CLOSE WINDOW

GT515: rje btsun dpal he ru ka 'khor dang bcas pa'i bstod pa
Wyliee-texts produced with BDRC’s OCR application

དཔེ་བྱེད་སྐུ་ལ་རྫོགས།། རིགས་ལྔའི་སངས་རྒྱས་ཕྱག་འཚལ་སྟོང་།། སྐུ་ལ་འོད་ཀྱི་ཕྲེང་བ་འཕྲོ།། མི་མགོ་ཁྲག་འཛག་དོ་ཤལ་བྱས།། ཞབས་གཉིས་ཉི་ལ་ཕྱེད་དཀྲུང་བཞུགས།། འཁོར་གྱི་ལྷ་མོ་ཕྱག་འཚལ་སྟོད།། ཕྱག་རྒྱ་རྣམ་པ་ལྔ་དང་ལྡན།། ཀཱ ་པཱ་ལ་ལྔས་དབུ་ལ་བརྒྱན།། སྒེག་པ་ལ་སོགས་ཉམས་དང་ལྡན།། ལྷ་མོའི་འཁོར་ལ་ཕྱག་འཚལ་བསྟོད།། རྗེ་བཙུན་འཁོར་དང་བཅས་པ་ལ།། བདག་གིས་བསྟོང་པའི་བསོད་ནམས་ཀྱིས།། སེམས་ཅན་ཀུན་གྱིས་རྗེས་བཙུན་གྱིས།། གོ་འཕངས ་བླ་མེད་ཐོབ་པར་ཤོག། རྗེ་བཙུན་དཔལ་ཧེ་རུ་ཀ་དཔེ་འཁོར་དང་བཅས་པའི་བསྟོད་པ་རྫོགས་སོ།། ་གང་ཞིག་ཆེ་འཕོས་ཏེ་བདུན་ཚོགས་ཀྱི་དུས་སུ་དགེ་རྣ་བྱེད་ན། མིང་བྱང་ངམ་གོས་ལ་སོགས་པའི་མཚན་མ་ཅིག་ལ་བརྟེན་བཅས་ལ། དེ་ནས་མཎྜལ་བྱ་བ་དང་། མཆོད་པ་དང་གཏོར་མ་གཞུང་བཞིན་དུ་བཤམས་ཏེ། དེ་ནས་བདག་ལྷག ་པའི་ལྷར་བསྒོམས་ལ།། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བསྒོམས་ལ།། མཆོད་པའི་ཁྱད་པར་རྣམས་ཀྱིས་མཆོད།། མཁའགྲོ་མ་རྣམས་ལ་གཏོར་མ་བསྔོས་ལ།། དེ་ནས ་བསྟོད་པ་དང་འདོད་པའི་དོན་གསོལ་བ་གདབ་པར་བྱའོ།། དེ་ནས་བདག་ཉིད་ཀྱི་སྙིང་ཁའི་ས་བོན་གྱི་འོད་ཟེར་སྤྲོས་ཏེ། ཚེ་འདས་ཀྱི་སེམས་ཡི་གེ་ཨ་ཐུདུའི་གཟུགས་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ལ། རྟེན་གང་ཡིན་བདེ་ལ་བསྟིམ་ཏེ། རྣམ་སྨིན་གྱི ་ལུས་དེ་ཉིད་དུ་བསམས་ཏེ། བདག་གི་སྙིང་ཁའི་སོ་བོན་གྱིས་འོད་ཟེར་སྤྲོས་ཏེ། བསྒྲུབ་བྱའི་སྙིང་ཁར་ཐིམ་པས། ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་སྒྲིབ་པ་སྦྱངས་ནས། ལུས་ཤིལ་དག་པ་དང་འདྲ་བ་བས་མོ།། དེ་ནས་ན་མཁའ་ལཱི་བསྒོམ ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་ཀྱི་རིགས་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་བསྣམས་པོའི་བུམ་པའི་བདུད་རྩིའི་ཆུ་རྒྱུན་རྣམས་ཀྱིས་དབང་བསྐུར་ཏེ་བཀྲུས་པས། སྒྲིབ་པ་ཐམས་ཅད་བྱེང་པར་བསམ། དེ་ནས་བཟླས་པ་བྱ་སྟེ། བདག་གི་སྙིང ་ཁའི་ས་བོན་གྱི་ཡི་གེ་ལས། བཟླས་པའི་སྔགས་ཀྱི་ཕྲེང་བ་ལ་སྦྲུལ་འཁྱིལ་བའི་ཚུལ་དུ་བསྐོར་བར་བསམས་ལ།། དེ་ནས་ཕྲེང་སྔགས་གང་ཡིན་པའི་བཟླས་པ་བྱས་པས། སྔགས་ཀྱི་ཕྲེང་བ་ལ་འོད་ཟེར་ཕྲོས་པས། བསྒྲུབ་བྱའི་སྙིང་ཁར ་ཐིམ་ནས་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཀྱི་སྒྲིབ་པའི་དྲི་མ་ཐམས་ཅད་སྦྱངས་པར་བསམ་ཞིང་བཟླས་པའོ།། དེ་ནས་སྨོན་ལམ་གདབ་ཅིང་དགེ་བའི་རྩེ་བར་བསྔོ།། དེ་ནས་བསྒྲུབ་བྱའི་ཤེས་པ་ཨེ་ཐུ་དུ་དེ་ཡང་རླུང་གི་དཀྱིལ་འཁོར ་གྱིས་བཏེག་ནས། ནམ་མཁའ་ལ་བཞུགས་པའི་གཙོ་བོའི་ཐུགས་དཀར་ཐིམ་པར་བསམ་སྟེ། གནས་བསྟབ་པའོ།། གལ་ཏེ་བརྟེན་མེད་པར་གྱུར་ན། གང་ཡིན་པའི་རྣམ་སྨིན་གྱི་ལུས་དེ་ཉིད་མངོན་སུམ་དང་འདྲ་བར་བསམས་ལ། བསམ་རྒྱུད་གོང་མ ་བཞིན་དུ་བྱའོ།། དེ་ལྟར་བདུན་པ་ཐམས་ཅད་ལ་བྱའོ།། སློབ་དཔོན་ཆེན་པོ་ནག་པོས་མཛད་པ་རྫོགསོ།། །། ཚྭ་གདབ་པའི་མན་ངག་ལ།། དང་པོ་འཇིམ་པ་བྱས་ནས་མདུན་དུ་གཞག་སྟེ། རང་ཉིད་ལྷག་པའི་ལྷ ་བསམས་ལ། ཚད་མེད་པ་བཞི་བསྒོམ་པར་བྱའོ།། དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་འཇིམ་པ་མི་དམིགས་པར་བསྒོམས་ལ། ཆོ་ག་གསུམ་གྱི་ཧེ་རུ་ཀ་ཡབ་ཡུམ་གྱི་བསྐུར་བསྐྱེད་དོ།། དེ་ནས་སྙིང་ཁའི་ཧྲཱིཿའམ། ཧཱུཾ་གི་འོད་ཟེར ་གྱིས་སྤངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀླག་ལ།། ཧེ་རུ་ཀ་ཡབ་ཡུམ་ལ་བསྟིམ་པར་བྱ།། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་གནས་པ་ལས་ཧཱུ~ཾ་རུ་ཀའི་སྙིང་པོ་ཉི་ཤུ་རྩ་གཅིག ་གིས་བྱིན་གྱིས་བརླབས་ཏེ། ཡང་དེ་ཉིད་ཀྱིས་གདབ་པར་བྱའོ།། ས་ཚ་རེ་རེ་ཡང་ཧེ་རུ་ཀ་རཱི་རེར་བསམ་ལ།། དེ་རེ་རེ་ལས་ཧེ་རུ་ཀ་མང་པོ་སྤྲོ་བ་དང་། སྡུ་བ་བྱས་པ་ལསོ།། བདག་དང་གཞན་གྱི་དོན་རྫོགས་པར་བསྡུ་མོ།། དེ་ནས་རྟེན་འབྲེལ་གྱི་སྔ ་ཀྱིས་འཇུག་བསྡུ་བའོ།། ། རྒྱ་གར་སྐད་དུ། མ་དཱ་མཱ་ཡཱ་ཨི་ཏི་ཀྲ་མ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་ལྗགས་པིའི་རིམ་པ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལོ།། ཨོཾ་ཤཱུནྱ་ཏཱི་ཛྙཱ་ན་བཛྲེཛྲ་སྭ་བྷཱ་ཨཱ་ཏྲཿ ་