CLOSE WINDOW

GT518: sgyu 'phrul chen mo'i rdzogs pa'i rim pa
Wyliee-texts produced with BDRC’s OCR application

རྫོགས་པའི་རིམ་པའི་མན་ངག་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཞི་བ་བཟང་པོ་དང་། འོད་ཀྱི་ཁོ་ཙྪ་བ་འགོས་ལྷས་བཅས་ཀྱིས་སྦྱར་ཅིང་ཞུས་ཏེ་བཏན་ལ་ཕབ་པའོ།། ་དཔལ་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་བཞུགས།། ་རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷཱ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་མ་ཆེན་མོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། ཞལ་བཞི་པ་ལ་ཕྱག་བཞི་པ།། དེ་བཞིན་ལྷ་མོ་རྣམས་ཀྱི་སྐུ།། ཕྱོགས ་བཞི་པོ་ནི་གཞན་རྣམས་ལ།། སྒྱུ་འཕྲུལ་ཆེ་ལ་ཕྱག་འཚལོ།། རྡོ་རྗེ་འཛིན་པ་ཆེན་པོ་ཉིད།། སྙིང་རྗེས་འཇིགས་པའི་རྣམ་པ་ཅན།། སྒྱུ་མ་ཆེན་མོ་ཞེས་བྱ་ཡི།། སྒྲུབ་ཐབས་ལེགས་པར་བཤད་པར་བྱ།། འདིར་བསྒོམ་པའི་དབང་དུ ་བྱས་ཏེ། ལྷ་མོ་བཞིའི་གླུ་བཞིས་བསྐུལ་ནས་རྣམ་པར་སད་པའི་སྔགས་པས། ནང་པར་སྔར་ལངས་ཏེ། རང་གི་སྙིང་ཁའི་ཉི་མི་ལྔ་གནས་པ། ཧཱུ~ཾ་ཡིག་གི་འོད་ཟེར་རྣམས་ཀྱིས་བདག་སྦྱང་བ་དང་། ཁ་དག་པ་ལ་སོགས་པ ་བྱའོ།། ཧཱུཾ་ཕཊ་ཞེས་བྱ་བས་གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བྱ་སྟེ། བསྡམ་གཏན་གྱི་ཁང་པར་ཞུགས་ལ། ཧཱུཾ་ཡིག་གིས་ཡོན་ཆབ་ལ་བཟླས་ཞིང་སྟན་བདེ་བ་ལ་འདུག་ནས། མདུན་གྱི་ན་མཁའ་ལ་བཅོམ་ལྡན ་འདས་འཁོར་དང་བཅས་པ་བལྟས་ལ།། སྙིང་ཁའི་སྔགས་ཀྱི་འོད་ཟེར་ལོས་བྱུང་བའི་མཆོད་པའི་ཡོ་བྱད་ལྔ་ཡོས་ཡང་དག་པར་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད ་སོ་སོར་བཤགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། བདག་གི་དགེ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང ་