་སྐུ་མདོག་དཀར་པོ་གུནྡྷེ་བསྣམས་པ་དང་། འཇམ་དཔལ་སྐུ་མདོག་སེར་པོ་ཨུཏྤལ་བསྣམས་པ་དང་། ངན་སོང་ཀུན་འཇོམས་སྐུ་མདོག་དཀར་གསུང་རབ་བསྣམས་པ་དང་། མྱ་ངན་དང་མུན་པ་ཀུན་འཇོམས་བློ་གྲོས་སྐུ་མདོག་དཀར ་པོ་དབྱུག་པ་འཛིན་པ་དང་། སྤོས་ཀྱི་གླང་པོ་ཆེ་དཀར་པོ་འགུནྡེ་འཛིན་པ་དང་། དཔའ་བར་འགྲོ་བ་དཀར་པོ་རལ་གྲི་འཛིན་པ་དང་། ནམ་མཁའ་མཛོད་ལྗང་གུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་པ་དང་། ཡེ་ཤེས་ཏོག་སྐུ་མདོག་ནག་པོ་རྒྱལ་མཚན ་འཛིན་པ་དང་། འོད་དཔག་མེད་སྐུ་མདོག་ལྗང་གུ་བུམ་པ་འཛིན་པ་དང་། ཟླ་བའི་འོད་ལྗང་གུ་ཟླ་བའི་དཀྱིལ་འཁོར་འཛིན་རྩེ་དང་། བཟང་སྐྱོང་ནག་པོ་བུམ་པ་འཛིན་པ་དང་། དྲ་བའི་འོད་དཀར་པོ་ཉི་མའི་དཀྱིལ་འཁོར་འཛིན་པ་དང་། རྡོ་རྗེ་སྙིང་པོ་སེར་པོ་རྡོ་རྗེ་འཛིན་པ་དང་། ་བློ་གྲོས་མི་ཟད་པ་སེར་པོ་རིན་པོ་ཆེ་འཛིན་པ་དང་། སྤོབས་པ་བརྩེགས་པ་དམར་པོ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་དང་། ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པ་སྟེ། གཡས་ཐམས་ཅད་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ ་དངདང་དྲིལ་བུ་དང་བགྲང་ཕྲང་འཛིན་པའི་སྒྲུབ་པ་པོ་ཡང་འཕགས་པའི་མདུན་དུ་བྲི་བའོ།། གཏོར་མ་ནི་དམ་ཚིག་གི་གཏོར་མ་སྟེ། བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔའོ།། བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་དེས་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་མཆོད་ནས་དེའི་ལྷག་མ་བཟའ ་བར་བྱའོ།། གཏོར་མ་ཞེས་པ་ལ་སོགས་པ་ནི་གོ་བླའོ།། ནག་པོའི་བརྒྱད་དང་བཅུ་བཞི་ལ། ཞེས་པ་ནི་ཚེས་གྲངས་གོང་དུ་བཤད་ཟིན་ཏོ།། དབུས་སུ་གྲུ་བཞི་ཞེས་པ་ནི། དཀྱིལ་འཁོར་རྡོ་རྗེ་ཕྲེང་བའི་དབུས་སུ་རེའུ་མིག་དགུ་བྱས་པའི་དབུས་ཀྱི་གྲུ་བཞིའི་དཀྱིལ ་འཁོར་བྲི་བའོ།། སྔགས་ཡིག་གཅིག་པོ་གཙོ་བོ་ནི། ཞེས་པ་ནི་ཡི་གེ་ཧཱུཾ་བཟླའོ།། དེ་ལྟར་དཀྱིལ་འཁོར་བྱ་བ་ལ་སྒྲུབ་པ་པོ་ཕྱི་མ་རྣམས་ཀྱིས་རང་གི་སློབ་དཔོན་ལ་མཆོད་པ་ཕུལ་ནས། བསྒྲུབ་པ་རྫོགས་མ་ཐག་ཏུ་ཡོན་དབུལ་བར་བྱའོ།། ཞེས་གསུངས་པ། ་ཕྱི་ནས་སློབ་དཔོན་ལ་མཆོད་པ་ཞེས་པ་ལ་སོགས་པའོ།། སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པ་ནི། སྒྲུབ་པ་པོ་གང་གིས་སྐུ་གསུང་ཐུགས་ཀྱི་ངོ་བོ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་སྐུ་གསུང་ཐུགས་འགྲུབ་འདོད་ན་ཁམས་གསུམ ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ།། ཞེས་པའི་ཐ་ཚིག་གོ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། རྡོ་རྗེ་བདུད་རྩི་ལས་བྱུང་ངོ་།། ཞེས་པ་སྟེ། རྡོ་རྗེ་བདུད་རྩིའི་རྒྱུད་ལས་བྱུང་བའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ ་མི་བསྐྱོད་པའི་དཀྱིལ་འཁོར་ཡིན་པས། ཁམས་གསུམ་རྣམ་པར་རྒྱལ་བ་སྒོམ་ན་ཡང་མི་བསྐྱོད་པ་དང་ཐ་མི་དད་པས་སྐུ་གསུང་ཐུགས་འགྲུབ་པར་འགྱུརརོ་ཞེས་པའི་དོན་ཏོ།། སྒྲུབ་པའི་ཐབས་གསུངས་པ། ཟུར་གསུམ་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་ཟུར་གསུམ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབྱིབས་རྡོ་རྗེ་མའི་སའི་རང་བཞིན་ནོ།། དཀྱིལ་ཞེས་པ་ནི་སྙིང་པོ་སྟེ་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེསོ།། འཁོར་ཞེས་པ་ནི། དེ་སྦྱིན་པ་འམ་དེ་ལ་འཁོར་བས་ན་དཀྱིལ་འཁོར་ཞེས་པའོ།། ་གསང་བའི་པདྨ་ཞེས་པ་ནི། གསང་བའི་དབུས་སུ་པདྨ་དང་ལྡན་པའི་ཕྱིར་རོ།། ནང་དུ་སྙིང་པོ་དང་ཞེས་པ་ནི། ནང་དུ་སྙིང་པོ་སྤྱོད་ཡུལ་ཟླ་བའི་དཀྱིལ་འཁོར་དང་ལྡན་པའི་ཕྱིར་རོ།། དེའི་དབུས་ནི་པདྨ་འདབ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དབུས་སུའོ།། གསང ་ཆེན་ཞེས་པ་ནི་མཱ་མ་ཀཱི་སྟེ། གསང་བའི་ལྷ་མོ་མཛེས་པ་མོ་ལ་སོགས་པའི་གཙོ་མོར་གྱུར་པའི་ཕྱིར་རོ།། ཡང་ན་གསང་ཆེན་རྡོ་རྗེ་སེམས་དཔའ་སྟེ། དེའི་རིགས་ལས་བྱུང་བའི་ཕྱིར་རོ།། རིག་མ་དང་ཞེས་པ་ནི། མ་རིག་པའི་གཉེན་པོར ་གྱུར་པའི་ཡེ་ཤེས་ལྷ་མོའི་གཟུགས་བཞུགས་པའི་མིང་ངོ་།། གཙོ་བོ་ཞེས་པ་ནི། མི་བསྐྱོད་པ་སྟེ། གཡོ་བ་དང་མི་གཡོ་བ་ལ་ཁྱབ་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ།། ཞལ་གསུམ་ཞེས་པ་ནི། སྟོང་པ ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པ་གསུམ་གྱི་རང་བཞིན་གྱི་ཕྱིར་རོ།། ཕྱག་དྲུག་ལ་ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ཕྱིར་རོ།། དྲང་པོའི་ཞལ་ནི་ནག་པོ་སྟེ། ཞེས་པ ་ནི། དབུས་ཀྱི་ཞལ་དང་སྐུ་མདོག་ནག་པོ་སྟེ། ཐུགས་ཀྱི་རྡོ་རྗེ་དང་ལྡན་པའི་མཚན་མའོ།། གཡས་ཀྱི་ཞལ་ན་དཀར་པོར་འདོད་ཅེས་པ་ནི། གཡས་ཀྱིས་ཞལ་དཀར་བ་སྟེ། སྐུའི་རྡོ་རྗེ་དང་ལྡན་པའི་སྟེ་ཉིད་དོ།། གཡོན་དམར་པོ་ཞེས ་པ་ནི། གསུང་གི་རྡོ་རྗེ་དང་ལྡན་པའི་མཚན་མ་གཡོན་གྱི་ཞལ་དམར་བའོ།། ལྷའི་རྒྱན་གྱིས་བརྒྱན་བྱེད་པ། ཞེས་པ་ནི། དབུ་བརྒྱན་དང་། སྙན་ཆ་དང་། དཔུང་རྒྱན་ལ་སོགས་པའི་ལྷའི་ཡུལ་གྱི་ཆ་ལུགས་ཀྱིས་བརྒྱན་པའོ།། ལྷའི་ན ་བཟའ་ཞེས་པ་ནི། ལྷ་རིས་ཀྱི་ན་བཟའ་སྣ་ཚོགས་པའོ།། མེ་ཏོག་ཕྲེང་ཞེས་པ་ནི། ཡོངསུ་ས་བརྟོལ་དང་མནྡར་བའི་ཕྲེང་བའོ།། ལྷའི་དངོས་གྲུབ་བྱེད་ཅེས་པ་ནི། མིག་སྨན་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་སྦྱིན་པའི་ཕྲིན་ལས ་མཛད་དོ།། ཞི་བ་ནི། ཞི་བའི་ཚུལ་གྱི་ཞལ་དང་ལྡན་པའི་ཕྱིར་རོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ཞེས་པ་ནི་དབུ་དང་མགྲིན་པ་དང་། ཐུགས་ཀ་ན་སྐུད་གསུང་དང་ཐུགས་ལྡན་པའོ།། དོན་ནི་འདི་ལྟ་སྟེ་དེ་འདྲ་བའི་ཡབ་ཡུམ་རྣལ་འབྱོར་པ ་ཡིས་ཀྱང་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། ཕྱི་རོལ་ཏུ་ནི་ཞེས་པ་ནི། ཟུར་གསུམ་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ཕྱི་རོལ་ཏེ་བར་ནའོ།། སྒོ་བཞི་པ་ཞེས་པ་ནི་ཉེ་བར་བརྟགས་པར་ཟད་དོ།། གཞན་ཡང་གྲུ་བཞི་དང་། ཏཱ་རཱ་ན་བཞི་དང་། སྒོའི ་ཁྱམས་ལ་སོགས་པ་བརྟགས་ནས་ཚུལ་བཞིན་དུ་བྲི་བའོ།། ཤར་ཞེས་པ་ནི་ཤར་གྱི་སྒོའོ།། ཁྲོ་གཉེར་མ་བཞག་སྟེ་ཞེས་པ་ནི། ཤར་གྱི་སྒོ་ན་སྒོ་སྲུངས་ཁྲོ་གཉེར་མ་བཀོད་པའོ།། ལྷོ་ན་འཇིགས་པར་འཇིགས་བྱེད་མ་ཞེས་པ་ནི་གོ་བླའོ།། གྲཝ ་རྣམས་ལ་མེ་ཏོག་མ་ལ་སོགས་པ་དང་། སྣམ་བུ་ལ་པི་བང་མ་ལ་སོགས་པ་བཀོད་པའོ།། དེ་འདྲ་བའི་དཀྱིལ་འཁོར་བྲིས་ནས་ན་མཁའི་གཞིར་ཡོངསུ་བརྟགས་པའི་སེམས་ཀྱི་དཀྱིལ་འཁོར་དེ་ལ་བཀུག་ནས་གཉིསུ་མེད་པར་བྱ་སྟེ། བསྟོད་ཅིང ་མཆོད་ནས་དམ་ཚིག་དབུལ་ཏེ་བཟོད་པར་གསོལ་ནས། བསྒྲུབ་པའི་དོན་ལ་གསོལ་བ་བཏབ་སྟེ། ལྷའི་ང་རྒྱལ་དང་གཉི་སུ་མེད་པར་གྱུར་པའི་སློབ་དཔོན་གྱིས་ཞུས་ནས་གསང་བའི་དཀྱིལ་འཁོར་བསྒྲུབ་པར་བྱའོ།། ཞེས་སོ།། དེ་ནི་དཀྱིལ་འཁོར་བྲི་བའི ་རིམ་པའོ།། དེ་ལྟར་བྲི་བའི་དཀྱིལ་འཁོར་གྱི་ནང་དུ་བཀོད་པའི་ལྷ་མོ་གསུངས་པའི། མཁས་པས་པདྨ་འདབ་བརྒྱད་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རི་བོང་འཛིན་པ་ཞེས་པ་ནི་ཟླ་སྟེ་དཀྱིལ་ན་རི་ཁོང་གི་པགས་པ་དང་ལྡན་པའི་ཕྱིར་རོ།། དེའི་གཏན ་ཚིགས་ནི་སྐྱེས་རབས་ཀྱི་ནང་ན་གསལ་ལོ།། ཟླ་བའི་དཀྱིལ་འཁོར་ལྟར་མཛེས་པའི་ཞལ་དང་ལྡན་པའི་རི་བོང་འཛིན་གྱི་དཀྱིལ་འཁོར་ཞེསོ།། རིག་མ་བརྒྱད་དང་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་མ་རིག་པ་ཀུན་གཞི་ལ་སོགས་པའི་གཉེན ་པོར་གྱུར་པ་ཡང་རིག་པའི་ཡེ་ཤེས་བུད་མེད་ཀྱི་གཟུགསུ་གྱུར་པ་ནི་རིག་མ་བརྒྱད་ཅེས་ཏེ། ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། ཡང་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་དང་། ་ཚད་མེད་པ་བཞིའི་ཡེ་ཤེས་ལྷ་མོའི་གཟུགསུ་གྱུར་པ་ནི་རིམ་པ་བརྒྱད་ཅེས་བྱའོ།། དགེ་མ་བརྒྱད་ཅེས་པ་ནི། པི་བང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་དེ། བཅོམ་ལྡན་འདས་ཀྱི་བསོད་ནམས་ཀྱི་འབྲས་བུ་སྨིན་པ་ཡིན་པའི་ཕྱིར་རོ།། དེ་ལྟར ་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། མཉེས་པར་བྱེད་པའི་དགེ་མའི་ཞེས་པའོ།། སྣ་ཚོགས་ཞེས་པ་ནི་སྐུ་མདོག་སྟེ་བཀྲལ་ཟིན་ཏོ།། དགེ་མ་བརྒྱད་ཀྱི་དངོས་པོ་བརྟན་པ། མཆོད་པའི་གླིང་བུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སོགས ་པའི་སྒྲས་ནི་པི་བིང་མ་དང་རྫ་རྔ་མཱ་དང་། མར་མེ་མ་དང་། དྲི་ཆབ་མའོ་གསང་བ་ཞེས་པ་ནི། མཛེས་མ་ལ་སོགས་པའི་ལྷ་མོ་རྣམས་ལ་གསུངས་པའོ།། དེ་དག་བསྒྲུབ་པར་བྱ་ཞེས་པའོ།། འདིར་ནི་མཆོད་པ་ཇི་ལྟར་ལགས་ཞེས་པ་དེའི་ལན་གསུང ་པ། མ་དང་བྱན་མོ་ཞེས་པ་ལ་སོགས་པ་ནི། མཱ་མ་ཀཱི་ལ་སོགས་པའི་གཟུགས་དང་ཕྱག་མཚན་གྱི་སྒོ་ནས་བསྒོམ་པ་སྟེ། དེ་ལ་ཡང་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་ལྷ་དང་སྦྱར་ནས་མ་ལ་སོགས་པའི། བསྒྲུབ་པར་བྱ་སྟེ། མ་ནི་མཱ་མ ་ཀཱི་དང་སྦྱོར། བུ་མོ་ནི་ཞི་བའི་ཞལ་དང་སྦྱར། སྲིང་མོ་ནི་ཟླ་བ་མོ་དང་སྦྱར། གཉེན་མོ་ནི་རི་བོང་འཛིན་མ་དང་སྦྱར། གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ལྟོན་བདུད་རྩི་མ་བླང་བའི་དོན་བཤད་པ། མ་ལས་བདུད་རྩི་བླངས་ནས་སུ་ཞེས་པ་ལ་སོགས ་པ་སྟེ། དེ་ལ་རྡོ་རྗེ་བདུད་རྩི་དང་མཉམ་འགྱུར་ཞེས་པ་ནི། རྣལ་འབྱོར་པ་མ་བསྐྱོད་པ་དང་དབྱིབས་དང་། མཐུ་མཉམ་པར་འགྱུར་རོ།། དོན་ཡོད་གྲུབ་ཅེས་པ་ནི། བདུད་རྩི་འདི་ལ་བརྟེན་ན། བསྐལ་པ་གྲངས་མེད་པར་ཐོབ་དཀའ་བའི་བྱང་ཆུབ་ཐེབ་ཕྱིར་རོ།། གཞན ་ནི་གོ་བླའོ།། ད་ནི་གོང་དུ་གསུངས་པའི་མ་དང་སྲིང་མོ་ལ་འདོད་པ་སྐྱེད་པར་བྱ་བའི་རྒྱུད་གསུངས་པ། བུང་བ་བརྩེ་བའི་ཚུལ་གྱིས་ནི་ཞེས་པ་སྟེ། བུང་བ་བཞིན་དུ་བདེ་བའི་མགོ་བརྩམ་པ་ལ་འཁྱུད་པ་དང་རྩེ་བ་སྔོན་དུ་བྱས་ནས། ཚིག་བདུད་རྩི་ལྔ ་པ་ཞེས་པ་སོགས་པ་སྟེ། གོ་བླའོ།། རྡོ་རྗེ་སེ་གོལ་མཉམ་སྦྱོར་གྱིས་ཞེས་པ་ནི། རྡོ་རྗེ་ཁུ་ཚུལ་གཉིས་བཅིངས་ནས་ཕན་ཚུན་བསྣོལ་ཏེ། སེ་གྲོལ་ལན་གསུམ་གཏོགས་ནས་རྡོ་རྗེ་བདུ་བའི་ཏིང་ངེ་འཛིན་བསྒོམས་ཏེ། སྔགས་ལན་གསུམ་བརྗོད་ནས ་ལྷའི་དཀྱིལ་འཁོར་དགུག་པར་བྱའོ།། ཡང་ན་རྗེསུ་སྦྱོར་བའི་རྡོ་རྗེ་དང་པདྨོའི་སྦྱོར་བ་ཡིས་རྡོ་རྗེ་སེ་གོལ་ཞེས་ཏེ། དེས་དཀྱིལ་འཁོར་གྱི་ལྷ་བདུད་རྩིའི་ཐིག་ལེ་དང་། རྒྱུད་མཐུན་པར་བསྐྱེད་ནས་བདེ་བ་ཆེན་པོའི་དངོས་གྲུབ་བསྐྱེད་པར་བྱའོ།། ད་ནི་རྗེས་སུ་སྦྱོར་བ ་རིམ་པས་དཀྱིལ་འཁོར་གསང་བའི་མཆོད་པས་མཆོད་དེ་བདུད་རྩི་བསྒྲུབ་པོ་གསུངས་པ། རྣལ་འབྱོར་པ་དང་རྣལ་འབྱོར་མའི་ཞེས་པ་ལ་སོགས་པའོ།། བདུད་རྩི་ལེག་པར་བླངས་པའི་སྐྱོན་བསྟན་པ། ལག་པ་ཡིས་ནི་ཞེས་པ་ལ་སོགས་པའོ།། རྣལ ་འབྱོར་མས་ཀྱང་སྤྱོད་པའི་ཚུལ་བསྟན་པ། རིན་མ་ཆེན་མོ་ཡང་བྱུང་ནས། རྡོ་རྗེ་ལ་ཡང་འོ་བཏབ་པོ་ཞེས་པའོ།། དེའི་ཡོན་ཏན་གསུངས་པ། དེ་ནི་སངས་རྒྱས་ཉིད་དུ་འགྲུབ་ཅེས་ཏེ། དེ་ལྟར་ཐབས་དང་ཤེས་རབ་ཀྱི་རེལ་པས་འགྲུབ་པའི་རྣལ་འབྱོར ་པ་འམ་རྣལ་འབྱོར་མ་ནི་གཏི་མུག་གྲི་གཉིད་བསལ་ནས་ཚིག་གི་དོན་ཐམས་ཅད་རྟོགས་ནས་སངས་རྒྱས་པའོ།། སངས་རྒྱས་པ་དེ་ཅི་འདྲ་བ་ཡིན་ཞེ་ན། ཁུ་བའི་གཟུགས་ཅན་བདུད་རྩིའོ།། ཞེས་པ་སྟེ། དེ་བ་ཆེན་པོ་གཉིས ་སུ་མེད་པའི་ཡེ་ཤེས་སོ་སོ་རང་རིག་པའི་རྟོགས་པའོ།། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ནི་འགྲེལ་ཟིན་ཏོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་པ་ནི། བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་བསྒྲུ་བའི་ཚིག་དོན་སྔར ་ལོངས་པའོ།། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །། ད་ནི་མཆོག་པ་མ་ངོན་དུ་བྱས་ནས་བསམ་གཏན་ལ་ཕབ་ཅིང་ཞེས་འདོད་པའི་བཅོམ་ལྡན་འདས་ལ་དབྱངས་ཀྱིས་བསྟོད་ནས་ཞུས་པ། ་དེ་ནས་ལྷ་མོ་མཱ་མུ་ཀཱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་དགའ་བའི་རོལ་པ་ཆེ་ཞུས་པ་ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་རོལ་པ་ལ་གནས་པས་ཐལ་མོ་སྦྱར་ཏེ། དབྱངས་འདི་དག་ནི་ཆེད་དུ་བླངས་ཞེས་པའོ།། དབྱངས་ཀྱི་ཚིག་གསུངས་པ། ་དེ་ལ་རེ་ཞིག་སྐུའི་རྡོ་རྗེའི་སྒོ་ནས་བསྟོད་པ། དཔའ་བོ་ཆུ་སྐྱེས་སྔོན་པོའི་སྐུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དཔའ་བོ་ཞེས་པ་ནི། རྟོག་པ་དང་བཅས་པའི་ཕྱིན་ཅི་ལོག་པའི་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ།། དེ་ནི་རང ་བཞིན་གྱི་སྒོ་ནས་བསྟོད་པའོ།། ཆུ་སྐྱེས་ཞེས་པ་ནི། མེ་ཏོག་ཨུཏྤལ་ལ་སོགས། དེ་འདྲ་བ་སྔོན་པོའི་སྐུ་ཞེས་པ་སྟེ། གཉིས་སུ་རྟོགས་པ་ལ་ཞེ་སྡང་བའི་ཕྱིར་རོ།། དེ་ནི་སྐུ་མདོག་གི་སྒོ་ནས་བསྟོད་པའོ།། དཔའ་བོ་གཞན་གྱི་ཡོངས་བསྐོར་ཅིང་ཞེས་པ ་ནི་དཀྱིལ་འཁོར་གྱི་ལྷ་མོའོ།། དེ་ཁོ་ན་གསུངས་པ། ཕྱག་རྒྱ་མོའི་ཆོ་གས་ཞེས་པ་ནི། མཛེས་མ་མོ་ལ་སོགས་པའི་རིག་མ་རྣམ་པ་བརྒྱད་ལ་སོགས་པས་ཡོངསུ་བསྐོར་བར་བྱ་བའི་ཆོ་ག་སོ།། དེ་དག་དང་མཉམ་ལྡན་པའི་ཞེས་པའོ།། དེ་ནི་འཁོར་གྱི་བསྟོད ་པའོ།། དེ་འདྲ་བའི་བཅོམ་ལྡན་འདས་ལ་བདག་ཕྱག་འཚལ་ཞེས་པ་དང་སྦྱོར་རོ།། གསུང་གི་སྒོ་ནས་བསྟོད་པ།། སྔོན་ཀའི་ནམ་མཁའ་དང་འདྲ་བ་ཞེས་པ་ནི། མཚན་མ་མེད་ཅིང་དྲི་མས་མ་གོས་པའོ།། ང་རོ་ནི་ཡི་གེ་ཧཱུཾ་བཟླ་བའོ།། ཇི་ལྟར་ཟླ་བར་བྱ ་ཞེས་ན། བུང་བ་ལྟར་ཞེས་པ་དང་པདྨའི་སྟེང་ན་བུང་བ་སྒྲ་སྒྲོགས་པ་དང་ལྡན་པར་རྩི་འཇིབ་པ་ལྟར་ལྷ་མོའི་གསང་བའི་པདྨ་ལ་ཡི་གེ་ཧཱུཾ་བཟླ་ཞིང་འཇིབ་པའི་ཕྱིར་རོ།། དགའ་བར་བཞུགས་པའི་ཞེས་པ་ནི། གསང་བའི་པདྨ་དང་རྡོ་རྗེ་སྦྱར་ནས ་བཞུག་སོ།། སྐལ་བཟང་བ་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ།། དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། སྲིད་པ་ཤིན་ཏུ་བསྒྲུབས་པས་ན། སྐལ་བཟང་སངས་རྒྱས་བཅོམ་ལྡན་འདས། སྐལ་ངན་ཉན་ཐོས་འཇིག ་རྟེན་ན། ཤིན་ཏུ་མྱ་ངན་འདས་ཕྱིར་རོ།། ཞེས་པའོ།། དེ་འདྲ་བ་ལ་བདག་ཕྱག་འཚལ་ཞེས་པ་དང་བབ་འབྲེལ་ཏོ།། ཐུགས་ཀྱི་སྒོ་ནས་བསྟོད་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་ནི་ཕྱོགས་བཅུའི་ཕྱོགས་ཀུན་ནའོ།། ་ཐམས་ཅད་ནི་རྣམ་པ་ཐམས་ཅད་དོ།། དེ་འདྲ་བའི་གཟུགས་མེད་པ་ནི་རྣམས་ཏེ་ནམ་མཁའ་དང་འདྲ་བའི་ཕྱིར་རོ།། ཐམས་ཅད་མཁྱེན་པ་ཞེས་པ་ནི། ཤེས་བྱའི་སྒྲིབ་པ་སྤངས་པས་སྤངས་པ་དང་། བླང་བའི་མཚན་ཉིད་མཁྱེན་པའོ།། ཐམས ་ཅད་མཛེས་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པའི་ཕྱིར་རོ།། ཡང་ན་རྡོ་རྗེ་སེམས་དཔའ་ནི་མྱ་ངན་ལས་འདས་པ་ཀུན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ།། དེ་འདྲ་བའི་བཅོམ་ལྡན་འདས་ལ་ཡང་དག་དབང་པོ་ཞེས ་པ་ནི་དད་པའི་དབང་པོ་སྟེ་དེའི་ལམ་གྱིས་ན་ཞེས་པ་སྟེ། དད་པའི་སྒོ་ནས་བདག་ཕྱག་འཚལ་ཞེས་པ་དང་འབྲེལ་ཏོ།། ཡང་ན་ཡང་དག་དབང་པོའི་ནི་གསང་བའི་པདྨ་སྟེ། ཡང་དག་པོའི་བདེ་བ་ཆེན་པོ་ལ་དབང་བྱེད་པའི་ཕྱིར་རོ།། གསང་བའི་པདྨ་དེའི ་ལམ་གྱིས་མཆོད་པར་བྱ་སྟེ། བདག་ཕྱག་འཚལ་ཞེས་པའོ།། ད་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ། མེ་ལུས་པའི་ཞེས་པ་ལ་སོགས་པ་སྟེ། དེ་ལ་མ་ལུས་པའི་ཁམས་གསུམ་ཞེས་པ་ནི། ཕྱོགས་བཅུའི ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁྱམ་སོ།། དེ་དག་ལ་རྡོ་རྗེ་བདུད་རྩི་དཔེ་མེད་པ་ཞེས་པ་སྟེ། དེ་དག་ལ་རྡོ་རྗེ་བདུད་རྩི་སོ་སོ་རང་གིས་རིག་པའི་དཔེ་ནི། གང་གིས་ཀྱང་བརྗོད་དུ་མ་ལང་བའི་ཕྱིར་རོ།། ཉི་ཤུ་རྩ་བཞི་རིན ་ཆེན་མོ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སྟོན་པའི་ལྷ་མོ་མཛེས་མའི་ཞེས་བྱ་བ་ལ་ལ་སོགས་པའི་རིན་པ་ཆེན་མོ་ཞེས་ཏེ། དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་གསུངས་པའི་མཛེས་མ་ལ་སོགས་པ ་བརྒྱད་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པ་བཞི་སྟེ་རིག་མ་བཅུ་གཉིས་དང་། ལཱ་སྱེ་ལ་སོགས་པ་བཞི་དང་མེ་ཏོག་ལ་སོགས་པ་བཞི་དང་། གླིང་བུ་ལ་སོགས་པ་དང་། དེ་ལྟར་དགེ་བའི་ལྷ་མོ་བཅུ་གཉིས་ཏེ་ལྷ་མོ་ཉི་ཤུ་རྩ་བཞིའོ།། བསྒྲུབ ་པའི་ལྷ་མོ་ལྕགས་ཀྱུ་མ་ལ་སོགས་པ་བཞི་ནི་ཉི་ཤུ་རྩ་བཞིའི་རྩིས་ལ་མི་གཏོགས་ལ་དཀྱིལ་འཁོར་ལ་ནི་བྲིའོ།། ལྷ་མོ་དེ་ལ་ཤིན་ཏུ་ཆགས་པས་དགའ་བྱེད་པ། གང་ཡིན་པ་དེ་དེ་ལྟར་ཏེ། ཡིད་ལ་རྟོགས་པ་ཁོ་ནའི་ལས་སུ་གྱུར་པ་ནི་ཤིན་ཏུ ་ཆགས་པས་དགའ་བར་ཞེས་པའོ།། སིན་མོ་རྗེས་དང་ཆགས་པའི་སྐུ། ཞེས་པ་ནི། བདེ་བ་ཆེན་པོ་བསྐྱེད་པར་བྱ་བའི་དོན་དུ་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་སེན་མོ་བཏབ་པའོ།། དེ་དང་འདྲ་བའི་རྡོ་རྗེ་བདུད་རྩི་ལ་ཕྱག ་འཚལ་ཞེས་པའོ།། སཾ་སྐྲྀ་ཏའི་སྐད་ཀྱི་དབྱངས་ཀྱིས་བསྟོད་ནས། དཱ་ནི་པྤ་ཀྲྀ་ཏིའི་སྐད་ཀྱིས་བསྟོད་པ། ཨུཏྤལ་སྔོན་པོ་ཞེས་པ་ལ་སོགས་པ་སྟེ། ཨུཏྤལ་སྔོན་པོ་དང་འདྲ་བ་ཕྱག་སྔོན་པོ་གང་དང་ལྡན་པའི་བཅོམ་ལྡན་འདས་དེ་ནི། ཨུཏྤལ ་སྔོན་པོའི་འདབ་མ་ལྟ་བུར་ཕྱག་སྔོ་བ་ཞེས་བྱའོ།། དེ་ནི་སྐུ་མདོག་གི་སྒོ་ནས་བསྟོད་པའོ།། ཁྱེད་ཁོ་ན་སངས་རྒྱས་ཞེས་ཏེ། སངས་ཤིན་ཏུ་རྒྱས་ནས་གཏི་མུག་གི་གཉིད་གསལ་བའི་ཕྱིར་རོ།། དེ་ནི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། ་དེ་བཞིན་གཤེགས་པ་ཞེས་པས་ནི། ཁྱོད་ནི་དེ་བཞིན་གཤེགས་པ་ཡང་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་རྒྱ་མཚོ་ལོངསུ་མཁྱེན་པའི་ཕྱིར་རོ།། དེ་ནི་མཁྱེན་པའི་སྒོ་ནས་བསྟོད་པའོ།། རྡོ་རྗེ་ནི་མི་འཇིགས་པ་སྟེ། རྡོ་རྗེ་ཐེག་པའི་མངོན་དུ་གྱུར ་པའི་ཕྱིར་རོ།། དེ་ནི་ཐེག་པའི་སྒོ་ནས་བསྟོད་པའོ།། ཁྱོད་ཀྱིས་ནི་བདག་ལ་ཤིན་ཏུ་དགའ་བའི་རྗེ་སུ་ཆགས་པ་སྟེ་ཞེས་པ་སྟེ། ཁྱོད་ཀྱིས་ཆོས་ཀྱི་སྐུར་བཞུགས་པ་ལས་བཞེངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་བག ་ལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་ཅིག་ཅེས་པའོ།། ཅིའི་ཕྱིར་ན་ཁྱོད་ཁམས་གསུམ་ལ་བསྒྲུབ་པར་བྱ་བའི་ཞེས་པ་སྟེ། སྣ་ཚོགས་ཀྱི་སྐུ་འདུ་བ་རྣམས་ཀྱི་དོན་ཕྱིར་བསྐྱོད་པར་མཛོད་ཅེས་པའི་དོན་ཏོ།། དེ་ནི ་སེམས་ཅན་གྱི་དོན་དུ་གསོལ་བ་བཏབ་པའོ།། ད་ནི་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྟོད་པ། ཁྱོད་ནི་ཞེས་པ་ལ་སྟེ། དེ་ལ་ཁྱོད་ནི་ཞེས་པ་ཀྱེ་བཅོམ་ལྡན་འདས་ཞེས་བོང་པོའི་ཚིག་གོ། སྐྱོན་མེད་པ་ཞེས་པ་ནི། ཕྱིའི་གཟུང་བའི་རྣམ་པ་ཡིས ་འཛིན་པའི་རྣམ་པར་ཤེས་པ་དེའི་གཟུགས་ཉེ་བར་ལེན་པ་ཡིན་ཏེ། ཤེལ་གྱི་ནོར་བུ་བཞིན་སྔོན་པོ་ལ་སོགས་པ་ཉེ་བར་གྱུར་ནས། བློ་བུར་གྱི་རྣམ་པར་སྒྲོ་འདོགས་པས་དེའི་རྣམ་པར་སྣང་མཛད་བྱ་བ་ནི་སྐྱོན་ཏེ། དེ་ཡང་བཅོམ་ལྡན་འདས་དེ་ལ་མེད ་དོ་ཞེས་པ་སྟེ། དེ་གཉིས་ཀྱང་དོན་མེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་དམ་པའི་ཞེས་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་གོ་འཕང་ངོ་།། དེ་བས་ན་སྟོང་པ་ལ་ཞེས་བྱ་བ་སྟེ། དེ་ཉིད་སྟོང་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། ་ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་སྣང་པོ་ཙམ་ཉིད་དུ་སྣང་བ་ལ། དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱི་དོན་མེད་པ་གཟུང་དང་འཛིན་པ་དང་གིས་རྟོགས་ལ་དེ་ཉིད་ཀྱང་དོན་དམ་པར་ནི་འཁྲུལ་པར་གཏན་ལ་ཕབ་སྟེ། ཆོས་ཐམས་ཅད་འབིགས་པའི ་ཤེས་རབ་ཀྱིས་རྣམ་པར་དཔྱད་པ། གཞན་ལས་གཞན་སྐྱེ་བ་མེད་པའི་ཕྱིར་འདི་དག་ཐམས་ཅད་རིགས་པས་མི་སྦྱོར་རོ།། འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་དོན་དམ་པར་བཅོམ་ལྡན་འདས་ཀྱང་བདེ་བ་ཆེན་པོ་ལ་གནས་པ་སོ་སོ་རང ་རིག་པ་ལྟ་བ་གསལ་བ་གཉིས་སུ་མེད་པའི་རང་བཞིན་སྟོང་པ་ཉིད་ཁོ་ནའོ།། སྟོང་པ་ཉིད་ལས་བྱུང་བ་ཁྱོད་ནི་ཡང་ཡིག་བབྲུ་ཞེས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གཡོ་སྟེ། བཟོད་མ་མེད་པ་ནས་ཀྱང་སྲིད་པའི་ཉེ་བར་ལེན་པའི་ཕུང ་བོའི་རྐྱེན་དེ་ལས་གཞན་མེད་པ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་གྱུར་པ་ནི་ཡིག་འབྲུས་རྡོ་རྗེ་བསྐྱེད་ནས། རྡོ་རྗེའི་བུམ་པར་ཡང་ཡིག་འབྲུ་དང་ལྡན་པར་བསྐྱེད་པ་རཽ་ཞེས་པའི་དོན་ཏོ།། མགོན་པོ་ཁྱོད་ཅེས་པ་ནི། རྡོ་རྗེ་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཆེན ་པོར་བྱུང་བ་ནི་མགོན་པོ་སྟེ། གཡོ་བ་དང་མི་གཡོ་བ་ལ་ཁྱབ་པའི་བདག་ཉིད་ཀྱི་ཕྱིར་རོ།། དེ་ནི་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྟོད་པའོ།། དེ་འདྲ་བའི་བཅོམ་ལྡན་འདས་ཁྱོད་ནི་བར་སྣང་ལ་རྒྱུ་བ་དང་ས་སྟང་ན་གནས་པ་མི་རྒྱུ་བ་གང་གིས་ཁྱོད་མཐོང་ན ་དེ་དག་འཁོར་བ་རུ་ནི་ག་ལ་འགྲོ་ཞེས་པ་སྟེ། དེ་ལྟར་དབྱངས་ཀྱི་ཚིག་བསྟུན་ནས། རྡོ་རྗེ་གར་བསྟན་པ། རྡོ་རྗེ་གར་ནི་རྣམ་པར་བྱེད་ཅེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་གར་ནི་བཅིངས་པ་དང་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་རོ།། རྣམ་པར་བྱེད་ནི་འོག་ནས ་འབྱུང་བའི་རྐེད་པའི་གར་ལ་སོགས་པ་རྣམས་སོ།། གར་ནི་རྣམ་པར་བྱེད་ཅེས་པ་གང་ཞེ་ན། རྐེད་པ་དང་ནི་ཞེས་ཏེ། སྐུ་གཡས་གཡོན་དུ་མཉམ་པར་སྤྱོད་པའི་གར་རོ།། དཔུང་པ་ཡི་ནི་ཞེས་པ་ནི་དཔུང་པ་དང་ལག་པ་ལས་བྱུང་བའི་གར་རོ།། མགོའི་གར ་ཞེས་པ་ནི། མགོ་བསྐྱོད་པ་དང་མིག་གཟུར་བ་དང་སྨིན་མ་བཏེག་པོ་ལས་བྱུང་བའི་གར་རོ།། གར་གྱི་གཞུང་འདི་ཞེས་པ་ནི། དྲང་སྲོང་བ་ཏྲ་ར་ཞེས་བསྟན་པའི་གར་གྱི་གཞུང་འདིའོ།། མཚན་ཉིད་དོ་ཞེས་པ་ནི། གོང་དུ་ཐལ་བའི་རྐེད་པའི་གར་ལ་སོགས་པའི ་མཚན་ཉིད་བཞི་དག་ག། ཁོ་ན་གསལ་བར་བྱེད་པ་བཅོམ་ལྡན་འདས་ཉིད་ཀྱིས་སྟོན་པ་དེ་ལར་ཞིག་ནང་བའི་གར་བཤང་བརྗེས་ཐགས་ནི་རྐང་པའི་གར་གྱི་གོམ་པ་སྟེ། མཐེ་བོང་གི་སྣརེལ་བཙུགས་པ་དང་རྟིང་པ་བརྔུབ་པའོ།། རྣསུ ་རིམ་དང་ཞེས་པ་ནི། རྐང་པ་གཡས་གཡོན་གྱི་རིམ་པའོ།། ཡང་མཐབ་མོའི་རྩེ་མོ་དང་རྟིང་པའི་རིམ་པའོ།། བསྟོད་པ་དང་ནི་ཞེས་པ་ཡར་བཏེགས་པའོ།། ད་ནི་རྐང་པའི་གར་འགྲེལ་པ། འགྱིང་བ་སྟེ་ཞེས་པ་ནི་འཇོ་བའི་ཚུལ་དང་ལྡན་པའོ།། མགོའི་གར་འགྲེལ་པ ་རྒྱས་པ་དང་ཞེས་པ་ནི་བཞད་པའི་ཚུལ་དང་། འདུད་པ་དང་ཞེས་པ་ནི་མགོ་གཡས་གཡོན་དུ་བྱོ་ནས་གར་བྱེད་པའོ།། གསལ་པོར་བྱེད་པ་ནི་དེ་དག་ཀུན་མ་འདྲས་པར་བྱེད་པའོ།། མགྱོགས་པ་དང་ནི་ཞེས་པ་ནི། ལྷ་མོ་མཱ་མ་ཀའི་གར་དང་བཅས་པས་རྒྱས ་པའི་ཚུལ་དང་ལྡན་པའི་ཕྱིར་རོ།། སྨིན་བསྐྱོད་པར་ཞེས་པ་ནི། གཱར་དང་མཐུན་པར་སྨིན་མ་བསྐྱོད་པའོ།། དཔུང་པའི་གར་འབྲལ་པ། ལག་པའི་ཕྱག་རྒྱ་སྦྱོར་བ་ཡིན་ཞེས་ཏེ། མེ་ཏོག་མ་ལ་སོགས་པ་བཞི་དང་། རྔ་ཆེན་མ་ལ་སོགས་པ་བཞིས་མཆོད་པའི ་ཕྱིར་རོ།། སྟབས་བརྒྱད་ཚུལ་གྱིས་གར་བྱེད་དེ་ཞེས་པ་ནི། གོང་གི་རྗེས་ཐབས་ལ་སོགས་པ་ནས་སྨིན་བསྐྱོད་ཀྱི་བར་གྷི་གར་བརྒྱད་ཀྱིས་གར་བྱེད་ཅེས་སོ།། ད་ལྟར་གྱི་མཆོད་པ་བྱེད་པ་ལ་མཱ་མ་ཀཱིས་གསང་བའི་མཆོད་པར་བྱའོ།། ཞེས་གསུངས་པ། རྒྱས་པའི ་པདྨ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་བཅིངས་ཀྱིས་རྡོ་རྗེ་ནི་ཞེས་པ། རྡོ་རྗེ་བཅིངས་པའི་ཕྱག་རྒྱ་ཡིས་གསང་བའི་རྡོ་རྗེ་བཟུང་ན་རྡོ་རྗེ་བེ་ཅོན་པོ་བཏབ་བྱ་ཞེས་པའོ།། དོན་ནི་འདི་ལྟ་སྟེ། དེ་དག་རྣམ་པ་བཞིའི་ལུས་ཀྱི་གར་ཕུལ་ཏེ་བཅོམ་ལྡན་འདས་ཀྱི་ལ་ཡང ་དག་པར་གསང་བའི་མཆོད་པས་མཆོད་ནས་ཞུསོ་ཞེས་པའི་ཐ་ཚིགོ། ལན་བཏབ་གསུང་བ་དེ་ནས་བཅོམ་ལྡན་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཞུགས་ཤིག་མི་གཡོ་བར་ཞེས་པ་ནི། གང་གི་ཚེ་སྦྱོར་བ་ཆེན་པོར་བཞུགས་ནས་བཅོམ་ལྡན་འདས ་ཀྱིས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པ་དེའི་ཚེ་བཅོམ་ལྡན་འདས་མ་དེ་ནི་མི་གཡོ་བར་སྐྱེ་བའོ།། བཅོམ་ལྡན་འདས་དེ་ཁོ་ན་བདུད་རྩི་ཞེས་པ་སྟེ། བདེ་བ་ཆེན་པོའི་རྣམ་པ་ནང་གི་ངོ་བོའོ།། དེ་བཞིན་ཉིད་མཆོག་ཅེས་པ་ནི་ལྷག་པའི་བྱང་ཆུབ་སེམས། ་དེ་རང་གི་ལུས་ལ་ཁྱབ་པ་བསམས་པ་ཞེས་པའོ།། ད་ནི་བདུད་རྩི་ཐིག་ལེའི་གཟུགས་ཅན་ཏེ་ཞེས་པ་དུས་ནི། བདེ་བ་དམ་པར་བཞུགས་པའི་བཅོམ་ལྡན་འདས་དེ་གནས་བསྒྱུར་ནས་བྷ་གའི་པདྨར་ཐིག་ལེར་གནས་པའི་མིང་གསུངས་ཏེ། དེ ་ན་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསུངས་པོ།། མཁའི་དབུས་སུ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་སེམས་དཔའ་བསྐྱེད་པ་མདུན་དུ་བྱས་ནས་བདག་ལ་རྟིང་པ་སྟོན་པས་གསུངས་སྟེ། དེ་ལ་ཁའི་ཞེས་པ་ནི་ཆོས་ཀྱི་འབྱུང་གནས ་ཞེས་བྱ་བ་པདྨར་དམིགས་པའོ།། དྲོའི་དབུས་བྷཱ་བ་ཞེས་པ་དབྱིང་སུ་འདྲ་ཞེས་ཏེ་མཉམ་པའོ།། སྟོང་པ་ཉིད་ཅེས་པ་ནི་བྱང་ཆུབ་ཀྱི་སེམ་སོ།། བདུད་རྩི་རྒྱུན་རྒྱ་མཚོ་ལྟར་འབབ་པས་ན་འཇིགས་མེད་ཅེས་སོ།། ཟག་མེད་ནི་བཤད་ཟིན་ཏོ།། ་པྲ་མོ་ནི་ཞེས་པ་ནི་དེ་ཁོ་ནའོ།། རྡོ་རྗེ་སེམས་དཔའ་འཇིགས་མོད་ཅེས་པ་ནི། ལྷག་པའི་བྱང་ཆུབ་ཡཾ་གེ་ཧཱུཾ་དུ་གྱུར་པ་སྟེ། འཇིགས་པ་མེད་པའི་ཕྱིར་རོ།། གང་དུ་གནས་པ་ཡིན་ཞེ་ན། ལྟེ་བའི་དབུས་སུ་གནས་ལྷ་མོ་སྙིང་པོ་ལྷ་མོ་སྤྱོད ་ཡུལ་ལ། ཞེས་པའོ།། བྱང་ཆུབ་སེམས་དེ་ཐོག་མ་དེ་ལ་གནས་ནས་ཁུ་བའི་གཟུགས་ཀྱིས་འགྲོ་བ་དགའ་བའི་དོན་དུ་ཟགས་ནས། བྷ་ག་ལིང་གའི་དཀྱིལ་བར་དུ་གནས་ནས་ཞེས་འབྱུང་བ་ཡིན་ནོ།། དེའི་ཆེ་བའི ་ཡོན་ཏན་གྱི་སྒོ་ནས་སྟོན་པ། འདི་ནི་སྲོག་ཅན་རྣམས་ཀྱི་སྲོག་ཅེས་པ་ནི། དབུགས་ཆེན་པོ་ཞེས་བྱ་བའོ།། དེ་འདྲ་བ་སྒོམས་ཤིག་ཅེས་པའོ།། རྣམ་པར་ཤེས་པའི་ཕུང་པོ་རྟེན་ཞེས་པ་ནི། ལྷག་པའི་བྱང་ཆུབ་ཀྱི་སེམས་དེ་གཟུགས་མེད་པའི་ཕུང ་པོ་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པར་གྱུར་པའོ།། དེ་དག་གིས་ནི་མངོན་པར་བྱང་ཆུབ་པ་ལྔ་གསུངས་པ་ཡིན་ནོ།། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ།། དེ་བཞིན་རྡོ་རྗེ་འཛིན་ཅེས་པ་ནི། རྡོ་རྗེ་ཧཱུཾ་མཛད་དོ།། དེ་ལྟར་ཁོ་ན་འདུལ་བའི་དབང་གིས ་སྔར་གཏགས་པའི་དཀྱིལ་འཁོར་གྱི་ལྷ་ཕྱུང་བའི་རིམ་པ་མངོན་སུམ་དུ་གོམས་པའི་སྒྲུབ་པ་པོ་སོ་སོར་སྣང་བར་གསལ་བའོ།། དེ་བས་ན་སེམས་ཙམ་གཉིསུ་མེད་པའི་ཆོས་ཐམས་ཅད་བདག་གི་སྣང་བའི་དཔུང་བཞིན་དུ། རྡོ་རྗེ་འབར་བ་ཁམས ་གསུམ་གསལ་བདྨ་བྱེད་པ་མཐོང་ནས། གཞལ་ཡས་ཁང་བརྩེགས་པ་ལ་འདུག་ནས། ཐབས་དང་ཤེས་རབ་དེ་དག་འཁྲིལ་བའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མཉམ་པར་མྱོང་བས། ཡེ་ཤེས་སེམས་དཔའ་དེ་དག་ཁ་ནས་ཐིམ་ནས ་རྡོ་རྗེ་ལམ་གྱིས་རྡོ་རྗེ་བདུད་རྩི་ཟླ་བའི་དཀྱིལ་འཁོར་དང་འདྲ་བའི་ཐིག་ལེར་གྱུར་པ་ཡིན་ནོ་ཞེས་གསུངས་པའོ།། དེ་བས་ན་ཚངས་པ་ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པ་ཡང་། བྱང་ཆུབ་སེམས་དེ་ནི་ཡིན་པར་བདག་གིས་རྟག་ཏུ་བསམ ་ཞེས་པའོ།། དེ་ལ་ཡང་ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་གཉིས་དང་། དགེ་གཉིས་ཀྱི་ཁུ་བ་ལས་མཱ་མ་ཀཱི་འཁྱུད་པ་ལས་བསྐྱེད་པའི་བདེ་བ་ཆེན་པོའི་གཟུགས་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་སྐྱེ་བའོ།། དེ་ཁོ་ན་གསུངས་པ། དེ་ལས་སྒོ་དེ་བདག་དང ་ཁྱོད་ཅེས་པའོ།། བདེ་བ་ཆེན་པོ་འདི་ཁོ་ན་བསྒྲུབ་པའི་རིམ་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གསང་བ་འདུས་པ་ལ་སོགས་པ་ལ་ཤིན་ཏུ་གསང་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ།། དེ་བས་ན་ཚངས་པ་ལ་སོགས་པས་ཀྱང་དེ ་བཞིན་ཉིད་དེ་ཁོ་ན་ཡང་དག་པའི་དོན་མ་རྟོགས་པ་ནས་གཞན་གྱི་བདག་ཉིད་དུ་བསམ་མོ་ཞེས་གསུངས་པ། ཚངས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། དེ་ཁོ་ན་ལས་སྐྱེ་བ་དང་། བདེ་བ་ཆེན ་པོའི་བདག་ཉིད་ཏིང་ངེ་འཛིན་དེ་ཁོ་ན་ལ་འཆི་བ་ཐིམ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཚངས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། དེ་ཁོ་ན་ལས་སྐྱེ་བ་དང་། བདེ་བ་ཆེན་པོའི་བདག་ཉིད་ཏིང་ངེ ་འཛིན་དེ་ཁོ་ན་ལ་འཆི་བ་ཐིམ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དངོས་པོ་ཐམས་ཅད་བསལ་བ་ཡིས་སྒོ་འདོགས་པའི་གཟུང་འཛིན་མེད་པ་སོ་སོ་རང་རིག་པ་དེ་ཁོ་ན་ཡེ་ཤེས་ལ ་ཤེས་བྱའི་ཕུང་པོར་གྱུར་ཏེ། མཇུག་ནས་གཉིས་སུ་མེད་པར་དངོས་པོ་ཀུན་སྣང་བ་བསལ་ནས་བསམས་ཏེ་གོམས་པར་བྱེད་པའོ།། དེ་ཁོ་ནའི་ཕྱིར་གསུངས་པ། ཤེས་བྱ་ཤེས་པའི་བདག་ཉིད་གཙོ།། དེ་ཉིད་དམ་པ་བསམ་པའོ་ཞེས་པའོ།། ་སྐྱེ་བ་དང་ནི་ཞེས་པ་ལ་སོགས་པ་ནི། དངོས་པོ་ཐམས་ཅད་སྐྱེ་བ་དང་ཤི་བ་དང་གནས་པ་ལ་སོགས་པའི་ཆོས་རྣམས་ཀྱང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ལ་ཆེན་པོའི་ཡེ་ཤེས་སོ།། བྱ་བ་དེས ་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་མཚན་ཉིད་དེ་བྱས་པ་བགྱི་ཞེས་པའོ།། བཅོམ་ལྡན་འདས་ནི་བོད་པའི་ཚིག་གོ།། ཆགས་པ་དང་བྲལ་བ་ནི་ཆགས་པ་རྟོག་པ་ལས་ཤིན་ཏུ་འདས་པའི་རྒྱུ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བའོ།། ་རྡོ་རྗེ་བདུད་རྩི་འབྱུང་བ་འདི་ཞེས་པ་སྟེ། རྒྱུད་འདིར་འདོད་པའི་ཡོན་ཏན་ལྔ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་སྟོན་པའི་ཕྱིར་རོ།། དེ་བས་ནས་བདག་གིས་མི་དམིགས་པའི་བདེ་བའི་ངོ་བོའོ་སྒོ་ནས། རྡོ་རྗེ་ཐེག་པའི་འབྱུང་བའི་སྦྱོར་བ་སེམས་ཅན ་རྣམས་ལ་བསྟན་པར་བགྱི་ཞེས་པའོ།། དེའི་དོན་ཁོ་ན་ཡང་བཤད་པ། རྡོ་རྗེ་ཐེག་པ་དེས་ནི་བཅོམ་ལྡན་འདས་མཱ་མ་ཀཱིའི་ཡེ་ཤེས་མཉམ་པ་ཉིད་དུ་གྱུར་པའོ།། དེ་ལྟར་མཱ་མ་ཀཱིས་དེ་བཞིན་ཉིད་ཀྱི་སྦྱོར་བའི་ཡེ་ཤེས་ཁོང་དུ་ཆུད་ནས་སོམ ་ཉི་རུ་གྱུར་པའི་ཐེ་ཚོམ་གཞན་ཞུས་པ་དང་། ད་དུང་བདག་ལ་ཐེ་ཚོམ་མཆིས། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱ་གཉིས་ཀྱིས་རྣམ་སྤྲུལ་པ་ཞེས་པ་ནི། རྒྱུད་གཞན་ལ་ནང་གི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། ཕྱིའི་ལག་པའི་ཕྱག་རྒྱ ་གཉིས་སུ་འབྱུང་བ་འདིར་གང་ལ་ཤེས་པར་བགྱི་ཞེས་ཞུས་པའོ།། ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང་ཞེས་པ་ནི་ཕྱི་ནང་གི་ཕྱག་རྒྱའི་ནང་ན་ཡང་དག་པའི་ཕྱག་རྒྱ་གང་ཡིན་པ་དེ་ཞུས་པའོ།། དེ་དག་གི་སྔགས་ཇི་ལྟར་ལགས་ཞེས་པ་ནི། གསང་བའི ་དཀྱིལ་འཁོར་ལ་བཀོད་པའི་ལྷ་མོ་དེ་དག་གི་བཟླས་པའི་སྔགས་ཇི་ལྟར་ལགས་ཞེས་ཞུས་པའོ།། སྔགས་རྣམས་གང་ལས་སྐྱེས་པ་ལགས་ཞེས་པ་ནི། ལྷ་མོ་རྣམས་དེ་དག་ས་བོན་གང་ལས་བསྐྱེད་པའི་ཞེས་ཞུས་པའོ།། ཁྱད་པར་དུ་ནི་ལྷ་རྣམས་ཀྱང་ཞེས ་བ་ནི། གསང་བའི་དཀྱིལ་འཁོར་ལ་ཕོ་དང་མོ་ལ་ཡང་ཁོ་ན་ལགས་ཞེས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་ལན་གསུམ་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱ་གཉིས་ཀྱིས་རྣམ་སྤྲུལ་པ་ཞེས ་ཞུས་པའི་ལན་ནོ།། ཕྱག་རྒྱ་རྣམ་པ་གསུམ་སྟེ་ཞེས་པའོ།། དེ་དག་གང་ཞེ་ན། སྐུ་དང་གསུང་དང་ཐུགས་ལས་བྱུང་ཞེས་པའོ།། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འགྲེལ་པ་སྐུ་ནི་ཕྱག་རྒྱ་མཆོག་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྱག ་རྒྱ་ཆེན་པོ་དང་། སྐུའི་རྡོ་རྗེ་བསྒོམ་པ་ནི་སྐུའི་ཕྱག་རྒྱ་སྟེ་ལས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ།། གསུང་གི་ཕྱག་རྒྱ་སྔགས་པའི་ལས་ཞེས་པ་ནི་གཟུང་འཛིན་གྱི་མཚན་མ་མེད་པའི་ཞི་བ་ལ་སོགས་པའི་སྔགས་ཀྱི་ལས་ཀྱི་ངོ་བོ་གསུང་གི་རྡོ་རྗེ་ནི་གསུང་གི་ཕྱག་རྒྱ ་སྟེ། ཆོས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ།། ཐུགས་ཀྱི་མཚན་མའི་ཕྱག་རྒྱ་ནི། བསམ་གཏན་རི་མོ་གཉིས་མེད་གནས་ཞེས་པ་ནི། དབྱིབས་དང་ཁ་དོག་རི་མོ་གཉིསུ་མེད་པར་གནས་པའི་བསམ་གཏན་གྱི་ངོ་བོ་ཐུགས་ཀྱི་རྡོ་རྗེ་ནི་མཚན་མའི་ཕྱག་རྒྱ་ལ་བྱ་སྟེ། ་ཕྱག་རྒྱ་ཆེན་པོའི་ཕྱིར་རོ།། དེ་ལྟར་ཡང་གསང་བ་འདུས་པའི་སྒྲུབ་ཐབས་ལས་གསུངས་པ། ཆོས་དང་ལོང་སྤྱོད་སྤྲུལ་པ་དང་། རིམ་པར་ཐུགས་སོགས་རྡོ་རྗེ་སྟེ།། དེ་དག་ཡེ་ཤེས་སེམས་དཔའ་ནི།། ཕྱག་རྒྱ་བཞིར་ནི་འདོད་པ་ཡིན་ཞེས་སོ།། ཇི་ལྟ་ཕྱག ་རྒྱ་ཡང་དག་འབྱུང་ཞེས་ཞུས་པའི་ལན་ནི། རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ཞེས་པ་ནི། ཆོས་ཐམས་ཅད་གཉི་སུ་མེད་པ་ཡོངསུ་ཤེས་པའི་མཚན་ཉིད་དོ།། དེ་ཉིད་ཕྱག་རྒྱ་ཞེས་པ་ནི། ཕྱིན་ཅི་ལོག ་པའི་ཉེ་བ་བསྐྱེད་དེ་ལ་འདུས་ནས་ཤི་བའོ།། སྐྱེད་པ་བྱེད་པ་ནི་འགྲོ་བ་བསྐྱེད་པ་དང་འཇིགས་པར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ།། དེ་དག་ནི་ལྷག་པའི་བྱང་ཆུབ་སེམས་གཅིག་པུ་ཞེས་པའོ།། རང་བདག་འགྱུར་བ་ཞེས་པ་ནི།། དངོས་པོ་ཐམས་ཅད ་ཀྱི་རང་བཞིན་ཉིད་དུ་གྱུར་པའི་ཕྱིར་རོ།། ལྷ་གཅིག་པ་ཞེས་པ་ནི། བསམ་པའི་རྐྱེན་གྱི་གཙོ་བོ་འདི་ལས་ལྷ་གཉིས་པ་གཞན་མེད་པའི་ཕྱིར་རོ།། ཚིག་དེས་ནི་ཐམས་ཅད་ལ་ཕན་པར་བྱེད་པ་གསུངསོ།། ཐམས་ཅད་མཁྱེན་པ་ཞེས་པ་ནི། རང་གི་སྤྲུལ ་པའི་དངོས་པོ་ཐམས་ཅད་ཁམས་གསུམ་ན་ཚིག་དང་བློས་ཇི་ལྟ་བ་བཞིན་དུ་ཤེས་པས་ན་ཐམས་ཅད་མཁྱེན་པའོ།། ཀུན་ནས་ཀུན་ཞེས་པ་ནི། སྐྱེ་བ་དང་གནས་པ་དང་། འཇིག་པ་རྣམས་ཀྱི་དབང་གིས་གནས་པ་ཉིད་ཀྱི་ཕྱིར་རོ།། དགེ་གསུམ་འདྲེན ་པར་བྱེད་པ་ཉིད་ཀྱི་ཕྱིར་ན་ཁྱབ་པའོ།། ཞེས་པ་ནི་བཤད་ཟིན་ཏོ།། ཇི་ལྟར་ཁང་པ་བཀང་ནས་ཞེས་པ་ནི། དེ་ལ་ཁང་པ་ཞེས་པ་ནི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་དུ་ཕྱུང་བའི་ངོ་བོས་ལྷ་མོའི་འཁོར་ལོ་བཀང་ནས་བྱེད་པ་དེ་བས་སྐྱེས་བུར་བཤད་པ ་ཡིན་ཞེས་པའོ།། ཡང་ན་ཁང་པའི་ཚིག་ནི། མཱ་མ་ཀཱི་ལ་སོགས་པའི་སྐུའོ།། དེ་ལ་བྱང་ཆུབ་ཀྱི་སེམས་ཕྱུང་བ་ཡིས་བཀང་བ་སྟེ་མངལ་བལྟམས་པར་བྱེད་པའི་ཕྱིར་ན། བཅོམ་ལྡན་འདས་ལ་སྐྱེས་བུ་ཞེས་བྱའོ།། དེ་ཉིད་ལུས་ལ་གནས་ཕྱིར ་ལུས་ཅན་དེ་ཞེས་པའོ།། ཤེས་བྱེད་ཕྱིར་ན་ཤེས་པ་འདོད་ཅེས་པ་ནི། ཚིག་དོན་ཐམས་ཅད་འབིགས་པའི་ཕྱིར་རོ།། བདག་ལ་བདག་གིས་རིག་པའི་ལྷ་ཞེས་བྱ་བ་ནི། གཉིད་ཆེར་ལོག་ན་ཡང་རང་རང་ལ་གིས་སད་པ་དེས་ནི་རིག་པ་ཞེས་པ་སྣང་བའི་ཕྱིར་ལྷ ་ཞེས་པ་འོད་གཞན་གྱི་ལུས་འཇུག་པོས་ཁྱབ་འཇུག་ཅེས་གསུངས་ཏེ། ངག་གིས་རྡོ་རྗེ་འཛིན་དུ་འགྱུར་ཞེས་པ་ནི། ངག་གི་རྡོ་རྗེ་འཛིན་ཞེས་བརྗོད་པ་ཙམ་གྱིས། དོན་དམ་པ་གཉིས་སུ་མེད་པའི་དོན་ཡིན་པས། གཟུགས་མེད་པའི་ཕྱིར་རོ།། ཡང་ན་འཇིག་པ ་མེད་དོ་ཞེས་པ་ནི་ངག་གིས་བརྗོད་དུ་མེད་པའི་ཕྱིར་ན་ཡང་རྡོ་རྗེ་འཛིན་ཞེས་གསུངས་སོ།། སྟོན་དུ་མེད་པ་ཞེས་པ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ།། གསང་བ་འདི་ཞེས་པ་ནི། བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ།། ནན ་ཏན་དུ་ནི་གསང་བར་བྱ་ཞེས་པ་ནི། དེ་འདྲ་བའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ནི་དུས་གསུམ་དུ་ལུས་ངག་ཡིད་ཀྱི་སྒོ་ནས་རྣམས་ཀྱང་གཞན་ལ་སྟོན་པར་མི་བྱའོ་ཞེས་པའི་དོན་ཏོ།། འོ་ན་གང་ལ་སྟོན་པར་བྱ་བ་ཡིན་ཞེ་ན། ་སྐྱོན་ཅན་མིན་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐྱོན་ཅན་མིན་པ་ནི་རང་གི་སྐྱོན་མ་སྤངས་པའོ།། གཡོ་ཅན་མིན་ཞེས་པ་ནི། གཞན་གྱི་སྐྱོན་ཕྱུང་སྟེ། ཕུང་བར་བྱེད་པའོ།། དམ་ཚིག་ལ་ནི་མི་འདའ་བ་ཞེས་པ་ནི། སློབ་དཔོན་གྱི་སྤྱན་སྔར་དམ་བཅས་པའི ་ཆོག་ནི་དམ་ཚིག་སྟེ། སྲོག་གཅོད་པ་ལ་སོགས་པ་སྤོང་བའོ།། དེ་ལས་མེ་འདའ་བ་ནི་མི་འདའ་ཞེས་པའོ།། ཆད་པར་ལྟ་བ་མེད་པ་ལ་ཞེས་པ་ནི། དགེ་བ་དང་མི་དགེ་བ་མེད་པར་རྟོག་པ་ཆད་པར་ལྟ་བ་སྟེ། དེ་མེད་པར་ཡང་དག་པའི་ལྟ་བ་ཅན་དགེ ་བ་དང་མི་དགེ་བ་ཡོད་པར་ཡིད་ཆེས་པའོ།། བླ་མ་ལ་ཆགས་ཞེས་མ་ནི། དབང་བསྐུར་བ་དང་། དམ་ཚིག་སྦྱིན་པ་དང་། གསང་སྔགས་ཉན་པའི་སློབ་དཔོན་ནི་བླ་མ་སྟེ་དེ་ལ་ཆགས་པ་ནི་གུས་པ་དད་པའོ།། དུལ་བ་དང་ཞེས་པ་ནི། ་སྲོག་གཅོད་པ་ལ་སོགས་པ་ལུས་ངག་གི་ལས་སྤོང་བའི་མཚན་ཉིད་བདུན་སྤོང་བའོ།། ཕྲག་དོག་ཆགས་པ་སྤོང་བྱེད་པ་ཞེས་པ་ནི། དེ་ལ་ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སྡང་བའོ།། ཆགས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་ལ་ཞེན ་པའི་མཚན་ཉིད་དོ།། དེ་གཉི་ག་མེད་པ་ནི་སྤོང་བ་ཞེས་པའོ།། དཀྱིལ་འཁོར་དེ་ནི་འཇུག་པ་དང་ཞེས་པ་ནི། གསལ་བའི་དཀྱིལ་འཁོར་མཐོང་བ་ནི། རྡོ་རྗེ་བསྟན་པའི་སློབ་མ་དག་ཅེས་པ་ནི། རྡོ་རྗེ་ཐེག་པ་བསྟན་པའི་སློབ་མ་ནི་ཡིན་པ། ཕྱི་རོལ་གྱི་ཉན་ཐོས་དང་། ་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པའི་སློབ་མ་ནི་མ་ཡིན་ཞེས་པའོ།། དེ་ལ་རྒྱས་པའི་བསྟན་པ་འདི། དེ་བཞིན་ཉིད་མཆོག་བཤད་པར་བྱ་ཞེས་པ་ནི། གོང་དུ་བསྟན་པའི་སྐྱོན་དེ་ཀུན་མེད་པའི་ཡོན་ཏན་དང་ལྡན་པའི་སློབ་མུ་དེ ་དག་ལ་བསོད་ནམས་ཀྱིས་རྒྱས་པ་བདེ་བས་ནི་སྙན་པ་བདེ་བ་ཆེན་པོ་བྱང་ཆུབ་སེམས་འདི་ཀུན་ཏུ་ཁྱབ་པས་དེ་བཞིན་ཉིད་མཆོག་བཤད་པར་བྱ་ཞེས་སྔོན་པོར་བྱའོ་ཞེས་བྱའོ།། སློབ་དཔོན་གྱིས་ཇི་ལྟར་བསྟན་པར་བྱ་ཞེ་ན་གསུངས་པ། སློབ ་དཔོན་རིག་མ་དང་ལྡན་པས། དེ་ལ་དབང་སྦྱིན་པར་བྱ་ཞེས་པ་སྟེ། མི་བསྐྱོད་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་ལྷ་མོ་མཱ་མ་ཀཱི་བསྒོམ་པའི་རིག་མ་དང་། སྦྱོར་ནས་སློབ་མ་དེ་དག་དམ་ཚིག་བྱིན་ནས་བྱང་ཆུབ་སེམས་ཀྱིས་དབང་བསྐུར ་བར་བྱའོ།། ཞེས་པའི་ཐ་ཚིག་གོ། རྡོ་རྗེ་བདུད་རྩི་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་བཞིན་ཉིད་ཆེར་དམིགས་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་པ་ནི། བདེ་བ་ཆེན་པོ་རང་བཞིན་ལྷག་པའི་བྱང་ཆུབ་སེམས་དེ་བཞིན་ཉིད་ཀྱི་དོན་ཤས་ཆེ་བར་བསྟན ་པའི་ཚིག་སྡེར་ལོངས་པའོ།། བདུན་པ་ནི་གོ་སླའོ།། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །། ད་ནི་གཞན་ཡང་ཁྲོ་བོ་ཁྲག་འཐུང་བསྐྱེད་པ་འམ་ཤེས་པར་འདོད་པས། མཱ་མ་ཀཱིས ་བཅོམ་ལྡན་འདས་ལ་ཞུ་བ། དེ་ནས་ལྷ་མོ་ཡང་ལངས་ནས། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡང་ལངས་ཞེས་ནི་ཐབས་དང་ཤེས་རབ་སྦྱོར་བ་ལས་ལངས་པའོ།། དེ་ལ་དམ་པའི་ངོ་མཚར་བདག་བསྐྱེད་དེ་ཞེས་པ་ལ་སོགས་པ་ནི། ཞི་བའི་རང་བཞིན ་ཞི་བ་ཆེན་པོ་བཅོམ་ལྡན་འདས་ཡང་རྒྱུད་གྲང་ལས་ཁྲོ་བོ་ཁྲག་འཐུང་གི་གཟུགསུ་སྐྱེད་པ་ཡིན་ཞེ་ན། ཞུས་པའི་ལན་བཏབ་པ། ཅིའི་ཕྱིར་དབང་དང་བཅས་པ་ལ་སོགས་པ་ལྷ་རྣམས་སྡང་བ་དང་དྲག་པོ་དང་། རིམས་དང་དབྱིག་དུ་དང་། རོ་ལངས་ལ ་སོགས་པས་བཙོ་བ་ནས། བདག་འདེ་བ་ཆེན་པོའི་དྲུང་དུ་སྐྱབསུ་བོང་བ་དེ་དག་ལ་རྗེ་སུ་རྩེ་བའི་ཕྱིར་བདག་ཉིད་ཁྲོ་བོ་ཧེ་རུ་ཀ་འགྱུར་ཏོ། འགྲོ་བ་ཡོངསུ་སྐྱོབ་པར་བྱེད་དེ། རྣམ་པ་གཞན་ཞི་བའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པས་སྡང ་པ་དང་དྲག་པོ་ཉིད་དང་ལྡན་པའི་སེམས་ཅན་འདུལ་བར་མི་ནུས་པའི་ཕྱིར་རོ།། དེའི་དོན་སྟོན་པ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་པ་ནི། དེ་ལ་རྡོ་རྗེ་པདྨོ་མཉམ་སྦྱོར་ཏེ་ཞེས་པ་ལ་སོགས་པ་དེས་ནི་འདི་གསུངས་ཏེ། མཱ་མ་ཀཱི་དང ་མཉམ་སྦྱོར་བ་སྔོན་དུ་བྱས་ནས་འབར་བའི་ཕྲེང་འཁྲུགས་དྲག་པོ་ཅན། འཇིགས་པར་བྱེད་པ་བཅོམ་ལྡན་འདས་རིག་མ་བརྒྱད་དང་གཉིསུ་མེད་པའི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་གྱིས་ཕྱག་བརྒྱད་དང་། རྣམ་པར་ཐར ་པ་བཞི་ཐབས་ལ་མཁས་པའི་རང་བཞིན་གྱི་ཞལ་བཞི་པ་དཔལ་ཁྲག་མཐུང་གི་གཟུགས་ནི་ཕྱུང་ངོ་ཞེས་པ་དང་འབྲེལ་ཏོ།། རྡོ་རྗེ་ཁྲག་འཐུང་དེ་ཡང་སེ་རལ་ཁའི་ཚུལ་གྱིས་རྡོ་རྗེ་ཁ་ཊྭཱཾ་ལག་པ་གཡོན་གྱིས་བསྟན་ཅིང་མགོ་བསྣམས་ཏེ། ་ལག་པ་གཡས་པས་འཕན་གསུམ་གྱི་ཕྱག་རྒྱ་འབར་བ་རྡོ་རྗེ་བསྣམས་ཏེ། འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་ཕྱེ་ནས་སུ།། གུང་མོ་བཅས་པར་སྲིན་ལག་ནི། ལག་མཐིལ་གཉིས་ནི་སྦྱོར་བྱས་ཏེ། ལྷག་མ་སྦྲེང་བ་འབན་གསུམ་མོ།། ཡང ་ཕྱག་གཉིས་ཀྱིས་ནི། ཁྲག་འཐུང་བཀང་བའི་ཐོད་པ་དང་། རྒྱ་མའི་ཕྲེང་བ་འཁྲུག་པ་བསྣམསོ།། ཡང་ཕྱག་གཉིས་ཀྱིས་ནི་དབང་བསྐུར་བའི་ཕྱག་རྒྱ་དབུའི་སྟེང་དུ་བཅིང་བའོ།། འདི་ལྟ་སྟེ། ལག་པ་ཤིན་ཏུ་བརྐྱང་བ་ཡི། མཛུབ་མོ ་གཉིས་ནི་མདུད་པ་བཅིང་། གུང་མོ་མཐེ་བོང་རྩེ་མོ་ཅན།། རྡོ་རྗེ་ཕྱག་རྒྱ་ཡོངསུ་བསྒྱུར།། ཡོངསུ་བསྒྱུར་ཏེ་བཏེགས་ནས་ཀྱང་།། ཁྲོ་གཉེར་དུ་ནི་ལེགས་བཞག་ན་ཞེས་པའོ།། ཡང་གཉིས་ཀྱིས་ནི་དུར་ཁྲོད་ལ་འཇུག་པའི་ཕྱག་རྒྱ་བཅིང ་བའོ།། ད་ནི་གོང་ན་བཤད་ཟིན་ཏོ།། དེ་འདྲ་བའི་ཁྲག་འཐུང་པདྨའི་སྟེང་དུ་བཞུགས་བར་བསམ་མོ།། རིག་མ་བརྒྱད་ཀྱིས་ཡོངསུ་བསྐོར་ཞེས་པ་ནི། པདྨ་འདབ་མ་བརྒྱད་ལས་ཡང་གོ་རིམས་བཞིན་དུ་ལྷ་མོ་འཇིགས་ཅན་ལ ་ལསོགས་བསྡུ་ས་ལྡན་འདས་ཀྱིས་ཐགས་པ། སྒྲུ་བ་སྤྱོད་པ་བསྒོས་ལ་བྷྲྀ་བྷྱབྷྱོ།། དྲུག་ན་པོ་སྐྱེས་ས་ན་ག་ངྒཱ།། གས་ནྱ་གང་བློན་གསུས་པ་དང་བ་ས་འཇིགས་ཅན་ཐས་པ། ལ་ཆགས་པ ་མཛེས་མ་ལ་སོགས་པའི་གཟུགས་གྱུར་ནས། འཇིགས་མ་ཅན་མ་ལ་སོགས་པའི་ཁྲོ་མོར་གྱུར་པ་སྟེ། ཕྱག་དང་པོ་གཉིས་ཀྱིས་ཁ་ཊྭཱཾ་བནྡྷ་བསྣམས་པ། སྐུ་མདོག་དང་ཕྱག་མཚན་གཞན་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་མཐུན་ནོ།། ་སྒོ་སྲུངས་ནི་གླ་སྣ་མ་ལ་སོགས་པའོ།། མཆོད་པ་ནི་གོང་མ་དང་མཐུན་ནོ།། ཁྲག་འཐུང་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་སྔགས་བཟླ་བ་དང་། དབྱངས་དང་གར་གྱིས་བསྟོད་ཅིང་མཆོད་པ་གསུངས་པ། སྔགས་འདི་དག་ནི་ཞེས་པ་ལ་སོགས ་པ་སྟེ། དེ་ལ་སྔགས་ནི་འདི་དག་བཟླས་བྱས་ཏེ། ཞེས་པ་ནི་ཧེ་རུ་ཀ་འཁོར་དང་བཅས་པ་བསྒོམས་ཟིན་མ་ཐག་ཏུ་བསྒོམས་པ་ལས་མི་གཡེལ་བར་འོག་ནས་འབྱུང་བའི་སྔགས་བཟླ་བར་བྱའོ་ཞེས་པའི་དོན་ཏོ།། གར་ཡང་བྱེད་ནས་དབྱངས་བླང་ངོ་།། ་ཞེས་པ་ནི། མཆོད་པའི་ཕྱག་རྒྱའི་གུར་དང་འོག་ནས་འབྱུང་བའི་དབྱངས་བླངས་ནས་ཀྱང་མཆོད་པར་བྱེད་ཅེས་པའོ།། དབྱངས་ཀྱི་ཚིགས་གསུངས་པ། འཇིགས་ཕྱེད་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇིགས་བྱེད་ཆེན་པོ་ཞེས་པ་ལ ་སོགས་པ་སྟེ། དེ་ལ་འཇིགས་བྱེད་ཆེན་པོ་ནི་རྡོ་རྗེ་བདུད་རྩི་ལ་གསུངས་ཏེ། དེའི་རང་བཞིན་ནི་དེ་ཡིན་པས་འཇིགས་བྱེད་ཅེས་ཏེ། བདུད་རྩི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་བཀང་བར་བྱེད་ཅིང་དུས་ཐམས་ཅད་དུ་རོལ་པར་བྱེད་པའོ།། དེ་ལྟར ་ཡང་གསུངས་པ། ཐམས་ཅད་དུ་ནི་བཀང་བྱེད་པ།། དུས་ཐམས་ཅད་དུ་ནི་རོལ་བྱེད་ཅིང་།། ཐམས་ཅད་ལ་ནི་གནས་བྱེད་པ། དེ་ཕྱིར་འཇིགས་བྱེད་ཅེས་སུ་བཤད་ཅེས།། རྣམ་གཅིག་ཏུ་ན་སེམས་ཅན་གནོད་པར་བྱེད་པའི ་སྡང་བ་དང་དྲག་པོ་དང་གདོན་ལ་སོགས་པ་སྐྲག་པར་བྱེད་པས་ན། འཇིགས་བྱེད་ཆེན་པོ་ཞེས་བྱའོ།། མཆེ་བ་གཙིགས་ཞེས་པ་ནི། ཞེ་སྡང་དང་རྡོ་རྗེ་རིགས་ཀྱི་རང་བཞིན་གྱི་ཕྱིར་རམ། འཇིགས་རྟེན་གྱི་ལྷ་རྣམས་ལས་རྒྱལ་བའི་ཕྱིར་རོ།། དེ་ལྟར ་ཡང་མཉམ་སྦྱོར་བ་དེ་མཆོག་ལས་གསུངས་པ། མཆེ་བ་ཅུང་ཟད་བཙིགས་པའི་ཁ།། ཁྲོ་ཞིག་འཛུམ་དང་བཅས་པའི་ཞལ།། ཁྲོ་ལས་གྱུར་པར་བཅས་ཤིང་འཛུན།། གསལ་བར་བཅས་ཤིང་ལེགས་པར་གནས།། དྲག་པོ་དབང་པོ ་དབང་བཅས།། ཉི་ཟླ་གཤིན་རྗེ་ཚངས་བཅས་པ། རྒྱལ་པོ་རྒྱུ་མས་རྣམ་བརྒྱན་ནས།། ཁམས་གསུམ་དག་ནི་སྐྲག་པར་བྱེད་ཅེསོ།། རྒྱུ་མའི་ཕྲེང་གི་བརྒྱན་ཀུན་ཅན་ཞེས་པ་ནི། དུར་ཁྲོད་ཀྱི་འདྲེ་དང་སྡང་པ་ཐམས་ཅད་འདུལ་བའི་ཕྱིར་རོ།། ཤ་ཆེན ་དག་ནི་ཞེས་པ་ནི།། རྡོ་རྗེ་སེམས་དཔའ་མོའི་སྐུ་ཚེ་བླངས་པ་ཤ་སྟག་སྟེ། དེ་གསོལ་བ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་སྐུ་དང་དབྱེར་མེད་པའི་ཕྱིར་རོ།། དཔལ་ལྡན་ཁྲག་འཐུང་ཞེས་པ་ནི། ལྷ་མོ་མཱ་མ་ཀཱི་ཁྲོ་མོ་དང་ལྡན་པའི་བཅོམ་ལྡན ་འདས་ཁྲག་འཐུང་སྟེ། དེ་ལ་ལུས་ངག་ཡིད་ཀྱིས་ཕྱག་འཚལ་ཞེས་པའོ།། ད་ནི་སྒྲུབ་པ་པོ་རྣམས་ཕན་བྱེད་ཕྱིར་ཞེས་པ་ལ་སོགས་པ་ནི། དེའི་དབྱུང་བ་གསུངས་པ། དང་པོར་སློབ་དཔོན་གྱིས་པདྨ་འདབ་བརྒྱད་བྲི་སྟེ། ཡི་གེ་ཨ་ལ་སོགས་པ་ཀྵེའི ་མཐར་ཐུག་པ་སྟེ། བརྒྱད་འདབ་མ་རེ་རེ་ལ་བཀོད་ནས་རིམ་དེས་ལྷ་རྣམས་ཀྱི་སྔགས་དབྱུང་བར་བྱའོ།། དེ་ལ་གསུམ་པ་ཡིན་གསུམ་པ་ལ་ཞེས་པ་ནི། གསུམ་པ་ཅའི་སྡེ་ཆེན་གྱི་གསུམ་པ་ཛ་ཕྱུང་ངོ་།། བདུན་པ་ལཱ་ནི་ཞེས་པཱ་ནཱ~ཾ། ཡཱུ་ཝཱར་ལྷའི་སྡེ་ཚན ་ཏེ། དེ་འི་བཞི་པ་ཡི་གེ་ཝའོ།། ཡི་གེ་ཛ་དང་ཝ་གཉིས་སྦྱོར།། ཞེས་པ་དང་འབྲེལ་ཏོ།། བདུན་པ་ཡི་ཡང་གསུམ་པ་སྟེ། ཞེས་པ་ནི། ཡར་ལ་ཝའི་དེ་ཁོ་ན་ལས་གསུམ་པ་ཡི་གེ་ཛ་ལ་གཟུང་སྟེ་ཛྭ་ལ་ཛྭ་ལ་ཞེས་པའི་སྒྲའི་ཚིག་ནཱི་ལཱནཱཾ་ཙྪ་ས་སུ~ཾ་བཱནྟ ་སྦྱོར་བྱ་ཞེས་དང་འབྲེལ་ཏེ།། ཀུན་གྱི་དེ་བཞིན་ཉིད་ལྡན་ཏ་ཞེས་པ་ནི། དེ་བཞིན་ཉིད་ཀྱི་ཡི་གུ་ཧཱུཾ་སྟེ་དེ་དང་ལྡན་པའོ།། ཡི་གེ་ཕྱེད་ཀྱིས་རྣམ་པར་བརྒྱན་ཅེས་པ་ནི། ཡི་གེ་ཕཊ་ཀྱིས་སྔགས་ཀྱི་ཚིག་ལྷུང་པར་བྱས་པའོ།། དྲུག་པའི་ཞེས་བྷྱོ་ནི་བྱའི་སྡེའོ།། ་དེའི་བཞི་པ་ཡི་གེ་བ་ཕྱུང་བྱས་ཏེ་ཞེས་པའོ།། བདུན་པའི་ཞེས་པ་ནི་ཡ་ར་ལ་ཝའི་སྡེའོ།། དེའི་དང་པོ་ནི་ཡི་གེ་ཡཱའོ་དེས་ཡི་གཾ་བ་ལ་གདན་དུ་བྱ་ཞེས་པ་ནི་ཡ་གཏགས་པའོ།། བཅུ་གསུམ་པ་ཡིས་སྟེང་གནོན་བྱ་ཞེས་པ་ནི། ཡི་གེ་ཨཾ་དང་པོར་གཟུང་ནས ་བརྩིས་པའི་བཅུ་གསུམ་པ་བར་དུ་འབྲེལ་པ་ནི་ཡི་གེ་ཨའོ།། དེ་ཡིས་སྟེང་གནོན་པ་རྣ་རུ་གཞག་པའོ།། ཡི་གེ་དེ་རྣམས་བསྡུས་པས་ནི་བྱེ་བར་གྱུར་པའོ།། སྭཱ་ཧཱའི་ཐ་མ་སྔགས་སྦས་དབྱུང་ཞེས་པ་ནི། སྔགས་ཀུན་གྱི་མཐར་སྭཱ་ཧཱ་གཞག་པའོ།། ་དང་པོ་རྣམ་པར་སྣང་དབུལ་ཞེས་པ་ནི། སྔགས་ཀྱི་མགོན་ཡི་གེ་ཨོཾ་བཞག་པའོ།། བཅོམ་ལྡན་འདས་སྔགས་ནི་འདི་ལྟར་གྱུར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་བྷྱོ་སྭཱ་ཧཱ། སྔགས་དེ་ཁོ་ན་ནི་ལྷ་མེ་འཇིགས་ཅན་མ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་ནོ།། ་ད་ནི་སྔགས་ཀྱི་བྱེ་བའི་ཡོན་ཏན་བརྗོད་པས་སྟོན་པ། སྔགས་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྔགས་ཀྱི་རྒྱལ་པོ་ཞེས་པ་ནི་རྣ་བའི་སྒྲ་ཡིན་པའི་ཕྱིར་རོ།། འཇིག་རྟེན་གསུམུན་ཞེས་པ། འཇིག ་རྟེན་གསུམ་གྱི་གཙོ་བོ་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་གྲུབ་པར་བྱེད་པ་སྤུན་གསུམ་མོ།། ཡང་ན་ཚངས་པ་དང་དྲག་པོ་དང་ཁྱབ་འཇུག་གོ།། ཁམས་གསུམ་ཞེས་པ་ནི། འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་སོ།། ་ཟོས་པར་བྱེད་པ་ཐེ་ཚོམ་མེད་ཅེས་པ་ནི། སྔགས་ཟླས་ཤིང་འབར་བའི་རྡོ་རྗེ་གསེར་ན་ཁམས་གསུམ་སྣོད་དང་བཅུད་དུ་བཅས་པ་འཇིགས་ནས་རྒྱལ་བར་བྱེད་པ་ཡིན་གྱི། སེམས་ཅན་གྱི་ཤ་ཁྲག་ཟློས་བྱེད་པ་ནི་མ་ཡིན་ནོ།། དེའི་ཕྱིར་གསུངས་པ། ་འདི་ཡིས་འདོད་པ་ཐམས་ཅད་སྦྱིན་ཞེས་ཏེ། སྔགས་འདི་ཡིས་ནི་གལ་ཏེ་ཁམས་གསུམ་ཐལ་བར་བྱེད་ན་ཡང་འགྲུབ་སྟེ། ཚོར་བར་བྱེད་པཱ་ཡང་ནུས་སོ།། དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། ཐལ་བར་གྱུར་པའང ་མཚོ་བར་བྱེད་ཅེས་པའོ།། དཔལ་ལྡན་ཁྲག་འཐུང་བསྐྱེད་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི། འཕགས་པ་ཁྲིག་འཐུང་བསྒོམ་པའི་རིམ་པའི་དོན་སྟོན་པའི་ཚིག་སྡེར་ཡོངས་པའོ།། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་བརྒྱད་པའི་རྣམ་པར ་བཤད་པའོ།། ། ད་ནི་ལས་ཀྱི་རིགས་ལ་ཡོངས་སུ་བརྟོགས་པའི་ལས་སྣ་ཚོགས་གྲུབ་པར་བྱེད་པ་རྣམས་ལ་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་འབྱུང་བ་གསུངས་པ། དེ་ནས་བདུད་རྩི་འཁྱིལ་པའི་ཞེས ་པ་ལ་སོགས་པ་སྟེ། དེ་ལ་ཞལ་གསུམ་ཞེས་པ་ལ་སོགས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གནས་པའི་པདྨ་འདབ་བརྒྱད་ཀྱི་སྙིང་པོའོ།། ལྷ་མཽ་མཱ་མ་ཀཱི་ཁྲི་མོར་བསྒྱུར་བ་དང་བཅོམ་ལྡན་འདས་ཞལ་གསུམ་ཕྱག་དྲུག་པ་བཞུགས་པ་དྲག ་པོཔོ་ལ་སོགས་པའི་ཚུལ་དང་བ་རྣམ་པ་སྣ་ཚོགས་མི་སྡུག་པའི་ཞལ་གསུམ་དང་ཚོགས་བདག་གི་བགེགས་པོས་གནོན་པ། ཕྱག་དང་པོ་དགྲ་སྟ་དང་མཚོན་ཆེ་འཛིན་པ། ཕྱག་གཞན་གྱིས་ནི་གོ་རིམས་བཞིན་དུ་བཏུན་ཤིང་དང་། རྡོ་རྗེ་དང་། ཞགས ་པ་དང་། སྡིགས་མཛུབ་དང་། རལ་གྲི་བསྣམས་པ་བསྒོམ་པར་བྱ་ཞེས་བྱའོ།། རིགས་མ་བརྒྱད་དང་མཉམ་ལྡན་ཞིང་ཞེས་པའོ།། བདུད་རྩི་མ་ལ་སོགས་པའི་རིགས་མ་བརྒྱད་པདྨའི་འདབ་མ་རེ་རེ་ལ་བཀོད་པར་བྱ་ཞེས་པའི་ཐ་ཚིག་གོ།། སྒོ ་སྲུངས་མ་དང་ཡང་དག་ལྡན་ཞེས་པ་ནི། རྡོ་རྗེ་ལྕགས་ཀྱུ་མཱ་ལ་སོགས་པའི་སྒོ་སྲུང་ལ་ཤེས་པར་བྱའོ།། གསུང་བའི་པདྨར་བསྒོམ་བྱ་སྟེ། ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། ཞལ་གསུམ་ཞེས་པ་ལ་སོགས་པ་ནི་གོ་སླའོ།། ཕྱག ་གིས་པདྨ་བསྣམས་པར་བརྩོན་ཞེས་པ་ནི། ལྷ་མོ་རྣམས་ཀྱི་ཡང་ཕྱག་གཡོན་པའི་དང་པོས་པདྨ་བསྣམས་པའོ།། སྣ་ཚོགས་གཟུགས་རྣམས་ཞེས་པ་ནི་སྐུ་མདོག་ལྗང་བའོ།། མཆོད་སྦྱིན་མ་ཞེས་པ་ནི། ཕྱག་ཡས་པའི་དང་པོ་མཆོད་སྦྱིན་གྱི ་ཕྱག་རྒྱ་བཅའི་བའོ།། འདོད་ཆགས་ཅན་ནི་གཙོ་མོ་དང་མཐུན་པའོ།། མཆོད་པའི་ལྷ་མོ་རྣམས་ཀྱང་དོན་གྱིས་ཤེས་པར་བྱའོ།། གཞད་ཅིང་རོལ་པར་བཞད་བྱེད་དོ།། ཞེས་པ་ནི། བཅོམ་ལྡན་འདས་བདེ་བ་ཆེན་པོ་བསྐྱེད་པར་བྱ་བའི་དོན་དུ་གཞང ་པའི་ལྷ་མོ་དེ་དག་དང་། རོལ་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ།། ཞེས་སོ་དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། འདོད་ཆགས་བདེ་བས་གཡོན་སྤྲོ་བ། བཏེག་པའི་མ་མཆུ་སོས་མནན་པའིའོ།། མཛུབ ་མོ་ཕྱག་རྒྱ་མཆོག་འདི་ཡིས།། ཁམས་གསུམ་དག་ཀྱང་རོལ་པར་བྱེད་ཅེས་སོ།། མཆོད་པའི་ལྷ་མོ་དང་ལྕགས་ཀྱུ་མ་ལ་སོགས་པ་དོན་གྱིས་ཤེས་པར་བྱའོ།། ད་ནི་སྔགས་ཀྱི་རྒྱལ་པོ་དབྱུང་བར་བྱ་ཞེས་པ་ལ་སོགས་པས། དེའི་སྔགས་སོགས་ཕྱུང་བའོ།། ་དེ་ལ་རྣམ་པར་སྣང་མཛད་ཡང་དབུལ་ནུས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཡི་གེ་ཨོཾ་དང་པོ་སྨོས་པའོ།། ཚིག་འདི་ཡིས་ནི་ཡོངསུ་བཀང་ཞེས་པ་ནི། སྔགས་ཐམས་ཅད་ཡོངསུ་བཀའ་བར་བྱེད་པའོ།། དང་པོའི་ནི་ཞེས་པ་ཡི་གེ་ཨའི་སྡེའོ།། དེའི ་གཉིས་པ་སྟེ། ཞེས་པ་ནི་ཡི་གེ་ཨེ་སྦྱོར་བར་བྱའོ་ཞེས་པ་འབྲེལ་ཏོ།། སྟོང་པ་ཉིད་ནི་ཞེས་པ་ཡི་གེ་ཧའོ།། དེའི་གདན་ནི་ཡི་གེ་ཨུ་སྟེ་དེ་དང་ལྡན་པར་བྱ་ཞེས་པ་དང་འབྲེལ་པར་བྱའོ།། ཡང་ན་སྟོང་པ་ཞེས་པ་ནི་ཐིག་ལེར་གསུངས་ཏེ། སྟོང་པས ་སྟོང་ལ་གནོན་པའི་སྔགས་ཞེས་པའོ།། ཐམས་ཅད་སྭཱ་ཧཱ་སྦྱོར་བྱེད་དོ།། ཞེས་པ་ནི་སྭཱ་ཧཱ་སྦྱོར་བའོ།། སྔགས་ནི་འདི་ལྟ་སྟེ། ཨོཾ་ཨཾ་ཧཱུཾ་སྭཱ་ཧཱ་ཞེས་སྔགས་དེ་ནི་ལྷ་མོ་ཐམས་ཅད་ཀྱིས་ཀྱང་ཤེས་པར་བྱའོ།། སྔགས་དེས་བསྒྲུབ་པར་བྱ་བ་གསུངས ་པ། གཏན་ཏུ་ཤིན་ཏུ་དགའ་སྦྱོར་ནས་ཞེས་པ་ལ་སོགས་པ་སྟེ། ཐབས་དང་ཤེས་རབ་གཉིསུ་མེད་པར་སྦྱོར་བས་ཤི་བའི་མཚན་ཉིད་མེད་པར་བྱེད་པ་བདུད་རྩི་དང་འདྲ་བ་བདུད་རྩི་ལྷག་པའི་བྱང་ཆུབ་སེམས་དབྱུང་བར་བྱ་ཞེས་པའོ།། དེ་ནས ་གཉིསུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་བདུད་རྩི་དང་འདྲ་བའི་བྱང་ཆུབ་སེམས་བདུད་རྩི་བཞིན་དུ་འགྲོ་བ་མ་ལུས་པར་རྒས་པ་དང་ཤི་བ་གཞོམ་པར་བྱེད་པའོ།། དྲི་སྐྱེ་བར་བྱེད་པའི་འཕགས་པ་ནི། བདུད་རྩི་འཁྱིལ་པ་ཞེས་བྱ་བའི་དོན་ཏོ།། ་དེ་ནི་བསྒྲུབ་པར་བྱ་ཞེས་པ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་རྣམས་ཀྱིས་སྦྱོར་བ་དུ་མ་དང་། རྗེསུ་སྦྱོར་བ་ཆེན་པོའི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་དབྱུང་བའི་བསྒྲུབ་པར་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ་ཞེས་པའོ།། ་དེ་འགྲུབ་པར་བྱེད་པའི་ཡོན་ཏན་གསུངས་པ། དོན་ཀུན་དངོས་གྲུབ་ཐམས་ཅད་ཀྱང་ཞེས་པ་ནི། མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་སྟེ། དེ་ལ་དོན་ཀུན་ཞེས་པ་ནི། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། དེ་ཡང ་ཡེ་ཤེས་ཀྱི་ཚོགས་ནི་བདག་གི་དོན་ཏོ།། བསོད་ནམས་ཀྱི་ཚོགས་ནི་གཞན་གྱི་དོན་ཏོ།། དངོས་གྲུབ་ཐམས་ཅད་ཀྱང་ཞེས་པ་ནི་མཆོག་གི་དངོས་གྲུབ་དང་ཐུན་མོང་གིས་དངོས་གྲུབ་སྟེ། དེ་ལ་མཆོག་གི་དངོས་གྲུབ་ནི་བདེ་བ་ཆེན་པོ་རྡོ་རྗེ་བདུད་རྩི་མངོན་དུ ་གྱུར་པའོ།། ཐུན་མོང་གི་དངོས་གྲུབ་ནི་མིག་རྣོན་དང་རྐང་མགྱོགས་དང་། རལ་གྲི་དང་རི་ལུ་དང་མི་སྣང་བ་དང་། རོ་ལངས་དང་། ས་འོག་བསྒྲུབ་པ་དང་། ན་མཁའ་ལ་ཕུར་བ་བསྒྲུབ་པ་དང་བརྒྱད་དོ།། དེའི་ཕྱག་མཐིལ་ལ་ཀུན་གནས་ཞེས་པ་ནི། གང ་བདུད་རྩི་འཁྱིལ་བར་བསྒོམ་པའི་རྣལ་འབྱོར་པ་འམ། རྣལ་འབྱོར་མ་དེའི་ལག་མཐིལ་དུ་དངོས་གྲུབ་ཐམས་ཅད་ཀུན་གནས་སོ།། ཞེས་པའི་ཐ་ཚིག་གོ།། དེ་བས་ན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་དུས་རྟག་པར་བསམ་པར་བྱ། ཞེས་པའོ།། དེ་བཞིན་གཤ ་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། དཔལ་རྡོ་རྗེ་བདུད་རྩི་འཁྱིལ་བ་འབྱུང་བ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདུད་རྩི་འཁྱིལ་བའི་སྒོམ་པ་བསྟན་པའི་ཚིག་སྤྲེར་ལོངས་པའོ།། རྡོ་རྗེ་བདུང ་རྩི་རྒྱུད་ཀྱི་ལེའུ་དགུ་པའི་རྣམ་པར་བཤད་པའོ།། ། ད་ནི་ཁྲག་འཐུང་གི་སྦྱོར་བ་དང་ལྡན་པས་སྔོན་དུ་བསྙེན་པ་བྱ་སྟེ། རོ་ལངས་མ་ཆེན་མོ་བསྒྲུབ་པར་བྱ་ཞེས་གསུངས་པ། དེ་ནུས་རོ་ལངས་མ་ཆེན་མོའི ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བསྒྲུབ་པར་བྱ་བའི་ཚེས་གྲངས་བསྟན་པ། ནག་པོ་ཚེས་བརྒྱད་བཅུ་བཞི་ལ་ཞེས་པའོ།། གནས་བསྟན་པ་ལིང་ཀ་གཅིག་དང་། ཞེས་པ་ལ་སོགས་པ་སྟེ། དེ་ལ་ལིང་ཀ་ནི་མ་ཧཱ་དེ་བ་ལ་སོགས་པའི་ལྷ་རྟེན་ནོ།། ་དེ་ཉིད་གཅིག་དང་ཞེས་པ་སྟེ། རྒྱང་གྲགས་ཚུན་ཆད་གཞན་མེད་པའོ།། གཞན་ནི་གོ་སླའོ།། ལས་ནི་ཐམས་ཅད་བསྒྲུབ་བྱ་སྟེ། ཤེས་པས་ནི། གཞན་ཡང་མངོན་སྤྱོད་ལ་སོགས་པ་བསྒྲུབ་པའི་ལས་ཐམས་ཅད་དོ།། ཅི་འདྲ་བ་སློང་བ་ཡིན་ཞེ་ན། ་འགེགས་ནས་ཤི་བའི་མོ་རྣམས་ཞེས་པ་རང་འཕྱངས་ནས་ཤི་བའོ།། གང་ཡིན་ཞེ་ན། གདོལ་པ་མོ་དང་སྨེ་ཤ་ཅན། ཞུས་པའོ།། དེ་གཉིས་མེད་ན་ཁྱི་བཅོས་མ་རྣམས་དེ་དག་ན་ཞེས་པ་སྟེ། དེ་ལ་རྣམས་ཀྱི་སྒྲས་མཁའ་འགྲོ་མ་རྣམས་ལ་ཤེས ་པར་བྱའོ།། མཚན་ནི་ཐམས་ཅད་ཡོངས་རྫོགས་པ་ཞེས་པ་ནི་ཡན་ལག་ཚང་བ་དང་། མདུན་སོ་ལ་སོ་ལྷག་ཡོད་པའོ།། ཡང་ན་རིག་བྱེད་དང་ནི་སོར་ལྡན་པའོ།། མཛེས་མ་ནི་བྱད་དང་ལྡན་པའོ།། བཟང་བ་ནི་མདངས་དང་ལྡན་པའོ།། རྨ་མེད་པ ་ནི་ལུས་ལ་མཚོན་གྱིས་མ་ཕོག་པའོ།། དེ་འདྲ་བ་གལ་ཏེ་རྙེད་པར་གྱུར་ན། དེའི་ཚེ་ན་བསྒྲུབ་པ་བརྩམ་པར་བྱ་བ་ཡིན་ནོ།། སུམ་ཅུ་རྩ་གཉིས་བསྔགས་པ་སྟེ་ཞེས་པ། འདི་བསྒྲུབ་པ་ལ་ནི་ལོ་སུམ་ཅུ་རྩ་གཉིས་ལོན་པ་བསྔག་སོ།། ཡང་ན་ལོ་ཉི་ཤུ་རྩ་ལྔ ་བསྐྱེད། ཅེས་པའོ།། དེ་གཉིས་མ་རྙེད་ན་ན་ཆུང་མ་ཕ་མ་ལས་དཔ་ལ་སྐྱེས་པ་འགགས་ནས་ཤི་བས་ཀྱང་བསྒྲུབ་པར་ནུས་སོ།། རོ་དི་དང་ལ་ཆུ་ཡིས་བཀྲུ་བར་བྱའོ།། ཞེས་གསུངས་པ། བུད་མེད་རོའི་སྐུ་བཟུང་སྟེ། ཞེས་པ་ལ་སོགས་པ་སྟེ། ཁྲག་འཐུང ་གི་རྩ་བའི་སྔགས་ཀྱིས་གཙང་མའི་ཆུ་ལ་སྔགས་བཏབ་ནས། ས་ཧ་དེ་བ་དང་། བྲི་ཧ་ཏི་དང་། ཝེ་ཏ་དང་གིདྷི་ཀརྞི་ཀ་དང་། ནཱ་ག་གནྡྷ་དང་། སྨན་སྔ་ཡང་བཅུག་པར་བྱའོ།། རྡོ་ལེབ་ལེ་ཞེས་པ་ནི། པ་འོད་ལབ་ལེབ་པོའི་སྟེང་དུ་རོ་བཞག་སྟེ། སྔགས ་བཏབ་པའི་ཆུ་དེས་བཀྲུ་བར་བྱའོ།། ཞེས་པའི་དོན་ཏོ།། སློབ་དཔོན་རང་གིས་ཁྲག་འཐུང་གི་ལྷའི་སྦྱོར་བ་བྱས་ནས། རྩ་བའི་སྡིགས་བཟླ་བ་ལ་བརྩོན་པར་བྱའོ།། ག་བུར་ཙནྡན་དཀར་པོ་ཡིས་ཞེས་པ་ལ་སོགས་པས། ཙནྡན་དཀར་པོ་དང་ག་བུར ་རྣམས་ཀྱིས་ལུས་ལ་བྱུག་པར་བྱ་སྟེ། མེ་ཏོག་དང་སྤོས་མེ་དང་ཞེས་པས་མཆོད་ནས་ས་གཅིག་ཏུ་བཞག་སྟེ། ཟླ་གམ་གྱི་ཚུལ་གྱིས་དཀྱིལ་འཁོར་བྲིའོ།། ཐོད་པ་ཞེས་བྱ་བ་ནི་ཐོད་པའི་མིང་ངོ་།། ཡང་ན་གཞུའི་ཚུལ་དུ་ཡོངསུ་རྟགས་པ་དེ ་དབུས་ཀྱི་རིའུ་མིག་ལ་འདོད་པའོ།། ཕྱི་རོལ་ཡང་གྲུ་བཞི་དང་། གྲཝ་བཞི་དང་སྒོ་བཞི་དང་། དྲིལ་བུ་དང་། འཕན་དང་། རྔ་ཡབ་དང་དྲ་བ་དྲ་ཕྱེད་དང་ཟླ་བས་བརྒྱན་པ་བཀོད་པར་བྱའོ།། དེའི་འོག་ཏུ་བཅོམ་ལྡན་འདས་རིགས་བརྒྱད་ཀྱི་ལྷ་མོ་ཡོངསུ ་བསྐོར་བ་རེའུ་མིག་རེ་རེ་ལ་འཇིགས་ཅན་མ་ལ་སོགས་པའི་སྔགས་ཀྱི་ལྷ་མོ་ལྡན་པར་བྱ་ཕྲག་པར་ཁ་ཊྭཱཾ་བཀལ་ནས་ཕྱག་གཡོན་པས་ཐོད་པ་འཛིན་པ། ཕྱག་གཡས་པས་འབན་གསུམ་གྱི་ཕྱག་རྒྱ་དང་ལྡན་པ་རྩ་བའི་སྔགས ་སམ། ཡི་ཨེ་ཧཱུཾ་གིས་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་ནས་བཞག་པར་བྱའོ།། སྔགས་དེ་ཁོ་ན་ལྷ་མོ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཕྱག་དང་པོ་གཉིས་ཀྱིས་ཁ་བྷྲཱུཾ་དང་ཐོད་པ་འཛིན་པ་གཞག་པར་བྱའོ།། སྒོ་ལ་ཡང་སྒོ་སྲུངས་གླང་སྣ་ཞེས་པ་ལ ་སོགས་པ་བཞི་ལྕགས་ཀྱུ་དང་། ཞགས་པ་དང་ལྕོགས་སྒྲོག་དང་དྲིལ་བུས་ཕྱག་བྲེལ་བར་ཞལ་གཅིག་ཕྱག་གཉིས་པ་བཀོད་པའོ།། ལྷ་མོ་མེ་ཏོག་མ་དང་། སྤོས་མེ་མ་དང་། མར་མེ་མ་དང་། དྲི་ཆུབ་མ་དང་། ཞེས་བྱ་བ་རྣམས་ཀྱང་མེ་ཏོག ་མ་ལ་སོགས་པ་འཛིན་པར་བྲི་བར་བྱའོ།། དེ་འདྲ་བའི་བཅོམ་ལྡན་འདས་འཁོར་ལྷ་མོ་དང་འདྲ་བའི་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་ནས་དགུག་སྟེ། མཆོད་ཅིང་གསོལ་ནས་ཁྲག་ཆེན་གྱིས་ཕྱོགས་བཞི་ལ་གཏོར་བར་བྱའོ།། ཡི་གེ་བྷྱོ་གང་སྒྲོག ་བཞད་པས་སྔགས་བཟླ་བར་བྱ་སྟེ། མར་ཁུ་ཆེན་པོས་བསྐུས་པའི་ཡུངས་ཀར་དཀར་པོས་རོ་ལངས་མ་དེའི་ངོ་ལ་བརྡེག་པར་བྱའོ།། དེ་ནས་མོ་ཨག་ཙར་ཆེ་ཞིང་ས་གསུམ་རང་གི་སྒྲས་གང་བར་བྱེད་པ་ཡངས་ལངས་སོ།། དེ་མཐོང་ནས ་འཇིགས་པར་མི་བྱ་སྟེ། ལྷའི་སྦྱོར་བ་མངོན་དུ་བྱེད་ཅིང་ང་རྒྱལ་དང་བཅས་ནས་གནས་པར་བྱའོ།། གཞན་དུ་འདའ་བར་གྱུར་ན་སློབ་མ་དང་བཅས་པར་བསྒྲུབ་པ་པོ་ཤི་བའོ།། དེ་ནས་དེ་གྲུབ་མ་ཐག་ཏུ་བདག་གིས་ཅི་བགྱི་ཞེས་བཀའ་ནོད་པར ་འགྱུར་རོ།། སྒྲུབ་པ་པོས་ཡིད་ཀྱིས་འདོད་པའི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱང་སྦྱིན་ནོ།། གདོལ་པ་མོ་དང་སྨེ་ཤ་ཅན་དེ་གཉིས་བདག་གྲུབ་པར་མ་གྱུར་ན། གཞན་གྱི་གཟུགས་ཀྱི་བཅོམ་མ་དང་བཟོད་བྱེད་དང་། བསྒྲུབ་པའི་རིམ་པ་འདིས་བྱ་སྟེ། ་ཕྱི་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་བདག་དང་བསྒྲུབ་པོ་གཅིག་དང་ལྷན་ཅིག་བསྒྲུབས་ན་འགྲུབ་པ་ཐེ་ཚོམ་མེད་པའོ།། རོ་ལངས་མ་བསྒྲུབ་པ་བསྟན་པའི་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །། དེ་ལྟར་དེའི་རམི ་པས་འདོད་ཆགས་ལ་སོགས་པས་འདུལ་བའི་སྐྱེ་བོ་རྣམས་ཀྱི་དོན་བྱས་ཏེ། བཅོམ་ལྡན་འདས་ཅི་ཡང་མི་གསུང་བའི་ངོ་བོས་རྟོགས་ནས་ནི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་རོས་སྐུ་གསུང་ཐུགས་ཀུན་ལ་འབིགས་ཏེ་ལོངས་སྤྱོད་རྫོགས ་པའི་སྐུར་བཞུགས་པར་གྱུར་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན་ཞེས་པ་ལ་སོགས་པ་སྟེ། འབྱུང་འཇུག་གི་མཚན་ཉིད་ཀྱི་དབུགས་ཀྱི་ཏིང་ངེ་འཛིན་གནས་པས་དབུགས་འགོག་པའི་ཕྱིར་མི་གཡོ་མི་གཟིགས་པར། ་ཏིང་ངེ་འཛིན་མཆོག་ལ་ཞུགས་པ་བདེ་བ་ཆེན་པོའི་ཡེ་ཤེས་གཉིསུ་མེད་པར་གྱུར་ཏོ།། ཞེས་པའི་དོན་ཏོ།། ད་ནི་དེ་འདྲ་བའི་བཅོམ་ལྡན་འདས་ལ་ཡང་ཞུས་ཏེ། བཅོམ་ལྡན་རྡོ་རྗེ་ཕྲ་མོ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་ཕྲ་མོ་ཞེས་པ་ན་པད ་བ་ཆེན་པོའི་ཡེ་ཤེས་སོ།། དེ་ཇི་ལྟར་གནས་ཤེ་ན། སེམས་ཅན་ཀུན་གྱི་ཡིད་ལ་གནས་ཤེས་པའོ།། དོན་ནི་འདི་ལྟར་གསུང་བར་འགྱུར་ཏེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཇི་ལྟ་བའི་རིམ་པར་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གནས་པའི ་ཡེ་ཤེས་སེམས་དཔའ་ཁ་ནས་ཐིམ་པ་ཡིས།། ཟླ་བར་ཞུ་མ་ཐག་ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ཧཱུ~ཾ་ལ་སོགས་པས། བསྐྱེད་པའི་རྡོ་རྗེ་ལ་སོགས་པ་དང་རྡོ་རྗེ་ངེས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བདག་བསྐྱེད་པར ་བྱ་སྟེ། ཕྱི་ནས་རྗེས་སུ་སྦྱོར་བའི་རིམ་པས་ལྷའི་འཁོར་ལོ་སྤྲུལ་ཏེ། དཀྱིལ་འཁོར་དེའི་དབུས་སུ་འདུག་པ་བདག་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པར་བྱའོ།། དེ་ནས་དེའི་འོག་ཏུ་ནི་རང་གི་སྙིང་གར་རྡོ་རྗེ་ཕྲ་མོ་བྱང་ཆུབ་སེམས་རྡོ་རྗེ་ཡེ་ཤེས་ཅན་བསམ་པར་བྱའོ།། ་དེའི་སྙིང་གར་ཡང་ཕྲ་མོའི་ཡི་གེ་ཧཱུཾ་ལ་སོགས་པ་དང་། རང་གི་ཡི་དམ་ལྷ་ཡང་བཀོད་ནས་ལྷའི་བྱིན་བསྒྲུབ་པ་མངོན་དུ་གྱུར་པའོ་ཞེས་བླ་མའི་མན་ངག་གོ།། ཡང་ན་རྡོ་རྗེ་ཕྲ་མོ་ཞེས་པ་ནི་བྱང་ཆུབ་སེམས་ཏེ་ཆོས་ཐམས་ཅད་གསལ་བ་ཡི་སྟོང་པ་ཉིད་ཀྱི་རང ་བཞིན་དུ་བསྐྱེད་པ་ནི་སེམས་ཅན་ཀུན་གྱི་ཡིད་ལ་གནས་ཞེས་པའོ།། དེ་ལྟར་ཡང་གསུངས་པ། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་བཞིན་གཤེགས་པ་ཀུན་གྱི་པ།། འདོད་ཆགས་དམ་ཚིག་མཆོག་རྣམས་ཀྱི་ཞེས་པའོ།། དེ་ཉིད་སྔོན་བཞིན་བཤད ་ཅེས་པ། ལ་སོགས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྟོན་པས་ལན་གསུངས་པའོ།། དེ་ཟོས་པའི་དངོས་གྲུབ་ཀྱི་འབྲས་བུ་སྟོན་འདོད་པས་གསུངས་པ། རྟག་པར་རྒྱུན་ཏུ་མྱང་བར་བྱ། ཞེས་པ་ལ་སོགས་པ་སྟེ། རང་གིས་ཟོས་པར་བྱས་ནས་སྔགས ་རྒྱུད་མཁས་པས་རང་གིས་རིག་ནས་བཟའ་བར་བྱའོ།། དག་པར་བྱ་བ་དང་སྦྱང་པའི་རིམ་པ་ནི་མ་གསུངས་ཏེ། ལྷའི་སྦྱོར་བ་ཁོ་ན་ཡིས་བྱང་ཆུབ་སེམས་ལ་སོགས་པ་བདག་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་བདུད་རྩིའི་རྒྱུད་འདི་ནི་ཞེས་པ་ལ་སོགས་པས་ནི་རྒྱུང་འདིའི ་ཆེ་བ་སྟོན་ཅིང་འདུག་པ་གསུངས་ཏེ། དེ་ལ་དོན་མང་ཡང་ཞེས་པ་ནི། ཕྱག་རྒྱ་ལ་སོགས་པ་བསྒྲུབ་པ་མཐར་ཐུག་པའི་དོན་མང་བའོ།། གང་དུ་ཞེས་པ་ནི་ལྡན་པ་མདོར་བསྡུས་པའོ།། གསང་བའི་རིམ་པ་ཞེས་པ་ནི། གསང་བའི་རྗེསུ་མྱོང་བའི་མཚན ་ཉིད་དང་ལྡན་པར་བྱས་ཏེ། མ་ལུས་པའི་རྡོ་རྗེ་ཐེག་པ་ཆེན་པོ་ཡིན་པ་དེའི་ཕྱིར་དེ་ལས་བྱུང་བས་ན་གསང་བའི་རིམ་པ་ཅན་ནོ།། འདི་ནི་གསང་བ་ཆེན་པོ་ཞེས་པ་ལ་སོགས་པ་ནི། གསང་བའི་དབང་པོ་གཉིས་གཅིག་སྙོམས་པར་ཞུགས་པ་ནི་གསང ་ཆེན་སྟེ། བདེ་བ་ཆེན་པོ་གཉིསུ་མེད་པའི་ཡེ་ཤེས་ཞེས་བྱའོ།། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་ན་དམ་པ་ཞེས་བྱ་སྟེ། བདེ་བ་ཆེན་པོ་སོ་སོ་རང་གིས་རིག་པའི་ཕྱིར་ཡིད་དགྲའོ།། ཀུན་གྱི་བདག་ལ་ཕོ་དང་མོའི་གཟུགས་དེ་ལ་རྟག་པར ་གནས་སོ།། དེ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་སེམས་དཔས་མ་ཤེས་ཏེ་ཞེས་ཏེ། བཅོམ་ལྡན་འདས་ཀྱིས་སྟོན་ན་ཡང་དེས་མི་ཐོབ་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན། གཟུགས་མེད་ཅེས་ཏེ། མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ།། འོ་ན ་ཅི་འདྲ་བ་ཞེ་ན་སྟོང་པ་ཞེས་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་ཕྱི་ནང་རྟོག་པའི་དྲ་བ་བསལ་བ་ཉིད་ཀྱི་ཕྱིར།། མི་འགྱུར་བ་ཞེས་པ་ནི། གཡོ་བ་མེད་པ་ཞེས་པའི་དོན་ཏོ།། དེ་ནི་དེ་ཉིད་ཅེས་ཏེ་བདེན་པའོ།། དེ་ལྟར་ཡང་གསུངས་པ། སེམས་དཔའ་སངས་རྒྱས ་ཀུན་གྱི་དངོས།། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག། གསང་བ་མཆོག་དགྱེས་པ་ན། ཐཾད་བདག་ཉིད་རྟག་ཏུ་བཞུགས་ཤེས་པའོ།། རྡོ་རྗེ་སྤྱི་གཙུག་ནོར་བུ་ཞེས་པ་ནི། ཐིག་ལེའི་རྒྱན་གྱི་རྣམ་པའི་གཟུགས་ཉིད་ཀྱི་ཕྱི་ར་རོ།། དེ་བས་ན་ཤིན་ཏུ་གསངས ་ནས་བཟུང་ལྷ་མོ་ཞེས་བྱའོ།། འདོར་བ་ཞེས་པ་ལ་སོགས་པ་ནི། རྒྱུད་འདིའི་འདོར་བ་བཞིན་དུ་གཞག་པ་ལ། དགའ་མ་ཁྱོད་ལ་ཡང་བདག་གིས་བསྟན་པས་ནཱ་ཟུང་ཞིག། ཤིན་ཏུ་དཀོན་པའི་ཕྱིར་རོ།། དེ་ལྟར་གསུངས་མ་ཐག ་ཏུ་བཅྡོཾལྡས་ཀྱི་དཀྱིལ་འཁོར་དང་བཅས་པར་ཕྲ་མོའི་གཟུགསུ་གྱུར་ཏེ། བདེ་བ་ཆེན་པོའི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་རང་བཞིན་ས་གསུམ་གྱི་བདག་ཉིད། དངོས་པོ་ཐ~ཾད་གཉིསུ་མེད་པའི་མཚན་ཉིད་ཆོས་ཀྱིས་འབྱུང་གནས ་ཡི་གེ་ཨེ་གྲུ་གསུམ་གྱི་དབྱིངས་བྷ་གའི་ཕྱོགས་ལ་ཆོས་དང་ལོང་སྤྱོད་རྫོགས་པའི་སྐུ་ཡིས་ཁྱབ་ནས་གསུམ་དུ་ཁྱབ་པར་བཞུག་སོ་ཞེས་བྱའོ།། དེ་བས་ན་རྣལ་འབྱོར་པ་ཡིས་ཀྱང་ལྷའི་སྦྱོར་བ་གྲོམས་པར་བྱས་ཏེ་ཕྱི་ན་འཁོར་བ་འདུས ་པའི་སྐུ་ལ་གནས་པར་བྱའོ་ཞེས།། གསང་སྔགས་ཤིན་ཏུ་དཀའ་བིའི་ཚིག་དང་གསང་པོ་དེ་ཉིད་དོན་ལྡན་རྡོ་རྗེ་བདུད་རྩི་ཞེས་བྱའི་རྒྱུད།། གང་གིས་ཇི་ལྟར་དོན་བཞིན་བཤད་པར་འདོད་པའི་བློན་པོ་དྲི་མ་མེད་པ་འདི་ལས་གྱུར། བདག་གིས ་འགའ་ཞིག་ཤེས་ནས་འགྲེལ་པ་འདི་ལྟས་ཐོབ་པ་དྲི་མ་མེད་པའི་དགེ་བ་གང་།། དེས་ཀྱང་མ་ལུས་འདྷི་ནཱ་འདི་དག་རྟོག་པའི་དྲུ་བ་བསྣོལ་ནས་བདེ་བ་དམྱ་པཱ་དང་མཉམ་ཤོག། དམ་པའི་བདེ་བ་གཉིས་མེད་བློ་ཡིས་དངོས་གྲུབ་རྒྱུ་ཡི་ཕྱིར།། མཐའ་ཡས་རྒྱུད ་ཀྱི་སྙིང་པོ་འདིའི་འགྲེལ་མཁན་ནི།། གང་ཞིག་འདོད་པ་འགའ་བ་སྔན་ཀྱི་མཐར་གྲུ་གྱུར་པ་ཡི།། སྟོན་རྣཾས་ལ་དྲི་མ་མེད་པའི་བཟང་པོ་ཞི་བྱའོ།། རྒྱ་གར་གྱི་མཧཱ་བོ་སྨྲྀ་ཏི་ཛྙཱ་ན་ཉིད་ཀྱིས་བསྒྱུར་ཅིང་བཤད་ནཱ་གཏན་ལ་ཕབ་པཱི་རྡོ་བདུད་རྩི་རྒྱུད་ཀྱི་ནོར་བཤད་པ་རྫོག་སོ།། ། ་