| Wylie | e-texts produced with BDRC’s OCR application |
ལས་དང་འཕྲལ་གྱི་རྐྱེན་དག་གིས།། གནས་པའི་སྲོག་ཟང་ཤི་བའི་དུས་བྱས་ཚེ། རྣམ་སྨིན་ལུས་ལ་བརྟེན་ནས་སྡིག་སྒྲིབ་སྦྲང་པོའི་ཐབས།། དྲི་མེད་ལུང་དང་བློ་མའི་བཀའ་བཞིན་བྲི།། དེ་ལ་རོ་ཤིག་དང་པོར་རོ་བསྲེག་ཅིང་སྦྱང ་བར་འོས་པའི་གནས་སྐབས་དང་སྦྱར་ནས། དང་པོ་ལ་བསྙེན་པ་ལ་འཇུག་པར་བྱ་སྟེ་དེ་ཡང་བསྙེན་པའི་གནས་གང་ཡིན་པར་རི་དྲངས་ལ། ཆུ་གཙང་དྲི་ཞིམ་པོ་དང་སྦྱར་བས་ཁྲུས་བྱས་ལ། དེ་ནས་དྲི་ཞིམ་པོའི་ལྡེ་གུས་དྲིལ་ཕྱི་བྱས ་ནས། ཡི་གེ་ཙི་ལ་སོགས་པ་གནོས་དྲུག་དུ་བྲི་བ་འམ་གདགས་སོ།། དེ་ནས་རསོ་སམ་སྣམ་བུ་སེར་པས་དཀྲིས་ལ། མེ་ཏོག་གི་ཕྲེང་བས་བརྒྱན་ནས། མཎྜལ་པོའི་ཀོ་བ་ཙི་མོ་བྱས་ལ། དེར་མེ་ཏོག་གསིལ་མེ་གཏོར་ཏེ། ཀུ་ཤའི ་ཆུན་པོའི་སྟན་ལ་གཞག་གོ།། དེའི་དྲུང་དུ་ཡང་མཆོད་པའི་མཎྜལ་བྱ་བ་དང་། མེ་ཏོག་དགྲམ་པ་དང་། མཆོད་པ་དང་གཏོར་མ་བཤམས་པ་དང་བླ་རེ་དང་འཕན་དང་ཡོལ་བ་ལ་སོགས་པའི་རྒྱུན་དང་བཅས་པར་བྱའོ།། དེ་ནས་བདག ་ཉིད་ཁྲས་བྱས་ལ། སྨན་བདེ་བ་ལ་འདུག་སྟེ། ཆོ་གའི་རིམ་པ་འོམ་མོས་པ་ཙམ་གྱིས་དཔལ་ཧེ་རུ་ཀའི་སྐར་བསྒོམས་ལ། གནས་དྲུག་ཏུ་ཡི་གེ་དགོད་པ་དང་། ཅོད་པན་གྱིས་ལྷས་རྒྱས་གདབ་པ་དང་སྙིང་ཁ་ཟླ་བོ་ལ་གནས་པའི་ཡི ་ཧྲཱིཧྲཱིཿལ་སྔགས་ཀྱིས་ཕྲེང་བས་བསྐོར་བར་བསྒོམ་པར་བྱའོ།། དེ་ནས་མཆོད་པ་ཐམས་ཅད་ཡི་གེ་འབྲུ་གསམ་གྱིས་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་བདག་གི་སྙིང་ཁའི་ས་བོན་གྱིས་འོད་ཟེར་གྱིས། ལྷུན་གྱི་གྲུབ་པའི་གནས་ནས ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད། དཔལ་ཧེ་རུ་ཀ་མཁའ་འགྲོ་མའི་འཁོར་དང་བཅས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ན་མཁའ་ལ་སྤྱན་དྲངས་ཏེ་སྦྲུལ་ལ། དེ་ལ་མཆོད་པ་རྣམས་ཀྱིས་རིམས་བཞིན་དུ ་མཆོད་ནས། དེའི་རྗེས་ལ་ཡན་ལག་བདུན་པའི་མཆོད་པ་འམ། སྨོན་ལམ་བྱ། དེ་ནས་བསྟོད་པ་བྱ་སྟེ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། ཞེས་བྱ་བ་ལྔ་སོགས་པའི་བསྟོད་པས་བསྟོད་ལ། མཁའ་འགྲོ་མ་ལ་གཏོར ་མ་བསྔོས་ཏེ། གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་གཤེགསུ་གསོལ་ལོ།། དེ་ནས་ཤཱུནྱ་ཏཱའི་སྔགས་བརྗོད་པའི་སྒོ་ནས་སྟོང་པ་ཉིད་བསྒོམས་ནས། དེའི་ངང་ལས་ཧཱུཾ་གི་སྣང་བའི་འོད་ཟེར་ལས། རབ ་དང་དྲ་བ་ལས་ས་གཞི་སྟེ། བསྲུངས་པའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པར་བསྒོམ་མོ།། དེ་ནས་བདག་ཉིད་ཀྱི་སྙིང་ཁཱའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས། གང་ཤྲཱི་བ ་དེའི་སེམས་རྣམ་པར་ཤེས་པ་བར་ངོའི་གནས་སམ་རིགས་དྲུག་གང་ན་གནས་པའི་ཤེས་པའི་ངོ་བོ་ཨ་ཐུང་ངུ་དཀར་ལ་ཕྲ་བ་ཅིག་ཏུ་དྲངས་ཏེ། རོའི་ཁའི་ལམ་ནས་སྙིང་ཁར་བཅུག་པས། དེ་ཉིད་རྣམ་པར་ཤེས་པའི ་