| Wylie | e-texts produced with BDRC’s OCR application |
བཱའོ།། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ཏེ། དེའི་ལྟེ་བ.རརླ་ཐོག་མ་དང་ཐ་མ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཐིག་ལེ་མུ་ཏིག་འབྲས་བུ་ལྟར་བསལ་བར་བྱའོ།། དེ་ལྟར་ན་འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནོ།། དབུས ་ཀྱི་ཐིག་ལེ་དེ་ཉིད་ལས་ཕྱོགས་རྣམས་སུ་ཐིག་ལེ་རྣམས་སྨོས་ཏེ། ས་བོན་གྱི་རྣམ་པ་ཡོངས་སུ་གྱུར་པར་བལྟ་བ་ནི། གོ་རིམས་བཞིན་དུ་ཧཱུཾ་དང་སྭ་དང་ཨ་དང་། ཧ། ཞེས་བྱའོ།། དེ་དག་ལས་གོ་རིམས་བཞིན་དུ་རྡོ་རྗེ་དང་ནོར་བུ ་དང་། པདྨ་དང་། ལས་ཀྱི་རིགས་ཅན་དང་། དེའི་རིགས་རྣམས་ཡང་དག་པར་སྤྲོ་བ་དང་། ཡིང་དེ་ཉིད་ལ་བསྡུས་ནས། དེ་ཡོངས་གྱུར་པ་ལས་རྣལ་འབྱོར་མ་བཞི་པོ་ལྟ་སྟེ། ཤར་གྱི་འདབ་མ་ལ་རྡོ་རྗེ་མཁའི་འགྲོ་མ་སྐུ ་མདོག་སྔོན་མོ་ཞལ་སྔོ་བ་དང་སེར་བ་དང་དཀར་པོ་དང་ལྗང་ཁུ། རྡོ་རྗེ་དང་ཐོད་པ་དང་དྲིལ་བུ་དང་དབྱུག་ཏོ་འཛིན་མའོ།། ལྷོའི་འདབ་མེ་ལ་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ།། ཞལ་སེར་བ་དང་སྔོ་བ་དང་དཀར་པོ་དང་ལྡེང ་ཁུ། རིན་ཆེན་སྣ་ཚོགས་དང་རྩེ་གསུམ་དང་མགྲིན་པ་བསྡམས་པའི་ལྕེ་སྤྱང་དང་བ་དན་འཛིན་མའོ།། ནུབ་ཀྱི་འདབ་མ་ལཱ་པདྨ་མཁའ་འགྲོ་མ་སྐུ་མདོག་དཀར་མོ།། ཞལ་དཀར་བ་དང་སེར་བ་དང་སྔོ་བ་དང་ལྗང་ཁུ་སྣ་ཚོགས་པདྨ་དང་མངས ་དང་ཐོད་པ་དང་གཞུ་འཛིན་མའོ།། བྱང་གི་འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་སྐུ་མདོག་ལྗང་ཁུ། ཞལ་ལྗང་ཁུ་སེར་བ་དང་དཀར་བ་དང་སྡེ་བའོ།། རལ་གྲི་དང་ཅང་ཏིའུ་དང་ཞགས་པ་དང་ཐོད་པ་འཛིན་མའོ།། ཐམས་ཅད ་ཟླ་བའི་གདན་དང་འོད་།། ལྷག་མ་འདི་ཡི་གཙོ་བོ་བཞིན།། རྡོ་རྗེ་འདི་ཡིས་ནི་གླུ་འདི་ཡིས།། དེ་རྣམས་མགོན་པོ་བཞེངས་བྱེད་ཡིན།། ཧ་རྣ་ལཾ་ས་ཧོ་བྷཱ་ཨོཾ་ཨོཾ་ཨ་ཀ་མ་ལུ་བ་བྷྲྀ་ཧྲྀ་ཨུ་བྲདྡྷོ། ཨ་ལ་ལ་ལ་ལ། ་ཧོ་མ་ཧཱ་སུ་ཧེ་ཎ། ཨཱ་རཱ་ཧི་ཨུཎེ་དྷེ། ར་བི་ཀི་ར་ཎཾ་ཎ་བཱི་ཕུ་ལླི་ཨུ་ཀ་མ་ལུ་མ་ཧཱ་སུ་ཧེ་ཎ། ཨ་ལ་ལ་ལ་ལ་ཧོ།། མ་ཧཱི་ས་ཧཱུཾ་ཎཱ། ཨཱ་རཱ་ཧི་ཨུ་ཎེ་དྷཾ། དེ་ནས་གླུ་བླངས་པའི་ནུས་པས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་དེ་བོར ་ནས་ས་བོན་གཉིས་ཀྱིས་རྣམ་པར་འགྱུར་ཏེ། ཨོཾ་དང་ཧཱུཾ་ངོ་།། དེ་ནས་ཨོཾ་ཡོག་ལས་རྣམ་པར་སྣང་མཛད་དང་། དེའི་རིགས་སྤྲོ་བ་དང་བསྡུ་བའོ།། ཧཱུཾ་ཡིག་ལས་རྒྱལ་པོ་ལྔ་དང་། དེའི་རིགས་རྣམས་ཀྱང་ངོ་།། དེ་ནས་ཨོཾ་ཡིག་ལས་བྱུང ་བྱུང་བའི་སངས་རྒྱས་མཁའ་འགྲོ་མ་དང་། ལྷན་ཅིག་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཧཱུཾ་ཡིག་ལྔས་བསྐྱེད་པར་བྱའོ།། ཐལ་བས་བྱུགས་ཤིང་སྐུ་མདོག་གི་ནག། ཉི་མའི་གདན་དང་འོད་ཀྱིས་མཛེས།། དབུས་སྐུ་ཁམས་པ་གྱེན་དུ་བརྗེས།། ་ཐོད་པའི་དབུ་རྒྱན་གྱིས་བརྒྱན་པ།། སྔོ་དང་སེར་དང་དཀར་བ་ཚྭ།། ལྗང་ཁུའི་ཞལ་དེང་བཞི་པའོ།། ཐོད་པ་མངའ་དང་ཁ་ཊྭཱཾ་ག་དང་གཞུ་འཛིན་པ་ཏེ་བཞིའོ།། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན།། འཁོར་ལོ་རྣ་ཆ་མགུལ་རྒྱན་ཅན།། ་ལག་གདུབ་དང་ནི་སྐེ་རགས་སོ།། མི་ཡི་ལྤགས་པའི་ན་བཟའ་འཛིན།། བཅུ་གཉིས་སྤྱན་ཏེ་དམར་བའོ།། འབར་བའི་ཕྲེང་བས་དཀྲུགས་པས་ཁྲོ།། མཆོག་ཏུ་དགའ་བས་མཛེས་པ་ཡིན།། སྐྱིལ་དཀྲུངས་ཕྱེད་པའི་གར་གྱིས་བཞུགས།། ་གར་དགུ་ཡི་ནི་ཉམས་དང་ལྡན།། འོད་ཟེར་མཐའ་ཡས་ལྔས་བྱུང་བའི།། རྒྱལ་བའི་ཚོགས་ཀྱིས་འགྲོ་དོན་བྱས།། བདག་པོ་དང་མཚུངས་མཚོན་ཆ་དམར།། དཔལ་ལྡན་སངས་རྒྱས་མཁའགྲོ་དམར།། སེར་དང་དཀར་དང་ལྗང་ཁུའི ་ཞལ།། སངས་རྒྱས་དབང་བསྐུར་རི་ཁྲོད་མ།། ཇི་ལྟར་བགྱིས་པའི་རྡོ་རྗེར་གསུངས།། དེ་བཞིན་སངས་རྒྱས་མཁའགྲོ་མ།། ཧེ་རུ་ཀ་དང་ཡང་དག་ལྡན།། འདིར་དམར་སངས་རྒྱས་སེམས་ཅན་རྣམས།། སངས་རྒྱས་སྐུ་ཡིས་མཆོད ་བའི་ཕྱིར།། ཆོས་དག་པ་ཡི་རང་བཞིན་གྱིས།། གསུང་གི་བདག་པོ་དཀར་པོ་ཉིད།། འདིར་ལྷ་ཐམས་ཅད་ཀྱང་རོའི་སྙིང་ཁ་མནན་པའོ།། དེའི་རྗེས་ལྔ་བཅོམ་ལྡན་འདས་ཀྱི་མིག་གི་དབང་པོ་ལ་ཨོཾ་ཡིག་དམར་པོ།། རྣ་བའི་དབང་པོ་ལ ་ཧཱུཾ་ཡིག་སྔོན་པོ།། སྣའི་དབང་པོ་ལ་ཙཾ་ཡིག་སེར་པོ།། ལྕེའི་དབང་པོ་ལ་ཨ་ཡིག་དཀར་པོ།། གཙུག་ཏོར་གྱི་གནསུ་རེ་ཕ་ལྗང་ཁུ།། ཡིད་ལ་ཁེ་ཡིག་དཀར་པོ་བསམ་པར་བྱའོ།། ཞེས་བྱ་སྟེ། དབང་པོ་དྲུག་ཏུ་ཡཱཾ་གེ་དྲུག་བཀོད ་བཱི་ནི་གོ་ཆའོ།། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སྟེ། གོ་རིམས་བཞིན་དུ་མགོ་བོ་དང་མགྲིན་པ་དང་སྙིང་ཁ་རོ།། ནུབ་མའི་བར་དུ་ཉི་མ་ལ་གནས་པའི་རང་གི་ལྷའི་ས་བོན་ཡེ་ཤེས་ཀྱི་རང་བཞིན་བལྟ ་སྟེ། དེའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཧཱུཾ་ཡིག་གིས་བགེགས་བསྐྲད་ཅིང་ཡོན་ཆབ་དབུལ་ལོ།། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་དང་བཞུགས་པ་དང་བཅིང་བ་དང་དབང་དུ་བྱ་བའོ།། དེ་དང ་ལྷན་ཅིག་ཏུ་འདྲེས་པར་གྱུར་པའི་དམ་ཚིག་གི་དཀྱིལ་འཁོར་བལྟའོ།། དེ་ནས་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་བསྐུལ་བས། དེ་བཞིན་གཤེགས་པ་རྣམས་ཀྱིས་བཏང་བའི་རྣལ་འབྱོར ་མ་ལྔ་འོངས་ཏེ། ཡེ་ཤེས་ལྔའི་ཆུ་ཡིས་བཀང་བའི་རིན་པོ་ཆེའི་བུམ་པས་བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་དབང་བསྐུར་བར་བྱའོ།། དབང་བསྐུར་བས་སྤྱི་བོར་རང་གི་རིགས་ཀྱི་བདག་པོ་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས ་ཀྱི་མི་བསྐྱོད་པའོ།། སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་གོ་རིམས་བཞིན་དུ་རྟག་པ་དང་མི་བསྐྱོད་པོ་དང་རིན་ཆེན་བདག་པོ་དང་གསུང་གི་བདག་པོ་དང་དོན་ཡོད་གྲུབ་པའོ།། དེ་ནས་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱི་སྒོ་ནས་ཡོ་བྱད་ལྔ ་ད་འདོད་པའི་ཡོན་ཏན་ལྔའི་མཆོད་པ་རྣམས་ཀྱིས་བཅོམ་ལྡན་དང་བཅོམ་ལྡན་འདས་མ་མཆོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོའི་ཞལ་ནས་བསྟོད་པ། མཆེ་བ་གཙིགས་ཤིང་འཇིགས་ཆེན་པོ།། སྒྱུ་མའི་ཕྲེང་བས་བརྒྱན ་བ་སྟེ། ཤ་ཆེན་པོ་ནི་གསོལ་པར་མཛད། ཧེ་རུ་ཀ་དཔལ་བདག་ཕྱག་འཚལ།། དེ་ནས་ལྷ་མོ་རྣམས་སྤྲོས་པའི་སྦྱོར་བར་སངས་རྒྱས་མཁའ་འགྲོ་མར་ནུབ་པར་འགྱུར་རོ།། དེ་ནས་འདིའི་མགོ་བོ་དང་། སྙིང་ཁ་དང་། ལྟེ་བ་དང་། ་གསང་བ་དང་། བརླ་དག་ཏུ་གོ་རིམས་བཞིན་དུ། ཨོཾ་ཧཱུཾ་སྭ་ཨཱཿཧཱ་ཞེས་པ་རྣམས་རྣམ་པར་བསྒོམ་མོ།། དེ་རྣམས་གཅིག་ལ་གཅིག་སྤྲོས་པས། འདིའི་ལུས་མངོན་པར་ཁྱབ་པར་བྱས་པ་དེས། ཧྲིཿཡིག་ལས་པདྨ་དམར་པོ།། ཨཱཿ ་ཡིག་ལས་སྐྱེས་པ་མུ་ཏིག་ལྟ་བུའི་ཟེ་འབྲུ་དང་། དེ་བཞིན་དུ་ཧཱུཾ་ཡིག་ལས་སྐྱེས་པའི་ནོར་བུ་དང་། ཨ་ནུ་རཱ་ག་ཡཱ་མི་ཞེས་བྱ་བའི་སྔགས་འདིས་དགའ་བ་རབ་ཏུ་བསམ་མོ།། དེ་ནས་ནོར་བུ་གཉིས་ཀྱིས་འོད་ཟེར་བསྐུལ་བས། དེ་བཞིན ་གཤེགས་པ་རྣམས་བྱོན་ནས་ཁར་རབ་ཏུ་ཞུགས་ཏེ། ཞུ་ཞིང་པདྨའི་ནང་དུ་ལྷུང་བ་དེ་ནི་ཡེ་ཤེས་ལྔའི་བདུད་རྩི་སྟེ། ལྕེ་ཙོར་ཟིལ་བས་ལེན་པར་བྱེད་པར་བསམ་ཞེས་བྱའོ།། དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་ཏིང་འཛིན་གཉིས ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱི་བསྐལ་བའི་སངས་རྒྱས་མཁའ་འགྲོ་མོ་ལ་སོགས་པ་ལྔ་དང་། བཅོམ་ལྡན་འདས་བདག་ཉིད་ཀྱི་སྐུའི་སྤྲིན་སྤྲོས་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི་གོ་རིམས་བཞིན་དུ་མེ་ལོང་ལྟ་བུའི ་ཡེ་ཤེས་དང་། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་དང་། རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕངས་ཐོབ་པ་བསྐྱེད་ཅིང་། ་རང་གི་སྐུའི་སྤྲིན་རྣམས་རྩ་བའི་སྐུ་རུ་བསྡུས་པ་ཞེས་བྱ་བ་ནི་ཏིང་འཛིན་གསུམ་པའོ།། གང་གི་ཚེ་ཡང་རྣལ་འབྱོར་པ། སེམས་ཅན་བརྟན་པར་བྱེད་པར་འདོད་པས།། ཏིང་ངེ་འཛིན་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པ་དེའི་ཚེ། ་མདོར་བསྡུས་ནས་ཏིང་འཛིན་གསུམ་པོ་བསྒོམ་པར་བྱའོ།། ལྟེ་བའི་པདྨའི་ཟེའུ་འབྲུ་ལ་ཟླ་བ་དང་ཉི་མའི་ཁ་སྦྱོར་མཐའ་སྐོར་མཚམས་མེད་པར་བསམ་ཏེ། དེའི་དབུསུ་ཡུངས་ཀར་ཕྲ་མོ་ཙམ་ལ་དཀར་ཞིང་གསལ་བ་ཡང་ཡེ་ཤེས ་ཀྱི་ཐིག་ལེའི་གཟུགས་བདེ་བ་ཆེན་པོའི་བདག་ཉིད་དཔའ་བོ་ཆེན་པོ་བསམ་པར་བྱའོ།། དེའི་འོད་ཟེར་གྱི་རི་མོ་པདྨའི་སྐུད་པ་ལྟ་བུ་ཟླ་བའི་དབུས་ནས་བྱུང་བའི་ཁ་སྦྱོར་གྱི་ངོས་གཉིས་ལན ་གསུམ་དཀྲིས་ཤིང་བཅིངས་ཏེ་གནས་པར་བལྟའོ།། ཟླ་བའི་སྟེང་དུ་གནས་པ་དཀྲིས་པ་གསུམ་གྱི་ཕྱེད་ལ་སོ་སོར་ཡི་གེ་བཅུ་དྲུག་གིས་བརྒྱུས་པ་བལྟའོ།། དཔལ་སྡོམ་པ་བླ་མ་ལས་གསུངས་པ། ཀ་ཡོག་ལ་སོགས་ད་ཡི་མཐར། ་ང་ཉ་སྤངས་ཏེ་དགོད་པར་བྱ།། དྷ་ཡི་ལ་སོགས་ཀཱའི་མཐར་ཕྲེང་བ་གཉིས་པོ་མཉམ་པར་བྲི།། དབུས་ཨ་ཡི་ཕྲེང་བ་སྟེ།། དག་བྱ་ཟླ་བའི་དཀྱིལ་འཁོར་ལ་ཞེས་བྱའོ།། འདིར་ཡང་གསུངས་པ། བཟང་པོ་ཡི་གེའི་ཕྲེང་བ་ཡིད་ཞེས ་བྱ་བའོ།། དེ་ལྟར་ལྟ་བའི་པདྨའི་ཟེའུ་འབྲུ་ལ།། ཉི་མ་དང་ཟླ་བ་ཁེ་སྦྱར་གྱི་ནང་དུ་དཔའ་བོ་བསྒོམ་པར་བྱའོ།། བསྒྲིམས་པ་ཡོངསུ་སྨིན་པར་མོས་པར་བྱ་བ་དེའི་ཕྱིར། གཉིས་པ་ཉིད་དེ་འོད་ཟེར་ཕྲ་མོའི་རི་མོ་འབར་ཞིང་གཅིག་གྱེན ་དུ་འབར་བའི་གནས་སྐབས་བལྟའོ།། དེའི་འོད་ཀྱིས་འཛག་པའི་བདུད་རྩིས་གང་བ་ཐོབ་པའི་དཔའ་བོ་དང་འོད་ཟེར་དེ་ཡང་འདྲ་བའོ།། དེ་ནས་དཔའ་བོ་ངེས་པར་བྱས་པས་ཇི་སྲིད་སེམས་བརྟན་པ་ཐོབ་པའི་མཚན་མ་ཉེ་བར་མཚོན ་པ་དེ་སྲིད་དུ་བལྟའོ།། ཉེ་བར་མཚོན་པ་བརྟན་པ་བདེ་བའི་ཚེ། འོད་ཟེར་གྱི་རི་མོ་གསལ་བར་སྣང་བས་སྣ་ཚོགས་པ་སྣང་བར་བསམ་སྟེ། ཐམས་ཅད་ལག་མཐིལ་གྱི་སྐྱུ་རུར་བཞིན་དུ་བལྟའོ།། ཏིངངེ་འཛིན་ཐམས་ཅད་མྱུར་དུ་རྗོ ་པར་བྱེད་པ་ཞེས་པ་སྟེ། ཐིག་ལའི་རྣལ་འབྱོར་རོ།། རིག་པ་བཟླས་པའི་དངོས་གྲུབ་ཅེས་པས་བཟླས་པ་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལྷ་དྲུག་གི་འཁོར་ལོ་དང་ལྡན་པའི་རྣལ་འབྱོར་པས། ལྟེ་བར་པདྨའི་ཟེའུ་འབྲུ་ལ་གནས་བུ་ཉི་མ་དང ་ཟླ་བ་ཁ་སྦྱར་གྱི་ནང་དུ་དཔའ་བོ་བསམ་པར་བྱའོ།། དེ་ཉིད་ཀྱི་འོད་ཟེར་གྱི་རི་མོ་ལ་ཡི་གེའི་ཕྲེང་བ་གསུམ་གྱིས་རྒྱུད་པ་དེ་ལ་ཁ་སྦྱོར་དཀྲིས་ཤིང་བཅིངས་པར་སྔགས་ཀྱིས་བཟླས་པོར་བྱའོ།། རྒྱུད་འདིར་སྡིགས་ཀྱི་ཡི་གེ་གསུམ་སྟེ། དེ་ལ་བཙོ ་ལྡན་འདས་ཀྱི་སྔགས་ཀྱི་ནི། ཨོཾ་ཧཱུཾ་ཧཱུཾ་ངོ་།། སངས་རྒྱས་མཁའའགྲོ་མ་ལ་སོགས་པའི་གོ་རིམས་བཞིན་དུ་ཨོཾ་ཨཻ་ཧཱུཾངོ་།། ཨོཾ་ཧཱུཾ་ཧཱུཾ་ངོ་།། ཨོཾ་སྭཱ་ཧཱུཾ་ཨོཾ་ཨཱཿཧཱུཾ་ངོ་།། ཨོཾ་ཧཱུཾ་ཧཱུཾ་ངོ་།། ཇི་ལྟར་བཟླས་པ་བྱ་ཞེ་ན། ཁ་སྦྱར་གྱི་ནང་དུ་བཟླས་པར་བྱ་སྟེ ་ས་བོན་གྱི་ཡི་གེ་བཀོད་ལ།། དེའི་མགོ་བོར་དཔའ་བོ་བླང་བར་བྱའོ།། ཨོཾ་ཡིག་བརྗོད་པ་ནི།། དཔའ་བོ་ལས་འོད་ཟེར་གྱི་རི་མོ་དབུགས་འབྱུང་བའི་རླུང་དང་ལྷན་ཅིག་སྟེང་དུ་སོང་བ་དེས་སྣང་བར་བྱས་ནས། འགྲོ་བ་རྣམས་སངས་རྒྱས་ཀྱི་བདག་ཉིད་བྱའོ། ་ས་བོན་གྱི་ཡི་གེ་ཧཱུཾ་བརྗོད་པ་ན། སངས་རྒྱས་དེ་ཐམས་ཅད་རང་གི་ལྷའི་རང་བཞིན་དུ་མོས་པར་བྱའོ།། ཐ་ལའི་ཧཱུཾ་ཡིག་བརྗོད་པ་ན། དབུགས་རྔུབ་པའི་རླུང་དང་ལྷན་ཅིག་འགུག་པ་སངས་རྒྱས་ཀྱིས་བདག་ཉིད་འགྲོ་བ་དེ་རྣམས་དཔའ་བོ་ལ་བསྡུ ་བར་བྱའོ།། དེ་ལྟར་ཇི་སྲིད་མི་སྐྱེ་བའི་བར་དུ་ཡང་དང་ཡང་དུ་བྱའོ།། སྐྱོན་ངལ་བས་ཏེ། དགེ་བ་འདི་དག་ཐམས་ཅང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་ཡོངསུ་བསྔོའོ།། སྔ་མ་བཞིན་དུ ་མཆོད་པ་བྱ་སྟེ། རང་གི་སྙིང་ཁའི་ཡི་གེ་ལ་དཀྱིལ་འཁོར་ནུབ་པར་བྱའོ།། དེ་ནས་ལངས་ནས། རང་གི་ལྷའི་ངོ་བོར་བདག་ཉིད་མོས་པར་བྱ་ཞིང་། བྱེད་པ་ཐམས་ཅད་དང་བཟའ་བ་ཐམས་ཅད་ས་བོན་ལྟ ་ཡེ་ཤེས་ལྔའི་བདག་ཉིད་དུ་བྱ་སྟེ། རང་གི་སྙིང་ཁར་ལྷའི་འཁོར་ལོར་མོས་པར་བསམ་པར་བྱའོ།། ལྕེའི་ཧཾ་གཟར་ལོས་འཛག་པའི་བདུད་རྩི་བསྲེག་པར་བྱའོ།། ཁྲས་བྱེད་པ་ན་ལྷའི་དབང་བསྐུར་བའི་ཆོ་གར་མོས་པར་བྱའོ།། ཉི་མ་ཕྱེད་དང་རྒོངས་ཀའི ་དུསུ་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཤིང་། རང་གི་སྙིང་ཁའི་འོད་ཟེར་གྱིས་རྟེན་གྱི་དཀྱིལ་འཁོར་སྤྲུལ་པར་བྱའོ།། དེ་ནས་ས་བོན་དེ་ཉིད་ལས་རྣལ་འབྱོར་མ་བཞི་པོ་རིམས་ཀྱིས་སྤྲོས་ཏེ། གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ།། སྔ་མ་བཞིན ་དུ་དབང་ལ་སོགས་པ་ཆོ་ག་ཐམས་ཅད་རྗེསུ་བསྒྲུབ་པ་དང་དཀྱིལ་འཁོར་ནུབ་པར་བྱའོ།། དེ་ནས་ལངས་པ་ན་སྔ་མ་བཞིན་དུ་མཉམ་པར་གཞག་པའི་རྣལ་འབྱོར་བྱའོ།། ནམ་ཕྱེད་ཀྱི་དུས་ཁྱད་པར་འདི་ཡིན་ཏེ། ཡང་དག་པར་མཆོད་པ་དང་ཡོན་ཆབ་ཕུལ་ཏེ། ཨོཾ ་མུཿཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་གསོལ་བ་དང་། རང་གི་ཡེ་ཤེས་ཀྱི་ས་བོན་ལ་དམ་ཚིག་གི་དཀྱིལ་འཁོར་ནུབ་པ་དང་། སྣང་བ་མེད་པའི་བྱང་ཆུབ་ཀྱེཀྱཻ་སེམསུ་མོས་པར་བྱས་པས་ཉ་ལོ་དེ་ལྟར་ཉི་མ་གཞན་ལ་ཡང་ལྷ་མོའི ་གླུས་བསྐུལ་ནས་ལྡང་བ་དང་ཐམས་ཅད་སྔ་མ་བཞིན་བྱའོ།། དེ་ལྟར་ཉིན་རེ་བཞིན་དུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་རྙེད་པ་དེ་སྲིད་དུའོ།། དེ་ལ་དཀྱིལ་འཁོར་གྱི་བདག་པོའི་སྔགས་འབུམ་བཟླས་པས་འགྲུབོ།། ལྷག་མ་ནི་ཁྲིས་བཟླས་པས་འགྲུའོ། ་ཕྲེང་བའི་སྔགས་ནི་རྒྱུད་གཞན་ལས་བླང་བར་བྱའོ།། དེ་ཐམས་ཅད་རང་གི་སྙིང་ཁར་ཉི་མ་འམ་ཟླ་བ་ལ་ཅི་རིགས་པར་ཟླུམ་པོར་བྱས་ལ།། མར་མེའི་ཕྲེང་བ་བཞིན་འབར་བ་སེམས་ཀྱིས་མངོན་པར་བྲིས་ཤིང་། ཡིད་ཀྱི་བརྗོད་པ་བཞིན་བཟླས་པ ་བྱའོ།། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས།། བདོག་གིས་སྨྲས་པ་ལས་གང་སྐྱེས་པའི།། དགེ་བ་དེ་ཡིས་བདག་སངས་རྒྱས།། སྣ་ཚོགས་དོན་གྲུབ་དབང་ལྡན་ཤོག། སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས། ་མཛད་པ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏནཱ་ལ་ཕབ་པའོ།། ་ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ། བཟླས་པའི་སྔགསོ།། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་གཙྪ་ཡ། པྲ་བེ་ཤཱ་ཡ་པྲ་བེ་ཤྲ་ཡ། བནྡྷ་ཡ་བཱནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སཱརྦ་ཌཱ་ཀཱི་ཎཱི་ནཾ། ཧྲིཿད་ཡ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀཱི་ནཱི་པྲ་ཏཱིཙྪ་མ~ཾ་བ་ལིཾ་ཧཱུཾ་ཨོཾ། ཨོཾ་བཛྲ་ཌཱ་ཀཱི་ནཱི་པྲ་ཏཱིཙྪ་མཾ་ང་ལཾ་ཧཱུཾ ་ཧཱུཾ། ཨོཾ་རཏྣ་ཊཱི་ཀཱི་རཱི་པྲ་ཏེ་ཙྪ་མཾ་བ་ལི་ཧཱུཾ་ཧྲི། ཨི་པདྨ་ཊ་ཀཱི་ནཱི་པྲ་ཏཱི་རུ་མཾ་པ་ལི་ཧཱུཾ་ཨཱ་ཨོཾ་པི་ཤཻ་ཌཱ་ཀཱི་ནཱི་པྲ་ཏཱི་སྲྀ་མཾ་བ~ཾ་ལིཾ་ཧཱུ~ཾ་ཧཿོཾ་སརྦ་ཌཱ་ཀཱི་ནཱི་ཡོ་ག~ཾ་ན~ཾ་པྲ་ཏཱིནྟེ་མཾ་བི་ལི་ཧཱུཾ་ཧ་ཧ་ཧ་ཧ་དཱིཿདེ་ལྟར་ན་གཽ་ཏིར་མའི་ཆོ་གའོ།། ་སྒྱུ་གཕྲུལ་ཆེན་མོ་དཀྱི་འཁོར་གྱི་ཆོ་ག་བཞུགས། ་རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ན~ཾ་ལཎྜ་ལ་བི་དྷི། བོད་སྐད་དུ། སྒྱུ་མ་འཕྲུལ་ཆེན་མོའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལོ།། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། འཇིག་དུས་ཆུ་ཡིས་མདོག་ཅན་བརྒྱད་ཕྱེད་ཞལ། ཕྱི་རོག་བཞི་ཞབས་གཉིས་བདུད་ཀྱི་སྙིང་ཁར་མནན།། རང་རིག་འོད་ཀྱིས་འཁྲིལ་ཅིང་བདེ་གང་ཡིན།། བདེར་གཤེགས་ཀུན ་འབོང་རྡོ་རྗེ་འཛིན་ལ་འདུད།། སྐྱེ་བོ་རྟོགས་པའི་དཔའ་རླབས་གཡེངས་པ་ཡིས།། སོ་སོའི་གཞུང་མངས་བལྟ་བར་ལི་ནས་ཕྱིར།། ལུང་དང་ལན་ངག་རིག་པས་གཞུང་བཀོད་དེ།། མདོར་བསྡུས་དྲན་པ་ཙམ་གྱིས་དྲི་བར་བྱ།། དེ ་ལྟར་རེ་ཞིག་དང་པོར་སློབ་མ་དབོང་བསྐུར་བའི་སྣོད་དང་སྐལ་བར་ལྡན་པ་ནི།། དེ་ཡང་འཇམ་ཞིང་སྙན་སྨྲ་སྙིང་རྗེར་ལྡན།། དགེ་བའི་ལུས་ལ་མངོན་པར་བརྩོན།། ཐེག་པ་ཆེ་ལ་ལྷག་པར་དང་།། རྒྱུད་དུ་བླ་མ་ལ་གུས་ཤིང་།། སྦྱིན་པ ་གཏོང་ལ་མངོན་དགའ་བ།། སློབ་མ་དེ་ནི་ཡོངས་གཟུང་།། དེ་བས་ན་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་སློབ་མས་དབང་ནོད་པའི་འོས་གྱུར་པའི་བླ་མ་ལྔ་གསོལ་བ་གདབ་པར་བྱ་སྟེ།། དེ་ཡང་བརྟན་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད། ་